ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་བདུད་ནག་པོའི་བསྐང་བ་ཕྲིན་ལས་ལྷུན་གྲུབ༔

From Dudjom Wiki
TTDL-ZABTER-09-TA-010
Wylie title zab gsang mkha' 'gro'i snying thig las: gza' bdud nag po'i bskang ba phrin las lhun grub: TTDL-ZABTER-09-TA-010.pdf
Location bdud 'joms gling pa zab gter
Volume 9, Text 10, Pages 53-54 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gza' bdud nag po'i bskang ba phrin las lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 53-54. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms bka' srung gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang rigs sras mkhyen brtse'i myu gus bskul ngor khrag 'thung bdud 'joms rdo rjes gtan la phab pa'i yi ge pa ni phun tshogs bkra shis so/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཟའ་བདུད་ནག་པོའི་བསྐང་བ་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གཟའ་བདུད་ནག་པོ་བསྒྲུབ་པའི་དུས༔ མཆོད་རྫས་འབྱོར་ཚོགས་ཡོ་བྱད་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཐུགས་དམ་བསྐང་བ་འདི་ལ་འབད༔ ཀྵ༔ དད་པ་དང་ནི་དམ་ཚིག་གིས༔ འབོད་དོ་གཟའ་བདུད་གཤེགས་སུ་གསོལ༔ གདོང་མོ་བཞི་དང་གཟའ་ཆེན་བརྒྱད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ མི་འབྲལ་གྲོགས་དང་སྲུང་མར་བཞུགས༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ དབང་ལྔའི་མེ་ཏོག་ཤ་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་ཚིལ་ཞལ་ཟས་རུས་དུང་རྔ༔ འདོད་ཡོན་སྣ་ཚོགས་སྨན་གཏོར་ཁྲག༔ མེ་ཏོག་སྨན་སྣ་འབྲུ་སྣ་དང་༔ གོ་མཚོན་དར་ཟབ་དཀོར་ནོར་རིགས༔ གཟུགས་འགྲོས་སྣ་ཚོགས་གཏོར་མ་སྐྱེམས༔ བརྟེན་རྫས་སྒྲུབ་རྫས་མཐུན་རྫས་དང་༔ བསྐང་རྫས་མཆོད་རྫས་ཡོ་བྱད་ཚོགས༔ དངོས་འབྱོར་ཡིད་སྤྲུལ་སྔགས་རྒྱས་བརླབས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ གཟའ་བདུད་ཆེན་པོའི་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ སྤྲུལ་པའི་གཟའ་བརྒྱད༴ རྒྱུ་སྐར་ཉེར་བརྒྱད༴ ལྷ་སྲིན་སྡེ་བརྒྱད༴ དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང་༔ ཐུགས་དང་འགལ་བའི་ཉེས་པ་བཤགས༔ བྱམས་བརྩེས་གདུང་ཞིང་དགྱེས་དགོངས་མཛོད༔ འབོད་རྦད་བསད་པའི་ལས་ཀྱི་ཚེ༔ རིམ་བཞིན་རྟགས་སྟོན་ཕྲིན་ལས་མཛོད༔ དམོད་བསྐུལ་གཏོར་ཟོར་སྣ་ལ་རྒྱུག༔ མི་སྲུན་བརྣག་པའི་དགྲ་བོ་ལ༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུངས༔ གདུག་པའི་མཐུ་ནུས་ཁ་རླངས་དུག༔ སྔགས་མཁན་རང་ལ་སླར་མ་ལྡོག༔ དགྲ་བོའི་ཚེ་བསོད་ལོངས་སྤྱོད་དཔལ༔ མ་ལུས་མ་འགྱང་དབང་བསྡུས་ལ༔ ང་དང་ཁྱོད་ཀྱི་ཟ་སྐལ་མཛོད༔ བརྣག་པའི་དགྲ་བོ་གདུག་ཅན་གྱི༔ བླ་སྲོག་དབུགས་དང་བཀྲག་མདངས་སྟོབས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ དྲག་ཁྲོས་རྔམས་པའི་ཡུས་ཀྱིས་རོལ༔ བཀའ་དམ་གཉན་པོ་དཔང་དུ་བཙུགས༔ མ་འདའ་བཛྲ་ས་མ་ཡ༔ དེ་ཡིས་ཐུགས་དམ་བསྐང་གྱུར་ན༔ ནང་དུ་བྱམས་བརྩེ་དགྲ་ལ་མྱུར༔ འདོད་དོན་ཕྲིན་ལས་ངེས་པར་འགྲུབ༔ འཁུ་ལྡོག་གདུག་རྩུབ་འབྱུང་མི་སྲིད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།