DJYD-SUNGTHORBU-01-AA-016: Difference between revisions

From Dudjom Wiki
DJYD-SUNGTHORBU-01-AA-016
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|volumeLetter=AA
|volumeLetter=AA
|pdflink=File:DJYD-SUNGTHORBU-01-AA-016.pdf
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
}}
}}

Latest revision as of 21:17, 9 November 2026

Wylie title cho ga'i zin bris skor thor bu
Location bdud 'joms rin po che'i gsung thor bu
Volume 1, Text 16, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Cho ga'i zin bris skor thor bu. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །ཆོ་གའི་ཟིན་བྲིས་སྐོར་ཐོར་བུ་བཞུགས་སོ།།

གྲོ་ལོད་གཏོར་ཟློག་གི་ཆོ་ག་གཏོང་ལུགས་ངག་ཁྲིགས་ལ། ཚིག་བདུན་མཐར་གསོལ་འདེབས་ཅི་རིགས་དང་བརྒྱུད་འདེབས་རྗེས་རོལ་མོ་དང༌། སྐྱབས་སེམས་ནས་བསྟོད་པའི་བར་སོང་སྟེ། བསྙེན་པ་ཧཱུྃ་བཟླས་ཆིག་སྟོང་སྐོར། རྩ་སྔགས་ཀྱང་ཆིག་སྟོང་སྐོར། དེ་ནས་བདག་གི་ཐུགས་ཀའི་ཆ་སྨད་སོགས་ཀྱིས་སྲུང་བའི་བཟླས་པ་བརྒྱ་སྐོར། ཕྱི་རོལ་སྲུང་བའི་འཁོར་ལོ་སོགས་ཀྱི་རྩ་སྔགས་ལ་བཛྲ་སརྦ་དུ་ན་དང་ཨ་ཡ་མ་དུ་རུ་སོགས་ཟློག་སྔགས་བཏགས་པ་ལྔ་བཅུ་སྐོར་མཐར་བདེན་སྟོབས་བཅས་རྣལ་འབྱོར་པ་བདག་ཅག་སོགས་སྨད་ལས་བཞིན་ཐལ་རྡེབ་ལན་གསུམ། བསད་པ་སྡིག་པ་སྙིང་འཛིན་རྒྱུན་དུ་རྩུབ་གཉན་ཆེ་བས། གོང་གི་བདག་ཉིད་དྲག་པོའི་ཐུགས་ཀ་སོགས་ཀྱིས་རྩ་སྔགས་གཟིར་སྔགས་སྤུ་གྲི་སུམ་སྦྲེལ་གྱི་བཟླས་པ་ལྔ་བཅུ་སྐོར་གྱིས་ཐུན་རྫས་ལ་ཕུས་འདེབས། དབང་དྲག་འབར་བའི་ལྷ་ཚོགས་གཤེགས། །སོགས་སྟོང་ཚིགས་ཀྱིས་ཞོག་ཚོགས་གྲོལ། ༈ དེ་ནས་ཚ་གུང་སྦྲེལ་མར། བསྐང་གསོའི་འདས་གཏོར་ནས་དམ་ཅན་སྤྱི་གཏོར། སྒེར་གསོལ་སྐབས་བསྟུན་སྡེ་བརྒྱད། གཏེར་གཞི། སྐོང་བཤགས་གཉེར་གཏད་བར་དང༌། ཚོགས་བྱིན་རླབས་ནས་བར་བཤགས་ཡན་སོང་རྗེས་སྨད་ལས་བསྐུལ་དང་གསེར་སྐྱེམས་ནས་ཞལ་བསྟབ་བར་དཀྱུས་བཞིན། འདིར་བསྒྲལ་བའི་ཤ་ཁྲག་བསྐང་རྗས་སུ་སྤྲོས་པའི་བདེ་ཆེན་འགྱུར་མེད་ཀུན་བཟང་སོགས་སྐོང་བ་གཏོང༌། འདི་སྐབས་ཚོགས་བཀྱེ་ཞིང་ལྷག་མ་བསྡུས་ལ་གྲོལ། ༈ བར་ཆ་སྔ་མར། ཧེ་རུ་ཀ་དཔལ་སོགས། ལྷག་གཏོར་རྗེས་གོང་གི་ཆོས་ཀྱི་དབྱིངས་ནས་སོགས་ཀྱི་བསྐུལ་མཐར་ཆོས་དབྱིངས་ཞི་ལས་སོགས་ཟློག་གཞུང་གྲངས་བསགས་ཀྱིས་གྲོལ། བར་ཆ་རྗེས་མར། ཟློག་གཞུང་གྲངས་གསོག་གང་འོས་མཐར། ཁྱུང་ཟློག་དང་སྡེ་བརྒྱད་འཕྱོང་རྗེས་སྔར་བཞིན་ཟློག་དམིགས་དང་བཅས་བཟླས་པ་ཉེར་གཅིག་ཐལ་རྡེབ་གསུམ་ནས། ཐུན་གཏོར་བསྔོས་ལ་ང་ནི་ཆེ་མཆོག་སོགས་ཟོར་བསྐུལ་རོལ་ཆེ་མཆོག་པདྨ་རྒྱག་སྟེ་གྲོལ། དགོང་ཚོགས་ལ། དམ་ཅན་གཏོར་སྐྱོང་དང་ཆད་བརྟན་སོགས་ནས་བཀྲིས་བར་རྒྱུན་སྲོལ་བཞིན། ༈ གྲོལ་ཉིན་མི་འདྲ་བའི་ཁྱད་པར། བར་ཆ་སྔ་མར། ཟློག་པའི་ཐལ་རྡེབ་བར་སྔར་བཞིན་གྲུབ་པ་དང༌། བཛྲ་པུཥྤེ་སོགས་ཀྱིས་མཆོད། ཆོས་ཀྱི་དབྱིངས་ལས་སོགས་ཤྭོ་ལོ་ཀས་བསྟོད། ཡིག་བརྒྱ་ཚར་གསུམ་མཐར། ཡེ་ཤེས་པ་མདུན་གྱི་སོགས། རྩ་སྔགས་ལ་ཨོཾ་བཛྲ་ཡཀྵ་ཏྲིག་ནན་སོགས་བཏགས་པ་བཟླས་པས་ཟོར་བསྒྲུབ། ཐུན་གཏོར་གཏོར་ཆེན་དུ་ཕུལ་ལ་གྲོལ། ༈ བར་ཆ་རྗེས་མར་གཏོར་ལམ་འཐེན། སློབ་དཔོན་སྔགས་ཆས་སུ་ཞུགས་པས། སྒོ་དབྱེ་བསྐུལ་ཆད་མདོ་བཅས་མཐར་རོལ་ཆེ་མཆོག་པདྨས་འཕང་བའི་སར་སློབ་དཔོན་ནས། གསེར་སྐྱེམས་སྔར་བཞིན་དང༌། ང་ནི་བདུད་འདུལ་སོགས་མཐར་ཁྲག་འཐུང་དབང་དྲག་སོགས་ཀྱིས་ཟོར་རྣམས་རིམ་པར་འཕང་རྗེས། ང་ནི་ཆེ་མཆོག་སོགས་ཀྱིས་གཏོར་ཆེན་འཕང༌། ང་ནི་དབང་དྲག་སོགས་སྲུང་འཁོར་གྱིས་ལྡོག་སྟེ་སྒོ་དྲུང་དུ་བརྟན་མ་བསྐྱང་ལ་བྲོ་བརྡུང༌། བདེ་གཤེགས་གཅིག་བསྡུས་སོགས་བཀྲ་ཤིས་ཀྱིས་ནང་དུ་ལོག ༈ དགོང་ཚོགས་ལ། མཚོ་སྐྱེས་ཐུགས་ཐིག་བཞིན་ཚེ་ཛྲཔ་བརྒྱ་རྩ་བཟླས་ནས། པདྨ་དྲྭ་བ་སོགས་ཚེ་དགུགས་རྒྱས་གཏབ་བཅས་མཐར། བདེ་གཤེགས་ཀུན་འདུས་སོགས་ཀྱིས་དངོས་གྲུབ་བླང༌། དེ་ནས་དམ་ཅན་གཏོར་སྐྱོང་དང༌། གཞུང་གི་གཏང་རག་བཟོད་གསོལ་ནས་ཤིས་བརྗོད་བར་མཐར་དབྱུང་བས་གྲུབ་བོ།། །། ༄༅། །བདུད་འདུལ་ཚེ་དཀར་ལས་བྱང་ལ་སྐྱབས་རྗེ་རིན་པོ་ཆེའི་མཆན་བུ་གནང་བ། མཚམས་བཅད་ནས། རྡོ་དྲིལ་ལེན། བཞི་དྲིལ། དཀར་བགེགས། བགེགས་ཞེས་བྱ་བའི་མིང་ཡང་མེད། དྲིལ་ཌཱ། སུམ་བྷ་ནི། བྱིན་འབེབས་བཞི་དྲིལ། མཐར་ཌཱ། མཆོད་རླབས་ཌཱ། ལྷ་བསྐྱེད་བཞི་དྲིལ། རྡོར་གསོར་གྱིས་སྤྱན་འདྲེན། མཐར་ཌཱ། བཞུགས་གསོལ་སོགས་བཞི་དྲིལ། མཆོད་པ་མཐར་ཌཱ། བསྟོད་པ་རྗེས། རྡོར་དྲིལ་བཞག