ཡུམ་ཀ་མཁའ་འགྲོ་ཐུགས་ཐིག་གི་ཚོགས་མཆོད་ཆོ་གའི་འདོན་འགྲིགས།

From Dudjom Wiki
DJYD-KABUM-22-ZA-033
Wylie title yum ka mkha' 'gro thugs thig gi tshogs mchod cho ga'i 'don 'grigs DJYD-KABUM-22-ZA-033.pdf
Location bdud 'joms rin po che bka' 'bum
Volume 22, Text 33, Pages 555-558 (Folios 1a1 to 2b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Yum ka mkha' 'gro thugs thig gi tshogs mchod cho ga'i 'don 'grigs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 555-558. Kalimpong: Dupjung Lama, 1979-1985.
Side notes Recto: 'don 'grigs   Verso: mkha' 'gro thugs thig
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre Liturgical Arrangements - 'don 'grigs
Cycle ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་ (zab lam mkha' 'gro'i thugs thig)
[edit]
༄༅། །ཡུམ་ཀ་མཁའ་འགྲོ་ཐུགས་ཐིག་གི་ཚོགས་མཆོད་ཆོ་གའི་འདོན་འགྲིགས་ལ། ཐོག་མར་ཚིག་བདུན་དང་། བརྒྱུད་འདེབས་མཐར། རང་ཉིད་སྐད་ཅིག་གིས༴ སྐུར་གྱུར། དཀར་བགེགས་གཏོར་མར་ཆབ་བྲན་ཅིང་། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་སོགས། འབྲུ་གསུམ་རང་རྒྱ་ནས་རྡོར་དྲིལ་བླངས་ཏེ། ས་མཱ་ཛཿར་བསྡུ་རྒྱ། སྠ་ན་པ་ཏི་ཀྵེ་ཏྲ་སོགས་པད་སྐོར་མཛོད་རྒྱ་སེ་གོལ་བཅས་ལན་གསུམ། གང་དག་འདིར་གནས་སོགས་ཡོ་སྤྱི་བཞི་དྲིལ་མཐར་རོལ་འོག་དཀར་གཏོར་ཕུལ། སརྦ་བྷུ་ཏར་འགུགས་རྒྱ། སརྦ་བིགྷྣཱན་སོགས་པད་སྐོར་མཛོད་རྒྱ་པད་སྦུབས་སེ་གོལ་བཅས་ལན་གསུམ། ཧཱུྃ༔ སྣང་སྲིད་དག་པ་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ་རྐ༣ འོག་བགེགས་གཏོར་དོར། རྡོ་དྲིལ་སར་བཞག མདུན་གྱི་ནམ་མཁར་སོགས་ལྷུག་ནས་ཐལ་སྦྱར་གིས། ན་མོཿ རང་རིག་ཡེ་ཤེས་སོགས་སྤྱི་གདངས་བཅས་ལན་གསུམ། ཨཿ ཀ་དག་གཏིང་གསལ་སོགས་ལྷུག་གདངས་གང་འོས། དབྱིངས་སུ་བསྔོ༔ ཚོགས་ཞིང་རང་ཐིམ་སོགས་ལྷུག །རྡོ་དྲིལ་བླངས་ཏེ། ཨོཾ་ཨཱཿཧཱུྃ། ཨ་ལ་ལ་སོགས། ཨཿ ངོ་བོ་སྟོང་པའི་སོགས་སྤྱི་གདངས་དང་ལྷུ་གསུམ་ལ་ཉིས་དྲིལ། སྐྱེ་མེད་དགོངས་ཉམས་ནས་བཞི་དྲིལ་མཐར་རོལ། ཌཱརྐ༣ ཧཱུྃཿ ཀུན་བཏགས་སྣ་ཚོགས་སོགས་ལྷུག་མཐར་རོལ། ཌཱརྐ༣ ཨཿ མ་བཅོས་ཀ་དག་སོགས་སྤྱི་གདངས་བཞི་དྲིལ། ཆེན་པོར་གསལ༔ བསྐུལ་མཚམས་ཀྱིས་རྡོར་གསོར་བཅས། ཧཱུྃ༔ བདེ་ཆེན་སྐྱེ་མེད་སོགས་ལྷ་དབང་རྟ། ཚིག་མཇུག་རོལ་མོ་འཆོལ་རྒྱག་མཐར་རོལ། ཌཱརྐ༣ ཧཱུྃ༔ དབྱིངས་ནས་སྤྱན་དྲངས༴ ཧོཿ ཡུལ་དྲུག་འདོད་ཡོན་སོགས་བཅས་སྤྱི་གདངས་བཞི་དྲིལ། ཨོཾ་སརྦ་པཱུ་ཛཿར་རོལ། ཌཱརྐ༣ ཧཱུྃ༔ ཡེ་ནས་མ་བཅོས་སོགས་སྤྱི་གདངས་བཞི་དྲིལ་ནས་རྡོ་དྲིལ་སར་བཞག ། ཐུགས་ཀར་ཉི་ཟླའི་སོགས་ལྷུག་འདོན་གྱིས་བཟླས་པ་༡༠༠༠དང་། རང་གི་ཐུགས་ཀའི་སོགས་བཟླས་པ། ༥༠༠ ཐུགས་སྲོག་ལས་བྱུང་སོགས་ལས་བཞི་སོ་སོར་༢༡བཟླས་མཐར། ལས་རྡོར་གྱིས་མཆོད་གཏོར་ལ་སྨན་རཀ་བྲན་ཅིང་། རྃ་ཡྃ་ཁྃ་སོགས། བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལ་རྡོ་དྲིལ་བཅས་གཏོར་རྒྱ། ཧཱུྃ༔ བདེ་ཆེན་རྡོ་རྗེ་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། འདིར་དམ་ཅན་གཏོར་ཆོག་རྒྱས་བསྡུས་གང་འོས་དང་། སྔགས་སྲུང་མའི་གཏོར་བསྔོས་གནང་། དེ་ནས་ཚོགས་ལ་ནང་མཆོད་འཐོར་ཞིང་། ཧཱུྃ༔ རང་རིག་རྩལ་ལས་སོགས་ལྷུག ། ཨོཾ་ཨཱཿཧཱུྃ་ལན་གསུམ་རྡོ་དྲིལ་བཅས། ཧཱུྃ༔ འོག་མིན་བདེ་ཆེན་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། ཌཱརྐ༣ ཧོཿ སྣང་ཚོགས་སྣང་བ་སོགས་སྤྱི་གདངས་བཞི་དྲིལ་མཐར་རོལ། ཨཿ ཡེ་གྲོལ་ཕྱལ་བའི་སོགས་སྤྱི་གདངས་བཞི་དྲིལ། ཚོགས་ཐ་མ་མདུན་དུ་བཀོད་ལ། ནྲྀ་ཏྲི་བཛྲར་འགུགས་རྒྱ། ཛཿཧཱུྃ་བྃ་ཧོཿ ར་རང་རྒྱ་ནས། ཧཱུྃ༔ གཟུང་འཛིན་རྟོག་པའི་སོགས་སྤྱི་གདངས་བཞི་དྲིལ་ནས་རོལ་འོག་བསྒྲལ་ཚུལ་གྱིས་ཕུལ། བམ་གྱི་མར་མེ་སྤར། སྨན་རཀ་བྲན་ལ། རྃ་ཡྃ་ཁྃ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿསོགས་ལྷུག །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་ནས། ཧྲཱིཿཧཱུྃ༔ དགོངས་སུ་གསོལ་ལོ་སོགས་སྤྱི་གདངས་བཞི་དྲིལ་ལམ་ལྷུག་གང་འོས་མཐར་རོལ། ཧྲཱིཿ ཚོགས་ཁང་སྤྲུལ་པའི་སོགས་ལྷུག་གདངས་གང་འོས་ནས། རྡོ་དྲིལ་བཞག །འོས་གྱུར་གསོལ་འདེབས་སྐབས་ཚོགས་འབུལ་ཞིང་ཚོགས་གླུ་དབྱངས་བཅས་བྱ། དེ་ནས་ལྷག་མ་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་ལ་ཞལ་ཆབ་བདུད་རྩི་བྲན། ཕེཾ་ཞེས་འབར་བའི་རྒྱ་ནས་རྡོ་དྲིལ་བླངས་ཏེ། ཀུན་སྣང་འདོད་ཡོན་སོགས་སྤྱི་གདངས་བཞི་དྲིལ་ནས་རོལ། ཌཱརྐ༣ མཁའ་འགྲོ་མ་ཡི་གྲོང་ཁྱེར་སོགས་ལྷུག །དེ་ནས་དམ་ཅན་མཇུག་ཆོག་མཐར་དབྱུང་། ལས་རྡོར་གྱིས་སྒྲུབ་རྫས་བཏེགས་ཅིང་། ཧོཿ ཡེ་ཤེས་མཁའ་འགྲོའི་སོགས་སྤྱི་གདངས་བཞི་དྲིལ། སརྦ་སིདྡྷི་ཕ་ལར་རོལ། ཧོཿ ཡུལ་དྲུག་འདོད་ཡོན་སོགས་ལྷུག་མཐར་རོལ། ཌཱརྐ༣ ཧཱུྃ༔ ཡེ་ནས་མ་བཅོས་སོགས་ལྷུག ཧོཿ ཡེ་ཤེས་མཁའ་འགྲོའི་སོགས་ལྷུག་འདོན་བཞི་དྲིལ་མཐར་དྲིལ་པང་། འདིར་ནི་གཟུགས་སོགས་སྤྱི་གདངས་ཀྱིས་མེ་ཏོག་འཐོར། ཧོཿ རིག་པར་ཤར་སོགས་ལྷུག ། ཆེན་པོར་བརྡལ༔ བསྐུལ་མཚམས་ཀྱིས། སླར་ཡང་ཟུང་འཇུག་སོགས། ཨོཾ་ཨཱཿ2བ ཧཱུྃ༔ བསྐུལ་མཚམས། ཧོཿ དུས་གསུམ་བསགས་པའི་སོགས་སྤྱི་གདངས། སངས་རྒྱས་ཤོག༔ བསྐུལ་མཚམས་ཀྱིས། ཡེ་དྷརྨཱ་༴ རྩ་གསུམ་མཁའ་འགྲོའི་སོགས་སྤྱི་གདངས་བཞི་དྲིལ་མཐར་ཌཱརྐ༣ རོལ། དེ་ནས་ལམ་རིམ་སྨོན་ལམ་དང་། ཞབས་བརྟན་སོགས་ཀྱིས་གྲོལ། ཡང་བདག་འཇུག་སྦྱར་ན་བཟླས་པའི་རྗེས་སུ་བུམ་སྒྲུབ་འོད་ཞུ་གྲུབ་ནས་གཏོར་འབུལ་སོགས་དང་། ཚོགས་མཆོད་བསྒྲལ་བསྟབ་སྐོང་བཤགས་ཡན་སོང་ནས་བདག་འཇུག་དངོས་ལ་འཇུག །གཏང་རག་མཎྜལ་རྗེས་བསམ་པ་ལྷུན་གྲུབ་མར་གསོལ་ཚོགས་ཕུལ་བ་སོགས་སྤྱི་ལྟར་ཤེས་པར་བྱའོ།། །། ༈ །བླ་བསླུའི་སྐབས་བླ་ལུག་གི་ཁོག་པར། སྲོག་རྟེན་རྒྱ་ཤོག་ལ་གུར་གུམ་གྱིས་རྩ་སྔགས་ཚེ་ཤམ་ཅན་གྱི་མཐར་ཚེ་བྷྲཱུཾཿ གཡུ་བྷྲཱུཾཿ ཨཱ་ཡུར་པུཎྱེ་ཛྙཱ་ན་བྷྲཱུཾ༔ མིང་འདི་ཞེས་བྱ་བའི་བླ་ཚེ་སྲོག་གསུམ་ཉམས་པ། ཡར་བ༔ བརྐུས་པ། འཕྲོགཔ༔ ཁྱེར་བ་ཐམས་ཅད་རྟེན་འདི་ལ་མཆིས་པར་གྱུར་ཅིག༔ ཛཿཧཱུཾ་བཾ་ཧོཿ ཞེས་བྲིས་པ་རང་སྔགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ལ་དབུ་ནས་ནང་བསྟན་དུ་དྲིལ་ནས་བཅུག་གོ། །།