ཛཔ྄་དམིགས་བསྐྱེད་ཆོག་བདག་མདུན་རྡོ་རྗེ་གཞོན་ནུ་སོགས།

From Dudjom Wiki
TTDL-ZABTER-15-BA-024
Wylie title dzap dmigs bskyed chog bdag mdun rdo rje gzhon nu sogs TTDL-ZABTER-15-BA-024.pdf
Location bdud 'joms gling pa zab gter
Volume 15, Text 24, Pages 129-130 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dzap dmigs bskyed chog bdag mdun rdo rje gzhon nu sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 129-130. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'dzab dmigs   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mantra Repetition Preparatory Liturgies - dzab khang dbye ba - dzab bskul
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Rdo rje phur pa
Colophon

ཅེས་པ་འདི་སློབ་བུ་ཀུན་བཟང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།།

ces pa 'di slob bu kun bzang gis bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba thog mtha' bar gsum du dge bar gyur cig_/sarba mang+ga laM//

[edit]
༄༅། །བདག་བདུན་རྡོ་རྗེ་གཞོན་ནུར་གསལ་བ་ཡི༔ སྐུ་ལས་འོད་དང་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་ཀྱི༔ ཞིང་ཁམས་གཞལ་ཡས་ལྷ་རྣམས་ཐམས་ཅད་དང་༔ སྣང་སྲིད་བཅུད་དང་དཔལ་ཡོན་མ་ལུས་པ༔ འོད་ལྔའི་རྣམ་པར་ཚུར་བསྡུས་བདག་མདུན་ལ༔ ཆུ་ལ་ཆུ་བཞག་ཅི་བཞིན་ཡང་ཡང་བསྟིམས༔ ཨོཾ་བཛྲ་ཀཱི་ལི་སོགས༔ ལས་སྦྱོར་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་དང་༔ བྱ་ཁྱུང་ལྕགས་སྡིག་ཕག་ནག་མགོ་དགུ་པ༔ སྐར་ལྟར་འཁྲིགས་ཤིང་སྣང་སྲིད་བར་མེད་ཁེངས༔ ཐུན་དང་མཚོན་ཆ་སེར་རླུང་བཞིན་དུ་འཚུབས༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་ཀུན༔ ཚལ་པར་གཏུབ་ཤིང་སྤྲུལ་པའི་ཁྲ་ཐབས་ཀྱིས༔ ཤ་ཁྲག་སྲོག་དབུགས་ཧབ་ཧབ་མྱོག་མྱོག་གསོལ༔ རྗེས་ལྷག་རྡོ་རྗེའི་མེས་བསྲེགས་ཆུ་ཡིས་གཞོམ༔ ལྷག་མ་སྤུ་གྲིའི་རླུང་གིས་གཏོར་བྱས་ཏེ༔ སྣང་སྲིད་ཁམས་ཀྱི་དྲེགས་ཅན་ལྷ་སྲིན་དང་༔ གཞི་བདག་མི་མིན་དྲེགས་ཅན་མ་ལུས་པ༔ དབང་སྡུད་སྲོག་སྙིང་ཕུལ་ནས་བྲན་ཁོལ་བསམ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པའི༔ ཕྲིན་ལས་རབ་འབྱམས་ཐོགས་མེད་བསྒྲུབ་པར་བསམ༔ ཨོཾ་བཛྲ་ཀཱི་ལི༴ ཅེས་པ་འདི་སློབ་བུ་ཀུན་བཟང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།