རྡོར་དྲིལ་ནས། མདའ་དར་བཅས་ཚེ་འགུགས་བཞི་དྲིལ། རྗེས་ཚོགས་མཆོད། སརྦ་དྲ་བྱཾ། རྡོར་དྲིལ་ལེན། བཞི་དྲིལ། ཡིག་བརྒྱར་དྲིལ། ནྲྀ་ཏྲི་སོགས་འགུགས་རྒྱ་དང༌། ཛཿཧཱུྃ་རང་རྒྱ། ཞལ་བསྟབ་རྗེས་བསམ་ལྷུན་སོགས། རྡོ་དྲིལ་བཅས་ལྷག་མ་ཌཱ། རྡོ་དྲིལ་བཅས་ཆད་བརྟན་བཞི་དྲིལ་མཇུག ཌཱ། མཆོད་པར་ཌཱ། རྡོ་དྲིལ་བཅས་བཀྲ་ཤིས་ཌཱ། བཅས་ཀྱིས་གྲོལ། ༄༅། །བླ་མ་ཨོ་རྒྱན་ནོར་ལྷའི་ཆོ་ག་གཏོང་ལུགས་ལ། བདག་བསྐྱེད་བསྙེན་བསྟོད་རྗེས་མཆོད་པ་བྱིན་རླབས་སྐྱར་མདུན་བསྐྱེད་ནས་བསྙེན་བསྟོད་རྗེས་ཚོགས་བསྒྲལ་བ་ནས་གཡང་འགུགས། དེ་ནས་ཆོ་ག་སྐྱར་འབྲིང་པོ་བསྙེན་བསྟོད་རྗེས་གཡང་འགུགས། བསྡུས་པ་གཡང་འགུག་ཁོ་ནས་གྲངས་བཟུང༌། ༄། །མཁའ་འགྲོའི་བླ་བསླུའི་བླ་ལུག་ཁོག་པར་སྲོག་གི་རྟེན་རྒྱ་ཤོག་ལ་གུར་གུམ་གྱིས་རྩ་སྔགས་ཤམ་ཅན་གྱི་མཐར་ཧ་བཛྲ་ཨཾ་ཀུ་ཤ་ཌཱ་ཀི་ནཱི་ཛཿ རི་རཏྣ་པཱ་ཤ་ཌཱ་ཀི་ནཱི་ཧཱུྃཿ ནི་པདྨ་སྥོ་ཊ་ཌཱ་ཀི་ནཱི་བྃཿ ས་ཀརྨ་གཎྜེ་ཌཱ་ཀི་ནཱི་ཧོཿ ཚེ་བྷྲུྃ་གཡུ་བྷྲུྃ་སིདྡྷི་བྷྲུྃཿ ཨ་ཡུར་པུཎྱེ་ཛྙཱ་ན་བྷྲུྃཿ མིང་འདི་ཞེས་བྱ་བའི་བླ་ཚེ་སྲོག་གསུམ་ཉམས་པ་ བརྐུས་པ་ འཕྲོག་པ་ ཁྱེར་པཐམས་ཅད་རྟེན་འདི་ལ་མཆིས་པར་གྱུར་ཅིག ཛཿ ཧཱུྃ་བྃ་ཧོ། ཞེས་ཤིན་ཏུ་ཕྲ་བ་ཚེག་མེད་ཕྲེང་གཅིག་པར་རང་སྔགས་རྟེན་འབྲེལ་སྙིང་པོའི་རབ་ཏུ་གནས་ལ་དབུ་ནས་ནང་བསྟན་དུ་དྲིལ། དབུ་ཞབས་མ་ལོག་པར་ལུག་འགོ་ལ་སྟན་དགོས། སྒྲུབ་ནས་ནད་པ་ལ་ཁྱུར་མིད་ཟ་རུ་འཇུག །བླ་ལུག་ཕོ་ལ་ར་ཡོད་པ་དང་མོ་ལ་ར་མེད། བླ་མ་ཨོ་རྒྱན་ནོར་ལྷའི་ཆོ་ག་གཏོང་ལུགས་ལ། བདག་བསྐྱེད་བསྙེན་བསྟོད་རྗེས་མཆོད་པ་བྱིན་རླབས་སྐྱར་མདུན་བསྐྱེད་ནས་བསྙེན་བསྟོད་རྗེས་ཚོགས་བསྒྲལ་བ་ནས་གཡང་འགུགས། དེ་ནས་ཆོ་ག་སྐྱར་འབྲིང་པོ་བསྙེན་བསྟོད་རྗེས་གཡང་འགུགས། བསྡུས་པ་གཡང་འགུགས་ཁོ་ན་གྲངས་བཟུང༌།