ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ལས་ཀྱི་མན་ངག་འཐོར་བུའི་སྐོར་གྱི་གཏད་ཁྲོལ་རྡོ་རྗེའི་སྤུ་གྲི༔

From Dudjom Wiki
TTDL-ZABTER-08-NYA-042
Wylie title zab gsang mkha' 'gro'i snying thig las: lha chen dbang phyug chen po'i las kyi man ngag 'thor bu'i skor gyi gtad khrol rdo rje'i spu gri: TTDL-ZABTER-08-NYA-042.pdf
Location bdud 'joms gling pa zab gter
Volume 8, Text 42, Pages 383-390 (Folios 1a1 to 4b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen dbang phyug chen po'i las kyi man ngag 'thor bu'i skor gyi gtad khrol rdo rje'i spu gri. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 383-390. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gtad khrol   Verso: bdud 'joms bka' srung lha chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཉིད་རྣལ་འབྱོར་མ་ཀལྤ་ལ་བྷ་དྲས་གསུང་བསྐུལ་བཞིན་བདུད་འཇོམས་པས་འཕྲལ་དུ་བྲིས་པའོ། །དགེའོ།། དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di nyid rnal 'byor ma kalpa la b+ha dras gsung bskul bzhin bdud 'joms pas 'phral du bris pa'o/_/dge'o//_dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ལས་ཀྱི་མན་ངག་འཐོར་བུའི་སྐོར་གྱི་གཏད་ཁྲོལ་རྡོ་རྗེའི་སྤུ་གྲི་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རྒྱལ་དབང་པདྨ་ཐོད་ཕྲེང་ལ༔ བཏུད་ནས་མི་སྲུན་སྦྱོར་བའི་ལས༔ གཏད་ཁྲོལ་རྡོ་རྗེའི་སྤུ་གྲི་བསྟན༔ གུ་གུལ་དཀར་ནག་དྲི་སྤོས་ལྔ་སྤང་སྤོས་ཤིང་ཀུན་སྒོག་སྐྱ་ཛ་ཏི་གླ་རྩི་མཆན།༔ ཁྲག་སྣ་དུག་གིས་སྦག་པ་དང་༔ ཀླུ་སྨན་དཀར་གཏོར་འོ་ཆབ་སོགས༔ འོག་ཏུ་མཁོ་བའི་རྫས་ཀུན་བསགས༔ ཧཱུྃ༔ རང་ཉིད་སྐད་ཅིག་གིས་དབང་ཕྱུག་ནག་པོ་སྤུ་གྲི་དང་ཞགས་པ་བསྣམས་པ་གཅེར་བུ་རྒྱན་མེད་པ༔ དབུ་སྐྲ་ཐོད་དུ་བཅིངས་ཤིང་ཟར་བུ་སྐུ་རྒྱབ་ཁྲོལ་བ༔ ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་དང་ལྡན་པ་ཞིག་ཏུ་བསྐྱེད་དོ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་གཉིས་སྐྱོང་གི་བསྟན་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་མཐུ་ནུས་རབ་ཏུ་རྒྱས་ཤིང་འབར་བར་བསམ་ལ༔ ཨོཾ་ཀཱ་ལ་ཡཀྴ་ལོ་ཀི་ཤྭ་ར་སརྦ་སིདྡྷི་ཧྲཱིཾཿསྟོང་རྩ་བརྗོད་མཐར་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་པ་ནི༔ ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་གི་ལྷ༔ དབང་ཆེན་ལྷ་ཡི་བླ་མར་བཞེངས༔ མཐུ་སྟོབས་ནུས་པ་རྨད་བྱུང་བ༔ མཐུ་ཆེན་འཁོར་དང་བཅས་ལ་བསྟོད༔ དེ་ནས་ལིང་ག་དབང་ཚང་བསྲུང་བྱའི་མཁན་མིང་དང་བཅས་པ་དུག་སྦྲུལ་དཀར་ནག་གིས་འཁྱུད་པར་བྲི༔ གཞན་ཡང་ལིང་ག་དབང་ཚང་དམིགས་བསལ་ཡོད་སྐབས་འདི་བཞིན་དང་མེད་ན་མི་དགོས་མཆན།བན་སྔགས་གང་ཡིན་གྱི་མཁན་མིང་མཐར་བླ་འགུགས་ཀྱིས་བསྐོར་བ་དང་༔ སྦྲུལ་དཀར་ནག་གིས་འཁྱུད་ཅིང་རྩེ་ཆུང་གཉིས་ཟ་བ༔ དེ་འདྲ་བའི་མཐའ་མར་བདེན་ཚིག་དམོད་པ་ཛ་ཁྲམ་དང་བཅས་པ་བཀོད༔ བསྒྲུབ་བྱའི་ལིང་ག་ལ་ཟག་རྫས་དང་ཀླུ་སྦྲུལ་དཀར་ནག་ལ་ཀླུ་སྨན་བྱུག་ནས༔ འགུགས་གཞུག་བསྐྱེད་བསྟིམ་ཡང་ཡང་བྱ༔ དེ་ནས་ལྷ་ཆེན་ནག་པོའི་ཕྱག་གི་སྤུ་གྲི་མནན་གཏད་ཀྱི་ས་དང་ཆུ་མཚོ་ལ་བཏབ་པས་བསྒྲུབ་བྱ་གང་ཡིན་གཏད་ཡུལ་གྱི་ཀླུ་གཉན་སོགས་གང་ཡིན་པ་འོད་ནག་གི་རྣམ་པར་འདུས་ཤིང་ལིང་ག་ལ་རྫོགས་པར་བསམ་ལ༔ ཨོཾ་ཀཱ་ལ་ཡཀྴ་ལོ་ཀི་ཤྭ་ར་ཧཱུྃ་ཧཱུྃ༔ ཏྲི་ཁུག་ནྲི་ཛ་བྷྲཾ་བྷྱོ་ཧ་རཾ་ཡཾ་ཡེ་སྭཱ་ཧཱ༔ ཞེས་དྲག་ཏུ་བཟླས་པས་ལིང་ག་འགུལ་བ་འོད་འཁྱུག་པ་སོགས་འོང་ངེས་སོ༔ དེ་དུས་སྦྲུལ་ལ་དྲི་ལྔ་དུག་ཁྲག་དང་༔ ལིངྒའི་དབང་པོ་ལ་སྨན་དྲུག་དཀར་གསུམ་ག་བུར་སྦྲང་རྩི་གཅིག་ཏུ་བརྩི་གླ་རྩི་གུ་གུལ་དཀར་པོ་མཆན།འོ་ཆབ་རྣམས་བྱུག་ལ༔ ཨ་ཀར་མ་ཤིག་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་གའི་ཙིཏྟ་ཟུངས་ཟུངས༔ ནཱ་གའི་ཤ་ལ་ཛ་ཛཿནཱ་གའི་དབུགས་ལ་འུབ་འུབ༔ རྦད་ནན་ཤིག་ཙིཏྟ་གཏུབ་སྭཱ་ཧཱ༔ བརྗོད་ཅིང་ཐུན་གསུམ་ཡུངས་དཀར་ཡུངས་ནག་བྲ་བོ་མཆན།གྱིས་ནན་དུ་བྲབ༔ དེ་དུས་རྨི་ལམ་དུ་ཀླུའི་གཟུགས་སྟོན་ནས་འོང་བ༔ སྦལ་སྦྲུལ་སོགས་ཉི་ཚན་བྱེ་ཚན་གྱིས་གདུང་བ་སོགས་འབྱུང་བ་ཡིན་ནོ༔ དེ་དུས་གཟིར་བའི་སྔགས་བརྗོད་དོ༔ ཨོཾ་ཨ་ཀར་མ་ཤིག་ཤིག༔ སྲོག་དུང་དུང་ཛཿའུར་བ་འུར་བ༔ ག་རུ་ཌ་ཨེ་ས་མ་ཡ་རྦད་དུ་ན་དུན་ཧེ་དུན་སྭཱ་ཧཱ༔ བརྗོད་དེ་དྲི་ལྔ་ཁྲག་སྣ་ལ་བཏབ་ནས་ཀླུ་གཟུགས་ལ་བྱུག་པས་ཁས་ལེན་དུ་འོང་ངོ་༔ དེ་དུས་ཀླུ་གཟུགས་ལ་འོ་ཆབ་ཀླུ་སྨན་སོགས་བྱུག་ལ༔ ཨོཾ་ཨ་ཛ་ཡ༔ ནི་ལ་མ་ཧེ་རི་རི་ཧཱུྃ༔ ནཱ་ག་ཁྲོལ་ཁྲོལ་བི་པ་ཧུ་ལ་ཧཱུྃ་ཨཱཿཞེས་བརྗོད་ལ་དམིགས་པའི་གནད་གཟེར་ལ་འབད་དོ༔ དེ་ནས་ཡོན་བདག་ཕོ་མོ་གདན་ནག་གི་སྟེང་དུ་སྡོད་བཅུག་ལ༔ དུད་གསུམ་ཕང་དུད་སྦྲ་དུད་བྲག་ཕུག་གི་ངོས་ཆགས་པའི་དུད་པ་གསུམ་ལ་རྒྱ་སྤོས་སྤང་སྤོས་སྣུམ་སྤོས་གསུམ་གྱིས་ངར་བཏབ་བོ་མཆན།འབྲུ་ལྔ་བདུག་ལ༔ སྲན་ནག་སོ་བའི་འབྲུ་ཞུན་ཐིག་གི་འབྲུ་ཡུངས་ཀར་ར་མོན་གྱི་འབྲུ་དང་ལྔའོ།།མཆན།ཨོཾ་ཨ་ཀྲོ་ན་བྷུར་ཁུང་མ་ཧཱ་པྲ་མ་ཎ་ཡེ་དུ་ན་ག་ར་ཡེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་ཁྲུས་བྱའོ༔ ཡན་ལག་ལྔ་བཀྲུས་པའི་ཆུ་གླུད་ནང་དུ་དོར༔ དེ་ནས་བལ་འདབ་སྔོ་སེར་གྱིས་མགོ་བོ་བཀབ་ལ༔ ཧོཿ རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་ཁྱོད་ལ་བན་སྔགས་མི་སྲུན་སྦྱོར་བ་མཁན་གྱིས་ཀླུ་ལ་གཏད་པ༔ སྡེ་བརྒྱད་ཀྱི་གདུང་དུ་བྲིས་པ༔ ས་བདག་གི་གནད་དུ་གཟིར་བ་ལས་བྱུང་བའི་ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པ་ཐམས་ཅད་སྔོ་སེར་གྱི་བལ་འདབ་དང་མཉམ་དུ་བསལ་ནས་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་སང་སང་དག་པར་བསྒོམ༔ ཨོཾ་བྷུར་སྣུ་ར་ན་ཡ་ཧེ་ཤྭ་རི་ན་ཕྱེས་ཕྱེས་ཁྲོལ་ཁྲོལ་སྭཱ་ཧཱ༔ ཞེས་ལན་བདུན་དུ་བརྗོད་བཞིན་མདའ་སྟོང་གིས་བསལ་ནས་བཞག༔ དེ་ནས་དྲི་ཟན་ནད་མིག་གི་སའམ་གནས་དགུར་གནས་ལྔ་མཁལ་གོང་གཉིས་དང་གོང་གཉིས་མཆན།ཡང་ཡང་བྱུག་ནས་མཐེབ་ཀྱུ་ཉེར་གཅིག་བྱས་པ་ཆུ་ནང་དུ་དོར་བཞིན༔ ཨོཾ་ཨ་ཀར་མ་ར་ཎ་ཧ་ཏེ་ཛ་ཡ་ཧུ་ལུ་ཧུ་ལུ་ཧཱུྃ༔ དུ་ར་གྷ་ཏེ་རོ་ག་ན་དུཿཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་བོར༔ དེ་ནས་བྱད་ཐག་སྔོ་དམར་གྱིས་སྲིན་ལག་སྒྱིད་ཁུང་དཔུངས་མགོ་སོ་སོར་བཅིང་ནས་ཚོན་སྐུད་སྣེ་བླ་མའི་ཕྱག་ཏུ་འཇོག༔ ཨོཾ་ཨ་ཀར་མ་ནཱ་ག་རཱ་ཛ་བྷུར་སྣུ་ར་ཙ་ས་ར་དེ་ཡེ་དུན་ཧཱུྃ༔ ཤག་ཁྲོལ་རྦད་ཛ་ཤི་མཾ་ན་གེ་ཡ་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ༔ ལན་ཉེར་གཅིག་གིས་རལ་གྲི་ལ་བཏབ་ནས༔ མདོ་བཞི་ལྟག་པར་དཔུང་ཁུག་་གཉིས་སྒྱིད་ཁུང་རྣམས་སོ།།མཆན།ནས་རིམ་བཞིན་བཅད་པ་ངར་གླུད་ནང་དུ་དོར༔ དེ་ནས་ལྷ་ཆེན་དབང་ཕྱུག་ནག་པོ་ཐབ་ཏུ་བསྒོམ་ནས་ཕ་རོལ་མི་སྲུན་པས་ལས་སྦྱོར་བྱས་པའི་རིག་སྔགས་ནུས་པ་དང་བཅས་པ་ངར་གླུད་ལ་ཐིམ་པར་བསམ༔ ཨོཾ་ཀཱ་ལ་ཤྭ་ར་ལོ་ཀ་སརྦ་པཱ་པཾ་ད་ཧ་ན་ཡེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཉེར་གཅིག་གིས་འབྲུ་ནག་དང་བཅས་ཏེ་མེ་ཐབ་ཏུ་འབུལ་ལོ༔ དེ་ནས་མེ་ལྷ་བཛྲ་མུཿཀྱིས་དབྱིངས་སུ་གཤེགས་སོ༔ འོ་ཆབ་ཀླུ་སྨན་དཀར་གཏོར་རྣམས་ཨ་ཀཱ་རོས་ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་ལ༔ ཀྱཻ༔ ཀླུ་རྒྱལ་གཙུག་ན་རིན་ཆེན་དང་༔ དུང་སྐྱོང་རིགས་ལྡན་ནོར་བུ་རྒྱས༔ པདྨ་པདྨ་ཆེན་པོ་དང་༔ དགའ་བོ་འཇོག་པོ་མཐའ་ཡས་སོགས༔ རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས༔ གདོལ་པ་ནག་པོ་ས་བདག་གཉན༔ གདུག་པ་ཀླུ་ཡི་སྡེ་ཚོགས་བཅས༔ འདིར་གཤེགས་འདོད་འབྱུང་གཏོར་མ་དང་༔ སྡུག་བསྔལ་ནད་སེལ་འོ་ཆབ་བཞེས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ བན་སྔགས་མི་སྲུན་སྦྱོར་བ་ཡིས༔ གཏད་ཁྲམ་མནན་དལ་པར་བུ་བསྐོར༔ ས་བདག་ཀླུ་གཉན་གདུག་ཅན་ལ༔ གཏད་པ་ཁྲོལ་ལ་མནན་པ་ཁྱོག༔ བསྡམ་པ་ཀློད་ལ་སྦྱོར་བ་ཤིག༔ བཟུང་བ་ཐོང་ལ་གཟིར་བ་བཟློག༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ བཀའ་འདས་ལུས་སེམས་བརླག་པར་འགྱུར༔ དེ་བས་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་དེ་ཤིང་རྩི་བལ་ཚོན་དང་བཅས་ཀླུ་གནས་པའི་ཆུ་མིག་ཏུ་དོར་རོ༔ དེ་ནས་ཕྱག་རྡོར་གྱིས་བསྒྲུབ་པའི་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཡེ་ཤེས་གཞལ་ཡས་ཁང་༔ བུམ་བཅུད་གཏུམ་པོའི་དཀྱིལ་འཁོར་རྫོགས༔ བུ་ལ་དབང་བསྐུར་སྦྱིན་པ་ཡིས༔ རྡོ་རྗེ་གསུམ་དང་དབྱེར་མེད་འདྲེས༔ མི་ཤིགས་མི་འགྱུར་སྐུ་གསུང་ཐུགས༔ མངོན་གྱུར་ཡང་དག་རྫོགས་ཐོབ་ཤོག༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་མགོར་བཞག་ལ་བུམ་ཆུ་ཁོང་དུ་གཏོང་བར་བྱའོ༔ དེ་ནས་འབྱུང་ལྔའི་མཁའ་འགྲོའི་ཚེ་འགུགས་ནི༔ བཾཿའབྱུང་བ་ལྔ་པོ་ཡེ་ཤེས་དབྱིངས༔ སྐྱེ་འཆི་བྲལ་བའི་ཚེ་ཁུག་ཅིག༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཁམས༔ མཁའ་འགྲོ་ལྔ་དང་གཉིས་སུ་མེད༔ གཞོམ་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨེ་བཾ་ལཾ་ཡཾ་རཾ་ཨ་ཡུརྫྙ་ན་ཚེ་བྷྲུྃ་གཡུ་བྷྲུྃ་གཡུ་ཚེ་བྷྲུྃ༔ བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་ལིང་ག་དབང་ཚང་ལ་འགུགས་བསྟིམ་ནན་དུ་བྱས༔ ཤི་ལྟེབ་བྱས་ནས་ཚོན་སྐུད་ཀྱིས་དཀྲིས༔ དུག་སྣས་བྱུགས་ཏེ་ཀླུ་གཉན་སར་དམིགས་བསལ་སོགས་གཏད་བཅོལ་བྱས་ཀྱང་ཆོག་གོ༔ དམིགས་བསལ་མེད་ན་ཚེ་འགུགས་རྗེས་བཀྲ་ཤིས་བསྔོ་སྨོན་ཅི་རིགས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་རྣལ་འབྱོར་མ་ཀལྤ་ལ་བྷ་དྲས་གསུང་བསྐུལ་བཞིན་བདུད་འཇོམས་པས་འཕྲལ་དུ་བྲིས་པའོ། །དགེའོ།། དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།