ལས་ཀྱི་མན་ངག་ཐོར་བུའི་སྐོར་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་སོགས་ནང་གསེས་གསུམ་ཅན།

From Dudjom Wiki
TTDL-ZABTER-08-NYA-043
Wylie title las kyi man ngag thor bu'i skor rang nyid yi dam gyi thugs ka nas sogs nang gses gsum can TTDL-ZABTER-08-NYA-043.pdf
Location bdud 'joms gling pa zab gter
Volume 8, Text 43, Pages 391-397 (Folios 1a1 to 4a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Las kyi man ngag thor bu'i skor rang nyid yi dam gyi thugs ka nas sogs nang gses gsum can. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 391-397. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las tshogs   Verso: bdud 'joms bka' srung lha chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཅེས་ནན་དུ་བསྐུལ་ལོ༔ བདུད་འཇོམས་པས་སོ།།

ces nan du bskul lo:_bdud 'joms pas so//

[edit]
ཐྂ༎༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་འབྱུང་བ་ལྔ་ཡི་ཁམས་ནམ་མཁའི་དབང་ཕྱུག་མཐིང་ནག་དཔག་ཏུ་མེད་པ་བྱུང་ནས་རྒྱ་མཚོར་ཁ་ཆར་བབ་པ་ལྟར་མདུན་བསྐྱེད་ཀྱི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿ ཅི་མང་བཟླས་ནས༔ རང་ཡི་དམ་གྱི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་འབྱུང་བ་ལྔ་ཡི་ཁམས་ཆུ་ཡི་དབང་ཕྱུག་དཀར་པོ་དཔག་ཏུ་མེད་པ་བྱུང་ནས་རྒྱ་མཚོར་ཁ་ཆར་བབ་པ་ལྟར་མདུན་བསྐྱེད་ཀྱི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཅི་མང་བཟླས་ནས༔ རང་ཡི་དམ་གྱི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་འབྱུང་བ་ལྔ་ཡི་ཁམས་ས་ཡི་དབང་ཕྱུག་སེར་པོ་དཔག་ཏུ་མེད་པ་བྱུང་ནས་རྒྱ་མཚོར་ཁ་ཆར་བབ་པ་ལྟར་མདུན་བསྐྱེད་ཀྱི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཅི་མང་བཟླས་ནས༔ རང་ཡི་དམ་གྱི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་འབྱུང་བ་ལྔ་ཡི་ཁམས་མེ་ཡི་དབང་ཕྱུག་དམར་པོ་དཔག་ཏུ་མེད་པ་བྱུང་ནས་རྒྱ་མཚོར་ཁ་ཆར་བབ་པ་ལྟར་མདུན་བསྐྱེད་ཀྱི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཅི་མང་བཟླས་ནས༔ རང་ཡི་དམ་གྱི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་འབྱུང་བ་ལྔ་ཡི་ཁམས་རླུང་གི་དབང་ཕྱུག་ལྗང་ནག་དཔག་ཏུ་མེད་པ་བྱུང་ནས་རྒྱ་མཚོར་ཁ་ཆར་བབ་པ་ལྟར་མདུན་བསྐྱེད་ཀྱི་ལྷ་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿ ཅི་མང་བཟླས་པར་བྱའོ༔ ཤེས་པ་གཞན་དུ་མ་ཡེངས་པར་ལྷར་སྣང་དང་འགྲོགས༔ མི་ཚིག་གིས་བར་མ་ཆོད་པར་འབོད་སྔགས་འདི་བཟླའོ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿ ཐྂ༎༔ སད་འགོག་དམིགས་པ་ནི༔ མདུན་དུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་ཆེ་ལ་ཡན་ལག་རགས་པའི་སྐུ་དབྱིངས་རྒྱ་མཚོ་ལྟ་བུའི་ཀློང་དུ་བསྲུང་བྱའི་ཞིང་དང་ལོ་ཐོག་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་འུབ་ཏུ་ཆུབ་པར་བསྒོམ༔ སྐུ་ལས་འོད་ཕུང་བསྐལ་པའི་མེ་ལྟར་འབར་བས་རྒྱ་མཚོ་གཏིང་ནས་དྲོས་ཤིང་ཁོལ་བའི་རླངས་པ་བར་སྣང་ཁམས་སུ་ཕྱུ་རུ་རུ་སོང་བས་ནམ་མཁའ་སྤྲིན་གྱིས་ཁྱབ་པར་བསྒོམ༔ ཞིང་དང་ལོ་ཐོག་ཐམས་ཅད་ལ་མེ་དྲོད་ཀྱིས་ཁྱབ་ཅིང་སྣང་སྲིད་ཁམས་ཀྱི་འབྲུ་བཅུད་ཐམས་ཅད་འདུ་བར་བསྒོམ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿདམ་ཚིག་གསུམ་བཀོད་བམ་པོ་དྲུག་པ་ནས་གསུངས་པའི་སད་བསྲུང་བའི་མཆོག་སྤྲིན་འདུ་བ་དང་ཆར་ཆེན་པོ་འབེབས་པར་འགྱུར་བའི་སྔགས་ནི༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ༔ སརྦ་མུ་ཁེ་བྷྱ༔ སརྦ་ཐ་གུ་ལུ་གུ་ལུ་གུ་གརྫ་གརྫ་མ་ཧཱ་པཱུ་ད་བྷྱ༔ བ་ར་བི་དུ་ང་མ་ལ༔ ང་ར་ང་ར༔ སུ་དྷུ་སུ་དྷུ༔ ཀ་ས་ཀ་ས་སྭཱ་ཧཱ༔ འདི་བརྗོད་པས་སད་བསྲུང་བ་དང་ཆར་འབེབས་པར་ངེས་སོ༔ ནམ་མཁའ་ལ་སྤྲིན་མེད་པའི་ཚེ་སྔགས་འདི་ཆུ་བོའི་གཞུང་བཞིན་དུ་བཟླའོ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུ་བྱིན་གྱིས་ཡུལ་ཁམས་འདིའི་ཉིན་སྲིབ་ཕུ་མདའི་ཞིང་དང་ལོ་ཐོག་ཐམས་ཅད་ལ་དབང་ཕྱུག་མ་ཧཱ་དཱེ་ཝའི་མེ་དྲོད་ཆེན་པོས་ཡོངས་སུ་ཁེབས་ཤིང་ཁྱབ་པར་གྱུར་ཅིག༔ སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ལ་མེ་དྲོད་ཆེན་པོ་རབ་ཏུ་མཆེད་ཅིང་རྒྱས་པར་གྱུར་ཅིག༔ རྒྱ་མཚོ་གཏིང་ནས་དྲོས་ས་གཞི་ན་བུན་ཆེན་པོས་ཁེབས་པར་གྱུར་ཅིག༔ གྲང་ལྷག་བ་མོ་སད་ཀྱི་གནོད་པས་མི་ཚུགས་པར་གྱུར་ཅིག༔ ལན་གསུམ་བརྗོད་པའི་རྗེས་སུ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ སངས་རྒྱས་སོགས་ནས༔ དེ་བཞིན་དུ་འགྲུབ་པར་གྱུར་ཅིག༔ བར་ལན་བདུན་བཅོམ་ལྡན་འདས་བདེ་བཞིན་གཤེགས་པ་སོགས་འགྲུབ་སྔགས་ལན་བདུན་བརྗོད༔ དཀོན་མཆོག་གསུམ་གྱི་སོགས་ལན་བདུན་བརྗོད༔ སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་ལན་བདུན༔ སངས་རྒྱས་སྐུ་གསུམ་མཉམ༴ ཆོས་ཉིད་རྣམ་པར༴ སྔགས་དང་ཕྱག་རྒྱ༴ སྨོན་ལམ༴ ལན་བདུན༔ རྨད་བྱུང་སྲས་བཅས་སོགས་ལན་བདུན་བླ་མེད་བླ་མའི་སོགས་བདུན་བརྗོད༔ ཕྱོགས་བཅུ་ན་བཞུགས་པའི་སོགས་རྟེན་འབྲེལ་སྙིང་པོ་བདུན་དང་སྦྲགས༔ དེ་ནས་རྟེན་སྙིང་བརྒྱ་རྩ་བརྗོད་དོ༔ ༈ ཆར་རྡོ་བསྐྱེད་པ་ནི༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་ཉི་ཟླ་དང་ནོར་བུ་འབྱུང་བ་བཞི་ཡི་དྭངས་བཅུད་ཐམས་ཅད་ལྷག་མ་མ་ལུས་པར་འདུས་ནས་ཆར་རྡོ་ལ་ཐིམ་པར་གྱུར༔ ཁམས་གསུམ་གྱི་ལྷ་གནས་མལ་དང་བཅས་པ་ཐམས་ཅད་ཀྱང་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་གཟི་མདངས་འོད་དུ་འབར་བ་ཞིག་ཏུ་གྱུར་པའི་གནས་གསུམ་ལས་འོད་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཡང་ཡང་བསྟིམ་མོ༔ སྐུ་ལ་ཆུ་ཕོག་པ་ཙམ་གྱིས་ན་བུན་དང་ཁུ་རླང་གིས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཁྱབ་པར་བྱེད་པའི་བདག་ཉིད་ཅན་དུ་བསྒོམ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿའབོད་སྔགས་མང་དུ་བརྗོད་དོ༔ སྦ་དུས་ཀླུ་སྨན་དང་དཀར་གསུམ་མངར་གསུམ་བྱུག་གོ༔ བསྐུལ་བ་བརྗོད་ནས་ཆུ་མིག་ཏུ་སྦའོ༔ བརྡ་ཡིག་༠༠༠༠༠༠༣༩༥༔ བསྐུལ་བ་ནི༔ ཧཱུྃ༔ གཞན་འཕྲུལ་དབང་བྱེད་ལྷ་གནས་ནས༔ ཏིང་འཛིན་འཕྲུལ་གྱི་དབང་པོ་ཆེ༔ དབང་ཕྱུག་ཆེན་པོ་ལྷའི་བླ་མ༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ ནམ་མཁའ་ཁྱབ་པའི་བྱིན་ཆེན་ཕོབས༔ བར་སྣང་ཁྱབ་པའི་སྤྲིན་འཕྲུལ་ཞིག༔ ས་གཞིར་དྲོད་ཀྱི་བྱིན་ཆེན་ཕོབས༔ རྒྱ་མཚོའི་གཏིང་ནས་ན་བུན་སློང་༔ དམིགས་པས་ཡུལ་ཁམས་ཁྱབ་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ བཛྲ་ས་མ་ཡ་ཛ་ཛ་ཨ་བེ་ཤ་ཡ་ཨ་ཨ༔ ཧཱུྃ༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ནས༔ དགའ་དང་བདེ་བའི་དབང་ཕྱུག་མཆོག༔ འདོད་པའི་རྒྱལ་པོ་ཡབ་ཡུམ་འཁོར༔ དམ་ཚིག་གཉན་གྱིས་ཐུགས་དམ་བསྐུལ༔ ནམ་མཁའ་ཁྱབ་པའི་བྱིན་ཆེན་ཕོབས༔ བར་སྣང་ཁྱབ་པའི་སྤྲིན་འཕྲུལ་ཞིག༔ ས་གཞིར་དྲོད་ཀྱི་བྱིན་ཆེན་ཕོབས༔ རྒྱ་མཚོའི་གཏིང་ནས་ན་བུན་སློང་༔ དམིགས་པས་ཡུལ་ཁམས་ཁྱབ་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ བཛྲ་ས་མ་ཡ་ཛ་ཛ་ཨ་བེ་ཤ་ཡ་ཨ་ཨ༔ ཧཱུྃ༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལོངས་སྤྱོད་འཕྲུལ་གྱི་དབང་ཕྱུག་ཆེ༔ ལྷ་ཆེན་ཚོགས་བདག་ཡབ་ཡུམ་འཁོར༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ ནམ་མཁའ་ཁྱབ་པའི་བྱིན་ཆེན་ཕོབས༔ བར་སྣང་ཁྱབ་པའི་སྤྲིན་འཕྲུལ་ཞིག༔ ས་གཞིར་དྲོད་ཀྱི་བྱིན་ཆེན་ཕོབས༔ རྒྱ་མཚོའི་གཏིང་ནས་ན་བུན་སློང་༔ དམིགས་པས་ཡུལ་ཁམས་ཁྱབ་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིཾཿཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ བཛྲ་ས་མ་ཡ་ཛ་ཛ་ཨ་བེ་ཤ་ཡ་ཨ་ཨ༔ ཧཱུྃ༔ དྲང་སྲོང་ལྷ་ཡི་བླ་མ་མཆོག༔ དབང་ཕྱུག་ཆེན་པོ་ཁམས་གསུམ་བདག༔ ལྷ་གནས་གསུམ་དང་བྱ་རྒོད་སྤུངས༔ གངས་དཀར་ཏི་སེ་རྒྱ་མཚོའི་འགྲམ༔ གང་ན་བཞུགས་ཀྱང་སྐུར་བཞེངས་ཤིག༔ དད་དང་དམ་ཚིག་གཉན་གྱིས་བསྐུལ༔ ནམ་མཁའི་ཁམས་འདིར་བྱིན་གྱིས་རློབས༔ རྒྱ་མཚོའི་གཏིང་ནས་ན་བུན་སློང་༔ བར་སྣང་སྤྲིན་གྱིས་ཁྱབ་པར་མཛོད༔ ས་གཞིར་ཚ་བའི་དྲོད་ཆེན་ཕོབས༔ སྣང་སྲིད་ཁམས་ཀྱི་འབྲུ་བཅུད་བསྡུས༔ དམིགས་པའི་ཡུལ་འདིར་བྱིན་ཆེན་ཕོབས༔ ཡུལ་ཁམས་ཆེ་གེ་འདི་ཉིད་ཀྱི༔ ཕུ་མདའ་ཉིན་སྲིབ་སྒང་ཀླུང་གི༔ ཞིང་དང་ལོ་ཐོག་ཐམས་ཅད་ལ༔ སད་དང་སེར་བ་མ་བཏང་ཞིག༔ ལོ་ལེགས་འབྲུ་འཕེལ་བཅུད་རྒྱས་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ནན་དུ་བསྐུལ་ལོ༔ བདུད་འཇོམས་པས་སོ།། །།