Property:Colophontib
From Dudjom Wiki
This is a property of type Text.
ཨ
ཞེས་པ་གླུ་མཁན་བདུད་འཇོམས་རྡོ་རྗེས་ཐད་ཤར་དུ་བྲིས་པ་དགེའོ།། +
ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྡོ་རྗེའི་ལུང་གིས་བསྔགས་པའི་སྐྱེས་བུ་དམ་པ་སེམས་ཉིད་རྡོ་རྗེས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་འཆོལ་མར་སྨྲས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། +
ཅེས་པ་འདི་ཀུན་དགའི་ངོར་དྲེད་རྒན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨྲས་པའོ།། +
བདུད་འཇོམས་པས་སྨྲས་སོ།། +
ཞེས་སྙིང་གཏམ་སུམ་ཅུ་སོ་ལྔ་པ་འདི་དད་ལྡན་རང་སློབ་ཕོ་མོ་འགའ་ཞིག་གི་ངོར་དམན་པ་སྔགས་སྨྱོན་བླུན་པོ་ས་ཕུག་ཏུ་ཉལ་བ་ལྷ་བཙུན་འོད་གསལ་སྙིང་པོས་སྨྲས་པའོ།། +
ཞེས་སྐྱེས་མཆོག་སངས་རྒྱས་རིན་ཆེན་གྱི་སྐྱེ་བརྒྱུད་ཀ་ལོ་པས་ནན་དུ་བསྐུལ་ངོར་མ་ནུས་བདུད་འཇོམས་རྡོ་རྗེའི་རྨི་ལམ་འཁྲུལ་པའི་སྣང་ཆ་རིས་སོ།། +
ཅེས་པ་འདི་ཡང་སྤྲང་བླུན་པོ་བདུད་འཇོམས་རྡོ་རྗེས་དོན་བཟང་གི་ངོར་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།། +
ཞེས་སློབ་བུ་དམ་པ་དབང་ཕྱུག་གིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ།། +
།ཞེས་པའང་ཚུལ་འདི་ལག་ཏུ་ལེན་པ་རྣམས་ལ་ཉེ་བར་མཁོ་བའི་སེམས་ཀྱིས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། +
ཅེས་ཕོ་རབ་སྤྱོད་པའི་གཏམ་ཚིགས་སུ་བཅད་པ་འདི་རང་སློབ་ཀླུ་འབུམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་ལབ་པའོ། །སྐྱེ་འགྲོ་སྲིད་ལས་སྒྲོལ་བའི་རྒྱུར་གྱུར་ཅིག །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། +
ཞེས་པ་འདི་ཡང་སློབ་བུ་དཔལ་ལོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། +
དད་ལྡན་སྟོང་གསལ་གྱི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་དགེའོ།། +
མི་རྒན་པོ་བདུད་འཇོམས་རྡོ་རྗེས། །བློ་བདེ་བའི་མཚར་གླུ་བླངས་ཡོད། །ཁྱོད་སློབ་བུ་ཨོ་རྒྱན་རྡོ་རྗེའི། །རྒྱུད་སྨིན་ཅིང་གྲོལ་བར་སྨོན་ནོ། །དགེའོ།། +
།ཞེས་པའང་རང་གཞན་རྣམས་འབྱུང་བ་འཁྲུགས་པའི་ཉེས་པ་སོགས་གནས་སྐབས་དང་མཐར་ཐུག་གི་རྒུད་པ་ཐམས་ཅད་སེལ་བའི་ཆ་རྐྱེན་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཤར་ཕྱོགས་ང་ཕོད་ལྟ་ན་སྡུག་གི་གཞལ་མེད་ཁང་དུ་གྲོ་བཞིན་ཟླ་བའི་ཡར་ངོའི་རྒྱལ་བ་གསུམ་པའི་དུས་ཚེས་བཟང་པོར་ཤར་མར་སྤེལ་བ་སིདྡྷི་རསྟུ༎ +