བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། འ༽ · 40 Texts

From Dudjom Wiki
DJYD-KABUM-Volume-23-A



Karchag

Karchag PDF
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། ༼འ་༽ པ་འདིར། གཏེར་རྙིང་ཆོག་ཁྲིགས་སྐོར་ལ། རྒྱ་གར་པཎ་ཆེན་སོགས་ཨོ་རྒྱན་རིན་པོ་ཆེར་མཆོད་འབུལ་སུམ་བིད་མ་ལྡེབ་ ༢ རྩ་གསུམ་དགོངས་འདུས་བླ་སྒྲུབ་ལྡེབ་ ༢༥ དེའི་བརྒྱུད་འདེབས་ལྡེབ་ ༢ དང་། སྨན་མཆོད་ལྡེབ་ ༡ བསྐང་བ་ལྡེབ་ ༥ བཅས། ༈ གཏེར་ཁ་དགུ་འདུས་བཀའ་བརྒྱད་ཀྱི་སྒྲུབ་ཁོག་ལྡེབ་ ༢༨ དེའི་ཐིག་ཚོན་ལག་ལེན་ལྡེབ་ ༧ དང་། བྱིན་འབེབས་ལྡེབ་ ༣ བཅས། ༈ ཀར་གླིང་ཞི་ཁྲོའི་སྔོན་འགྲོའི་ལྷན་ཐབས་ལྡེབ་ ༣ སྔགས་གསོའི་དབང་བསྐུར་མཚམས་སྦྱོར་ལྡེབ་ ༡༠ བཅས། ༈ མཁྱེན་བརྩེའི་སྙན་བརྒྱུད་རྟ་མགྲིན་གྱི་ཕྲིན་ལས་ལྡེབ་ ༤ ༈ བདེ་གླིང་བསམ་ལྷུན་དབང་ཆོག་ལྡེབ་ ༣ ཡང་དབང་ཆོག་ཁྲིགས་བསྡེབས་ལྡེབ་ ༧ བཅས། ༈ བདུད་འཇོམས་ཚེ་སྒྲུབ་ལས་བྱང་ལྡེབ་ ༢༧ དེའི་བརྒྱུད་འདེབས་ལྡེབ་ ༤ དང་། འཆི་བསླུ་གཤིན་རྗེའི་གཏོར་ཆེན་ལྡེབ་ ༣༧ སྔོན་འགྲོའི་ངག་འདོན་བསྡུས་པ་ལྡེབ་ ༢ འཕོ་བའི་ངག་འདོན་ནང་གསེས་ལེ་ཚན་གཉིས་ལ་ལྡེབ་ ༢ ཁྲོས་མའི་འཕོ་བའི་དམིགས་ཟིན་ལྡེབ་ ༣ ཤན་དམར་ནང་སྒྲུབ་ཀྱི་སྲོག་འཁོར་བྲི་ཐབས་ལྡེབ་ ༢ ཨ་པར་ཙིཏྟའི་སྒྲུབ་ཐབས་ལྡེབ་ ༡༠ དེའི་སྐོང་བ་ལྡེབ་ ༢ དང་། སྦྱིན་སྲེག་ལྡེབ་ ༤ གདོན་གསུམ་ཡས་གླུད་ལྡེབ་ ༨ བཅས། ༈ སྨེ་བརྩེགས་ཁྲུས་ཆོག་ལྡེབ་ ༡༡ ༈ ཕུར་པ་བདུད་དཔུང་ཟིལ་གནོན་གྱི་སྒྲུབ་ཁོག་ལྡེབ་ ༣༣ ༈ པད་རྒྱལ་གླིང་པའི་དག་སྣང་བླ་སྒྲུབ་ལྡེབ་ ༧ དེའི་བརྒྱུད་འདེབས་ ༡ བཅས། ༈ རྩོམ་ཐོར་སྣ་ཚོགས་ལ། སྨྲ་སེང་སྒྲུབ་ཐབས་ལྡེབ་ ༢ གྲོ་ལོད་ཧཱུྃ་སྒྲུབ་རྩ་གཞུང་ལྡེབ་ ༡ གཏེར་སྲུང་ལུང་བཙན་གྱི་ཕྲིན་ལས་ལྡེབ་ ༥ རྣམ་སྲས་གསོལ་བསྡུས་ལྡེབ་ ༡ ཙི་དམར་གསོལ་བསྡུས་ལྡེབ་ ༡ རི་བོ་བསང་མཆོད་ལྡེབ་ ༤ མནོལ་བསང་སྤྱི་ཆིངས་ལྡེབ་ ༢ བསང་བསྡུས་ལེ་ཚན་གསུམ་ལ་ལྡེབ་ ༡ སྤྲིངས་ཡིག་ལྡེབ་ ༡ ཚོགས་བསྡུས་ལེ་ཚན་བཞི་ལ་ལྡེབ་ ༡ ལྷག་ཆོག་ལྡེབ་ ༡ སྲིད་པ་ཧུའི་རྒྱབ་ཡིག་ལྡེབ་ ༡ དང་། གླེགས་བམ་གྱི་དཀར་ཆགས་ང་རང་ལྡེབ་ ༢ བཅས་བསྡོམས་ལྡེ་གྲངས་ ༢༧༦ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ། ། ༈ མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །།