ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ བསྐང་བསྡུས་དངོས་གྲུབ་ཀུན་འབྱུང་༔

From Dudjom Wiki
TTDL-ZABTER-07-JA-017
Wylie title zab gsang mkha' 'gro'i snying thig las: mkha' 'gro gsang ba ye shes kyi: bskang bsdus dngos grub kun 'byung: TTDL-ZABTER-07-JA-017.pdf
Location bdud 'joms gling pa zab gter
Volume 7, Text 17, Pages 271-272 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las mkha' 'gro gsang ba ye shes kyi bskang bsdus dngos grub kun 'byung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 271-272. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang bsdus   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
Colophon

ཞེས་པ་འདི་ཉིད་ཆོས་ཀྱི་བདག་པོ་ཚུལ་ཁྲིམས་ཀྱིས་བཞེད་ངོར་ཀློང་ཆེན་དགྱེས་པའི་རྡོ་རྗེས་སོ།།

zhes pa 'di nyid chos kyi bdag po tshul khrims kyis bzhed ngor klong chen dgyes pa'i rdo rjes so//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི༔ བསྐང་བསྡུས་དངོས་གྲུབ་ཀུན་འབྱུང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འདོད་རྒུའི་དངོས་གྲུབ་ཀུན་བསགས་ཏེ༔ ཡེ་ཤེས་ཏིང་ངེ་འཛིན་གྱིས་འཕྲུལ༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་བརླབས༔ ཧཱུྃ་ཧྲཱིཿགཞི་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས༔ བླ་མ་ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་༔ གཞི་སྣང་ལྷུན་གྲུབ་བདེ་ཆེན་རོལ་པ་ནས༔ བླ་མ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་༔ གཞི་རྩལ་ཀུན་ཁྱབ་ཡེ་ཤེས་ཆེན་པོ་ནས༔ བླ་མ་སྤྲུལ་པའི་སྐུ་ཡི་ཐུགས་དམ་བསྐང་༔ གདོད་ནས་རྣམ་དག་བདེ་ཆེན་ཀུན་བཟང་མོ༔ འགྱུར་མེད་མཐའ་བྲལ་རྡོ་རྗེ་ཕག་མོའི་སྐུ༔ ཟུང་འཇུག་མཉམ་ཉིད་ཡེ་ཤེས་མཚོ་རྒྱལ་མའི༔ ཐུགས་དམ་བསྐང་ངོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཆོས་དབྱིངས་ཡེ་ཤེས་སངས་རྒྱས་མཁའ་འགྲོ་དང་༔ མེ་ལོང་ཡེ་ཤེས་རྡོ་རྗེ་ཌཱ་ཀི་མ༔ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོའི་གཙོ༔ སོར་རྟོག་ཡེ་ཤེས་པདྨ་ཌཱ་ཀིའི་སྡེ༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་སོགས༔ རིགས་ལྔའི་སྒྱུ་འཕྲུལ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཉམས་ཆག་ཀུན་འཆགས་མཆོག་ཐུན་དངོས་གྲུབ་སྩོལ༔ ཚད་མེད་རྣམ་བཞིའི་རང་མདངས་འགགས་མེད་པ༔ ལས་བཞི་ལྷུན་གྲུབ་མཁའ་འགྲོའི༴ ཕྲིན་ལས་བཞི་བསྒྲུབ་ལས་བཞི་སྒོ་མ་བཞི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི༴ ཉམས་ཆག་ཀུན་འཆགས་མཆོག་ཐུན་དངོས་གྲུབ་སྩོལ༔ དཀྱིལ་འཁོར་མཐའ་སྐྱོང་ཕུར་སྲུང་རྒྱ་མཚོའི་ཚོགས༔ མདོར་ན་འཁོར་འདས་དབང་མོའི་སྒྱུ་འཕྲུལ་གར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི༴ ཉམས་ཆག་ཀུན་འཆགས་ཚངས་པའི་དངོས་གྲུབ་སྩོལ༔ གདོད་ནས་འཁོར་འདས་མེད་པ་ཆེན་པོ་ལ༔ གཟུང་འཛིན་ཡུལ་འཛིན་རྒྱུད་གོལ་མཐོལ་ལོ་བཤགས༔ ཐམས་ཅད་ཆོས་ཉིད་གཅིག་པུར་མཉམ་བརྡལ་བ༔ མ་རྟོགས་ཐ་དད་བཟུང་བ་མཐོལ་ཞིང་བཤགས༔ སྟོང་པའི་རང་བཞིན་ཕྱལ་བ་ཆེན་པོ་ལ༔ ཉོན་མོངས་འཁྲུལ་འཁོར་འཐས་པ་མཐོལ་ལོ་བཤགས༔ གཞི་དབྱིངས་ཀུན་ཁྱབ་སྐུ་གསུམ་ལྷུན་གྲུབ་ལ༔ སངས་རྒྱས་ཡུལ་གོལ་གཞན་བཟུང་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ ཚེ་འདིར་འཇའ་ལུས་འཕོ་བ་ཆེན་པོའི་གྲོང་༔ གཞོན་ནུ་བུམ་སྐུའི་དབྱིངས་སུ་བྱང་ཆུབ་ཤོག༔ དེ་ལྟར་རྟག་ཏུ་བསྐང་བ་འདིར་བརྩོན་ན༔ ཉམས་ཆག་ཀུན་བྱང་རྫོགས་སངས་རྒྱས་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་ཆོས་ཀྱི་བདག་པོ་ཚུལ་ཁྲིམས་ཀྱིས་བཞེད་ངོར་ཀློང་ཆེན་དགྱེས་པའི་རྡོ་རྗེས་སོ།། །།