རྡོ་རྗེ་མཆོག་རབ་རྩལ་གྱི་གསོལ་མཆོད་བདུད་རྩིའི་གཏེར་བུམ༔

From Dudjom Wiki
TTDL-ZABTER-13-PA-123
Wylie title rdo rje mchog rab rtsal gyi gsol mchod bdud rtsi'i gter bum: TTDL-ZABTER-13-PA-123.pdf
Location bdud 'joms gling pa zab gter
Volume 13, Text 123, Pages 435 (Folios 1a1 to 1a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rdo rje mchog rab rtsal gyi gsol mchod bdud rtsi'i gter bum. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 435. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod thang lha  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity thang lha
Colophon

ཞེས་པ་འདི་ཡང་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེའི་ཉམས་སྣང་འོད་གསལ་བདེ་བའི་དབྱིངས་སུ་རྡོ་རྗེ་མཆོག་རབ་རྩལ་གྱིས་ཕུལ་བ་བརྡ་ཐིམ༔

zhes pa 'di yang sprang smyon bdud 'joms rdo rje'i nyams snang 'od gsal bde ba'i dbyings su rdo rje mchog rab rtsal gyis phul ba brda thim:

[edit]
སྱྃ༔ རྡོ་རྗེ་མཆོག་རབ་རྩལ་གྱི་གསོལ་མཆོད་བདུད་རྩིའི་གཏེར་བུམ་བཞུགས་སོ༔ ཧཱུྃ་བྷྱོ༔ ཡུལ་ནི་གཡང་རའི་བསང་གཞོང་དུ༔ ཀླུ་གཉན་དྲི་ཟའི་སྤྱི་རྗེ་མཆོག༔ འཇིགས་བྱེད་རྡོ་རྗེ་མཆོག་རབ་རྩལ༔ རྡོ་རྗེ་གཤོག་རྒོད་བཀའ་བཞིན་དུ༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ ཐུགས་མཐུན་འདོད་ཡོན་འདི་བཞེས་ལ༔ སྲིད་འཚོའི་བར་དུ་ལེགས་སྐྱོངས་ཤིག༔ གནོད་བྱེད་དགྲ་བགེགས་ཚར་ཆོད་ལ༔ ཡིད་སྨོན་རེ་བའི་དོན་ཀུན་སྒྲུབས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བཛྲ་འབར་བ་རྩལ་ཐང་ཀ་ར་ནཱ་ག་རཱ་ཛ་པ་ཙ་ལ་ཨེ་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པ་འདི་ཡང་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེའི་ཉམས་སྣང་འོད་གསལ་བདེ་བའི་དབྱིངས་སུ་རྡོ་རྗེ་མཆོག་རབ་རྩལ་གྱིས་ཕུལ་བ་བརྡ་ཐིམ༔