ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་དམ་ཅན་སྡེ་དགུའི་བསྐུལ་བ་དམག་དཔུང་འཚུབས་མ༔

From Dudjom Wiki
TTDL-ZABTER-09-TA-048
Wylie title zab gsang mkha' 'gro'i snying thig las: bka' srung dam can sde dgu'i bskul ba dmag dpung 'tshubs ma: TTDL-ZABTER-09-TA-048.pdf
Location bdud 'joms gling pa zab gter
Volume 9, Text 48, Pages 389-391 (Folios 1a1 to 2a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bka' srung dam can sde dgu'i bskul ba dmag dpung 'tshubs ma. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 389-391. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms bka' srung sde dgu
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་འཇིགས་མེད་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te dag par phab pa'i yi ge pa ni 'jigs med phun tshogs bkra shis so/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་དམ་ཅན་སྡེ་དགུའི་བསྐུལ་བ་དམག་དཔུང་འཚུབས་མ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དམར་གཏོར་སྐྱེམས་དང་བ་ལིང་བཤམས༔ བཀའ་སྲུང་གཉན་པོ་ཡིད་ལ་བྱ༔ ཧཱུྃ༔ ལེགས་ལྡན་མགོན་པོའི་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ བདུད་མགོན་སེང་གདོང་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ གཟའ་བདུད་ནག་པོའི་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ གནོད་སྦྱིན་ཤན་པའི་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ སྲིད་པ་མ་མོའི་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ བེ་ཧར་རྒྱལ་པོའི་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ ལྷ་ཆེན་དབང་ཕྱུག་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ དམ་ཅན་རྡོར་ལེགས་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ རྣམ་སྲས་ནོར་ལྷའི་སྡེ་ཚོགས་རྣམས༔ དམ་ཚིག་ཆེན་པོའི་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ བཀའ་སྲུང་དྲེགས་པ་ཐམས་ཅད་ཀུན༔ དམ་ཚིག་ཆེན་པོས་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་བགེགས་མྱུར་དུ་ཁུག་ལ་སྒྲོལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྡེ་བདུད་ཀྱང་རུང་༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ བཀུག་བསྒྲལ་མནན་གཟིར་ཕྲིན་ལས་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ འདི་ནི་རྣོ་ནུས་དཔག་ཏུ་མེད༔ གང་ལ་བྱས་ཀྱང་ངེས་པར་ཐུལ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་འཇིགས་མེད་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །།