ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་མོ་མཁའ་འགྲོའི་བསྐང་གསོལ༔

From Dudjom Wiki
TTDL-ZABTER-13-PA-011
Wylie title chos nyid nam mkha'i klong mdzod las: ma mo mkha' 'gro'i bskang gsol: TTDL-ZABTER-13-PA-011.pdf
Location bdud 'joms gling pa zab gter
Volume 13, Text 11, Pages 27-28 (Folios 1a1 to 1b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las ma mo mkha' 'gro'i bskang gsol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 27-28. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang gsol   Verso: bdud 'joms srung ma sngags srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog  ·  Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity E ka dzA Ti
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་བློ་གྲོས་དབང་པོའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes 'od gsal sgyu 'phrul drwa ba'i dbyings las bsgyur ba'i yi ge pa ni blo gros dbang po'o/_/sarba mang+ga laM//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་མོ་མཁའ་འགྲོའི་བསྐང་གསོལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཟབ་ལམ་ཉམས་སུ་ལེན་པ་ཡིས༔ སྐལ་བཟང་ལས་ཅན་སྐྱེས་བུ་ཡིས༔ ས་ལམ་བར་ཆད་བསལ་བ་དང་༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་ཕྱིར༔ མ་མོ་མཁའ་འགྲོའི་བསྐང་གསོལ་བསྟན༔ དངོས་སུ་འབྱོར་པའི་མཆོད་པ་དང་༔ ཏིང་འཛིན་འཕྲུལ་གྱིས་དཔག་མེད་སྤེལ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ མ་བྷྱོ་ཛཿཧྲཱིཾཿ ཆོས་སྐུའི་དབྱིངས་དང་དབྱིངས་བཞུགས་ཀྱི༔ མ་མོ་མཁའ་འགྲོ་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ལོངས་སྐུའི་དབྱིངས་དང་དབྱིངས་བཞུགས་ཀྱི༔ མ་མོ་མཁའ་འགྲོ༴ གསོལ་ལོ༴ སྤྲུལ་སྐུའི་དབྱིངས་དང་དབྱིངས་བཞུགས་ཀྱི༔ མ་མོ་མཁའ་འགྲོ༴ གསོལ་ལོ༴ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་ཅིང་༔ དམ་ཚིག་གཉན་པོ་རྗེས་གཅོད་པའི༔ མ་མོ་མཁའ་འགྲོ༴ གསོལ་ལོ༴ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྲིད་པའི་མ་མོ་མ་འཁྲུག་ཅིག༔ ཐུགས་དང་འགལ་གྱུར་ཉེས་བྱས་བཤགས༔ མི་ནད་ཕྱུགས་ནད་གཅོད་དུ་གསོལ༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ མ་མ་བཛྲ་ས་མ་ཡ༔ འདི་ལྟར་རྟག་དུ་གསོལ་མཆོད་ན༔ མ་དང་མཁའ་འགྲོས་བུ་ལྟར་སྐྱོངས༔ ཕྱི་ནང་གསང་བའི་བར་ཆད་སེལ༔ འདོད་དོན་ཐམས་ཅད་ཡིད་བཞིན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་བློ་གྲོས་དབང་པོའོ། །སརྦ་མངྒ་ལཾ།། །།