ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་རྒྱ་མཚོའི་ཚོགས་བསྐང་བསྡུས་པ་དངོས་གྲུབ་ཆར་འབེབས༔

From Dudjom Wiki
TTDL-ZABTER-02-KHA-011
Wylie title zab gsang mkha' 'gro'i snying thig las: rtsa gsum rgya mtsho'i tshogs bskang bsdus pa dngos grub char 'bebs: TTDL-ZABTER-02-KHA-011.pdf
Location bdud 'joms gling pa zab gter
Volume 2, Text 11, Pages 217 (Folios 1a1 to 1a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las rtsa gsum rgya mtsho'i tshogs bskang bsdus pa dngos grub char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 217. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshogs bsdus   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཞེས་པ་འདི་ཡང་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའོ།།

zhes pa 'di yang nyer mkho'i ched du bdud 'joms rdo rjes mkha' 'gro'i gsang mdzod las bsgyur ba'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྩ་གསུམ་རྒྱ་མཚོའི་ཚོགས་བསྐང་བསྡུས་པ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཤ་ཆང་ལ་སོགས་བཟའ་བཏུང་རིགས༔ འབྱོར་ཚོགས་ཐམས་ཅད་བཤམས་བྱས་ཏེ༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབ༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ ཚོགས་མཆོད་འདོད་རྒུའི་དཔལ་ཡོན་མི་ཟད་གཏེར༔ སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ འཇམ་དཔལ་སྒྱུ་འཕྲུལ་གསང་འདུས་སྲུང་མར་བཅས༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ རྩ་གསུམ་དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ སྡོམ་དང་བསླབ་པ་དམ་ཚིག་ཉམས་ཆག་བཤགས༔ དགྲ་བགེགས་གནོད་བྱེད་ཤ་ཁྲག་སྲོག་དབུགས་རོལ༔ ལྷག་གཏོར་བཞེས་ལ་ཕྲིན་ལས་ཡོངས་འགྲུབ་ཅིང་༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ དེ་ལྟར་གྲངས་ལྡན་བསགས་བྱས་ན༔ ཚེ་འདིར་བཀྲ་ཤིས་དགེ་ལེགས་འཕེལ༔ ཉམས་ཆག་ཉེས་ལྟུང་ཐམས་ཅད་བྱང་༔ ཚེ་རབས་ཀུན་ཏུ་གསང་སྔགས་ཀྱི༔ སྒོ་དང་འཕྲད་ཅིང་ཉམས་སུ་ལོང་༔ མཐར་ཐུག་རྫོགས་སངས་རྒྱས་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཉེར་མཁོའི་ཆེད་དུ་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའོ།། །།