ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་བསྐུལ་བ་རཱུ་དྲ་ཡོངས་སྒྲོལ༔

From Dudjom Wiki
TTDL-ZABTER-02-KHA-012
Wylie title zab gsang mkha' 'gro'i snying thig las: 'jam dpal gsang ba 'dus pa'i bskul ba rU dra yongs sgrol: TTDL-ZABTER-02-KHA-012.pdf
Location bdud 'joms gling pa zab gter
Volume 2, Text 12, Pages 219-220 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'jam dpal gsang ba 'dus pa'i bskul ba rU dra yongs sgrol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 219-220. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཞེས་པ་འདི་ཡང་དགེ་འདུན་རྒྱ་མཚོ་དང་ཀུན་བཟང་ཆོས་གྲགས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།།

zhes pa 'di yang dge 'dun rgya mtsho dang kun bzang chos grags gnyis kyis nan du bskul ngor khrag 'thung bdud 'joms rdo rjes ye shes mkha' 'gro'i brda ris las zhal bshus te dag par phab pa'o/_/dge'o/_/dge'o/_/dge'o/_/mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་བསྐུལ་བ་རཱུ་དྲ་ཡོངས་སྒྲོལ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གསེར་སྐྱེམས་གཏོར་མ་བཤམས་ནས་བྲན༔ འགུགས་གཞུག་བསྒྲལ་བའི་ཤ་ཁྲག་གི༔ ངོ་བོ་ཡེ་ཤེས་བདུད་རྩིར་དམིགས༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཀ་དག་སྤྲོས་མཐའ་བྲལ་བའི་ཞིང་ཁམས་ནས༔ ལྷུན་གྲུབ་སྒྱུ་འཕྲུལ་རོལ་བའི་རང་རྩལ་ལས༔ གདུལ་དཀའ་ཐབས་ཀྱིས་འདུལ་ཕྱིར་གཟུགས་སྐུར་བཞེངས༔ འཇམ་དཔལ་གསང་འདུས་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ ཆོས་ཀྱི་དབྱིངས་ལས་ཡེ་ཤེས་སྒྱུ་མའི་སྐུས༔ གློག་ལྟར་མྱུར་བའི་ཐུགས་རྗེའི་སྟོབས་ཤུགས་ཕྱུང་༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དཔག་མེད་ཀྱིས༔ ཡེ་ཤེས་རོལ་པའི་དྲག་ཤུལ་ང་རོ་ཡིས༔ ཕྱི་རྐྱེན་འབྱུང་བ་དགྲར་ལངས་གཡོ་འཁྲུག་ཟློག༔ ནང་རྐྱེན་དགྲ་འདྲེ་གདུག་པའི་དཔུང་ཚོགས་ཐུལ༔ གསང་རྐྱེན་ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ཐུལ༔ མདོར་ན་མི་མཐུན་མི་འདོད་བར་ཆད་རྐྱེན༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྒྲོལ༔ འཁོར་འདས་དག་མཉམ་ཆེན་པོར་འུབ་ཆུབ་རོལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ དེ་ལྟར་བསྐུལ་བས་ཕྲིན་ལས་མངོན་སྤྱོད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་དགེ་འདུན་རྒྱ་མཚོ་དང་ཀུན་བཟང་ཆོས་གྲགས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།