DJYD-KABUM-23-A-018: Difference between revisions

From Dudjom Wiki
DJYD-KABUM-23-A-018
m Text replacement - "༈" to " ༈ "
m Text replacement - "བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།" to "བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།"
 
(One intermediate revision by the same user not shown)
Line 5: Line 5:
|fulltitle=zab gsang mkha' 'gro'i snying thig gi 'pho ba'i ngag 'don
|fulltitle=zab gsang mkha' 'gro'i snying thig gi 'pho ba'i ngag 'don
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Zab gsang mkha' 'gro'i snying thig gi 'pho ba'i ngag 'don''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 23: 341-343. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Zab gsang mkha' 'gro'i snying thig gi 'pho ba'i ngag 'don''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 23: 341-343. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che'i bka' 'bum
|author=Dudjom Rinpoche
|author=Dudjom Rinpoche
|sourcerevealer=bdud 'joms gling pa
|sourcerevealer=bdud 'joms gling pa

Latest revision as of 16:37, 24 February 2026

Wylie title zab gsang mkha' 'gro'i snying thig gi 'pho ba'i ngag 'don
Location bdud 'joms rin po che'i bka' 'bum
Volume 23, Text 18, Pages 341-343 (Folios 1a1 to 2a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab gsang mkha' 'gro'i snying thig gi 'pho ba'i ngag 'don. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 341-343. Kalimpong: Dupjung Lama, 1979-1985.
Side notes Recto: 'pho ba   Verso: bdud 'joms gter byon
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Transference of Consciousness - 'pho ba
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཅེས་པའང་ཡེ་ཤེས་སྙིང་པོའི་སློབ་ཚོགས་ཀྱི་ངག་འདོན་དུ་གཏེར་གཞུང་ནས་བསྡུས་པ་སྟེ་ཛྙཱ་ནས་སོ།།

ces pa'ang ye shes snying po'i slob tshogs kyi ngag 'don du gter gzhung nas bsdus pa ste dz+nyA nas so//

[edit]
༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་འཕོ་བའི་ངག་འདོན་ནི། སྐྱབས་སེམས་སྔོན་དུ་འགྲོ་བས་འཁོར་བའི་སྒོ་དགུ་ཧཱུཾ་རེས་བཀག་པར་མོས་ལ། དངོས་གཞི་ནི། ཨེ་མ་ཧོཿ རང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ རང་ལུས་རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ ཞི་འཛུམ་དོར་སྟབས་མཚན་དཔེའི་ལང་ཚོས་མཛེས༔ སྐུ་དབུས་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ༔ སྙིང་གའི་གནས་ནས་སྤྱི་བོར་ཐ་ལེར་ཟུག༔ རིགས་ཀྱི་བདག་པོ་སངས་རྒྱས་འོད་དཔག་མེད༔ དམར་གསལ་མཉམ་བཞག་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཞི་འཛུམ་མཚན་དཔེ་རབ་རྫོགས་སྤྲུལ་སྐུའི་ཆས༔ སྐུ་ལ་བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྙིང་དབུས་རིགཔ་དྭངས་མའི་ཐིག་ལེར་གསལ༔ དབུ་མའི་ལམ་ནས་སྐར་མདའ་རྒྱུག་པ་བཞིན༔ སངས་རྒྱས་འོད་དཔག་མེད་པའི་ཐུགས་ཀར་འཕོ༔ ཞེས་གསལ་བཏབ་ལ། མོས་གུས་ཀྱི་གདུང་བ་དྲག་པོ་ཁ་ཙམ་མིན་པར་ཞེ་ཐག་པ་ནས་འདི་སྐད་དུ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་བའི་མགོན་པོ་པདྨ་འབྱུང༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ ཞེས་གསོལ་འདེབས་གང་ནུས་དང་། གསོལ་འདེབས་གཞན་སྤྲོ་ནའང་སྦྱར་བས་ཆོག །རྣམ་ཤེས་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་སྐར་མདའ་འཕང་བ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་མོས་ཤིང་རླུང་མིག་སེམས་གསུམ་གྱེན་དུ་གཏད་ལ་ཕཊ་སྒྲ་བདུན་ནམ་ཉེར་གཅིག་སོགས་ཀྱིས་སྤར། ཐུན་མཚམས་སུ་ཊ་ཞེས་རླུང་མིག་སེམས་གསུམ་སྙིང་གར་ཕབ་ནས། རིགས་བདག་འོད་ཞུ་དབུ་མའི་ལམ་བརྒྱུད་དེ། །སྙིང་དབུས་རང་སེམས་ཐིག་ལེར་རོ་གཅིག་འདྲེས། །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར། །ཞེས་ཚངས་བུག་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་བསམ་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝ་ནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་མཐར། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག ། མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཅེས་པའང་ཡེ་ཤེས་སྙིང་པོའི་སློབ་ཚོགས་ཀྱི་ངག་འདོན་དུ་གཏེར་གཞུང་ནས་བསྡུས་པ་སྟེ་ཛྙཱ་ནས་སོ།། །། ༈ ། གནས་ཡུལ་བདེ་ཆེན་དག་པའི་ཞིང་ཁམས་དབུས། །རང་ལུས་རྣལ་འབྱོར་མ་དཔལ་གྲི་ཐོད་ཅན། །ལུས་དབུས་དབུ་མ་ཡར་སྣེ་སྤྱི་བོར་ཧར། །སྙིང་གའི་ཐད་དུ་རླུང་སེམས་ཐིག་ལེའི་ཚལ། །སྤྱི་བོར་བླ་མ་འོད་དཔག་མེད་མགོན་བཞུགས། །གསོལ་བ་བཏབ་པས་ཐིག་ལེ་སྐར་མདའ་བཞིན། །བླ་མ་འོད་དཔག་མེད་པའི་ཐུགས་ཀར་འཕོས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་ནི་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊ། འདིར་སྤྲོ་ན་གསོལ་འདེབས་གཞན་ཡང་བྱ། འོད་དཔག་མེད་པ་འོད་ཞུ་རང་ལ་ཐིམ། །འཆི་མེད་ཚེ་ཡི་རིག་འཛིན་ཐོབ་པར་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝ་ནྟི་ཡེ་སྭཱ་ཧཱ། ཛྙཱ་ནས་སོ།། །།