Property:Colophontib

From Dudjom Wiki

This is a property of type Text.

View ( | ) (20 | 50 | 100 | 250 | 500)
Showing 20 pages using this property.
ཐ
ཅེས་པའང་དེང་དུས་ཀྱི་གདུལ་བྱ་དད་མོས་ཡོད་ཀྱང་ལོང་ཁོམ་གྱིས་དབེན་པ་རྣམས་ལ་ཕན་པའི་ཕྱིར་རྗེ་བཙུན་པདྨ་ཆོས་འཛིན་གསང་སྔགས་དབང་མོས་བསྐུལ་བའི་རྐྱེན་ལས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།  +
ཅེས་པའང་དེང་དུས་ཀྱི་གདུལ་བྱ་དད་མོས་ཡོད་ཀྱང་ལོང་ཁོམ་གྱིས་དབེན་པ་རྣམས་ལ་ཕན་པའི་ཕྱིར་རྗེ་བཙུན་པདྨ་ཆོས་འཛིན་གསང་སྔགས་དབང་མོས་བསྐུལ་བའི་རྐྱེན་ལས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།  +
ཅེས་པའང་མི་ཕམ་པས་སོ། །དེ་ཡང་དུས་དང་རྣམ་པ་ཀུན་ཏུ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དུས་དང་དུས་སུ་མཆོད་པ་ལ་བརྩོན་པའི་སླད་དུ་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ཐུབ་ཆོག་བྱིན་རླབས་གཏེར་མཛོད་ལ་གཞི་བྱས། སྐྱབས་སེམས་ཀྱི་དབུར་སློབ་དཔོན་དཔའ་བོས་མཛད་པའི་བསྟོད་པ་དང་རིག་འཛིན་འཇིགས་མེད་གླིང་པའི་གསུང་ཐུབ་བསྟོད་གཅོག་ན་གཉིས་ཀའམ་གཅིག་ཤོས་གང་རུང་འདོན་པ་དང་མཚན་སྔགས་རྗེས་སུ་སྤྱོད་འཇུག་ལས་འབྱུང་བའི་མཆོད་ཕྲེང་སོགས་དཀྱུས་གཅིག་ཏུ་སྒྲིགས་པ་པོ་ནི་ཕྲིན་ལས་ནོར་བུའོ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མངྒ་ལཾ། ཤུ་བྷཾ།། །།  +
།ཅེས་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པར་གྲགས་པའི་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་ཆོ་ག་མདོར་བསྡུས་ཀྱི་ཚུལ་འདིའང་། བསྟན་པ་རིན་པོ་ཆེ་འཛིན་སྤེལ་གྱི་བྱ་བ་ལ་གཅིག་ཏུ་ཐུགས་གཞོལ་བ་སྤྲུལ་པའི་སྐུ་པདྨ་དབང་རྒྱལ་གྱིས་བཞེད་པ་བཞིན། ལྷ་རིགས་ཤཱཀྱའི་དགེ་བསྙེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་ཡམ་བུའི་གྲོང་གི་ངལ་གསོའི་སྤྱིལ་པོ་རུ་ལྕགས་བྱ་དབོ་ཟླའི་ཡར་ཚེས་བཟང་པོར་སྦྱར་བ་དོན་ལྡན་དུ་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།།  +
ད
ཅེས་རང་སློབ་རིག་གྲོལ་རྡོ་རྗེའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ།།  +
* '''First colophon:''' ཅེས་པདྨ་བདེ་ཆེན་གྱི་ངོར་བདུད་འཇོམས་པས་སོ། * '''Second colophon:''' ཅེས་པདྨ་བདེ་ཆེན་གྱི་ངོར་བདུད་འཇོམས་པས་སོ།།   +
* '''First colophon:''' །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་བླ་མ་མཆོད་པའི་ཚོ་ག་གཞན་ཕན་ཕྲིན་ལས་དང་བཅས་པ་ཚོགས་ཆེན་ཤིང་རྟ་ཞེས་བྱ་བ་འདི་ནི། རིགས་ཀུན་ཁྱབ་བདག་བཀའ་དྲིན་ཅན་གྱི་རྡོ་རྗེའི་སློབ་དཔོན་ཆེན་པོ་རྣམས་ལ་དུས་དྲན་གྱི་མཆོད་སྤྲིན་ཡང་དག་པར་སྤྲོ་བའི་སླད་དུ་དམིགས་ནས། རྡོ་རྗེའི་གསུང་གི་གསང་བ་བྱིན་རླབས་ཅན་ཁོ་ན་གུང་བསྡེབས་ཤིང་ཚོགས་བསགས་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ཐར་ལམ་བླ་མའི་སྐུ་དྲིན་ཁོ་ན་ལ་རེ་བའི་ངེས་ཤེས་བརྟན་པོ་རྙེད་པ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉེར་གཅིག་ཏུ་སོན་པ་ཤིང་ཕོ་བྱི་བའི་ལོ་རྒྱལ་གྱི་ཉ་བའི་དུས་ཚེས་དགེ་བ་ལ་མཁན་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་གླིང་གི་དགའ་ཚལ་དུ་སྦྱར་བ་ལས། ཕྱིས་གསང་ཆེན་བསྟན་པའི་སྣང་བྱེད་མཆོག་གི་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེའི་བཞེད་པ་བཞིན་ཆོ་གའི་ཡན་ལག་གི་ཕྲིན་ལས་རྣམས་ཀྱང་གསར་དུ་བསྣན་ཏེ་ཤིན་ཏུ་གསལ་བར་བགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་དཔལ་ལྡན་བླ་མའི་བྱིན་རླབས་ཀྱི་སྣང་བ་དང་མི་འབྲལ་ཞིང་ཕན་བདེའི་དགེ་མཚན་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ། * '''Second colophon:''' །ཅེས་ལེགས་བྱས་ཡོངས་སུ་གྲུབ་པའི་འདོད་དོན་གྱི་སྨོན་ཚིག་དགའ་བ་བཞིའི་གྲངས་ལྡན་འདིའང་རྣམ་དཀར་སྒྲུབ་པ་པོའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་རྗེས་སུ་ཡི་རང་བའི་སེམས་ཀྱིས་བརྗོད་པ་སིདྡྷི་རསྟུ།།   +
