ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་དྲག་བསྐང་བསྟན་དགྲའི་དཔུང་འཇོམས༔

From Dudjom Wiki
TTDL-ZABTER-13-PA-010
Wylie title chos nyid nam mkha'i klong mdzod las: sngags srung dbyings kyi rje mo'i drag bskang bstan dgra'i dpung 'joms: TTDL-ZABTER-13-PA-010.pdf
Location bdud 'joms gling pa zab gter
Volume 13, Text 10, Pages 25-26 (Folios 1a1 to 1b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sngags srung dbyings kyi rje mo'i drag bskang bstan dgra'i dpung 'joms. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 25-26. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag bskang   Verso: bdud 'joms srung sngags srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་ཉིད་དམ་ལྡན་བུ་སློབ་རྣམས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di nyid dam ldan bu slob rnams kyis bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་དྲག་བསྐང་བསྟན་དགྲའི་དཔུང་འཇོམས་བཞུགས༔ ན་མོ་གུ་རུ་བྷྱ༔ ཤ་ཁྲག་དམར་གཏོར་ཁྲག་སྐྱེམས་བཤམས༔ འགུགས་གཞུག་ནན་བསྐྱར་སྔགས་ཀྱིས་སྤེལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་བསྒྱུར༔ ཛཿ དད་པ་དང་ནི་དམ་ཚིག་གིས༔ ཨེ་ཀ་ཙ་ཏི་འཁོར་དང་བཅས༔ འབོད་དོ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་གསང་མཆོད་སྣ་ཚོགས་དང་༔ དགྲ་བོའི་ཤ་ཁྲག་དོན་སྙིང་གིས༔ དབྱིངས་ཀྱི་རྗེ་མོའི་ཐུགས་དམ་བསྐང་༔ སྔགས་སྲུང་གཙོ་མོའི་ཐུགས་དམ་བསྐང་༔ ཨེ་ཀ་ཙ་ཏིའི༴ འཁོར་དང་བཅས་པའི༴ དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ གཞན་དུ་མ་འབྱམས་མཐུ་མ་རྡུག༔ དགྲ་བོའི་བླ་ཚེ་སྲོག་ལ་རྦད༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ སྔགས་མཁན་རང་ལ་སླར་མ་ལྡོག༔ དམོད་བསྐུལ་རྦད་ཟོར་སྣ་ལ་རྒྱུག༔ དགྲ་བོའི་མཐའ་རྩ་སྐྱེ་རྒྱུད་བཅས༔ རྗེས་ཤུལ་མེད་པར་རྡུལ་དུ་རློག༔ མ་ཟད་བར་དུ་ཟ་ངུ་གྱིས༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ དྲག་པོ་མངོན་སྤྱོད་ལས་རྣམས་ཀུན༔ མི་འགྱང་མྱུར་དུ་འགྲུབ་འགྱུར་རོ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཉིད་དམ་ལྡན་བུ་སློབ་རྣམས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ།། །།