Property:Colophontib

From Dudjom Wiki

This is a property of type Text.

View ( | ) (20 | 50 | 100 | 250 | 500)
Showing 20 pages using this property.
ག
ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའོ།།  +
བདུད་འཇོམས་རྡོ་རྗེས་མཛད་པའོ། །དགེའོ།།  +
ཞེས་དགེ་མ་བདེ་མོའི་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་བྲིས་པའོ།།  +
ཞེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་བ་ནི་ངག་དབང་ཕྲིན་ལས་སོ། །དགེའོ། །ལེགས་སོ། སརྦ་མངྒ་ལཾ།།  +
ཅེས་པ་འདི་བུ་གཅིག་ཆོས་ཀྱི་རྡོ་རྗེས་ནན་དུ་བསྐུལ་བའི་ངོར། སྤྲང་སྨྱོན་བདུད་འཇོམས་རྡོ་རྗེ་ཞེས་བྱ་བ་ཀུན་གྱི་ཐ་ཤལ་མ་ནུས་ཟོག་རྫུན་མཁན་གཤེ་སྐུར་གླེང་མོའི་གནས་སུ་གྱུར་པ་དེས་མཁའ་འགྲོའི་བརྡའ་ལ་བརྟེན་ནས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།  +
ཅེས་པ་འདི་བུ་གཅིག་ཆོས་ཀྱི་རྡོ་རྗེས་ནན་དུ་བསྐུལ་བའི་ངོར་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེ་ཞེས་བྱ་བ་ཀུན་གྱི་ཐ་ཤལ་མ་ནུས་ཟོབ་རྫུན་མཁན་གཤེ་སྐུར་གླེང་མོའི་གནས་སུ་གྱུར་པ་དེས་མཁའ་འགྲོའི་བརྡའ་ལ་བརྟེན་ནས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།།  +
ཞེས་པ་འདི་ཡང་རང་སློབ་དམ་པ་བློ་འཕེལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ།།  +
།ཅེས་པའང་རིགས་ལྡན་གྱི་ཤེས་རབ་མ་ཚེ་བརྟན་གཡུའི་སྒྲོན་མས་དྲིས་ཤིང་བསྐུལ་བ་ལ་བརྟེན་ནས། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་ཤར་མར་བྲིས་པ་སིདྡྷི་རསྟུ།  +
ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  +
ཞེས་པ་འདི་སློབ་བུ་བསམ་རྡོར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།  +
ཞེས་པའང་སྒྲུབ་པའི་རྒྱལ་མཚན་འཛིན་པ་བླ་མ་པདྨ་བསྟན་འཛིན་ནས་ལྷ་གོས་དབང་མདོག་རཏྣའི་མཎྜལ་དང་བཅས་ཏེ་ནན་དུ་བསྐུལ་བཞིན་གསང་འདུས་གཏེར་ཁ་གོང་འོག་གི་སྒོས་སྒྲུབ་ལས་ཇི་ལྟར་འབྱུང་བའི་དོན་བསྡུས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟ་ཧོར་མཚོ་པདྨ་ཅན་དུ་སྦྱར་བ་སིདྡྷི་རསྟུ།།  +
ཅེས་པའང་བྱིན་རླབས་ཆེ་ཕྱིར་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་རྗེ་བླ་མའི་གསུང་ལ་བརྒྱུད་པའི་ཁྱད་པར་འབྱིན་འཇུག་ཅུང་ཟད་བཅས་ཐུགས་སྒྲུབ་ལས་བྱང་དངོས་གྲུབ་འདོད་འཇོ་དང་འབྲེལ་བར་འཇུག་པ་བདེ་བའི་ཡན་ལག་ཏུ་སྦྱར་བ་སྟེ། ཕྱོགས་ཉུལ་གྱི་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་སོ། །དགེའོ།།  +
།ཞེས་པའང་རྩ་གསུམ་པདྨ་གསང་ཐིག་དང་། ཐུགས་སྒྲུབ་བདེ་གཤེགས་འདུས་པ་གང་ལའང་སྦྱར་དུ་རུང་བའི་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་འདི་ཡང་གཏེར་གཞུང་རྡོ་རྗེའི་གསུང་ལ་འཐད་ལྡན་མན་ངག་གིས་ཟུར་བརྒྱན་ཏེ། བདུད་འཇོམས་ནམ་མཁའི་རྡོ་རྗེའི་ངག་ནས་སྨྲས་རིམ་བཞིན་བློ་གསལ་དཔལ་ལྡན་མཁའ་མཆོག་ནས་དག་ཅིང་མགྱོགས་པར་བྲིས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན་བཟང་པདྨ་ཀཱ་རའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སིདྡྷི་རསྟུ།།  +
ཞེས་རྣལ་འབྱོར་དབང་ཕྱུག་གྲགས་པས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སོ། །དགེའོ།།  +
ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གདམས་པའོ། །དགེའོ།།  +
ཅེས་པ་འདི་ཡང་ཚེ་ཕྱུག་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བྲིས་པའོ། །དགེའོ།།  +
ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  +