དེ་ལྟར་བརྡ་དག་བསྟན་བཅོས་གཞུང་། །ཨུ་དུམ་ཝ་རའི་སྐྱེད་ཚལ་ལས། །ཉེར་མཁོའི་དག་ཡིག་པད་དཀར་གྱི། །ཆུན་པོ་ཅུང་ཞིག་བླངས་འདི་ནི། །དཔལ་ལྡན་མི་དབང་བཤད་སྒྲ་བའི། །བཀའ་ལུང་དོ་ཤལ་ཐོད་བཅིངས་ཏེ། །རང་ལོ་ཉེར་དགུ་ཆུ་སྤྲེལ་ལོར། །གཏེར་ཁོག་མཁན་ལྗོངས་དགའ་ཚལ་དུ། །པད་བཀོད་བློ་གསལ་མང་བསྡུས་ནས། །འབྲི་ཀློག་བསླབ་གྲྭ་གསར་འཛུག་གི །དགེ་རྒན་སྲི་ཞུ་ལྷུར་ལེན་སྐབས། །བློ་གྲོས་གསར་བུའི་བྱིས་རྣམས་ཀྱི། །རྣ་བའི་རྒྱན་དུ་སྒྲུབས་ཤིག་ཅེས། །དོན་གཉེར་ཅན་འགས་བསྐུལ་བ་བཞིན། །གོ་བར་སླ་ཞིང་འཇུག་བདེ་བར། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །བསོད་ནམས་ཉིན་མོར་བྱེད་པའི་འོད། །འགྲོ་བློའི་པད་ཚལ་ལ་ཕོག་པས། །ཤེས་རབ་འདབ་རྒྱ་ཡོངས་གྲོལ་ཏེ། །རྣམ་གྲོལ་གེ་སར་འཛུམ་བྱེད་ཤོག །ཤྲཱི་བི་ཛ་ཡནྟུ། །སརྦ་དཱ་མངྒ་ལཾ།།  +
།ཞེས་གཏེར་འབྱིན་སྤྲུལ་སྐུ་པད་རྒྱལ་གླིང་པའི་དག་སྣང་གི་ཆོས་སྡེ་ཚིག་བདུན་བླ་སྒྲུབ་ཀྱི་ཕྲིན་ལས་འདི་ནི། ཉིད་ཀྱི་གཏེར་གྲོགས་སྐལ་བཟང་ལྷ་མོ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་སྟག་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ལ་བུ་ཆུ་རིག་འཛིན་དགའ་ཚལ་གྱི་བསྟི་གནས་སུ་ངག་ཁྲིགས་འཇུག་བདེར་བསྡེབས་པ་སིདྡྷི་རསྟུ༎  +
རིག་འཛིན་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་མཛོད་ལས་བཤུས་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།  +
ཞེས་པ་འདི་ཀུན་བཟང་ཤེས་རབ་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ །།སརྦ་མངྒ་ལཾ།།  +
ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་དཔའ་བོའི་ཡེ་ཤེས་སྒྱུ་མར་རོལ་པའི་སྣང་ཉམས་སུ་ཤར་བ་ལས། རེ་ཞིག་གི་དུས་སློབ་བུ་བྱ་བྲལ་བ་པདྨ་བཀྲ་ཤིས་དང་། ཨོ་རྒྱན་རྡོ་རྗེ། རིག་པའི་མྱུ་གུ། བློ་གྲོས་དབང་པོ་རྣམས་ཀྱིས་ནན་དུ་བསྐུལ་བ་དོན་ཡོད་པའི་ཕྱིར་གཏན་ལ་ཕབ་པའི་དགེ་བས་ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།  +
ཞེས་པ་འདི་ནི་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་པའི་ཚེ་སློབ་བུ་ཚེས་བཅུ་དང་། ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས། ལྷ་རྗེ་རིག་འཛིན་བཟང་པོ་རྣམས་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་དང་། མགོ་ལོག་ཕྱོགས་ཀྱི་ལྷ་རྗེ་རིག་འཛིན་བཟང་པོ་གཉིས་ཀྱིས་བགྱིས་པའོ།  +
ཞེས་པ་འདི་ཡེ་ཤེས་ཀྱི་མཁའ་འགྲོ་མ་མནྡ་ར་བས་གསུངས་པ་ཐོས་ནས་བདུད་འཇོམས་གྲོ་ལོད་རྩལ་གྱིས་སེངྒེ་བྲག་གི་གཏེར་སྲུང་གི་དྲིན་ལན་དུ་ཕབ་པའོ། །དགེའོ། །དགེའོ། །དགེའོ།།  +
ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།  +
ཅེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་བརྡ་ལ་བརྟེན་ནས་བྲིས་སོ། །དགེའོ།།  +
ཞེས་པ་འདི་ཆེ་མཆོག་གི་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་ཕབ་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།།  +
ཞེས་པ་འདི་ནི་སྤྲུལ་སྐུ་ཀུན་བཟང་བདེ་ཆེན་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།  +
ཞེས་པ་འདི་ནི་སློབ་བུ་རྣལ་གྲོལ་གྱི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་སྒྱུར་བའོ།།  +
ཞེས་པ་འདི་རིགས་སྲས་དྲི་མེད་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་གཏན་པ་ཕབ་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།  +