ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས་མཁའ་འགྲོའི་སྤྱི་བསྐང་ཤེལ་གྱི་མེ་ལོང་༔

From Dudjom Wiki
TTDL-ZABTER-07-JA-016
Wylie title zab gsang mkha' 'gro'i snying thig las: thugs sgrub ye shes nyi ma'i skor las mkha' 'gro'i spyi bskang shel gyi me long: TTDL-ZABTER-07-JA-016.pdf
Location bdud 'joms gling pa zab gter
Volume 7, Text 16, Pages 259-269 (Folios 1a1 to 6a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub ye shes nyi ma'i skor las mkha' 'gro'i spyi bskang shel gyi me long. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 259-269. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: spyi bskang   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས་མཁའ་འགྲོའི་སྤྱི་བསྐང་ཤེལ་གྱི་མེ་ལོང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མཁའ་འགྲོའི་སྤྱི་བསྐང་ཤེལ་གྱི་མེ་ལོང་ནི༔ ལག་ལེན་རིམ་པ་འབྱོར་ཚོགས་འདོད་ཡོན་བཤམས༔ སྣང་སྲིད་བློས་བླངས་བསྐང་བའི་རྫས་སུ་བཤམས༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྒྱུར༔ འགྲོ་རྣམས་ཚོགས་རྫོགས་སྒྲིབ་སྦྱངས་ཆེད་དུ་བསམ༔ མདུན་དུ་རབ་འབྱམས་རྒྱལ་བ་རྒྱ་མཚོ་བསྒོམ༔ ཨོཾ་ཨཱཿཧཱུྃ༔ རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ན༔ བཞུགས་པའི་རྒྱལ་བ་སྲས་དང་བཅས༔ ཚོགས་ཀྱི་མཆོད་ཡུལ་མགྲོན་ལ་གཤེགས༔ འོག་མིན་ཞིང་དང་མཁའ་སྤྱོད་ནས༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་ཚོགས༔ ཚོགས་ཀྱི་མཆོད་ཡུལ་མགྲོན་ལ་གཤེགས༔ རབ་འབྱམས་ཞིང་དང་དུར་ཁྲོད་བརྒྱད༔ གནས་ཡུལ་ལྔ་བཅུ་རྩ་དྲུག་ན༔ བཞུགས་པའི་དམ་ཅན་སྲུང་མའི་ཚོགས༔ ཚོགས་ཀྱིས་མཆོད་ཡུལ་མགྲོན་ལ་གཤེགས༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཧྲཱིཿསྣང་བ་སྒྱུ་འཕྲུལ་ལྷ་ཡི་ཞིང་༔ སྲིད་པ་ཐམས་ཅད་མཆོད་པའི་སྤྲིན༔ གདོད་ནས་ཚོགས་ཀྱི་འཁོར་ལོར་ཤར༔ ཟག་མེད་བདུད་རྩིའི་ངོ་བོར་གནས༔ ངོ་བོ་ཡེ་སྟོང་ཆོས་སྐུའི་ཞིང་༔ རང་བཞིན་རྣམ་དག་མཆོད་པའི་སྤྲིན༔ ཐུགས་རྗེའི་སྤྲུལ་པའི་ལྷ་མོ་ཡི༔ སྒྱུ་མའི་གར་གྱི་རོལ་པ་ལས༔ སྣང་སྲིད་འཁོར་འདས་ཀུན་ཁྱབ་བྱ༔ ཧཱུྃ་ཧྲཱིཿའོག་མིན་མཁའ་སྤྱོད་མི་མཇེད་ཞིང་༔ གང་འདུལ་ཐབས་ཀྱིས་སྟོན་པར་སྟོན༔ དོན་ལ་ཀུན་བཟང་འོད་མི་འགྱུར༔ བརྒྱུད་གསུམ་བླ་མའི་ཐུགས་དམ་བསྐང་༔ དཔག་མེད་བསམ་ཡས་བརྗོད་འདས་ཀྱི༔ གཞི་དང་སྙིང་པོ་མེ་ཏོག་གིས༔ བརྒྱན་པའི་ཞིང་ཁམས་དཔག་མེད་ན༔ རབ་འབྱམས་མཐའ་ཡས་སྒྱུ་འཕྲུལ་གར༔ ཡེ་ཤེས་ཀློང་དུ་ཐ་མི་དད༔ ཀུན་བཟང་ཐུགས་ཀྱི་རོལ་རྩལ་གྱི༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ འོག་མིན་ཆོས་ཀྱི་དབྱིངས་ཉིད་དང་༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ན༔ མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔ འདས་དང་མ་འདས་མཁའ་འགྲོའི་ཚོགས༔ ཡེ་ཤེས་དབྱིངས་སུ་ཀུན་བཟང་མོ༔ རབ་འབྱམས་མཁའ་འགྲོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿའོག་མིན་ཆོས་དབྱིངས་ཕོ་བྲང་ན༔ རབ་འབྱམས་རྒྱལ་བ་བསྐྱེད་པའི་ཡུམ༔ ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་༔ གསང་ལམ་བསྣོལ་མའི་དུར་ཁྲོད་ན༔ ལོངས་སྐུ་རྒྱལ་བ་ཀུན་གྱི་ཡུམ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་ཐུགས་དམ་བསྐང་༔ རྔ་ཡབ་ཟ་བྱེད་སྲིན་པོའི་ཡུལ༔ དཔལ་རི་མཁའ་འགྲོའི་འདུ་གླིང་ན༔ སྤྲུལ་སྐུའི་མཁའ་འགྲོ་ཀུན་གཙོ་མོ༔ ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿམངོན་པར་དགའ་བའི་ཞིང་ཁམས་ན༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་གཙོ༔ སངས་རྒྱས་སྤྱན་མའི་ཐུགས་དམ་བསྐང་༔ དཔལ་དང་ལྡན་པའི་ཞིང་ཁམས་ན༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་གཙོ༔ མ་མཱ་ཀི་ཡི་ཐུགས་དམ་བསྐང་༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ པདྨ་རིགས་ཀྱི་མཁའ་འགྲོའི་གཙོ༔ ན་བཟའ་དཀར་མོའི་ཐུགས་དམ་བསྐང་༔ ལས་རབ་རྫོགས་པའི་ཞིང་ཁམས་ན༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་གཙོ༔ དམ་ཚིག་སྒྲོལ་མའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿམེ་ལོང་ཡེ་ཤེས་རང་མདངས་ལས༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ རང་འདྲའི་སྤྲུལ་པས་འགྲོ་རྣམས་འདྲེན༔ ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ རང་འདྲའི་སྤྲུལ་པས་ཉོན་མོངས་འདུལ༔ ཞགས་པ་མ་ཡི་ཐུགས་དམ་བསྐང་༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ དགའ་བ་ཚད་མེད་དབང་གི་སྐུ༔ རང་འདྲའི་སྤྲུལ་པས་ལོག་རྟོག་འཇོམས༔ ལྕགས་སྒྲོག་མ་ཡི་ཐུགས་དམ་བསྐང་༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ བཏང་སྙོམས་ཚད་མེད་དྲག་པོའི་སྐུ༔ རང་འདྲའི་སྤྲུལ་པས་འགྲོ་བ་འདྲེན༔ དྲིལ་བུ་མ་ཡི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿགཞན་ཡང་ཀུན་ཏུ་བཟང་མོ་ཡི༔ ཆོས་ཀྱི་དབྱིངས་ནས་གར་བསྒྱུར་བའི༔ སྒྱུ་འཕྲུལ་དབང་མོ་ཉི་ཤུ་བརྒྱད༔ དུར་ཁྲོད་གནས་ཡུལ་མཁའ་སྤྱོད་དུ༔ ཅིར་ཡང་མ་ངེས་ཆོ་འཕྲུལ་བསྒྱུར༔ མ་མོ་མཁའ་འགྲོ་ཤ་ཟ་མོ༔ ཤུགས་འགྲོ་ལ་སོགས་དམ་ཅན་གྱི༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་ལུས་མཁའ་འགྲོའི་ཚོགས་རྣམས་ཀྱི༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿའཇིགས་རུང་དུར་ཁྲོད་བསིལ་བའི་ཚལ༔ དོན་ལ་དག་པ་མཁའ་སྤྱོད་ན༔ སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ འཁོར་འདས་དབང་མོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་དང་༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ སྔགས་སྲུང་མ་མོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿབྱང་ཤར་མུ་ལེ་གཏིང་གི་རུང་༔ ཁྲག་ཞག་རྦ་ཀློང་འཁྲིགས་པའི་མཚོར༔ སྔགས་བདག་སྲིད་པའི་རྒྱལ་མོ་ཆེ༔ རེ་མ་ཏཱི་ཡི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿརབ་འཇིགས་དུར་ཁྲོད་ཧེ་ཆེན་བརྡལ༔ བདེ་ཆེན་དབང་དྲག་རོལ་པ་ནས༔ ཁམས་གསུམ་དབང་སྡུད་ཧེ་རུ་ཀ༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུད་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿཕོ་བྲང་མཁའ་སྤྱོད་ཙ་རིའི་གནས༔ དོན་ལ་བདེ་ཆེན་པད་འོད་ནས༔ ཞིང་སྐྱོང་མགོན་པོ་ཆེ་བའི་མཆོག༔ ལྷོ་བཙན་ནག་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ ཞིང་སྐྱོང་མགོན་པོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿགནས་ཡུལ་དུར་ཁྲོད་མཁའ་སྤྱོད་ཉུལ༔ ཟས་སུ་བསྟན་དགྲའི་ཤ་ལ་རྔམས༔ སྐོམ་དུ་དམ་ཉམས་སྙིང་ཁྲག་གསོལ༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་བྱེད༔ དཀོན་མཆོག་དབུ་འཕང་བསྟོད་ཅིང་བཏེགས༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་གྲོགས༔ དམ་ཉམས་སྲོག་གི་གཤེད་མ་ཆེ༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་མོའི་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བདུད་རྩི་སྨན་དང་བ་ལིཾ་ཏ༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ བདེ་བའི་བཅུད་ཆེན་བྱང་ཆུབ་སེམས༔ ཏ་ན་ག་ནའི་སྦྱོར་སྒྲོལ་དང་༔ སྣ་ཚོགས་སྣང་བའི་སྣོད་བཅུད་ཀྱིས༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཀྱཻ༔ དགོངས་ཤིག་རྩ་གསུམ་དམ་ཅན་ཚོགས༔ བདག་གི་འཁོར་ཚེ་ཐོག་མེད་ནས༔ མ་རིག་དབང་གྱུར་འཁྲུལ་པ་ཡིས༔ ཉེས་བྱས་ཉམས་ཆག་ཐམས་ཅད་ཀུན༔ མི་གསང་མི་སྦེད་མཐོལ་ལོ་བཤགས༔ གདོད་ནས་རང་རིག་ཀུན་བཟང་མོ༔ མ་བཅོས་སྐྱེ་མེད་ཆོས་སྐུར་གནས༔ མ་རྟོགས་ལོག་པའི་ལམ་ཞུགས་ཏེ༔ གཟུང་འཛིན་འཁྲུལ་བའི་ཉེས་བྱས་གང་༔ ཆོས་ཉིད་རོལ་པའི་ངང་དུ་བཤགས༔ སྨིན་གྲོལ་ལམ་གྱི་སྒོར་ཞུགས་ཏེ༔ ཁས་བླངས་སྡོམ་བཟུང་དམ་བཅས་པ༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ ཉམས་ཆག་འགལ་འཁྲུལ་གྱུར་པ་རྣམས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ སྒྲུབ་དང་དཀྱིལ་འཁོར་སྒོར་ཞུགས་ནས༔ སྣང་བ་ལྷ་ཡི་དཀྱིལ་འཁོར་དང་༔ སྒྲ་གྲགས་སྔགས་ཀྱི་དཀྱིལ་འཁོར་དང་༔ དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུ༔ མ་རྟོགས་འཁྲུལ་པའི་ཉམས་ཆག་ཀུན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ ངོ་བོ་སྟོང་པ་གཞལ་ཡས་ཁང་༔ རང་རིག་ཀུན་བཟང་ཆོས་ཀྱི་སྐུ༔ རྟོག་ཚོགས་འཁོར་གྱི་རོལ་པར་གནས༔ མ་རྟོགས་སྣང་བ་དངོས་པོར་བཟུང་༔ ཡུལ་ལ་གཉིས་སུ་འཛིན་པ་ཡིས༔ ལམ་ལོག་ལམ་སྟོར་འཁོར་བར་འཁྲུལ༔ ཉེས་བྱས་ཉམས་ཆག་འཁྲུལ་རྟོག་ཀུན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