རྡོ་རྗེ་རྣམ་འཇོམས་ཀྱི་སྒོམ་བཟླས་ཧཱུྃ༔ སྣང་སྲིད་འཁོར་བའི་སོགས།

From Dudjom Wiki
TTDL-ZABTER-15-BA-031
Wylie title rdo rje rnam 'joms kyi sgom bzlas hUM: snang srid 'khor ba'i sogs TTDL-ZABTER-15-BA-031.pdf
Location bdud 'joms gling pa zab gter
Volume 15, Text 31, Pages 179 (Folios 1a1 to 1a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Rdo rje rnam 'joms kyi sgom bzlas hUM snang srid 'khor ba'i sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 179. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgom bzlas rnam 'joms  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity rdo rje rnam 'joms
Colophon

བདུད་འཇོམས་པས་སོ། །དགེའོ། །ལེགས་སོ།།

bdud 'joms pas so/_/dge'o/_/legs so//

[edit]
༁ྃ༔ ཧཱུྃ༔ སྣང་སྲིད་འཁོར་བའི་ཆོས་སོ་ཅོག༔ སྤྲོས་བྲལ་སྟོང་ཉིད་ཆེན་པོར་ཨཱཿ སྟོང་པའི་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་རྣམ་པར་འཇོམས་པའི་སྐུ༔ ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ༔ ཞི་མ་ཁྲོ་འཛུམ་གཟི་འོད་འབར༔ ཕྱག་གཡས་རྡོ་རྗེ་རྒྱ་གྲམ་བསྣམས༔ གཡོན་པར་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་རྣམས་རྫོགས༔ འཇའ་འོད་མེ་དཔུང་ཀློང་དུ་གསལ༔ སྤྲུལ་པའི་ཁྲོ་བཅུ་སྒོ་སྐྱོང་བཞི༔ རྡོ་རྗེ་མེ་འབར་དཔག་མེད་པས༔ སྣང་སྲིད་ཁམས་རྣམས་ཡོངས་གང་སྟེ༔ གྲིབ་གདོན་ནད་འདྲེ་གནོད་བྱེད་རྣམས༔ ཐལ་བ་བུན་བུན་བསྲེགས་པར་བསྒོམ༔ ན་མོ་རཏྣ་ཏྲ་ཡ་ཡཱ་སོགས༔ དམིགས་པའི་གནད་དང་ལྡན་པས་བཟླ༔ བདུད་འཇོམས་པས་སོ། །དགེའོ། །ལེགས་སོ།། །།