ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་དམ་ཅན་སྡེ་དགུའི་བཟློག་པ་གནམ་ལྕགས་རྡོ་རྗེ༔

From Dudjom Wiki
TTDL-ZABTER-09-TA-049
Wylie title zab gsang mkha' 'gro'i snying thig las: bka' srung dam can sde dgu'i bzlog pa gnam lcags rdo rje: TTDL-ZABTER-09-TA-049.pdf
Location bdud 'joms gling pa zab gter
Volume 9, Text 49, Pages 393-394 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bka' srung dam can sde dgu'i bzlog pa gnam lcags rdo rje. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 393-394. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zlog pa   Verso: bdud 'joms bka' srung sde dgu
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Averting or Dispelling Rites- zlog pa
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te dag par phab pa'i yi ge pa ni phun tshogs bkra shis so/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་དམ་ཅན་སྡེ་དགུའི་བཟློག་པ་གནམ་ལྕགས་རྡོ་རྗེ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཤ་ཁྲག་དམར་གྱི་གཏོར་མ་བཤམས༔ དམ་ཚིག་གཉན་པོ་དཔང་བཙུག་སྟེ༔ ཧཱུྃ༔ དཔལ་མགོན་ལེགས་ལྡན་ནག་པོ་སོགས༔ གནོད་སྦྱིན་དྲེགས་པའི་སྡེ་ཚོགས་ཐམས་ཅད་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་སོགས༔ བདུད་མགོན་སྡེ་ཚོགས་འཁོར་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ དྲང་སྲོང་ཆེན་པོ་རཱ་ཧུ་ལ༔ གཟའ་ཡི་སྡེ་ཚོགས་འཁོར་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ གནོད་སྦྱིན་ཤན་པ་དམར་ནག་སོགས༔ མགོན་པོའི་སྡེ་ཚོགས་ཐམས་ཅད་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ ཨེ་ཀ་ཙ་ཏི་རེ་མ་ཏྲི༔ མ་མོའི་སྡེ་ཚོགས་འཁོར་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ རྒྱལ་པོ་ཆེན་པོ་པེ་ཧ་ར༔ སྲོག་བདག་སྡེ་ཚོགས་འཁོར་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་སོགས༔ སྣང་སྲིད་དྲེགས་པའི་སྡེ་ཚོགས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ སྐྱེས་མཆོག་བཛྲ་ཐིག་ལེ་རྩལ༔ དམ་ཅན་སྡེ་ཚོགས་འཁོར་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ ཧཱུྃ༔ རྣམ་སྲས་རྒྱལ་པོ་ལ་སོགས་པའི༔ ནོར་བདག་སྡེ་ཚོགས་འཁོར་བཅས་ཀྱིས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་འགལ་རྐྱེན་བར་ཆད་བཟློག༔ སྡང་བར་བྱེད་པའི་དགྲ་ལ་བཟློག༔ གནོད་པར་བྱེད་པའི་བགེགས་ལ་བཟློག༔ རྗེས་ཤུལ་ལྷག་མ་མེད་པར་བཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་བཟློག་བཟློག༔ འདི་ཡིས་མི་བཟློག་གང་ཡང་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །།