ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟབ་ཆོས་བཀའ་སྲུང་བཙན་རྒོད་ཆེན་པོའི་ལས་རིམ་དགོས་འདོད་ཀུན་འབྱུང་༔

From Dudjom Wiki
TTDL-ZABTER-09-TA-042
Wylie title zab gsang mkha' 'gro'i snying thig las: zab chos bka' srung btsan rgod chen po'i las rim dgos 'dod kun 'byung: TTDL-ZABTER-09-TA-042.pdf
Location bdud 'joms gling pa zab gter
Volume 9, Text 42, Pages 297-336 (Folios 1a1 to 20b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las zab chos bka' srung btsan rgod chen po'i las rim dgos 'dod kun 'byung:. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 297-336. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las rim   Verso: bdud 'joms bka' srung btsan rgod skya gcig
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་ཆོས་འབྱོར་དང་རྡོ་རྗེ་རྣམ་རྒྱལ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྡོ་རྗེ་རྣམ་རྒྱལ་ལོ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te mthar rang slob chos 'byor dang rdo rje rnam rgyal gnyis kyis nan du bskul ngor gtan la phab pa'i yi ge pa ni rdo rje rnam rgyal lo//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟབ་ཆོས་བཀའ་སྲུང་བཙན་རྒོད་ཆེན་པོའི་ལས་རིམ་དགོས་འདོད་ཀུན་འབྱུང་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ལྔ་བརྒྱའི་དུས་ཀྱི་ཐ་མ་ལ༔ བཙན་རྒོད་སྒྲུབ་པའི་སྐྱེས་བུ་ལ༔ ཉེ་བར་མཁོ་བའི་ལས་རིམ་འདི༔ ཨོ་རྒྱན་པདྨ་བདག་གིས་བཀོད༔ འདི་ནི་འབྱུང་བ་ཆེན་པོ་བཞི༔ འབྱུང་ཕྲན་བཞི་ཡི་བླ་ཡིན་ཕྱིར༔ ལྷ་འདྲེ་ཀུན་གྱི་ཆེ་བཙན་པ༔ སྐྱེ་འགྲོ་དག་གི་སྲོག་ལ་རྒྱུག༔ འགྲོ་བ་མི་ཡི་བླ་ལ་རྐུ༔ འབྱུང་བ་བཞི་ཡི་ལུས་བཟུང་ནས༔ འབྱུང་བ་བརྒྱད་ལ་ཁ་ཟས་སྤྱོད༔ དེ་ཕྱིར་འདི་ནི་ལས་མྱུར་ཏེ༔ འགྲོ་བའི་སེམས་ཀྱི་རྒྱུད་དུ་རྒྱུ༔ དེ་ཕྱིར་འཁུ་ལྡོག་གདུག་རྩུབ་ཆེ༔ མི་རྣམས་ཀུན་གྱི་ལུས་ལ་གནས༔ དེ་ཕྱིར་འགྲུབ་ཐག་ཤིན་ཏུ་ཉེ༔ སྒྲུབ་པའི་སྐྱེས་བུ་རྣམས་ལའང༔ སྤྱོད་ཡུལ་རིམ་པ་འདི་ལྟ་སྟེ༔ དང་པོ་འབོད་པའི་ཐེམ་པ་ལ༔ རུ་ཙ༔ ཕྱོགས་ཕྱོགས་དག་གི་ཕ་ཀི་ན༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ འབྱུང་བ་ཆུ་རྣམས་ཀུན་གྱི་བླ༔ སྐྱེ་འགྲོའི་ཁྲག་ལ་ཁ་ཟས་སྤྱོད༔ བཙན་རྒོད་དཀར་པོ་ཟླ་བཟང་ཁྱོད༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ དགྲ་བོའི་བླ་ཁུག་དོན་སྙིང་ཁྱེར༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཛ་ཛ་བཛྲ་ས་མ་ཡ༔ ཙཿཕྱོགས་ཕྱོགས་དག་གི་ཕ་གི་ན༔ ཉི་མ་ལྷོ་ཕྱོགས་ཕ་གི་ན༔ འབྱུང་བ་ས་རྣམས་ཀུན་གྱི་བླ༔ སྐྱེ་འགྲོའི་ཤ་ལ་ཁ་ཟས་སྤྱོད༔ ས་བཙན་ཉི་འོད་འབར་བ་ཁྱོད༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ དགྲ་བོའི་བླ་ཁུག་དོན་སྙིང་ཁྱེར༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཛ་ཛ་བཛྲ་ས་མ་ཡ༔ ཙཿཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ འབྱུང་བ་མེ་རྣམས་ཀུན་གྱི་བླ༔ སྐྱེ་འགྲོའི་དྲོད་ལ་ཁ་ཟས་སྤྱོད༔ བཙན་དམར་སྲོག་ལེན་མེ་དབལ་ཁྱོད༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ དགྲ་བོའི་བླ་ཁུག་དོན་སྙིང་ཁྱེར༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཛ་ཛ་བཛྲ་ས་མ་ཡ༔ ཙཿཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ འབྱུང་བ་རླུང་རྣམས་ཀུན་གྱི་བླ༔ སྐྱེ་འགྲོའི་དབུགས་ལ་ཁ་ཟས་སྤྱོད༔ བཙན་རྒོད་གཡུ་ཞལ་འབར་བ་ཁྱོད༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ དགྲ་བོའི་བླ་ཁུག་དོན་སྙིང་ཁྱེར༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཛ་ཛ་བཛྲ་ས་མ་ཡ༔ ཙཿཕྱོགས་ཕྱོགས་དགཀྱང་ཕ་ཀི་ན༔ ཉི་མ་ཕྱོགས་མཚམས་འཁོར་ཡུག་ན༔ བྲག་དང་ཤིང་རྣམས་ཀུན་གྱི་བླ༔ འགྲོ་བ་མི་ཡི་བླ་ལ་རྐུ༔ བཙན་རྒོད་གློག་ཕྲེང་འབར་བ་ཁྱོད༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ དགྲ་བོའི་བླ་ཁུག་དོན་སྙིང་ཁྱེར༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ཛ་ཛ་བཛྲ་ས་མ་ཡ༔ ཀྱཻ༔ འབྱུང་བའི་མངའ་བདག་མགྱོགས་པ་བཙན༔ མ་ལུས་འདིར་གཤེགས་རྟེན་ལ་ཐིམ༔ དགྲ་བོའི་ལུས་ཀྱི་འབྱུང་བ་ན༔ བཙན་རྒོད་ལྔ་སླང་རང་གཤེད་ཕོབ༔ བླ་ཁུག་ལིངྒ་འདི་ལ་ཕོབ༔ བསྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ མ་གཡེལ་མ་འགྱངས་ས་མ་ཡ༔ རྡོ་རྗེ་ཅན་དང་པདྨ་འབྱུང་༔ རིག་འཛིན་བརྒྱུད་པའི་དམ་ཚིག་གིས༔ འབོད་དོ་འབྱུང་བ་ལྔ་ཡི་བཙན༔ གཅིག་དྲིལ་ཤན་པ་སྐྱ་གཅིག་གི༔ སྐུར་བཞེངས་ང་ཡི་གྲོགས་མཛོད་ཅིག༔ བསམ་པའི་དོན་ཀུན་མྱུར་འགྲུབ་མཛོད༔ ཨོཾ་ཨེཿཡཾཿབཾཿརཾཿལཾཿནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ཧཱུྃ་ཛཿཞེས་དུས་གསུམ་དུ་འབོད་ཅིང་སྔགས་ཏེ་ཆུ་རྒྱུན་བཞིན་དུ་བཟླ༔ གཉིས་པ་དགྲ་ལ་རྦད་པའི་ཐེམ་པ་ལ༔ ཙཿདམར་པོ་བཙན་རྣམས་ཀུན་གྱི་བླ༔ བཙན་རྒོད་ཤན་པ་སྐྱ་གཅིག་ཁྱོད༔ ནམ་གྱི་སྲོད་ལ་རྒྱུ་བའི་ཚེ༔ མུན་པ་ཆེན་པོའི་མདངས་ལ་རྒྱུ༔ གནམ་བཙན་ནག་པོ་ལས་ལ་འགྱེད༔ དགྲ་བོའི་བླ་ཡིད་སེམས་ལ་རྦད༔ སྨྱོ་འབོགས་བརྒྱལ་བྱེད་འདྲེ་གདོན་མཛོད༔ ནམ་ཕྱེད་དུས་སུ་རྒྱུ་བའི་ཚེ༔ ཚ་གྲང་འཐབ་པའི་རླུང་ལ་ཞོན༔ འདྲེ་གདོན་ཕོ་མོ་ལས་ལ་འགྱེད༔ དགྲ་བོའི་ཟས་ནོར་དཀོར་ལ་རྦད༔ རྩྭ་ཕུང་མེ་ཡིས་གཞོམ་བཞིན་ཐོངས༔ ནམ་ལངས་དུས་སུ་རྒྱུ་བའི་ཚེ༔ སྐྱ་རེངས་དང་པོའི་མདངས་ལ་ཞོན༔ ཆུ་བཙན་ཡོངས་ལ་མངའ་དབང་བྱེད༔ དགྲ་བོའི་ཆུ་ཁམས་ཁྲག་ལ་རྦད༔ སྙིང་ཁྲག་དྲོན་མོ་རྔམས་ཟས་མཛོད༔ སྔ་དྲོའི་དུས་སུ་རྒྱུ་བའི་ཚེ༔ དམར་སེར་ཉི་མའི་མདངས་ལ་རྒྱུ༔ ས་བཙན་ཡོངས་ལ་མངའ་དབང་བྱེད༔ དགྲ་བོའི་ས་ཁམས་ཤ་ལ་རྦད༔ ཤ་ཚིལ་གཉིས་ལ་རྔམས་ཟས་མཛོད༔ ཕྱི་དྲོའི་དུས་སུ་རྒྱུ་བའི་ཚེ༔ གྲིབ་མ་ནག་པོའི་མདངས་ལ་རྒྱུ༔ མེ་བཙན་ཡོངས་ལ་མངའ་དབང་མཛད༔ དཀར་ནག་འཐབ་པའི་མདངས་ལ་རྒྱུ༔ དགྲ་བོའི་མི་ནོར་དཀོར་ལ་རྦད༔ མ་ཟད་བར་དུ་ཟ་སྐལ་གྱིས༔ ད་ལྟ་ཉིད་དུ་དགྲ་ལ་རྦད༔ བཙན་རྒོད་འབར་བ་དགྲ་ལ་རྦད༔ ཤན་པ་སྐྱ་གཅིག་དགྲ་ལ་རྦད༔ རྩ་གསུམ་རྒྱ་མཚོ་དཔུང་མཛོད་ཅིག༔ དད་པ་དང་ནི་དམ་ཚིག་གི༔ དམ་ཅན་བཙན་རྒོད་དགྲ་ལ་རྦད༔ བདག་གི་བསམ་པའི་དོན་སྒྲུབས་ཤིག༔ དུས་ལ་བབ་པོ་ས་མ་ཡ༔ ཨོཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ༔ ཆེ་གེ་མོའི་སྲོག་ལ་རྦད་ཡཾ་བྷྱོ༔ དེ་ཡང་མི་ཚིག་གིས་བར་མ་ཆད་སྟན་གྱི་དྲོད་མ་ཡལ་བར་བཟླས་པ་གནད་དོ༔ གསུམ་པ་བསད་པའི་ཐེམ་པ་ལ༔ རུ་ཙཿའབྱུང་བ་ལྔ་ཡི་མངའ་བདག་པོ༔ སྣང་སྲིད་སྐྱེ་འགྲོའི་སྲོག་གི་བདག༔ བཙན་རྒོད་ཤན་པ་སྐྱ་གཅིག་པོ༔ མ་གཡེལ་མ་འགྱངས་དགྲ་ལ་རྒྱུག༔ དགྲ་བོ་སོད་ལ་དོན་སྙིང་ཕྱུང་༔ སྲོག་གཅོད་ཤན་པས་ལས་མཛོད་ཅིག༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབཙན་རྒོད་ཐུགས་ཀྱི་སྤྲུལ་པ་ལས༔ གནམ་བཙན་མཐིང་ནག་དགྲ་ལ་རྒྱུག༔ དགྲ་བོའི་དོན་སྙིང་ཕྱུང་ལ་ཤོག༔ སྲོག་གཅོད་ཤན་པས་ལས་མཛོད་ཅིག༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབཙན་རྒོད་སྐུ་ཡི་སྤྲུལ་པ་ལས༔ ཆུ་བཙན་མྱུར་མགྱོགས་དགྲ་ལ་རྒྱུག༔ དགྲ་བོའི་ཆུ་ཁམས་རང་གཤེད་ཕོབ༔ སྲོག་གཅོད་སྙིང་ཕྱུང་ཤ་ཁྲག་རོལ༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབཙན་རྒོད་གསུང་གི་སྤྲུལ་པ་ལས༔ མེ་བཙན་གློག་སྤྲིན་དགྲ་ལ་རྒྱུག༔ དགྲ་བོའི་མེ་ཁམས་རང་གཤེད་ཕོབ༔ སྲོག་གཅོད་སྙིང་ཕྱུང་ཤ་ཁྲག་རོལ༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབཙན་རྒོད་ཡོན་ཏན་སྤྲུལ་པ་ལས༔ ས་བཙན་ཉི་མ་དགྲ་ལ་རྒྱུག༔ དགྲ་བོའི་ས་ཁམས་རང་གཤེད་ཕོབ༔ སྲོག་གཅོད་སྙིང་ཕྱུང་ཤ་ཁྲག་རོལ༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབཙན་རྒོད་ཕྲིན་ལས་སྤྲུལ་པ་ལས༔ རླུང་བཙན་གཡུལ་འགྱེད་དགྲ་ལ་རྒྱུག༔ དགྲ་བོའི་རླུང་ཁམས་རང་གཤེད་ཕོབ༔ སྲོག་གཅོད་སྙིང་ཕྱུང་ཤ་ཁྲག་རོལ༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབཙན་རྒོད་ལས་ཀྱི་ཕོ་ཉ་ནི༔ བྲག་བཙན་ཤིང་བཙན་དགྲ་ལ་རྒྱུག༔ དགྲ་བོའི་སྐྱོབ་བྱེད་གཤེད་དུ་ཕོབ༔ སྲོག་གཅོད་སྙིང་ཕྱུང་ཤ་ཁྲག་རོལ༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབཙན་རྒོད་སྤྲུལ་པའི་ཤན་པ་འབུམ༔ སྡེ་བརྒྱད་འདྲེ་གདོན་ལས་ལ་རྒྱུག༔ དགྲ་བོའི་ཕོ་རྣམས་ཧུར་ཐུམ་སོད༔ དགྲ་བོའི་མོ་རྣམས་སྨྱོ་རུ་ཆུག༔ བྱིས་པའི་རང་ཤ་ཟ་རུ་ཆུག༔ ལོ་ཟླ་འགྱངས་སུ་མ་ཤོར་བར༔ དོ་ནུབ་ཉིད་དུ་སོད་ལ་ཤོག༔ རྡོ་རྗེ་ཅན་དང་པད་འབྱུང་སོགས༔ རིག་འཛིན་བརྒྱུད་པའི་བཀའ་དམ་ཚིག༔ དཔང་བཙུགས་བཅོལ་བའི་ལས་དེ་དག༔ མ་གཡེལ་ད་ལྟ་ཉིད་དུ་མཛོད༔ ཨེཿཡཾཿབཾཿལཾཿརཾཿནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་དགྲ་བོ་ཧུར་ཐུམ་རྦད་སོད༔ ཅེས་བར་མ་ཆད་པར་བཟླས་སོ༔ ས་མ་ཡ༔ རྦད་བསྐུལ་ཐེམ་པ་ལ༔ ཧཱུྃ་ཙཿསྐྱབས་གནས་དམ་པ་དཀོན་མཆོག་རིན་པོ་ཆེ༔ རྩ་གསུམ་དམ་ཅན་རྒྱ་མཚོ་ཐུགས་དམ་བསྐུལ༔ བདག་གི་བརྒྱུད་འཛིན་སྐྱེས་བུ་ཐམས་ཅད་ལ༔ མཁྱེན་བརྩེ་མཛད་ཕྲིན་མྱུར་བའི་སྟོབས་ཤུགས་ཀྱིས༔ ད་ལྟ་ཉིད་དུ་སྐྱབས་མགོན་དཔུང་གཉེན་མཛོད༔ བཀའ་སྡོད་སྤྲུལ་པའི་ལས་མཁན་ཤན་པའི་ཚོགས༔ འབྱུང་བ་ལྔ་ཡི་ཁམས་རྣམས་ཀུན་ཁྱབ་ནས༔ མྱུར་མགྱོགས་སྐར་མདའ་གློག་བཞིན་འཕྲོ་འཁྱུགས་པས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཁྱད་པར་འབྱུང་བ་ལྔ་ཡི་བཙན་དམག་དཔུང་༔ མ་ལུས་ད་ལྟ་ཉིད་དུ་ལས་ལ་ཁོལ༔ སྤྱི་ནས་དཀོན་མཆོག་གསུམ་གྱི་བསྟན་དགྲ་དང་༔ ཁྱད་པར་རྣལ་འབྱོར་བདག་གི་སྒོས་དགྲ་འདི༔ གློ་བུར་ཧུར་ཐུམ་དྲག་པོས་སོད་ལ་ཤོག༔ སྐྱབས་གནས་མཆོག་གསུམ་རྩ་གསུམ་དཔང་དུ་བཞུགས༔ དད་དང་དམ་ཚིག་གཉན་པོས་སྲུང་མ་བསྐུལ༔ མ་གཡེལ་མ་འགྱངས་དམར་པོ་བཙན་གྱི་སྡེ༔ ཨེ་ཛཿའབྱུང་བ་ནམ་མཁར་གནམ་གྱི་བཙན༔ མི་སྔོན་རྟ་སྔོན་རབ་འཇིགས་སྐུ༔ སྐྱེ་འགྲོའི་སྲོག་ལ་མངའ་དབང་མཛད༔ བསྐུལ་ལོ་རྦད་དོ་ལས་ལ་ཆོས༔ བཾ་ཛཿཆུ་བཙན་མྱུར་པོ་ཆེན་པོ་ནི༔ མི་དཀར་རྟ་དཀར་རབ་འཇིགས་སྐུ༔ སྐྱེ་འགྲོའི་ཁྲག་ལ་མངའ་དབང་མཛད༔ བསྐུལ་ལོ་རྦད་དོ་ལས་ལ་ཆོས༔ སུཾ་ཛཿས་བཙན་སེར་པོ་གསེར་འོད་འབར༔ མི་སེར་རྟ་སེར་རབ་འཇིགས་སྐུ༔ སྐྱེ་འགྲོའི་ཤ་ལ་མངའ་དབང་མཛད༔ བསྐུལ་ལོ་རྦད་དོ་ལས་ལ་ཆོས༔ རཾ་ཛཿམེ་བཙན་ཆེན་པོ་གློག་ཕྲེང་རྩལ༔ མི་དམར་རྟ་དམར་རབ་འཇིགས་སྐུ༔ སྐྱེ་འགྲོའི་སྲོག་ལ་མངའ་དབང་མཛད༔ བསྐུལ་ལོ་རྦད་དོ་ལས་ལ་ཆོས༔ ཡཾ་ཛཿརླུང་བཙན་ཆེན་པོ་རྟག་ཏུ་རྒྱུ༔ མི་ལྗང་རྟ་ལྗང་རབ་འཇིགས་སྐུ༔ སྐྱེ་འགྲོའི་དབུགས་ལ་མངའ་དབང་མཛད༔ བསྐུལ་ལོ་རྦད་དོ་ལས་ལ་ཆོས༔ རུ་ཙཿའབྱུང་བ་ཆེན་པོ་ལྔ་ཡི་བཙན༔ རང་འདྲའི་དམག་དཔུང་འབུམ་འབུམ་བཅས༔ ཉིན་མཚན་དུས་དྲུག་ཀུན་ཏུ་རྒྱུ༔ ལས་སུ་གསོད་གཅོད་དྲག་པོ་བྱེད༔ ཟས་སུ་ཤ་ཁྲག་སྲོག་དབུགས་སྤྱོད༔ དེ་རིང་དམ་ཚིག་གཉན་པོས་བསྐུལ༔ མ་གཡེལ་མ་འགྱངས་དྲག་ཏུ་རྒྱུག༔ དགྲ་བོའི་སྲོག་གི་གཤེད་དུ་རྦད༔ བཙན་ལྔ་འདུས་པའི་བདག་ཉིད་ཅན༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་རྗེ༔ སྲོག་ལེན་ཤན་པ་སྐྱ་གཅིག་ནི༔ མི་དམར་རྟ་དམར་དམག་ཆས་ཅན༔ བསམ་པ་ཙམ་གྱིས་སྟོང་གསུམ་འཁོར༔ དམིགས་པ་ཙམ་གྱིས་ཕྲིན་ལས་འགྲུབ༔ བརྣག་པ་ཙམ་གྱིས་དགྲ་བོ་འཆི༔ བསྐུལ་པ་ཙམ་གྱིས་དམག་དཔུང་འགྱེད༔ རྦད་པ་ཙམ་གྱིས་དགྲ་སྲོག་གཅོད༔ བཙན་ཆེན་འབར་བ་འཁོར་དང་བཅས༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ རྦད་དོ་རྟེན་འབྲེལ་མཐུ་ཡིས་རྦད༔ དོ་ནུབ་ཆོས་ཆོས་དགྲ་ལ་རྒྱུག༔ ནམ་མཁའ་སེར་སྤྲིན་གཡོ་ཞིང་སོང་༔ བར་སྣང་འབྲུག་སྒྲོགས་གློག་དམར་འཁྱུགས༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ མི་དམར་ཀི་སྒྲ་འདོན་ཅིང་སོང་༔ བྱ་དམར་གཤོག་པ་སྡེབས་ལ་སོང་༔ ཁྱི་དམར་ངར་སྒྲ་འདོན་ཅིང་སོང་༔ ཕོ་བདུད་རྒྱོབ་སོད་སྒྲོགས་ཤིང་སོང་༔ མོ་བདུད་ངུ་སྒྲ་འདོན་ཅིང་སོང་༔ སྤྱང་མོའི་ངུ་རྒྱུག་བྱེད་ཅིང་སོང་༔ ལྟས་ངན་ཡོ་ལངས་གཡོ་ཞིང་སོང་༔ ནད་མཚོན་ཆར་པ་ཕོབ་ལ་སོང་༔ དགྲ་བོའི་ཕོ་རྣམས་ཁྲག་ཏུ་སྐྱུག༔ དགྲ་བོའི་མོ་རྣམས་འབོག་བརྒྱལ་ཆུག༔ དགྲ་བོའི་བྱིས་པ་ཚང་ནས་སོད༔ དགྲ་བོའི་སྐྱེས་པ་གྲི་རུ་སོད༔ དགྲ་བོའི་མནའ་མ་འགགས་གྲིར་སོད༔ དགྲ་བོའི་རྟ་ཕྱུགས་གོད་ཀྱིས་སོད༔ སྣང་སྲིད་ལྷ་འདྲེས་ཟ་སྐལ་གྱིས༔ དམར་པོ་བཙན་གྱི་དམག་གདོང་སྣ༔ མཐུ་དང་ནུས་སྟོབས་དྲག་པོའི་དབལ༔ ནམ་མཁའི་ཐོག་མདའ་ཅི་བཞིན་ཕོབ༔ དགྲ་བོའི་བརྟེན་པའི་མཁར་ལ་ཕོབ༔ ས་མཁར་སྒྱོགས་རྡོས་ཕོག་བཞིན་ཐོངས༔ དགྲ་བོའི་རྟ་ཕྱུགས་ནོར་ལ་ཕོབ༔ འབྲས་དྲུག་སེར་བས་བཅོམ་བཞིན་ཐོངས༔ དགྲ་བོའི་ཆེ་རྒྱུད་མི་ལ་ཕོབ༔ མར་མེ་རླུང་གིས་བཏབ་བཞིན་ཐོངས༔ དགྲ་བོའི་འབྲིང་རྒྱུད་དག་ལ་ཕོབ༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ དགྲ་བོའི་ཆུང་རྒྱུད་དག་ལ་ཕོབ༔ མེ་ཏོག་སད་ཀྱིས་ཁྱེར་བཞིན་ཐོངས༔ དགྲ་བོའི་ཕུ་ནུ་དཔུང་ལ་ཕོབ༔ ཐལ་བ་རླུང་གིས་གཏོར་བཞིན་ཐོངས༔ དགྲ་བོའི་མཐུན་གྲོགས་ཉེ་ལ་ཕོབ༔ སྲན་ཕུང་དབྱུག་པས་གཏོར་བཞིན་ཐོངས༔ དགྲ་བོའི་ལོངས་སྤྱོད་དཀོར་ལ་ཕོབ༔ ཆུ་ཐིག་ཧུབ་ཀྱིས་བཏབ་བཞིན་ཐོངས༔ དགྲ་བོ་གསོད་བའི་ཤན་པ་གྱིས༔ ཤ་ཁྲག་དམར་པོ་ཁྱེར་ལ་ཤོག༔ དགྲ་བོའི་སྲོག་བདུད་ལག་དམར་མཛོད༔ གློ་སྙིང་མངོན་སུམ་ཁྱེར་ལ་ཤོག༔ དགྲ་བོའི་བླ་རྐུན་ཇག་པ་མཛོད༔ བླ་འཁུན་ཙི་སྒྲ་འདོན་དུ་ཆུག༔ དགྲ་བོའི་ཡུལ་ཕུང་དམག་ཇག་མཛོད༔ བྱ་རྒོད་ཤ་ལ་རོལ་བཞིན་ཐོངས༔ བསྐུལ་བཅོལ་སྨྲས་པའི་ཚིག་དེ་དག༔ མ་གཡེལ་མ་འགྱངས་མྱུར་དུ་སྒྲུབས༔ དུས་ལ་བབ་པོ་ས་མ་ཡ༔ རུ་ཙ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ དགྲ་བོའི་དབུགས་ལ་རྦད་རྦད་བྷྱོ༔ དགྲ་བོའི་མཁར་ལ༴ དགྲ་བོའི་ཕྱུགས་ལ༴ དགྲ་བོའི་མི་ལ༴ སྐྱེས་པ་ཕོ་ལ༴ ཟ་མ་མོ་ལ༴ བསགས་པའི་ནོར་ལ༴ དཔུང་གྲོགས་ཉེ་ལ་རྦད་རྦད་བྷྱོ༔ ས་མ་ཡ་རྒྱུག་རྒྱུག་བྷྱོ་བྷྱོ་ཧུར་ཐུམ་རྦད༔ དགྲ་བོའི་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ སྲོག་དབུགས་དབང་པོ་ཁཱ་ཧི༔ ཞེས་དམར་གཏོར་ཁྲག་སྐྱེམས་མཆོད༔ དུས་དྲུག་གམ་གསུམ་དུ་བྱའོ༔ འདི་དུས་སྐྲ་བསིགས་བྲང་བརྡུང་གདོང་ལ་ཁྲག་བྱུག་དར་དམར་གྱིས་གཡབ་བོ༔ ས་མ་ཡ༔ མན་ངག་སྲོག་འཁོར་ཐེམ་པ་ལ༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ ལྟེ་བར་བཙན་རྒོད་སྐུ་གཟུགས་བྲིས༔ ཐུགས་ཀར་རུ་དང་ཙ་ཡིག་བཀོད༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ བསྙེན་དང་སྒྲུབ་སྔགས་བྲི་བར་བྱ༔ ཤམ་བུ་བཏགས་ལ༔ བཙན་རྒོད་ཆེན་པོའི་བླ་གནས་པར་གྱུར་ཅིག༔ སྲོག་བརྟན་པར་གྱུར་ཅིག༔ འཆང་བ་པོ་ལ་ལས་བཞིའི་དངོས་གྲུབ་སྩོལ་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་བྲི༔ རྩིབས་ལ་སྡེ་བརྒྱད་སྲོག་ཡིག་བཀོད༔ རྩིབས་མཆན་བརྒྱད་ལ་ཏྲི་བརྒྱད་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡིག་མགོ་ནང་བསྟན་འབོད་རྦད་དང་༔ བསད་པ་ལས་སྦྱོར་སྔགས་རྣམས་བཀོད༔ དེ་མཐར་མུ་ཁྱུད་བཞི་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་བྲིས༔ དེ་མཐར་མེ་རླུང་ར་བས་བསྐོར༔ བཙན་རྒོད་དམར་པོ་གདུང་ཞགས་ཅན༔ བར་མཚམས་ཐམས་ཅད་ནག་པོ་བྱ༔ དེ་མཐར་མུ་ཁྱུད་སེར་པོ་བྱས༔ འཁོར་ལོ་སྔོ་ནག་རྩིབས་མཆན་ལྗང་༔ དེ་མཐར་མུ་ཁྱུད་དམར་སེར་དང་༔ ཕྱི་ལ་སེར་བོ་མེ་རི་དམར༔ རླུང་རི་ལྗང་སྐྱ་བྱ་བ་ཡིན༔ ཡི་གེ་མཚལ་སྣག་སྤེལ་མས་བྲི༔ དང་པོ་བགེགས་བསྐྲད་ཁྲུས་བྱས་མཐར༔ རྫས་ལ་བཟང་དྲུག་ལི་ཁྲི་དང་༔ ཟངས་ཕྱེ་ཕ་བོང་ལོང་བུ་དང་༔ སྐག་དང་རྩོད་དང་རྩ་ཁྲག་དང་༔ གསེར་དངུལ་གཡུ་བྱུང་དུང་སོགས་གཞུག༔ ལྟེ་བ་མི་བཅག་བལྟེབ་བྱས་ནས༔ རབ་གནས་བྱ་ཞིང་སྒྲུབ་རྟེན་དུ༔ བཙུགས་ཏེ་ལྷར་གསལ་ཟངས་མཁར་ནང་༔ གཞུག་ནས་འབྲལ་མེད་རྟེན་དུ་བཅང་༔ དེས་ནི་མི་འབྲལ་གྲོགས་སུ་འཁོར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དྲུག་པ་སྲེག་བླུགས་ཐེམ་པ་ལ༔ རང་མདུན་གྲུ་གསུམ་མེ་དཀྱིལ་དུ༔ ཆོས་འབྱུང་གྲུ་གསུམ་མེ་འབར་དབུས༔ རུའམ་ཙ་ཡི་ཡི་གེ་བྲིས༔ སྟེང་དུ་ཚེར་མ་ཅན་གྱི་ཤིང་༔ མཐོ་གང་ཚད་ཀྱིས་ཧོམ་ཁུང་བརྩིགས༔ བསྲེག་རྫས་འབྲུ་ནག་ཁྲག་གིས་སྦག༔ རཱུ་པ་དབང་ཚང་མིང་རུས་བསྐོར༔ གཞན་ཡང་ནྲྀ་དང་མིང་བྱང་དང་༔ ལིངྒ་གཏུབ་པའི་དུམ་བུ་བཅས༔ བསགས་ཏེ་སྦག་སྣས་བཤམས་བྱས་ཏེ༔ དྲག་པོ་རྣམ་ལྔ་གཏོར་མ་བཅས༔ ཁྲག་གིས་བྱུག་ནས་འབུལ་བའི་རྫས༔ དེ་ནས་ལྷ་བསྐྱེད་སྤྱན་འདྲེན་དང་༔ བཞུགས་གསོལ་ཕྱག་འཚལ་ལས་གཞུག་ལྟར༔ དེ་ནས་ཁྲག་སྐྱེམས་འབུལ་བ་ལ༔ ཧཱུྃ༔ དམ་ཉམས་དགྲ་བོའི་སྙིང་ཁྲག་སྐྱེམས༔ བཙན་རྒོད་འབར་བ་ཁྱོད་ལ་འབུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ ཨོཾ་རུ་ཙ་ཏྲི་མ་ཧཱ་རཀྟ་ལ་ཁཱ་ཧི༔ ཞེས་འབུལ་ལ༔ དེ་ནས་རྣམ་ལྔ་འབུལ་བ་ནི༔ ཧཱུྃ༔ དམ་ཉམས་དགྲ་བོ་བསྒྲལ་བ་ཡི༔ ཁྲག་གི་ཡོན་ཆབ་ཆུ་སེར་སྐྱེམས༔ དབང་པོའི་མེ་ཏོག་ཤ་ཆེན་སྤོས༔ ཞུན་མེ་མཁྲིས་པའི་དྲི་ཆབ་དང་༔ ཤ་རུས་ཞལ་ཟས་ཐོད་རྔ་སོགས༔ བཙན་རྒོད་འབར་བ་ཁྱོད་ལ་འབུལ༔ དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད༔ རུ་ཙ་ཏྲི་མ་ཧཱ་ཨརྒྷཾ་སོགས་ནསཤཔྡ་པཱུ་ཛ་ ཧོཿ འདོད་ཡོན་འབུལ་བ་ནི༔ ཧཱུྃ༔ དགྲ་བོའི་དབང་ཡུལ་ལས་བྱུང་བའི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ དགྲ་བོ་བརླག་པའི་ཕྲིན་ལས་མཛོད༔ རུ་ཙ་ཏྲི་ས་མ་ཡ༔ སརྦ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པཱུ་ཛ་ཧོཿ དགྲ་བོའི་ཕུང་པོ་ལས་གྲུབ་པའི༔ བདུད་རྩི་ལྔ་ཡི་མཆོད་པ་འབུལ༔ ཤ་རུས་གཏོར་མའི་མཆོད་པ་འབུལ༔ རཀྟ་ཁྲག་གི་མཆོད་པ་འབུལ༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བོ་བརླག་བསྒྲལ་ཕྲིན་ལས་མཛོད༔ རུ་ཙ་ཏྲི་ས་མ་ཡ་མ་ཧཱ་པཉྩ་ཨ་མྲྀ་ཏ་བ་ལིང་ཏ་རཀྟ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ༔ ཡང་བསྲེག་རྫས་ལིང་རོ་བྱང་བུ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་བཙན་རྒོད་ཆེན་པོའི་བདེན་པས་དགྲ་བོ་ཆེ་གེ་མོའི་བླ་སྲོག་རྣམ་པར་ཤེས་པ་བསྲེག་རྫས་ལིང་རོ་བྱང་བུ་འདི་ལ་ཁུག་ཅིག་བསྟིམ་ཅིག་ཛ་ཛཿདེ་ནས་དགྲ་བོའི་ཤ་ཁྲག་སྲོག་དབུགས་དཀོར་དང་བཅས་པ་འབྲས་ཕུར་ཀྱིས་གཅུས་པ་ལྟར་ལྷག་མེད་དུ་བླངས་ནས་བཙན་རྒོད་ཆེན་པོའི་ཞལ་དུ་སོང་བར་བསམ་ལ་འབུལ་བ་ནི༔ ཧཱུྃ༔ དགྲ་བོ་ཆེན་པོ་བསྒྲལ་བ་ཡི༔ ཤ་ཁྲག་སྲོག་དབུགས་དཀོར་དང་བཅས༔ བཙན་རྒོད་ཆེན་པོའི་ཞལ་དུ་བསྟབས༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ རུ་ཙ་ཏྲི་ཧུར་ཐུམ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ དེ་ལྟར་ལན་གྲངས་བརྒྱ་སྟོང་ཕུལ༔ དེ་ནས་གོང་ལྟར་ཉེར་སྤྱོད་འདོད་ཡོན་དང་༔ སྨན་གཏོར་འབུལ་ཞིང་བསྟོད་པ་བྱ༔ སླར་ཡང་ཁྲག་སྐྱེམས་བདུན་ནམ་ཉེར་གཅིག་ཕུལ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བཙན་རྒོད་ཆེན་པོའི་སྤྱན་སྔ་རུ༔ བདག་གི་ཉེས་འགལ་ཅི་མཆིས་པ༔ སྔགས་བཟླས་མ་དག་རྫས་མ་འབྱོར༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ བཛྲ་ས་མ་ཡ་ཨ་ཨཱཿདེ་ནས་གཤེགས་གསོལ་བྱ་བ་ནི༔ ཀྱཻ༔ བཙན་རྒོད་ཤན་པ་སྐྱ་གཅིག་པོ༔ སྲོག་གི་འཁོར་ལོའི་རྟེན་ལ་གཤེགས༔ བྱམས་དང་བརྩེ་བས་བདག་གྲོགས་མཛོད༔ དགྲ་རྣམས་མ་ལུས་བརླག་པར་མཛོད༔ བཛྲ་མུཿནམ་གྱི་སྲོད་ལ་འདི་བྱ་དུས༔ བསྲེག་པའི་ཐལ་བ་བག་ཟན་ལ༔ བསྲེས་ནས་དགྲ་བོའི་གཟུགས་གཉིས་བྱས༔ སྙིང་གར་ནྲྀ་ཡིག་མིང་རུས་ལོ་འབྱུང་བཅས༔ གང་ཤེས་དབུ་མེད་ཡི་གེར་བྲིས༔ མནན་པའི་རུས་པ་གཞུག་བྱས་ཏེ༔ དབུ་ཅན་བྲིས་པས་ཟེར་མིང་གི༔ སྙིང་གར་གཞུག་ཅིང་དེ་གཉིས་ཀ༔ བྲུབ་ཁུང་ནང་དུ་བཞག་བྱས་ནས༔ མནན་འཕང་གཉིས་ཀ་དེ་ལ་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དྲག་སྒྲུབ་ཐེམ་པ་ལ༔ དཀྱིལ་འཁོར་གྲུ་བཞི་མདའ་གང་བའི༔ དབུས་སུ་བྲུབ་དོང་གྲུ་གསུམ་པའི༔ ནང་ནི་རིམ་པ་གསུམ་དུ་བྱ༔ བང་རིམ་དང་པོ་དུག་དང་མཆོད་རྟེན་ལ༔ གཉིས་པར་ཁྲག་སྣ་ཚོགས་ཚད་བྱུག་པར་བྱ༔ གསུམ་པ་དུག་གསུམ་དང་ནི་ཕུང་ས་དང་༔ དམེ་ས་འདྲེ་ཚུགས་ས་དང་ས་རལ་ས༔ བྱུག་ཅིང་བཏབ་པའི་ནང་དུ་ལིང་ག་ལ༔ ཚེ་ཟད་གསུམ་དང་དུག་གསུམ་རྫས་སུ་བྱུགས༔ ཁྱི་སྤུ་ར་བལ་ཕྱིར་བཀལ་སྐུད་པས་བཅིང་༔ བྲུབ་ཁུང་ཁ་ལ་རྡོ་རྗེ་རྒྱ་གྲམ་དང་༔ གཡུང་དྲུང་རི་རབ་ཛ་ཁྲམ་གྱིས་བསྐོར་བའི༔ རི་མོ་བྲིས་པས་གཡམ་པས་ཁ་བཅད་བྱ༔ གྲུབ་དོང་མཐའ་བསྐོར་གཏོར་མ་དཀར་སེར་དམར༔ ལྗང་ཁུ་ཁ་དོག་བཀྲ་བ་རེ་རེ་ལ༔ འབྱུང་ལྔའི་བཙན་གཟུགས་སམ་ནི་འབྱུང་བཞིའི་སྙིང་པོ་བཙུག༔ དེའི་ཕྱི་རིམ་འཁོར་ཡུག་ལ༔ མདའ་དར་བརྒྱད་དང་མདུང་དར་བརྒྱད༔ ཁྱི་ཡང་ཁ་དོག་ལྔ་པོ་ལ༔ བྱ་ཡང་དེ་ལྟར་ལྔ་རེ་དང་༔ མི་ཡང་དེ་ལྟར་ཁ་དོག་ལྔ༔ ཕྱོགས་བཞིར་བཞག་པ་བཅའ་གཞིའོ༔ དཀྱིལ་འཁོར་དབུས་ནི་ཁོད་སྙོམས་ལ༔ མཐའ་ནི་དབུ་ཕྱོགས་སོ་སོ་ཡི༔ ཁ་ཏོག་བྱ་ཞིང་ལས་དབྱིབས་ཀྱིས༔ མེ་རིས་བྱ་ཞིང་བྲུབ་ཁུང་གི༔ ནུབ་ནས་རང་ལ་ཁ་བལྟ་བའི༔ མཁར་ཐབས་དམར་པོ་མཛེས་མཐོའི་སྟེང་༔ དམར་གཏོར་གཅིག་གི་མདུན་དུ་མི༔ སྟེང་དུ་བྱ་ལ་རྒྱབ་ཏུ་ཁྱི༔ དམར་པོའི་ཁ་ཏོག་བྱས་པ་ལ༔ བཙན་གྱི་ཙཀླི་སྲོག་འཁོར་དང་༔ མདའ་དར་མདུང་དར་དམར་པོ་བཙུག༔ སྙིང་དང་ཤ་དར་ཚིག་དར་བཙུག༔ སྐེད་ན་ཁྱི་དམར་རྟ་དམར་རམ༔ བྱ་དམར་སྙིང་སོགས་བཙུག་པར་བྱ༔ ཡང་ན་ས་དམར་རྡོ་དམར་དང་༔ ཤིང་དམར་ཁུ་བས་བསྒྲིལ་བ་ཡི༔ སྙིང་དང་མི་རོ་མང་པོ་འཕང་༔ མཐའ་མར་མཆོད་པའི་བྱེ་བྲག་ལ༔ ཤ་ཁྲག་ཟས་སྣ་སྐྱེམས་མཆོད་དང་༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ འབྲུ་དང་བཟང་དྲུག་སྨན་ཚོགས་བཤམས༔ དེ་ནས་དྲག་པོའི་ལས་སྒྲུབ་ལ༔ རང་ཉིད་སྐད་ཅིག་གིས་ཡི་དམ་དྲག་པོ་ཧེ་རུ་ཀའི་མདུན་དུ་ཟངས་མཁར་དམར་པོ་རབ་ཏུ་མཐོ་ལ་རྒྱ་ཆེ་ཁྱོན་ཡངས་པའི་ནང་དུ་རུ་ལས་བཙན་རྒོད་སྲོག་ལེན་དམར་པོ་ཟངས་རི་ལ་ཉི་མ་ཕོག་པ་ལྟར་དམར་ཞིང་གསལ་བ་ཁྲོ་གཏུམ་རྔམས་ཤིང་བརྗིད་པ་སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་ཚེམས་དང་མཆེ་བ་གངས་རི་ལྟར་དཀར་བ༔ སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་གློག་འཁྱུགས་པ༔ ཁྲོ་གཉེར་སྡུད་ཅིང་ཞལ་གདངས་ཤིང་ལྗགས་འདྲིལ་བ༔ དབུ་ལ་ཟངས་རྨོག་དང་སྐུ་ལ་ཟངས་ཁྲབ་གསོལ་བ༔ ཕྱག་གཡས་མདུང་དར་དམར་པོ་དང་གཡོན་པས་ཟངས་ཞགས་བསྣམས་པ༔ ཡུམ་མཆོག་སྲོག་ལེན་ཁྲག་མིག་མ་སྦས་ཚུལ་གྭའུ་གྲུ་བཞི་བའི་རྣམ་པར་གནས་པའི་ནང་དུ་རྩ་བའི་བཙན་འཁོར་སུམ་བརྒྱ་དང་དྲུག་ཅུ་གནས་པ་མགུལ་བརྒྱན་གྱི་ཚུལ་དུ་ཐུགས་ཀར་གབ་པ༔ རྟ་དམར་ཀྭ་ཞུར་ལ་བཅིབས་ཤིང་ཟངས་ཀྱི་སྒྲ་སྲབ་ལ་བྱུ་རུ་དང་རཱ་གའི་ཕོག་བུ་དང་ཨ་ལུང་བཀྲ་བ་སྦྲུལ་ནག་པོའི་སྲབ་མདའ་དང་༔ སེར་ཁྲའི་གོང་ཐག་དང་དམར་ཁྲའི་གློ་དང་༔ དཀར་ཁྲའི་སྨད་བྱས་པ༔ རྟ་ཡི་མིག་ནས་མེ་ཞགས་འཕྱོ་ཞིང་སྣ་ནས་སེར་རླུང་འཚུབས་ཤིང་༔ ཁ་རླངས་ལས་ན་བུན་འཕྱོ་ཞིང་ནམ་མཁའ་སྤྲིན་གྱིས་ཁེབས་པར་བསྒོམ༔ དེའི་སྔོན་དུ་བྱུ་རུའི་མི་ཆེན་གྱིས་ཀི་སྒྲ་ལྷང་ལྷང་སྒྲོགས་ཤིང་གཅེར་རྒྱུག་བྱེད་པ༔ སྟེང་དུ་བཙན་བྱ་དམར་པོས་ཤ་ཤ་ཁྲག་ཁྲག་ཟེར་ཞིང་རྐན་སྒྲ་ཐག་ཐག་བསྡེབས་པ༔ རྒྱབ་ཏུ་བཙན་ཁྱི་དམར་པོ་ཟུག་ཅིང་འདུར་བ༔ དྲན་པ་ཙམ་གྱིས་གནས་སུ་སླེབས་ཏེ་བསམ་པ་ཙམ་གྱིས་དམག་དཔུང་འགྱེད་ཅིང་༔ བརྣག་པ་ཙམ་གྱིས་དགྲ་བཟུང་ཞིང་དགྲ་སྲོག་གཅོད་པ༔ རྦད་པ་ཙམ་གྱིས་དགྲ་བོ་གསོད་ཅིང་༔ བཅོལ་བ་ཙམ་གྱིས་ཕྲིན་ལས་གྲུབ་པར་བསྒོམ༔ དེའི་མདུན་དུ་ཟངས་ཐང་དམར་པོ་རབ་ཏུ་འཇིགས་པ་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་གནམ་ལྕགས་ལས་གྲུབ་པའི་གྲུ་གསུམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་འཇིགས་སུ་རུང་བ༔ ཕྱི་ན་ཞེ་སྡང་དམྱལ་བའི་མེ་དཔུང་འབར་ཞིང་༔ ནང་དུ་གཏི་མུག་གི་མུན་པ་ནག་པོ་རབ་ཏུ་འཐིབས་ཤིང་ང་རྒྱལ་གྱི་ཐོག་སེར་དྲག་པོ་འབེབ་ཅིང་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ་ཕྲག་དོག་གི་ནད་རླུང་སྔོ་དམར་དུ་གཡོ་ཞིང་འཚུབས་པ་དུག་དང་ནད་ཀྱི་ན་བུན་འཐིབས་པའི་ཀློང་དུ་སླེབས་པ་ཙམ་གྱིས་དྲན་མེད་དུ་བརྒྱལ་ཞིང་མྱོས་ཏེ་སྒོ་གསུམ་འཆིང་ཞིང་རྨུག་འཐིབས་ཐིབ་བྱེད་ཅིང་སྐྱོབས་པའི་ལྷ་སྲུང་དང་བཙན་ཐབས་སུ་ཕྱེ་ཞིང་བྲལ་བའི་རང་བཞིན་ཅན་དུ་གྱུར་པའི་དབུས་སུ༔ དམ་ཉམས་པའི་དགྲ་བོ་དེའི་བླ་ཚེ་བསོད་ནམས་ཐམས་ཅད་འདུས་པའི་ངོ་བོ་ནྲྀ་ཡོངས་སུ་གྱུར་པ་ལས༔ རཱུ་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་དགུ་ནས་ཁྲག་འཛག་པ་མདོག་སྔོ་ལ་མདངས་ཉམས་པ་ཧམ་པ་སྐྱ་བ་རིད་པ་ཕྱི་དབུགས་དང་བྲལ་ཞིང་ནང་དབུགས་མ་ཆད་པ་ཙམ་འདར་ཕྲི་ལི་ལི་བྱེད་པའི་རང་བཞིན་དུ་གྱུར༔ བྲུབ་དོང་དེ་ཡི་འོག་རིམ་ལ་དུག་དང་ནད་མུག་གི་ངད་རླངས་གཡོ་ཞིང་བང་རིམ་ལས་མཚོན་ཐུན་གྱི་ཆར་པ་འབེབས་པ༔ སྟེང་རིམ་ན་བླ་འཛིན་གྱིས་དྲྭ་བ་དཀྲིས་ཤིང་བླ་འགུགས་ཀྱི་ལྕགས་ཀྱུ་འཕྲོ་ཞིང་འདུ་བ༔ དགྲ་བོའི་བླ་དེ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་རྔུབ་པ་བཞིན་དུ་བསྡུས་ཏེ་ལིང་ག་ཐིམ་པར་བསམ༔ བྲུབ་དོང་ཕྱིའི་ཤར་དུ་ཆུ་བཙན་མི་དཀར་རྟ་དཀར་ཅན་མདུང་དར་དང་ཞགས་པ་བསྣམས་ནས་དགྲ་བོའི་ཁྲག་འཇོམས་པ༔ ལྷོ་རུ་ས་བཙན་སེར་པོ་མདུང་དར་དང་ཞགས་པ་བསྣམས་ནས་དགྲ་བོའི་ཤ་ལ་རོལ་པ༔ ནུབ་ཏུ་མེ་བཙན་དམར་པོ་མི་དམར་རྟ་དམར་ལ་བཅིབས་པ་མདུང་དར་དང་ཞགས་པ་དམར་པོ་བསྣམས་ནས་དགྲ་བོའི་སྲོག་རྩ་གཅོད་པ༔ བྱང་དུ་རླུང་བཙན་མི་ལྗང་རྟ་ལྗང་ལ་བཅིབས་ཤིང་མདུང་དར་དང་ཞགས་པ་ལྗང་ནག་བསྣམས་ནས་དགྲ་བོའི་དབུགས་སྡུད་པ༔ དེ་དག་ཐམས་ཅད་ཀྱི་སྐེད་པར་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་ཅིང་རང་འདྲའི་འཁོར་ཚོགས་སྟོང་གིས་བསྐོར་ནས་དགྲ་བོའི་གཤེད་དུ་ཆས་པར་བསྒོམ༔ གནམ་བཙན་མཐིང་ནག་འཁོར་ལོ་དང་རལ་གྲི་འཛིན་པས་བར་སྣང་ཐམས་ཅད་གང་བར་བསྒོམ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་ཡི་གེ་རུཿཨེཿབཾཿལཾཿརཾཿཡཾཿལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་འབྱུང་བ་ལྔ་ཡི་དབྱིངས་ནས་སྤྱན་དྲངས་ལ་བསྟིམ་མོ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས་བཙན་རྒོད་ཤན་པ་ཆེན་པོའི་སྤྲུལ་པ་འབྱུང་བ་ལྔ་ཡི་དབྱིངས་ནས་བཙན་རྒོད་ལྔ་སྡེའི་ཚོགས་ཀྱི་དགྲ་བགེགས་རང་དབང་མེད་པར་བཀུག་ནས་ལིང་ག་ལ་བསྟིམས་ཏེ་མཐའ་ནས་བསྐོར་བར་བསམ༔ སླར་ཡང་སྤྲུལ་པའི་ཕོ་ཉ་རྒྱུད་མི་ཆད་པ་འཕྲོས་ནས་དགྲ་བོའི་མི་ནོར་འཁོར་དང་བཅས་པ་བཀུག་འདྲེན་གསོད་གཅོད་ཀྱི་ལས་ལ་བརྩོན་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ རུ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ བཙན་རྣམས་ཡོངས་ཀྱི་སྤྲུལ་གཞི་མཆོག༔ བཙན་རྒོད་ཤན་པ་ཆེན་པོ་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་འབོད༔ དགྲ་བོ་དམ་ཉམས་ཆེ་གེའི་བླ༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཕོབ༔ ལྷ་ཁྱོད་མ་འགྱངས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿབཾ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ འབྱུང་བ་ཆུ་ཡི་དབྱིངས་ཀློང་ནས༔ ཆུ་བཙན་ཁྲག་འཐུང་ཆེན་པོ་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་འབོད༔ དམ་ཉམས་དགྲ་བོ་ཆེ་གེའི་བླ༔ ཁྲག་ཆུའི་ཁམས་ནས་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ལྷ་ཁྱོད་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿལཾ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ལྷོ་ཕྱོགས་དེ་ནི་ཕ་ཀི་ན༔ འབྱུང་བ་ས་ཡི་དབྱིངས་ཀློང་ནས༔ ས་བཙན་ཤ་ཟ་གསེར་འབར་བ༔ དད་དང་དམ་ཚིག་གཉན་གྱིས་འབོད༔ དགྲ་བོ་དམ་ཉམས་ཆེ་གེའི་བླ༔ ས་དང་ཤ་ཡི་ཁམས་ནས་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ལྷ་ཁྱོད་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿརཾ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ འབྱུང་བ་མེ་ཡི་དབྱིངས་ཀློང་ནས༔ མེ་བཙུན་སྲོག་ལེན་འབར་བ་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་འབོད༔ དགྲ་བོ་དམ་ཉམས་ཆེ་གེའི་བླ༔ མེ་དྲོད་ཁམས་ནས་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ལྷ་ཁྱོད་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཡཾ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ བྱང་ཕྱོགས་དེ་ནི་ཕ་ཀི་ན༔ རླུང་བཙན་དབུགས་ལེན་མྱུར་ལྡན་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་འབོད༔ དགྲ་བོ་དམ་ཉམས་ཆེ་གེའི་བླ༔ དབུགས་རླུང་ཁམས་ནས་ཁུག་ལ་ཤོག༔ ལས་ཀྱི་ལིངྒ་འདི་ལ་ཕོབ༔ ལྷ་ཁྱོད་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཨེ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ སྟེང་ཕྱོགས་དེ་ནི་ཕ་ཀི་ན༔ འབྱུང་བ་ནམ་མཁའི་དབྱིངས་ཀློང་ནས༔ གནམ་བཙན་ཚེ་བདུད་ནག་པོ་ཁྱོད༔ དད་དང་དམ་ཚིག་གཉན་གྱིས་འབོད༔ དགྲ་བོ་དམ་ཉམས་ཆེ་གེའི་བླ༔ སེམས་དང་ནམ་མཁའི་ཁམས་ནས་ཁུག༔ ལས་ཀྱི་ལིང་ག་འདི་ལ་ཁུག༔ ལྷ་ཁྱོད་མྱུར་དུ་གཤེགས་སུ་གསོལ༔ རུཿབཾཿལཾཿརཾཿཡཾཿཨེཿཙ་ཏྲི་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ རུ༔ དཀྱིལ་འཁོར་ཕྱོགས་མཚམས་འཁོར་ཡུག་ཏུ༔ གཙོ་བོ་བཙན་ཆེན་བཞུགས་སུ་གསོལ༔ ཆུ་བཙན་དཀར་པོ་བཞུགས་སུ་གསོལ༔ ས་བཙན་སེར་པོ༴ མེ་བཙན་དམར་པོ༴ རླུང་བཙན་ལྗང་ནག༴ གནམ་བཙན་ནག་པོ༴ བཀའ་སྡོད་འཁོར་བཅས་བཞུགས་སུ་གསོལ༔ དགྲ་བོ་མ་ཤོར་མྱུར་དུ་སོད༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་ལ༔ ཧཱུྃ༔ བཙན་རྒོད་འབར་བ་འཁོར་བཅས་ལ༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ བརྣག་པའི་དགྲ་བོ་བསྒྲལ་བའི་ཕྱིར༔ གུས་པའི་ཡིད་ཀྱིས་ཕྱག་ཀྱང་འཚལ༔ དེ་ནས་མངལ་གསོལ་ནི༔ ཧོཿ འཁོར་བཅས་མ་ལུས་ཐམས་ཅད་ཀྱིས༔ བཀའ་སྲུང་དྲེགས་པ་མངའ་གསོལ་བཞིན༔ བདག་གི་བཀའ་སྲུང་གཉན་པོ་ཁྱོད༔ མི་འབྲལ་གྲོགས་སུ་མངའ་གསོལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བཙན་རྒོད་འབར་བ་འཁོར་བཅས་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ དུང་གསེར་ཟངས་གཡུ་སྐྱེམས་མཆོད་འབུལ༔ ཇ་ཆང་ཁྲག་གི་སྐྱེམས་མཆོད༴ ཤ་སྣ་སྙིང་སྣའི་མཆོད༴ འབྲུ་སྨན་ཟས་སྣའི་མཆོད༴ ཕྱེ་མར་གཏོར་མའི་མཆོད་པ་འབུལ༔ དགྲ་བོའི་མི་ནོར་ལོངས་སྤྱོད་དཀོར༔ བཀའ་སྲུང་ཁྱོད་ལ་ཟས་སྐལ་གཏད༔ དར་ཟབ་སྟག་གཟིག་གོས་ཀྱིས་མཆོད༔ དགྲ་བོ་བཀུག་ཅིང་བསྒྲལ་བར་མཛོད༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ༴ གྲྀཧྞ་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི༔ ལན་བདུན་གྱིས་མཆོད༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དམར་པོ་བཙན་གྱི་མྱེས་པོ་བ༔ སྣང་སྲིད་ཁམས་ལ་མངའ་དབང་མཛད༔ འབྱུང་བ་ལྔ་ཡི་བདག་པོ་སྟེ༔ བསྟན་དགྲའི་སྲོག་གི་གཤེད་པོ་ཆེ༔ སངས་རྒྱས་བསྟན་པའི་སྲུང་མ་མཆོག༔ བཙན་རྒོད་འབར་བ་ཁྱོད་ལ་བསྟོད༔ བདག་གིས་དཀའ་བ་དང་བླང་ནས༔ ལྷ་ཁྱོད་མཆོད་གསོལ་སྒྲུབ་ལ་བརྩོན༔ བཀའ་ཡི་སྲུང་མའི་མཆོག་ཏུ་བསྟེན༔ འགྱང་ཞིང་གཡེལ་བར་མ་བྱེད་ཅིག༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མར་མྱུར་དུ་སོད༔ ཕྱག་རྡོར་ཤཱཀ་ཐུབ་པད་འབྱུང་སོགས༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱིས༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོས་ཡིན་ནོ་བཀའ་མ་བཅོག༔ དུས་ལ་བབ་པོ་ས་མ་ཡ༔ དེ་ནས་འབོད་རྦད་བསད་པ་སོགས༔ གང་སྐབས་བབས་ཀྱང་དེ་དང་སྦྱར༔ དེ་ནས་མནན་པའི་ཐེམ་པ་ལ༔ གོང་གི་བསད་སྔགས་ཀྱི་ཁྲག་དུག་ཐུན་གསུམ་ཡང་ཡང་བྲབ་ནས་བསད་རྟགས་ངེས་པར་མ་བྱུང་བར་དུ་འབད་ནས་མཐར་མི་བསད་མཚོན་གྱིས་དུམ་བུར་གཏུབ་ནས༔ བཙན་རྒོད་ཆེན་པོའི་ཞལ་ཧོམ་དུ་མིང་རུས་བྱང་བུ་དང་བཅས་པ་བསྟབས་ནས་དུག་ཤིང་ཚེར་མ་ཅན་གྱི་མེ་ལ་བསྲེགས༔ མཐར་ཐལ་བ་བག་ཟན་དང་བསྲེས་ལ་དགྲ་བོའི་གཟུགས་བྱེད་པའི་སྙིང་ཁར་མིང་རུས་ཡི་གེར་བྲིས་པ་གཞུག་ལ་གཅིག་མནན་པའི་ལིངྒ་དང་༔ གཅིག་ལ་ཟོར་འཕེན་པ་བྱ་བ་ཡིན༔ གཏད་བྱས་ན་ཡང་ལིངྒ་བྲུབ་ཁུང་དུ་འཕང་བ་ཐུན་རེ་བཞིན་དུ་འགུགས་གཞུག་བརྒྱ་རྩ་རེ་དང་བླ་འགུགས་བསད་སྔགས་གྲངས་མང་བརྗོད༔ མཐར་མནན་སྔགས་ལ་ཨེཿབཾཿལཾཿརཾཿཡཾ་རུ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ༔ དགྲ་བོའི་བླ་ཚེ་བསོད་ནམས་ཐམས་ཅད་མཱ་ར་ཡ༔ རྦད་ནན་ཧཱུྃ་ཕཊ༔ ཅི་མང་བཟླས་ཏེ་མཐར་གཏད་བྱས་ན་ལྷ་ཆེན་གྱི་ལས་རིམ་ལྟར་བྱ་སྟེ༔ མནན་པ་བྱས་ན་རབ་སྟེང་དུ་བྲག་འོག་ཆུ་མིག་ཡོད་པའི་འགྲམ༔ ཡང་ན་ལམ་རྒྱ་གྲམ་འོག་ཏུ་དོང་གྲུ་གསུམ་དཔང་ཁྲུ་དོའམ་ཁྱིད་རང་ཙམ་ལས་མི་ཉུང་བར་ཟབ་པ་བརྐོས་པའི་ནང་དུ་ལིངྒ་འཕང་༔ རང་ཉིད་ཡི་དམ་དྲག་པོའི་ཕར་མདུན་བཙན་རྒོད་ཤན་པ་ཆེན་པོའི་ཚུར་མཐའ་དེ་རུ་བདག་མདུན་གཉིས་ཀྱི་ཕྱག་མཚན་གྱིས་ས་ལ་བསྣུན་རེས་ལན་གསུམ་བྱས་པས་ས་གཞི་ཧར་གྱིས་གས་པའི་ནང་དུ་འཆི་བདག་ལས་ཀྱི་གཤིན་རྗེ་ཕོ་མོ་གཉིས་ཀྱི་ཞལ་གདངས་པའི་ནང་དུ་དགྲ་བོའི་མི་ནོར་ལོངས་སྤྱོད་བླ་ཚེ་བསོད་ནམས་ཐམས་ཅད་རུབ་རུབ་སོང་བས་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ འགུགས་གཞུག་སྟོང་དང་བླ་འགུགས་ཀྱི་སྔགས་སྟོང་བརྗོད་མཐར༔ ཀྱཻ་ཧོཿ དཀོན་མཅོག་གསུམ་པོ་གཟུ་དང་དཔང་༔ ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ འབྱུང་བ་ལྔ་ཡི་བཙན་རྒོད་དང་༔ སྲིད་པ་ཕྱོགས་བཞི་སྐྱོང་བའི་ཀླུ༔ འཆི་བདག་གཤིན་རྗེ་ཕོ་མོ་གཉིས༔ མ་གཡེལ་མ་འགྱངས་དམ་ལ་འདུས༔ བཀའ་དམ་གཉན་པོ་དཔང་བཙུག་ནས༔ དོ་ནུབ་མངོན་སྤྱོད་ལས་ཀྱི་མཐའ༔ གཏད་འདི་གཏད་དོ་ད་ལོངས་ཤིག༔ དམ་ཉམས་དགྲ་བོ་ཆེ་གེ་མོའི༔ ཕོ་རྒྱུད་མོ་རྒྱུད་ཆུང་མ་བྲན༔ གཤིན་རྗེ་ཕོ་མོ་གཉིས་ལ་གཏད༔ མ་ཤོར་དམ་དུ་བཟུང་ལ་ཆིངས༔ མི་ནོར་ལོངས་སྤྱོད་འཁོར་དང་བཅས༔ མ་ཟད་བར་དུ་ཟ་སྐལ་མཛོད༔ བཅོལ་བའི་ལས་མཛོད་ས་མ་ཡ༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ༔ ཨོ་རྒྱན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་དུ་བཅས་པ་ཡི༔ ཀླུ་ཆེན་རིགས་ལྔ་འཁོར་དང་བཅས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ ཁས་བླངས་ཐ་ཚིག་དྲན་མཛོད་ལ༔ ང་ཡི་དགྲ་བོ་དམ་ཉམས་འདི༔ གཏད་དོ་གཉེར་རོ་ཀླུ་ཡི་ཚོགས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མར་མྱུར་དུ་སོད༔ འབྱུང་བ་ལྔ་ཡི་བཙན་ཆེན་པོ༔ ཁྱོད་ཀྱང་སྔོན་གྱི་དམ་ཚིག་ཁྲིམས༔ དྲན་ནས་གཏད་ལོངས་དགྲ་བོ་སོད༔ མ་ཤོར་མ་བཏང་ས་མ་ཡ༔ ཞེས་བརྗོད་མཐར་གཡམ་པ་ལ་གཡུང་དྲུང་བྲིས་པས་ཁ་བཅད་ལ༔ སངས་རྒྱས་མི་བདེན་ཆོས་མི་བདེན་དགེ་འདུན་མི་བདེན༔ སྟོན་པ་གཤེན་རབ་བདེན༔ བོན་བདེན༔ བོན་པོ་འདི་བདེན༔ མི་བདེན་པ་དང་བདེན་པ་ཆེན་པོའི་དགྲ་བོའི་བླ་ཚེ་བསོད་ནམས་ཐམས་ཅད་མཱ་ར་ཡ་ནན་ནན༔ རྦད་རྦད༔ ཡང་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ལ༔ སྟོན་པ་གཤེན་རབ་མི་བདེན༔ བོན་མི་བདེན༔ བོན་པོ་འདི་མི་བདེན༔ སངས་རྒྱས་བདེན༔ ཆོས་བདེན༔ དགེ་འདུན་བདེན༔ མི་བདེན་པ་དང་བདེན་པ་ཆེན་པོའི་མཐུས་དགྲ་བོའི་བླ་ཚེ་བསོན་ནམས་ཐམས་ཅད་མཱ་ར་ཡ་ནན་ནན༔ རྦད་རྦད༔ ཡང་གཡམ་པ་ལ་ཛ་ཁྲམ་གྱིས་བཀང་བས་ཁ་བཅད་ནས༔ གཏོ་མི་བདེན༔ ཡས་མི་བདེན༔ སྔགས་དང་ཏིང་འཛིན་མི་བདེན༔ དབང་ཕྱུག་ཆེན་པོ་བདེན༔ མུ་སྟེགས་བདེན༔ མུ་སྟེགས་པ་འདི་བདེན༔ མི་བདེན་པ་དང་བདེན་པ་ཆེན་པོའི་མཐུས་དགྲ་བོའི་བླ་ཚེ་བསོད་ནམས་ཐམས་ཅད་མཱ་ར་ཡ་ནན་ནན༔ རྦད་རྦད༔ ཡང་དབང་ཕྱུག་ཆེན་པོ་མི་བདེན༔ མུ་སྟེགས་པ་མི་བདེན༔ མུ་སྟེགས་པ་འདི་མི་བདེན༔ གཏོ་བདེན༔ ཡས་བདེན༔ སྔགས་དང་ཏིང་འཛིན་བདེན༔ མི་བདེན་པ་དང་བདེན་པ་ཆེན་པོའི་མཐུས་དགྲ་བོའི་བླ་ཚེ་བསོད་ནམས་ཐམས་ཅད་མཱ་ར་ཡ་ནན་ནན༔ རྦད་རྦད༔ གསང་སྔགས་མི་བདེན༔ རྟེན་འབྲེལ་མི་བདེན༔ དོན་དམ་མི་བདེན༔ སེམས་ཅན་བདེན༔ སྣང་བ་ཀུན་རྫོབ་བདེན༔ མི་བདེན་པ་དང་བདེན་པ་ཆེན་པོའི་མཐུས་དགྲ་བོའི་བླ་ཚེ་བསོད་ནམས་ཐམས་ཅད་མཱ་ར་ཡ་ནན་ནན༔ རྦད་རྦད༔ གསང་སྔགས་བདེན༔ རྟེན་འབྲེལ་བདེན༔ དོན་དམ་བདེན༔ སེམས་ཅན་མི་བདེན༔ སྣང་བ་མི་བདེན༔ ཀུན་རྫོབ་མི་བདེན༔ བདེན་པ་དང་མི་བདེན་པའི་མཐུས་དགྲ་བོའི་བླ་ཚེ་བསོད་ནམས་ཐམས་ཅད་མཱ་ར་ཡ་ནན༔ རྦད་རྦད༔ རི་རབ་ཀྱིས་ཁ་བཅད་སྟེང་དུ་སཱཙྪ་ནག་པོ་བཞག་ནས་ཁ་བཅད་དོ༔ སྤང་གིས་གྲས་མཚམས་ལེགས་པར་བརྡུང་ནས་ལས་རྗེས་མི་མངོན་པར་བྱའོ༔ དེ་ནས་འཕང་གི་ཐེམ་པ་ལ༔ ལིངྒ་དགྲ་ཕྱོགས་སུ་བཞག༔ གཟུ་དཔང་བྱ༔ དེ་ནས་རང་ཉིད་ཡི་དམ་གསལ་བའི་སྟེང་གི་ནམ་མཁར་དཀོན་མཆོག་རྩ་གསུམ་གཡས་སུ་བཀའ་སྲུང་ཕོ་རྒྱུད་གཡོན་ཕྱོགས་སུ་སྲུང་མ་མོ་རྒྱུད༔ ཐམས་ཅད་ཀྱི་ཕྱག་ན་མཚོན་ཐུན་ཐོགས་ཤིང་ངག་ནས་བདེན་ཚིག་དྲག་སྔགས་བརྗོད་ནས་བདག་གི་ཟོར་འཕང་བ་དང་དུས་མཉམ་དུ་ཀུན་གྱིས་ཐུན་ཟོར་འཕང་སྟེ་དགྲ་བོའི་མི་ནོར་མཁར་ཁྱིམ་དང་བཅས་པ་ཐམས་ཅད་ས་མཁར་སྒྱོག་རྡོ་ཕོག་པ་ལྟར་རྗེས་ཤུལ་མེད་པར་བརླག་པར་བསམ་ལ་འཕང་བ་དང་༔ དང་པོ་འཕང་བའི་སྔ་ཐོག་ཏུ་འགུགས་གཞུག་གྲངས་མང་བྱ༔ བཙན་ཐེབ་བམ་ཉི་ནག་ལ་བྱ་བ་ལག་ལེན་ནོ༔ དེ་ནས་འགུགས་པ་བྱ་བ་ལ༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་བསྟན་དགྲ་ལས་ངན་འདི༔ སྣང་སྲིད་གང་ན་གནས་ཀྱང་ཁུག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ་བརྣག་པའི་དགྲ་བོ་ཨཾ་ཀུ་ཤ་ཛ་ཛཿདེ་ནས་ལྷ་དང་དབྱེ་བ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་བསྟན་དགྲ་ལས་ངན་འདི༔ སྐྱོབ་བྱེད་ལྷ་སྲུང་ཀུན་དང་ཕྲོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ་བརྣག་པའི་དགྲ་བོ་མཱ་ར་ཡ་ཕྱེས་ཕྱེས༔ ཨ་ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཱུ་ཊ་མཱ་ར་ཡ་ཕྱེས་ཕྱེས་ཕཊ་ཕཊ༔ དེ་ནས་བཅིང་བར་བྱེད་པ་ལ༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་བསྟན་དགྲ་ལས་ངན་འདི༔ ལུས་ངག་ཡིད་གསུམ་གྲུམ་ཆིངས་མཛོད༔ གུ་རུ་དྷེ་ཝ་ཌཱཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ་བརྣག་པའི་དགྲ་བོའི་ལུས་ཆིངས་ངག་ཆིངས་ཡིད་ཆིངས༔ ཐུམ་རི་ལི་ལི་རྨུག་རྨུག་ནན་སྭཱ་ཧཱ༔ དེ་ནས་སྨྱོ་བརྒྱལ་འབོག་བྱེད་ལ༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་བསྟན་དགྲ་ལས་ངན་འདི༔ སྒོ་གསུམ་སྨྱོ་བརྒྱལ་འབོགས་ཤིང་ཆུག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ་བརྣག་པའི་དགྲ་བོ་ཛྭ་ལ་པ་ཡ་ཛྭ་ལ་ཡ་རྦད་རྦད་ཐིབ་ཐིབ་རེངས་རེངས་ཏྲིག་ནན༔ དེ་ནས་ནུས་སྟོབས་བཅོམ་པ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་བསྟན་དགྲ་ལས་ངན་འདི༔ མཐུ་སྟོབས་ནུས་པ་བརླག་པར་མཛོད༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ༔ བརྣག་པའི་དགྲ་བོ་ཐིབ་ཐིབ་བྱང་བྱང་རྨུག་རྨུག་ཧུར་ཐུམ་རྦད་ནན༔ དེ་ནས་ཕྱེ་མར་བཏུལ་བ་ལ༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་བསྟན་དགྲ་ལས་ངན་འདི༔ མར་མེ་རླུང་གིས་བསད་བཞིན་ཐོང་༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ༔ བརྣག་པའི་དགྲ་བོ་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན་མཱ་ར་ཡ་རྦད་སོད་ནན༔ དེ་ནས་ཐུན་བརྡེག་པ་ནི༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་དགྲ་བོ་ལས་ངན་འདི༔ རྡོ་རྗེ་ཕུར་པའི་ཐུན་ཟོར་རྒྱོབ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ༔ བརྣག་པའི་དགྲ་བོའི་མི་ནོར་བླ་ཚེ་སྲོག་གསུམ་ལ་མཱ་ར་ཡ་ཕོབ་ཛ་ཕོབ་ཛཿརྦད་རྦད་སོད༔ ཧཱུྃ༔ མཆོག་གསུམ་རྩ་གསུམ་གཟུ་མཁྱེན་དཔང་༔ བཀའ་སྲུང་གཉན་པོ་ལས་ལ་རྦད༔ ཞིང་བཅུའི་དགྲ་བོ་ལས་ངན་འདི༔ དཀར་ནག་ཉུང་ཐུན་ཟོར་གྱིས་རྒྱོབ༔ གུ་རུ་དྷེ་ཝ་སོགསབརྣག་པའི་དགྲ་བོའི་མི་ནོར་བླ་ཚེ་སྲོག་གསུམ་ལ་མཱ་ར་ཡ་ཕོབ་ཛ་ཕོབ་ཛ་རྦད་རྦད་སོད༔ ཧཱུྃ༔ མཆོག་གསུམ་རྩ༴ བཀའ་སྲུང་གཉན་པོ༴ ཞིང་བཅུའི༴ སྣ་ཚོགས་ཁྲག་ཐུན་ཟོར་གྱིས་རྒྱོབ༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ མཆོག་གསུམ་རྩ༴ བཀའ་སྲུང་གཉན་པོ༴ ཞིང་བཅུའི༴ མེ་མདའ་དྲག་པོའི་ཐུན་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གུ་རུ་དྷེ༴ རྦད་སདཧཱུྃ༔ མཆོག་གསུམ་རྩ༴ བཀའ་སྲུང་གཉན་པོ༴ ཞིང་བཅུའི༴ དུག་སྣ་སྣ་ཚོགས་ཐུན་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ མཆོག་གསུམ་རྩ༴ བཀའ་སྲུང་གཉན་པོ༴ ཞིང་བཅུའི༴ མཚོན་ཆ་སྣ་ཚོགས་ཐུན་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ མཆོག་གསུམ་རྩ༴ བཀའ་སྲུང་གཉན་པོ༴ ཞིང་བཅུའི༴ མེ་དང་ཤིང་གི་མདའ་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ མཆོག་གསུམ་རྩ༴ བཀའ་སྲུང་གཉན་པོ༴ ཞིང་བཅུའི༴ འཇིགས་བྱེད་རྡོ་ཡི་ཐུན་ཟོར་རྒྱོབ༴ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ མཆོག་གསུམ་རྩ༴ བཀའ་སྲུང་གཉན་པོ༴ ཞིང་བཅུའི༴ དམར་གྱི་གཏོར་མས་ཐུན་ཟོར་རྒྱོབ༔ ལུས་ངག་ཡིད་གསུམ་རྡུལ་དུ་རློག༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱི༔ ཟངས་ཕྱེའི་ཐུན་དང་ལྕགས་ཕྱེའི་ཐུན༔ དགྲ་བོའི་ལུས་ངག་ཡིད་ལ་ཕོབ༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་ཀྱིས༔ རྡོ་ཕྱེའི་ཐུན་དང་མཁར་ཕྱེའི་ཐུན༔ དགྲ་བོའི་ལུས་ངག་ཡིད་ལ་ཕོབ༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ འབྱུང་དབང་བཙན་གྱི་མཐུ་སྟོབས་ཀྱིས༔ ཏིལ་དང་བྲ་བོའི་ཐུན་ཟོར་འདི༔ དགྲ་བོའི་སྙིང་སྲོག་བླ་ལ་ཕོབ༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ འབྱུང་དབང་བཙན་གྱི་མཐུ་སྟོབས་ཀྱིས༔ ཀེ་མཚེ་ཤངས་མཚེའི་ཐུན་ཟོར་འདི༔ དགྲ་བོའི་སྙིང་སྲོག་བླ་ལ་ཕོབ༔ གུ་རུ་དྷེ༴ རྦད་སོད༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ འབྱུང་དབང་བཙན་གྱི་མཐུ་སྟོབས་ཀྱིས༔ རམ་པ་ཐང་འབྲུའི་ཐུན་ཟོར་འདི༔ དགྲ་བོའི་སྙིང་སྲོག་བླ་ལ་ཕོབ༔ གུ་རུ་དྷེ༴ རྦད་སོད༔ དེ་ནས་མི་བསད་མཚོན་གྱིས་གཏུབ་པ་ལ༔ ཧཱུྃ༔ བཙན་རྒོད་ཆེན་པོའི་དུས་ལ་བབ༔ སྤ་རིའི་སྣ་བཙན༴ མཆིམས་ཕུའི་བྲག་བཙན༴ གོང་མའི་གྲི་བཙན༴ གཡུ་ལོག་གངས་བཙན༴ བྲག་དམར་རྫོང་བཙན༴ སྟག་མ་རུང་བཙན༴ གྲི་བུ་ལུང་བཙན༴ འབྱུང་ལྔའི་དབང་བཙན༴ བཙན་འཁོར་སྤྲུལ་པའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ སྣ་ཚོགས་མཚོན་ཐུན་ཆར་པ་ཕོབ༔ ནད་དང་རིམས་ཀྱི་དལ་ཁ་ཐོབ༔ རྗེས་ཤུལ་མེད་པར་བརླག་མཛོད་ཅིག༔ དགྲ་བོའི་མི་ནོར་འཁོར་ལོངས་སྤྱོད༔ མེ་དཔུང་ཆུ་ཡིས་བསད་ལྟར་ཐོང་༔ འབྲས་དྲུག་སེར་བས་བཅོམ་བཞིན་ཐོང་༔ མ་མཁར་སྒྱོགས་རྡོས་ཕོག་བཞིན་ཐོང་༔ ཐལ་བ་རླུང་གིས་གཏོར་བཞིན་ཐོང་༔ མེ་ཏོག་སད་ཀྱིས་ཁྱེར་བཞིན་ཐོང་༔ ལོ་ཟླ་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མ་ཉིད་དུ་སོད༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙནྟྲི་ཡཀྴ་ཡཀྴ་ས་མ་ཡ༔ དགྲ་བོའི་བླ་ལ་ཧུར་ཐུམ་རྦད༔ དགྲ་བོའི་ཚེ་ལ་ཧུར་ཐུམ་རྦད༔ དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ དགྲ་བོའི་ཡིད་ལ་ཧུར་ཐུམ་རྦད༔ དགྲ་བོའི་མི་ཕྱུགས་འཁོར་དང་བཅས་པའི་བླ་ཚེ་སྲོག་ལ་ཕོབ་ཛ་ཕོབ་ཛཿཞེས་བརྗོད་གཏོར་ཟོར་འཕང་ངོ་༔ ཐུན་ཟོར་ཐམས་ཅད་རང་རང་གི་རྫས་དང་ལྡན་པ་གནད་དུ་ཆེ༔ མཐར་ནི་ལིང་རོ་ཟན་དུམ་རྣམས༔ ཚེར་མ་ཅན་གྱི་མེ་ལ་བསྲེག༔ སྟེང་དུ་རྡོ་ལེབ་འོག་ངོས་ལ༔ རྡོ་རྗེ་རྒྱ་གྲམ་རི་མོ་བྲིས༔ སྟེང་ངོས་རི་རབ་རི་མོ་བྲིས༔ དེས་མནན་པ་བྱས་པའི་ལས་མཐའ་རྫོགས༔ དེ་ནས་སྐུ་འཁོར་ཐེམ་པ་ལ༔ མུ་ཁྱུད་རིམ་པ་གསུམ་དུ་བསྐོར༔ ལྟེ་བར་བཙན་རྒོད་སྐུ་གཟུགས་བྲིས༔ དེ་ཡི་ཞབས་གཉིས་གྱད་སྟབས་ཅན༔ གཡས་གཡོན་བཙན་མདུང་བཙན་ཞགས་ཅན༔ སྐུ་ལ་སྟག་ཤམ་གསོལ་བ་བྲིས༔ ཐུགས་ཀར་རུ་དང་ཙ་ཡིག་བྲིས༔ དེ་ཡི་མུ་ཁྱུད་ཕྱི་མ་ལ༔ བཙན་གྱི་བསྙེན་སྒྲུབ་འབོད་སྔགས་བྲིས༔ དེ་མཐར་འཁོར་ལོའི་རྩིབས་བརྒྱད་ལ༔ ཤར་ནས་རིམ་པར༔ བཾ་ནཱ་ག་ཙ་ཏྲི་དགྲ་བོའི་ཁྲག་ལ་རྦད༔ ལྷོ་རུལཾ་ནཱ་ག་ཙ་ཏྲི་དགྲ་བོའི་ཤ་ལ་རྦད༔ ནུབ་ཏུརཾ་ནཱ་ག་ཙ་ཏྲི་དགྲ་བོའི་སྲོག་ལ་རྦད༔ བྱང་དུཡཾ་ནཱ་ག་ཙ་ཏྲི་དགྲ་བོའི་དབུགས་ལ་རྦད༔ ཤར་ལྷོརཨེ་ནཱ་ག་ཙ་ཏྲི་དགྲ་བོའི་བླ་ལ་རྦད༔ ལྷོ་ནུབ་མཚམས་སུཙ་ཏྲི་ཧུར་ཐུམ་དགྲ་བོའི་བླ་ལ་རྦད༔ ནུབ་བྱང་མཚམས་སུཙ་ཏྲི་ཤུ་ལ་དགྲ་བོའི་བླ་ལ་རྦད༔ བྱང་ཤར་མཚམས་སུཙ་རུ་ཡམ་ཤུད་དམར་པོ་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ རྩིབས་མཆན་ལ༔ ཆེ་གེའི་ཁྲག་ལ་རོལ༔ ཆེ་གེའི་ཤ་ལ་རོལ༔ ཆེ་གེའི་དབུགས་ལ་རོལ༔ ཆེ་གེའི་རུས་ལ་རོལ༔ མཚམས་བཞིར༔ ཆེ་གེའི་བླ་ལ་རོལ༔ ཆེ་གེའི་ནོར་ལ་རོལ༔ ཆེ་གེའི་ཕྱུགས་ལ་རོལ༔ ཆེ་གེའི་ཉེ་འཁོར་ལ་རོལ༔ ཅེས་བྲིས༔ དེ་མཐར་མུ་ཁྱུད་ལ་རྦད་བསད་སྔགས་མཐར༔ བཙན་རྒོད་ཤན་པ་སྐྱ་གཅིག་ལས་མཁན་རོལ་པ་སྐྱ་བདུན་སྤྲུལ་པ་འབྱུང་བ་ལྔའི་བཙན་ཆེན་འཁོར་དང་བཅས་པས་དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་ཐམས་ཅད་མར་མེ་རླུང་གིས་བསད་པ་བཞིན་དུ་ཐོངས་ཤིག༔ བཛྲ་ས་མ་ཡ་ཛཿམོ་འཁོར་ལའང་དེ་བཞིན་ལྟེ་བར་བཙན་མོ་སྙིང་དང་ཞགས་པ་བསྣམས་ནས་བྲིས་པའི་མུ་ཁྱུད་དང་བོ་གོང་དང་མཚུངས་ལ༔ རྩིབས་བརྒྱད་ལ༔ ཨ་ལྷ་བདུད་དཀར་པོ་དགྲ་ལ་རྦད༔ ཡ་འཆི་བདག་གཤིན་རྗེ་དགྲ༔ མ་མ་མོ་འབུམ་སྡེ་དགྲ༴ དུ་བདུད་ནག་དམག་ཚོགས་དགྲ༴ དེ་དག་ཕྱོགས་བཞིར་བྲིས༔ མཚམས་བཞིའི་རྩིབས་ལ༔ རུ་སྲིན་པོའི་སྡེ་ཚོགས་དགྲ༴ ཙ་རྒྱལ་པོའི་སྡེ་ཚོགས་དགྲ༴ ཤ་གནོད་སྦྱིན་སྡེ་ཚོགས་དགྲ༴ ན་ཀླུ་བདུད་སྡེ་ཚོགས་དགྲ༴ རྩིབས་མཆན་བརྒྱད་ལ༔ ནྲྀ་ཨ་མུ་ཀ་ཧུར་ཐུམ་རྦད༔ ཅེས་བྲིས༔ དེ་མཐར་ཡང་རྦད་བསད་སྔགས་ཀྱི་མཐར༔ བཙན་རྒོད་འབར་བ་ཆེན་པོ་འཁོར་ལྷ་སྲིན་སྡེ་བརྒྱད་ལྷ་འདྲེའི་ཚོགས་ཀྱིས་དགྲ་བོ་ཆེ་གེའི་ཚེ་བླ་སྲོག་གསུམ་ཐམས་ཅད་གློ་བུར་ཧུར་ཐུམ་དྲག་པོར་སོད་ཅིག་སྒྲོལ་ཅིག༔ བཛྲ་ས་མ་ཡ༔ བར་དུ་ཡང་མུ་ཁྱུད་རིམ་པ་གསུམ་གྱི་ལྟེ་བར་དགྲ་བོའི་གཟུགས་མིང་རུས་ཚང་བར་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ་བླ་འགུགས་སྔགས༔ ཨེ་བཾ་ལཾ་རཾ་ཡཾ་ནཱ་ག་ཙ་ཏྲི་ཤུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ༔ ཆེ་གེའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག་ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག༔ ལིང་ཤག༔ ལིང་ཐུམ་ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་བླ་འགུགས་དང་༔ བླ་ཨ་ཀཪྴ་ཡ་ཧཱུྃ་ཛ་ཛ༔ དེ་བླ་འགུགས་སོ༔ ཨུ་ཡུརྫྙཱ་ན་ཨ་ཀཪྴ་ཡ་ཧཱུྃ་ཛ་ཛཿདེ་ཚེ་འགུགས༔ ཏྲི་ཡཾ་ནྲྀ་ཨ་ཀཪྴ་ཡ་ཧཱུྃ་ཛ་ཛཿདེ་ཡིད་འགུགས༔ རཱུ་པ་རྐནྟ་ཨ་ཀཪྴ་ཡ་ཧཱུྃ་ཛ་ཛཿདེ་གཟུགས་འགུགས་སོ༔ འཁོར་ལོ་རྩིབས་བརྒྱད་ལ༔ ནྲྀ་ཆེ་གེའི་བླ་སྲོག་ལ་ཧུར་ཐུམ་རྦད༔ ཅེས་བྲིས༔ རྩིབས་མཆན་ལ༔ ནྲྀ་ཨ་མུ་ཀ་ཙིཏྟ་ཚལ་པ་ཚལ་པ་རྦད༔ ཅེས་བྲིས༔ དེ་མཐར་མུ་ཁྱུད་ལ༔ ཨེ་ཙ་ཏྲི་ཤུ་ལ༔ བཾ་ཙ་ཏྲི་ཤུ་ལ༔ ལཾ་ཙ་ཏྲི་ཤུ་ལ༔ རཾ་ཙ་ཏྲི་ཤུ་ལ༔ ཡཾ་ཙ་ཏྲི་ཤུ་ལ༔ ནཱ་ག་ཙ་ཏྲི་ཤུ་ལ་ཀྲོ་ཏ་ས་མ་ཡ༔ དགྲ་བོ་ཆེ་གེའི་བླ་ཚེ་སྲོག་དབུགས་གཟུགས་ཛ་ཛཿཛཿཧཱུྃ་བཾ་ཧོཿ ནཱ་ག་ཙ་ཏྲི་ཤུ་ལ་ས་མ་ཡ༔ ན་མོ་ཏྲ་ཡ་ཡ་ཙ་ལེ་ཙ་ལེ་པྲ་ཙ་ལེ་པྲ་ཙ་ལེ༔ ཤིག་ཤིག་ག་མེ་ཡེ་སྭཱ་ཧཱ༔ དགྲ་བོ་ཆེ་གེའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཨུ་ཙ་ཏ་ཡ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཕཊ༔ དགྲ་བོ་ཆེ་གེ་མོའི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁ་ཧཱི༔ ཙིཏྟ་ལ་ཁ་ཧཱི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ལོ་དང་ཟླ་བར་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་སོད༔ ཞག་དང་ཟ་མ་ལ་དགྲ་དར་བ༴ དུས་ཚོད་ཚེས་གྲངས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་སོད༔ རྦད་སོད་རྦད་ནན༔ ཧུར་ཐུམ་སོད༔ ཅེས་ཛ་ཁྲམ་གྱིས་བསྐོར༔ གནམ་འཁོར་མུ་ཁྱུད་རིམ་པ་གསུམ་ལྟེ་བར་ཧཱུྃ་ལ་དཔལ་ཆེན་བསྙེན་སྔགས་བྲིས༔ དེའི་ཕྱི་རིམ་སྒྲུབ་སྔགས་བྲི་བར་བྱ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ཚོམ་བུ་བརྒྱད་བཀོད༔ མཆན་ལ༔ དགྲ་བོ་ཆེ་གེ་མཱ་ར་ཡ་རྦད་སོད༔ ཕྱི་རིམ་མུ་ཁྱུད་ལ༔ ལས་སྦྱོར་དྲག་སྔགས་སོ་ལྔའི་མཐར༔ དགྲ་བོ་ཆེ་གེའི་མི་ནོར་འཁོར་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་ཧཱུྃ་ཕཊ༔ ཆེ་མཆོག་དཔལ་དགུ་བཀའ་སྡོད་སྲུང་མ་དང་བཅས་པས་དགྲ་བོ་ཆེ་གེའི་མི་ནོར་འཁོར་དང་བཅས་པ་ཐམས་ཅད་བརླག་པར་གྱུར་ཅིག༔ བརླག་པར་མཛོད་ཅིག༔ ཨ་མུ་ཀ་བླ་ཚེ་གཟུགས་ཡིད་ཐམས་ཅད་མཱ་ར་ཡ་རྦད་རྦད་སོད་སོད༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ ཞེས་བྲིས༔ ས་འཁོར་མུ་ཁྱུད་རིམ་པ་གསུམ་དུ༔ དབུས་སུ་སུཾ་ལཾ་ཡི་གེ་ལ༔ ཨོཾ་བྷུ་མི་པ་ཏི་ནཱ་ག་རཱ་ཙ་སརྦ་ས་མ་ཡ་ཧཱུྃ་ཛ༔ ཞེས་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བྷུ་མི་པ་ཏི་ནཱ་ག་རཱ་ཙ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་དགྲ་བོ་ཆེ་གེའི་སྟེང་དུ་མཐུ་རྩལ་བྱད་དབལ་དམོད་དབལ་མནན་བསྲེག་འཁོར་ལོ་ཟེར་གྱི་རྣོ་དཔལ་ནུས་པ་ཐམས་ཅད་དྲོངས་ཤིག༔ དགྲ་བོའི་བླ་ལ་ཕོབ་ཅིག་སོད་ཅིག༔ དགྲ་བོའི་ཚེ་ལ་ཕོབ་ཅིག་སོད་ཅིག༔ དགྲ་བོའི་སྙིང་ལ་ཕོབ་ཅིག་སོད་ཅིག༔ དགྲ་བོའི་སྲོག་ལ་ཕོབ་ཅིག་སོད་ཅིག༔ དགྲ་བོའི་ཡིད་དང་གཟུགས་ལ་ཕོབ་ཅིག༔ དེའི་ཕྱི་རིམ་པདྨ་འདབ་བརྒྱད་བྲིས་ལ༔ ཤར་གདོན་མ་ལུས་དགྲ་ལ་རྦད༔ ལྷོ་གདོན་མ་ལུས་དགྲ༴ ནུབ་གདོན་མ་ལུས་དགྲ༴ བྱང་གདོན་མ་ལུས་དགྲ༴ ཤར་ལྷོའི་མཚམས་ཀྱི་གདོན་ཚོགས་དགྲ༴ ལྷོ་ནུབ་མཚམས་ཀྱི་གདོན་ཚོགས་དགྲ༴ ནུབ་བྱང་མཚམས་ཀྱི་གདོན་ཚོགས་དགྲ༴ བྱང་ཤར་མཚམས་ཀྱི་གདོན་ཚོགས་དགྲ༴ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཡཾ་ཡཾ་རླུང་ལྷའི་རྒྱལ་པོ་ཤ་བ་རིས་འཁོར་ལོའི་ནུས་དབལ་དགྲ་འདིའི་སྟེང་དུ་དྲོངས༔ འཁོར་ལོའི་དམོད་བྱད་དགྲ་ཡི་ཡུལ་དུ་དྲོངས༔ འཁོར་ལོའི་དུག་གྲིབ་དགྲ་བོའི་ཡུལ་དུ་དྲོངས༔ འཁོར་ལོའི་ལྷ་སྔགས་དགྲ་བོའི་གཤེད་དུ་ཕོབ༔ འཁོར་ལོའི་ལྷ་སྔགས་དགྲ་བོའི་བདུད་དུ་ཕོབ༔ འཁོར་ལོའི་ལྷ་སྔགས་དགྲ་བོའི་བླ་སྲོག་སྙིང་ལ་ཕོབ༔ ཤ་བ་རི་ཡཾ་ཡཾ་ཆོས་ཆོས་རྒྱུག་རྒྱུག་དགྲ་བོའི་སྲོག་ལ་ཧུར་ཐུམ་རྦད༔ ཅེས་དང་པོ་འཁོར་ལོ་བསྒྲུབ་ནས་ལིངྒ་ལ་འགུགས་གཞུག་བྱས་མཐར་ཐེབ་བམ་ཉི་ནག་དུས་སུ་བསྐོར༔ དགྲ་བོ་མི་འགྱངས་མྱུར་དུ་ཁུག་ས་མ་ཡ༔ ༠༠༠༠༠བརྡ་ཡིག༣༣༦ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་རང་སློབ་ཆོས་འབྱོར་དང་རྡོ་རྗེ་རྣམ་རྒྱལ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྡོ་རྗེ་རྣམ་རྒྱལ་ལོ།། །།