དག་སྣང་ཡེ་ཤེས་དྲྭ་བ་ལས༔ ནོར་སྒྲུབ་སྡེ་ལྔའི་མཆོད་གསོལ་དངོས་གྲུབ་ཆར་འབེབས༔

From Dudjom Wiki
TTDL-ZABTER-15-BA-080
Wylie title dag snang ye shes drwa ba las: nor sgrub sde lnga'i mchod gsol dngos grub char 'bebs: TTDL-ZABTER-15-BA-080.pdf
Location bdud 'joms gling pa zab gter
Volume 15, Text 80, Pages 331-333 (Folios 1a1 to 2a1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las nor sgrub sde lnga'i mchod gsol dngos grub char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 331-333. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mchod gsol   Verso: bdud 'joms nor sgrub sde lnga
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Offering Rituals - mchod sbyin  ·  Supplications - gsol 'debs  ·  Wealth Rituals - nor sgrub
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity sde lnga
Colophon

ཞེས་པ་འདི་ཉིད་ཀློང་ཆེན་རྡོ་རྗེས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di nyid klong chen rdo rjes nan du bskul ngor bdud 'joms pas so/_/dge'o/_/dge'o/_dge'o/_/legs so/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ ནོར་སྒྲུབ་སྡེ་ལྔའི་མཆོད་གསོལ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རིན་ཆེན་སྣོད་མཆོག་བཟང་པོ་རུ༔ ཤ་ལྔ་བདུད་རྩི་རྣམ་ལྔ་བཤམས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ༔ ཨོཾ་ཨཱཿཧཱུྃ༔ བྷྲཱུྃ་ལས་རིན་པོ་ཆེ་ཡི་སྣོད་ནང་དུ༔ འབྲུ་གསུམ་འོད་ཞུ་འཁོར་འདས་དྭངས་བཅུད་བསྡུས༔ ཡེ་ཤེས་བདུད་རྩི་འབྱུང་བའི་གཏེར་ཆེན་པོ༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བླ་ན་མེད༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་དུ་ཤར༔ ཧཱུྃ༔ འོག་མིན་གསང་ཆེན་རོལ་པ་ཧེ་རུའི་ཞིང་༔ རིན་ཆེན་འདོད་འབྱུང་ནོར་བུའི་ཕོ་བྲང་ནས༔ རྒྱལ་ཀུན་ཡོན་ཏན་གསང་འཛིན་ཆེ་བའི་མཆོག༔ སྲས་མཆོག་ཁྲོ་རྒྱལ་རཏྣ་ཀཱི་ལ་ཡ༔ དབང་དྲག་ཤན་དམར་རྒྱལ་ཆེན་རྣམ་ཐོས་སྲས༔ དཔལ་གྱི་ལྷ་མོ་རང་བྱུང་རྒྱལ་མོ་སོགས༔ ནོར་ལྷ་གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་ནས་ཀྱང་༔ འདོད་འབྱུང་ཡིད་བཞིན་གཏེར་གྱི་བུམ་པར་བཞུགས༔ རབ་གུས་གདུང་བ་དྲག་པོས་ཕྱག་འཚལ་ལོ༔ ཕྱིན་ནང་གསང་གསུམ་འདོད་ཡོན་མཆོད་པའི་སྤྲིན༔ མི་ཟད་འདོད་འབྱུང་དཔལ་གྱི་གཏོར་མ་དང་༔ ཁམས་གསུམ་བདེ་སྟོང་དབྱིངས་སྦྱར་སྨན་ཆེན་པོ༔ འཁོར་བ་སྟོང་བྱེད་རཀྟའི་རྒྱ་མཚོ་འབུལ༔ གུས་པའི་ཡིད་དང་གདུང་དབྱངས་རོལ་མོས་བསྟོད༔ སྲིད་ཞིའི་དཔལ་ཡོན་འབྱོར་དྲུག་ཡོན་ཏན་ཀུན༔ ནུབ་པ་མེད་པར་རྟག་དུ་བདག་ལ་སྩོལ༔ སྣང་སྲིན་འཁོར་འདས་མོས་བཞིས་དབང་དུ་བསྡུས༔ བན་བཙུན་ཕོ་མོའི་སྣང་བློ་གཡེང་དུ་ཆུག༔ རང་དབང་མེད་པར་གུས་འདུད་བྲན་དུ་ཆིངས༔ རྒྱལ་བློན་འབངས་འཁོར་ཡོན་གནས་བདག་དབང་བསྒྱུར༔ ནོར་ལྷ་གཏེར་བདག་སྲོག་གི་སྙིང་པོ་འཕྲོག༔ རྣལ་འབྱོར་བདག་གི་བྲན་དང་ཕོ་ཉར་ཁོལ༔ ཟས་ནོར་ལོངས་སྤྱོད་གཏེར་གྱི་བདག་པོ་མཛོད༔ སྙན་དང་གྲགས་པའི་བ་དན་ཕྱོགས་བཅུར་ཕྱོར༔ བཀྲ་ཤིས་དགེ་ལེགས་འབུམ་གྱི་སྣང་བ་སྤེལ༔ དབུལ་འདྲེ་གོད་སྲི་ཐལ་བའི་རྡུལ་བཞིན་རློག༔ ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་པར་མཛོད༔ ཐུགས་བསྐྱེད་དམ་བཅའ་མ་འདོར་ས་མ་ཡ༔ སྣང་སྲིད་འོད་ཞུ་བདག་ལ་ཐིམ༔ རང་དང་ནོར་ལྷའི་སྐུ་ཡི་ཀློང་༔ དྭངས་གསལ་རྒྱ་མཚོ་ལྟ་བུ་རུ༔ འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ གཟའ་སྐར་བཀྲ་བཞིན་རྫོགས་པར་དམིགས༔ བློ་འདས་ལྟ་བའི་ངང་ཉིད་ལས༔ སྲོག་སྡོམ་གཟེར་བཞིའི་མན་ངག་གནད༔ ཞལ་ཤེས་བཞིན་དུ་སྦྱར་ཤེས་ན༔ འཁོར་འདས་མ་ལུས་དབང་སྡུད་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཀློང་ཆེན་རྡོ་རྗེས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སོ། །དགེའོ། །དགེའོ། དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།