DJYD-KABUM-25-AA-012: Difference between revisions

From Dudjom Wiki
DJYD-KABUM-25-AA-012
m Text replacement - "༈" to " ༈ "
m Text replacement - "བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།" to "བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།"
 
(One intermediate revision by the same user not shown)
Line 5: Line 5:
|fulltitle=zhar la mchod rdzas sna tshogs kyi dge bsngo'i smon tshig gi skor
|fulltitle=zhar la mchod rdzas sna tshogs kyi dge bsngo'i smon tshig gi skor
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Zhar la mchod rdzas sna tshogs kyi dge bsngo'i smon tshig gi skor''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 25: 511-513. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Zhar la mchod rdzas sna tshogs kyi dge bsngo'i smon tshig gi skor''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 25: 511-513. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།
|collectiontitle=bdud 'joms rin po che bka' 'bum
|collectiontitle=bdud 'joms rin po che'i bka' 'bum
|author=Dudjom Rinpoche
|author=Dudjom Rinpoche
|tibgenre=Ritual Substances - rdzas
|tibgenre=Ritual Substances - rdzas

Latest revision as of 16:37, 24 February 2026

Wylie title zhar la mchod rdzas sna tshogs kyi dge bsngo'i smon tshig gi skor
Location bdud 'joms rin po che'i bka' 'bum
Volume 25, Text 12, Pages 511-513 (Folios 1a1 to 2a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zhar la mchod rdzas sna tshogs kyi dge bsngo'i smon tshig gi skor. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 511-513. Kalimpong: Dupjung Lama, 1979-1985.
Side notes Recto: mchod rdzas smon tshig   Verso: sna tshogs skor
More details More details
Genre Ritual Substances - rdzas

[edit]
༄༅། །ཞར་ལ་མཆོད་རྫས་སྣ་ཚོགས་ཀྱི་དགེ་བསྔོའི་སྨོན་ཚིག་གི་སྐོར་ལ། འདྲེན་མཆོག་སྲས་བཅས་རྒྱལ་བའི་སྤྱན་ལམ་དུ། །བདག་གཞན་བསོད་ནམས་ཚོགས་གཉིས་སྤེལ་བའི་སླད། །ས་སྙིང་ཐུར་སྲང་ལྔ་བཅུས་ལེགས་བསྐྲུན་པའི། །སྣང་གསལ་མཆོད་སྡོང་བཟང་པོ་འདི་ཕུལ་མཐུས། །རྒྱལ་བསྟན་གསང་ཆེན་སྙིང་པོའི་རིང་ལུགས་མཆོག །ནམ་ཡང་མི་ཉམས་དར་རྒྱས་ཡུན་གནས་ཤིང་། །བསྟན་འཛིན་སྐྱེས་མཆོག་དགེ་འདུན་འདུས་པའི་སྡེ། །འཁོར་ལོ་གསུམ་གྱི་མཛད་ཕྲིན་གོང་དུ་འཕེལ། །སྙིགས་མའི་དུས་ཀྱི་རྒུད་པ་ཀུན་ཞི་ནས། །ཆས་སྲིད་མངའ་ཐང་བདེ་སྐྱིད་རབ་ཏུ་འཕེལ། །ཡངས་པའི་རྒྱལ་ཁམས་ཕན་བདའི་དཔལ་ལ་སྦྱོར། །ཚུལ་འདིར་འབྲེལ་ཐོབ་གཙོ་གྱུར་མཁའ་མཉམ་འགྲོ། །མཐར་ཐུག་རྣམ་མཁྱེན་ཐར་པའི་གླིང་བགྲོད་ཤོག །ཅེས་པའང་ནང་ཆེན་རྗེ་འབངས་དད་པ་ཅན་རྣམས་ནས་མཆོད་ཀོང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་ཛྙཱ་ནས་སྤེལ་བ་ཤུ་བྷཾ།། །། ༈ །ཨོཾ་སྭསྟི་སིདྡྷཾ། གུ་རུ་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ། །རིན་གཉིས་མཆོད་ཏིང་བདུན་ཚར་བསྡོམ་ཚད་དུ། །རྒྱ་སྲང་ཉིས་བརྒྱ་སྐར་བཅུའི་གྲངས་ལྡན་འདི། །ཕུལ་དགེས་སྦྱིན་བདག་འབྲེལ་བཅས་ཚོགས་རྫོགས་ཤོག །ཅེས་པའང་རབ་ཚེས་ཤིང་རྟ་ཟླ་བ་ལྔ་པའི་ཚེས་གསུམ་ལ་དཔལ་རི་བཀྲ་ཤིས་ཀུན་ཟང་ཆོས་གླིང་གི་ཆབ་ཏིང་སྨོན་ཚིག་ཏུ་སྦྱར་བ་ཤུ་བྷཾ།། །། ༈ །བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ། །རིན་ཆེན་གཉིས་པའི་ཆབ་ཏིང་བཅུ་ཚར་ལ། །ཐུར་སྲང་ཆིག་བརྒྱ་དྲུག་ཅུའི་ལྗིད་ལྡན་པ། །ཕུལ་བས་བསོད་ནམས་ཚོགས་གཉིས་ཡོངས་རྫོགས་ཤོག །ཅེས་པའང་དཔལ་རི་བཀྲ་ཤིས་ཀུན་བཟང་ཆོས་གླིང་གི་ཆབ་ཏིང་གསར་བསྐྲུན་སྨོན་ཚིག་ཏུ་བྲིས་པ་དགེ། །། ༈ །རབ་འབྱམས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ། །རིན་ཆེན་དང་པོ་ཐུར་སྲང་བཅུ་བཞི་ལས། །ལེགས་བསྐྲུན་སྣང་གསལ་མཆོད་ཤོང་འདི་ཕུལ་མཐུས། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག ། ཚུལ་འདི་ལྷག་བསམ་དག་པའི་རྒྱུ་འབྱོར་མཁན། །དཔལ་བདེ་ཡུལ་སྤྱིའི་གཙོ་བྱས་འབྲེལ་ཐོབ་ཀུན། །གནས་སྐབས་ཚེ་རིང་ནད་མེད་བསམ་རྒུ་འགྲུབ། །མཐར་ཐུག་གཏན་བདེའི་དཔལ་ལ་དབུགས་འབྱིན་ཤོག །ཅེས་པའང་ཤིང་ལུག་ལོར་གསེར་ཀོང་གསལ་བསྐྲུན་གྱི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།། །། ༈ སྲས་བཅས་རྒྱལ་བ་རྒྱ་མཚོའི་སྤྱན་ལམ་དུ། །རིན་ཆེན་གཉིས་པ་ཐུར་སྲང་བརྒྱ་ཕྲག་གིས། །ཡོངས་བསྐྲུན་སྣང་གསལ་མཆོད་ཀོང་འདི་ཕུལ་དགེས། །འགྲོ་བའི་མ་རིག་མུན་པ་དྲུང་འབྱིན་ཤོག ། ཁྱད་པར་རྒྱ་སྦྱོར་རྡོ་རྗེ་རྒྱལ་པོས་གཙོའི། །དད་ལྡན་འབྲེལ་ཐོབ་སྐྱེ་འགྲོ་མ་ལུས་པ། །ཚེ་རིང་ནད་མེད་ཆོས་མཐུན་བསམ་པ་གྲུབ། །མཐར་ཐུག་པདྨ་འོད་དུ་བྱང་ཆུབ་ཤོག །ཅེས་ཤིང་ལུག་ལོར་དངུལ་ཀོང་རྒྱུན་བཀང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།