ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྟ་མགྲིན་ཡང་ཁྲོས་ནག་པོའི་སྒྲོལ་ཡུམ་དུར་ཕག་ནག་མོའི་སྒོས་སྒྲུབ༔

From Dudjom Wiki
TTDL-ZABTER-03-GA-015
Wylie title zab gsang mkha' 'gro'i snying thig las: dpal rta mgrin yang khros nag po'i sgrol yum dur phag nag mo'i sgos sgrub: TTDL-ZABTER-03-GA-015.pdf
Location bdud 'joms gling pa zab gter
Volume 3, Text 15, Pages 171-181 (Folios 1a1 to 6a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal rta mgrin yang khros nag po'i sgrol yum dur phag nag mo'i sgos sgrub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 171-181. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dur phag   Verso: bdud 'joms rta mgrin yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khro rgyal khams gsum rol pa rta mgrin yang khros nag po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity Dur phag nag mo
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དམ་པ་ཚེས་བཅུའི་མིང་གིས་བསྐུལ་ངོར་ཤོག་སེར་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di ni khrag 'thung bdud 'joms rdo rje khro lod rtsal gyis gter nas bton te mthar rang slob dam pa tshes bcu'i ming gis bskul ngor shog ser las bshus te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྟ་མགྲིན་ཡང་ཁྲོས་ནག་པོའི་སྒྲོལ་ཡུམ་དུར་ཕག་ནག་མོའི་སྒོས་སྒྲུབ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་ལྔ་བརྒྱའི་སྙིགས་མ་ལ༔ གཉན་དང་ཀླུ་བདུད་ཁ་དར་ནས༔ མི་འདོད་ནད་ཀྱི་འཚུབས་མ་ལངས༔ དེ་དུས་ཟ་བྱེད་ནག་མོ་ཡི༔ སྒྲུབ་པ་འདི་ལ་བརྩོན་པར་བྱ༔ ལག་ཏུ་ལེན་པའི་རིམ་པ་ནི༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ པདྨ་འདབ་བརྒྱད་བྲིས་པའི་སྟེང་༔ དམར་གཏོར་ཕག་ཟེ་འདྲ་བ་ལ༔ རྩང་དགུ་གཟུག་པ་མེ་རིས་བརྒྱན༔ དེ་ལ་ཁྲག་ཀོང་སྐྱུ་གུས་བསྐོར༔ མདུན་དུ་མཆོད་པའི་རྫས་ཚོགས་བཤམས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ༴ མདུན་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་བཙན་དུག་ནག་པོའི་ངད་རླངས་འཕྱོ་བའི་དབུས་སུ་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་འཁོར་འདས་ཡོངས་ཀྱི་སྲོག་ཐིག་ཡི་གེ་ཧཱུྃ་ནག་པོ་མེ་འབར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཚུར་འདུས་རྒྱལ་བ་རྒྱ་མཚོའི་མཐུ་ནུས་གཟི་བྱིན་དང་བཅས་པ་ཧཱུྃ་ལ་ཐིམ༔ ཡང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྡེ་བརྒྱད་ཀླུ་གཉན་ལྷ་འདྲེའི་ཚོགས་ཐམས་ཅད་ཚར་བཅད༔ དེ་དག་གི་མཐུ་ནུས་སྲོག་གི་སྙིང་པོ་ཐམས་ཅད་འཕྲོག་ཅིང་བསྡུས་ཏེ་ཧཱུྃ་ལ་ཐིམ༔ འཁོར་འདས་ཡོངས་ཀྱི་བདག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཧཱུྃ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་སྲིད་པའི་ཕག་རྒོད་ནག་མོ་མགོ་དགུ་པ་མིག་ནས་ཉི་མ་འབུམ་གྱི་འོད་ཟེར་བཀྱེ་བ༔ མཆེ་བ་ཟླ་བ་སྟོང་གི་འོད་ལྟར་དཀར་ཞིང་འབར་བས་སྲིད་པ་གསུམ་པོ་ཟས་སུ་ཟ་བ་དང༔ སྟེང་གི་ཞལ་གསུམ་གྱེན་དུ་བལྟ་ཞིང་བར་གྱི་ཞལ་གསུམ་བར་སྣང་གི་ཁམས་སུ་བལྟ་བ༔ འོག་གི་ཞལ་གསུམ་ཐུར་དུ་བལྟ་ཞིང་ཁམས་གསུམ་གྱི་ཤ་ཁྲག་ལ་རྔམས་པའི་ངར་སྐད་དང་ངུར་སྒྲ་སྒྲོགས་པས་ས་གསུམ་གཡོ་འཁྲུགས་བྱེད་པ༔ རྐང་ལག་རྨིག་བཞིས་སྣང་སྲིད་ཐམས་ཅད་གནོན་པ༔ ཁ་དང་བུ་ག་ཐམས་ཅད་ནས་མེ་རླུང་ཕག་ཁྱུང་དཔག་ཏུ་མེད་པ་འཕྲོས་པས་སྡེ་བརྒྱད་འབྱུང་པོས་ནད་རིམས་ཀྱི་བདག་པོ་ཐམས་ཅད་དང་གཉན་དང་ཀླུ་གདོན་ཐམས་ཅད་ཧབ་ཧབ་ཟ་ཞིང་བསྲེག་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྐྱེད་དོ༔ དེ་ལས་འོད་ཟེར་རབ་ཏུ་འཕྲོས་པས་འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེན་མོ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཕེཾཿཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ནས༔ སྲིད་པའི་དབང་མོ་ཆེན་མོ་ནི༔ དྲག་གཏུམ་ཟ་བྱེད་འཇིགས་པའི་སྐུ༔ དུར་ཕག་ནག་མོའི་སྐུར་བཞེངས་ལ༔ སྒྲུབ་པའི་གནས་འདིར་ད་ཚུར་བྱོན༔ དུག་གསུམ་འཁྲུགས་པའི་རྒྱུ་རྐྱེན་ལས༔ བྱུང་བའི་སྡེ་བརྒྱད་ནད་རིམས་གདོན༔ མ་ལུས་སྒྲོལ་འཇོམས་བསྲེགས་བཟློག་གི༔ མངོན་སྤྱོད་མཛད་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཕེཾ༔ དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ ཟ་བྱེད་ཆེན་མོ་འཁོར་དང་བཅས༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ བཞུགས་ནས་མངོན་སྤྱོད་ཕྲིན་ལས་མཛོད༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ ཁམས་གསུམ་སྒྲོལ་བའི་མཐུ་མོ་ཆེ༔ འཁོར་འདས་ལྟོ་བར་ཆུབ་སྦྲུམ་མ༔ སྲིད་པའི་དུར་ཕག་ཆེན་མོ་ལ༔ གདུག་པ་འདུལ་ཕྱིར་ཕྱག་འཚལ་ལོ༔ ན་མོ་ན་མ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཛཿསྲིད་པའི་དུར་ཕག་ཆེན་མོ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ དགྲ་བགེགས་ཤ་ཁྲག་སྲོག་གིས་མཆོད༔ དུག་གསུམ་རྒྱུ་རྐྱེན་ལས་བྱུང་བའི༔ གདུག་པ་བསྒྲལ་བའི་མཆོད་པ་འབུལ༔ བཞེས་ནས་འཇིག་རྟེན་བདེ་བར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཕེཾ༔ དུས་གསུམ་སངས་རྒྱས་ཀུན་བསྐྱེད་ཡུམ༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་རྫོགས༔ ཆོས་རྣམས་ཆོས་ཉིད་ཀློང་སྒྲོལ་མ༔ བདག་ལྟའི་རཱུ་དྲ་འཁོར་བའི་འདྲེ༔ བདག་མེད་རོལ་པར་རོལ་བྱེད་མ༔ ཟ་བྱེད་ཆེན་མོ་ཁྱོད་ལ་བསྟོད༔ དེ་ནས་འཛབ་བཟླས་ནི༔ ཧཱུྃ༔ ཟ་བྱེད་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་ནང༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ དགྲ་བགེགས་སྡེ་བརྒྱད་ནད་རིམས་གདོན༔ ས་བདག་ཀླུ་གཉན་གནོད་བྱེད་ཀུན༔ མེ་རླུང་དུག་གི་སྤུ་གྲིས་བསད༔ སྤྲུལ་པ་ཕག་ཁྱུང་འབར་བ་ཡིས༔ རྗེས་ཤུལ་མེད་པར་རོལ་པར་བསམ༔ ཧཱུྃ་དྷཱ་ཀི་ནཱི་ཕེ་ཁྱི་མ་ཕེཾ་ཛཿགནོད་བྱེད་སརྦ་ཤ་ཏྲུཾ་མཱ་ཏ་ཡ་རྦད་བྷྱོ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ བརྒྱ་རྩ་ལས་མི་ཉུང་བར་བརྗོད༔ གནོད་བྱེད་གཉན་པརྦ་ཏའམ༔ ནཱ་ག་ཙི་ཙི་ཛྭ་ལའམ༔ སརྦ་ཛྭ་རའམ༔ ཏྲི་རཱ་ཙའམ༔ རྦོད་གཏོང་སོགས་གང་ལའང་ཁ་བསྒྱུར་བྱས་ན་ཆོག༔ འདི་ཡིས་མི་ཐུབ་གང་ཡང་མེད༔ གང་ལ་བྱེད་ཀྱང་ཐོག་དང་མཚུངས༔ རྒྱལ་ཀུན་དགོངས་པས་རྒྱས་བཏབ་ཡོད༔ དེ་ནས་དམར་གཏོར་འབུལ་བ་ནི༔ འགུགས་གཞུག་བདུན་གྱི་མཐར༔ ཛ་བྷྱོ༔ འཁོར་འདས་ཡོངས་ཀྱི་ཁྱབ་བདག་མོ༔ འབྱུང་བ་ལྔ་ཡི་དབང་ཕྱུག་མ༔ མ་ངེས་སྤྲུལ་པའི་གར་མཁན་མོ༔ དགའ་ན་གདོད་མའི་སངས་རྒྱས་སྟོན༔ འཁྲུགས་ན་ངན་འགྲོའི་ཆད་པ་གཅོད༔ ལེགས་ཉེས་གཉིས་ཀྱི་གཉེར་ཁ་འཛིན༔ སྲིད་པའི་དུར་ཕག་མགོ་དགུ་མ༔ ཁྱོད་ཀྱི་ཐུགས་དམ་བསྐང་བའི་ཕྱིར༔ འདོད་ཡོན་ལྔ་ཡི་གཏོར་མ་འབུལ༔ བཞེས་ནས་རྣལ་འབྱོར་བདག་སྐྱོངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ བཞེས་ནས་དགྲ་བགེགས་རྡུལ་དུ་རློག༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ ཞལ་དུ་བསྟབ་བོ་བཞེས་མཛོད་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱི༔ གནོད་བྱེད་དགྲ་བགེགས་ཚར་གཅོད་ཅིག༔ དུས་ལ་བབ་བོ་ས་མ་ཡ༔ མ་མ་ཕེ་ཁྱི་མ་ཨེ་དཾ་བ་ལིངྟ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ གནོད་བྱེད་གཉན་དང་ཀླུ་གདོན་ནད་རིམས་ཡམས་ནད་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ ཞེས་གཏོར་མ་ཅི་འབྱོར་རིམ་པས་ཕུལ༔ དེ་ནས་བཟློག་པའི་ལས་བྱེད་ནི༔ ཧཱུྃ་ཕེཾ་ཛཿགནམ་ལྕགས་འཁོར་ལོ་འབར་བའི་གདན་སྟེང་དུ༔ མྱོས་བྱེད་དུག་གི་མེ་ཏོག་པདྨ་ལ༔ མ་མོ་མཁའ་འགྲོ་ཡོངས་འདུས་བདག་ཉིད་དཔལ༔ ཟ་བྱེད་སྲིད་པའི་དུར་ཕག་མགོ་དགུ་མ༔ སྟེང་གི་ཞལ་གསུམ་གྱེན་དུ་བལྟ་བ་ཡིས༔ ཁམས་གསུམ་ལྷ་ཡི་གདོན་ཚོགས་ཧབ་ཀྱིས་འཇོམས༔ བར་ཞལ་གསུམ་གྱིས་བར་སྣང་བལྟ་བ་ཡིས༔ སྡེ་བརྒྱད་ལྷ་འདྲེའི་གདོན་ཚོགས་མ་ལུས་ཟ༔ འོག་གི་ཞལ་གསུམ་ཐུར་དུ་བལྟ་བ་ཡིས༔ ཀླུ་གཉན་ས་བདག་གདོན་ཚོགས་ཟས་སུ་ཟ༔ མེ་རླུང་དུག་གི་འཚུབས་མ་ཕྱོགས་བཅུར་འཕྲོས༔ ནད་རིམས་ཡམས་ནད་ཐམས་ཅད་བསྲེགས་ཤིང་གཞོམ༔ རྐང་བཞིས་སྐྱེ་བ་རྣམ་བཞིའི་སྒོ་འཕར་གཅོད༔ མཇུག་མས་ཁམས་གསུམ་འཁོར་བའི་སྐྱེ་རྒྱུན་གཅོད༔ སྤྲུལ་པ་ཕག་ཁྱུང་འབར་བའི་ཁྲ་ཐབས་ཀྱིས༔ ཐོགས་བཅས་ཐོགས་མེད་དགྲ་བགེགས་ཐམས་ཅད་སྒྲོལ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ བྷྱོ་ཛཿང་རྒྱལ་ལས་བྱུང་ལྷ་ཡི་གདོན་ཚོགས་རྣམས༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ ཕྲག་དོག་ལས་གྱུར་ལྷ་མིན་གདོན་ཚོགས་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ དུག་ལྔ་ལས་གྱུར་མི་ཡི་རྒོལ་ངན་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ གཏི་མུག་ལས་བྱུང་དུད་འགྲོའི་རྒོལ་ངན་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ འདོད་ཆགས་ལས་གྱུར་ཡི་དྭགས་གདོན་ཚོགས་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ ཞེ་སྡང་ལས་གྱུར་དམྱལ་བའི་གདོན་ཚོགས་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ སྲིད་པ་ལྷ་ཡིས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ འཆི་བདག་གཤིན་རྗེའི་རྒོལ་ངན་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ མ་མོ་མཁའ་འགྲོས་རྒོལ་ངན་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ ནག་པོ་བདུད་ཀྱིས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ རཀྵ་སྲིན་པོས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ དམར་པོ་བཙན་གྱིས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ འཇིགས་བྱེད་གནོད་སྦྱིན་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ ཀླུ་གཉན་ས་བདག་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ རཱ་ཧུ་ལ་ཡིས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ རྡོ་རྗེ་ལེགས་པས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ གནམ་ཐེའུ་དཀར་པོས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ བར་ཐེའུ་ཁྲ་བོས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱི་ཟློག༔ ས་ཐེའུ་ནག་པོས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ གཞི་བདག་ཡུལ་ལྷས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ མི་མ་ཡིན་གྱིས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ བྱད་མ་རྦོད་གཏོང་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ གྲི་སྲི་ཕོ་མོས་རྒོལ་དང་གནོད་འཚེ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ མི་ཡི་ན་ཚ་ཕྱུགས་ཀྱིས་གོད་ཡམས་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ མོ་རྩིས་རྨིས་ལྟས་མཚན་མ་ངན་པ་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་ཟློག༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་སྒྱུར༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་སྒྱུར༔ སངས་རྒྱས་བསྟན་བཤིག་ལག་དམར་སྟེང་དུ་སྒྱུར༔ དཀོན་མཆོག་དབུ་འཕང་སྨད་པའི་སྟེང་དུ་སྒྱུར༔ སྲིད་པའི་དུར་ཕག་ནག་མོའི་སྟོབས་ཀྱིས་སྒྱུར༔ ཆོས་ཉིད་རྣམ་དག་བདེན་པའི་སྟོབས་ཀྱིས་ཟློག༔ རྒྱུ་འབྲས་ཟབ་མོའི་བདེན་པའི་སྟོབས་ཀྱིས་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་ཕཊ་རྦད་ནན་བྷྱོ་ཟློག༔ ས་མ་ཡ༔ འདི་ཉིད་ལག་ལེན་བྱེད་པ་ཡི༔ གང་ཟག་ཕོ་མོ་ཐམས་ཅད་ཀུན༔ འཇིགས་རྒོལ་གནོད་འཚེ་ཀུན་ལས་དབེན༔ བདེ་ལེགས་ཡོན་ཏན་དཔལ་གྱིས་ཕྱུག༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ཉམས་སུ་ལེན་པའི་སྐལ་ལྡན་སྐྱོངས༔ དམ་ཉམས་ལོག་ལྟའི་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མཐར་རང་སློབ་དམ་པ་ཚེས་བཅུའི་མིང་གིས་བསྐུལ་ངོར་ཤོག་སེར་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།