DJYD-SUNGTHORBU-01-AA-020: Difference between revisions

From Dudjom Wiki
DJYD-SUNGTHORBU-01-AA-020
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|volumeLetter=AA
|volumeLetter=AA
|pdflink=File:DJYD-SUNGTHORBU-01-AA-020.pdf
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
|InitCategories=Dudjom Tersar Project; DJYD-SUNGTHORBU-Volume-01-AA
}}
}}

Latest revision as of 21:17, 9 November 2026

Wylie title gter chen bla ma skyabs rje bdud 'joms rin po che'i rnam thar zin tho nyin deb phyag bris dngos las zhal bshus pa
Location bdud 'joms rin po che'i gsung thor bu
Volume 1, Text 20, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gter chen bla ma skyabs rje bdud 'joms rin po che'i rnam thar zin tho nyin deb phyag bris dngos las zhal bshus pa. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །གཏེར་ཆེན་བླ་མ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་རྣམ་ཐར་ཟིན་ཐོ་ཉིན་དེབ་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་བཞུགས་སོ།། རང་ལོ་བཅུ་གསུམ་མེ་འབྲུག་ཟླ་༣་ནས་འཇམ་དཔལ་གསང་འདུས་བསྙེན་པ་བཏང༌། ཟླ་༧ཚེས་ལ་བྲ་ཡུལ་ནས་རྗེ་བླ་མ་ཕུག་སྤྲུལ་འགྱུར་མེད་ངེས་དོན་དབང་པོ་སྤྱན་འབྲུག་བརྒྱུད་གཏེར་ཁོངས་སུ་ཕེབས་ཏེ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ། ༈ རང་ལོ་༣༢་སོན་པ་ཤིང་ཕག་ལོ་ཟླ་༣་ཚེས་༥་རྒྱལ་ཕུར་འགྲུབ་སྦྱོར་ཉིན་གཏེར་ཁོག་བདེ་ཆེན་ཆོས་གླིང་གཙང་གྲྭ་གསར་འཛུག་ཐོག་རྟེན་གསུམ་མཆོད་རྫས་འཆམས་ཆས་སོགས་གཞུང་དེབ་གསར་འགོད་ཀྱིས་གྲྭ་དམངས་ལས་སྣེ་ཐུན་མོང་ལ་རྩིས་སྤྲོད་བགྱིས། ཚེས་༡༠་ཉིན་གཏེར་ཁོག་ནས་སྡོག་ཐོན་གྱིས་རིམ་པར་ཤིས་རོང་བརྒྱུད་གཏམ་སྙན་ལ་བརྒལ་ཏེ་ཀོང་པོར་འབྱོར་ནས་རེ་ཞིག་ཨ་དར་སངས་རྒྱས་རྡོ་རྗེའི་སར་བསྡད། ཟླ་༥་ཚེས་༡་ཉིན་༼ཐིམ་༽གུ་རུའི་སྒྲུབ་ཕུག་ཏུ་ཕྱིན། ཚེས་༢་ཉིན་གནས་མཇལ་དང་ཚོགས་མཆོད་རབ་གནས་དང་འབྲེལ་བ་གཟབ་རྒྱས་བྱས། ཚེས་༣་ཉིན་དད་འདུས་ལ་ཚེ་དབང་བསྐུར། ཚེས་༡༣་ལ་གཏམ་སྙན་ནས་ཐོན། རིམ་པར་ཉང་ཁ་བརྒྱུད་དེ་ཟླ་༦་ཚེས་༨་ཉིན་བང་རི་འཇོག་པོར་སླེབས། རྟེན་མཇལ་མཆོད་འབུལ་ཞུས། དེ་ནས་རིམ་པར་ལམ་ཞོར་བྲག་གསུམ་མཚོ་བསྐོར་དུ་ཁྱུག་ཙམ་ཕྱིན་ཅིང༌། ཟླ་༧་ཚེས་༨་ལ་ལྷ་སར་འབྱོར། དགའ་གླིང་ཤར་དུ་གནས་ཚང་བསྡད། ཟླ་༨་ཚེས་༡༢་ལ་རག་སྨད་དུ་སྤོས་ནས་བསྡད། ཟླ་༩་ཚེས་༢་ཉིན་ལ་དྭགས་སྟག་ཚང་རིན་པོ་ཆེ་ཕེབས་པར་ཐུགས་བཞེད་གཏེར་གསར་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་གི་སྟ་གོན་དང༌། ཚེས་༡༣་ཉིན་དབང་ཆེན་དངོས་གཞི། ཕྱི་ཉིན་ནས་ལུང་སོགས་ཕུལ། ཚེས་༢༡་ཉིན་ལྷ་ས་ནས་ཐོན། འབྲོམ་སྟོད་བརྒྱུད་ཀོང་པོར་ལོག་སྟེ། ཟླ་༡༠་ཚེས་༡༠་ལ་བྲག་གསུམ་འབྲི་སྤང་དུ་འབྱོར། སྤྲུལ་སྐུ་ནོར་བུ་སོགས་དད་འདུས་ལ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་ཁྲིད་ལུང་གསུམ་སོགས་ཚུགས། ཟླ་༡༡ཚེས་༥་ནས་ཕུར་སྒྲུབ་སྨན་སྒྲུབ་སྦྲེལ་མ་ཚུགས། ཚེས་༡༥་ལ་དངོས་གྲུབ་བླངས་ཤིང་རྒྱས་སྲེག་སོགས་མཐའ་རྒྱས། བང་རི་གྲྭ་ཚང་འབྱོར་བར་དགོངས་བཞེད་ཚེས་༡༨་ནས་འཇའ་ཚོན་པོད་དྲུག་གི་དབང་ལུང་ཚུགས། ཚེས་༢༥་ལ་ཡོངས་རྫོགས་གྲུབ་ནས་མཐར་དགེ་ཚོགས་སྐོང་སོགས། ཟླ་༡༢་ཚེས་༡་བདུད་འདུལ་དགོངས་པ་ཡོངས་འདུས་ཀྱི་དབང་ཁྲིད་ལུང་སོགས་ཚུགས། ཚེས་༨་ལ་གྲུབ། ཚེས་༡༡་ཉིན་འབྲི་སྤང་ནས་ཐོན། ཉང་ཁ་བརྒྱུད་ང་ཕོད་ཕོ་བྲང་དུ་འབྱོར། ཐུགས་བཞེད་ཞབས་བརྟན་སོགས་བསྒྲུབ།། ༈ མེ་བྱི་ཟླ་༡་ཚེས་༥་ལ་ང་ཕོད་ནས་ཐོན། ཚེས་༡༤་ལྷ་སར་འབྱོར། འཕྲལ་བདེ་གླིང་ཁར་གནས་ཚང༌། མེ་བྱི་ཟླ་༣་ཚེས་༤་ལ་གཟིམ་བསམ་ཕོར་བཅར་ཚེ་དབང་སོགས་ཕུལ། ཚེས་༡༢་ཉིན་ཕུར་པ་གནམ་ལྕགས་སྤུ་གྲིའི་སྤར་ཡིག་འབྲི་རྒྱུའི་དབུ་ཚུགས། ཟླ་༦་ཚེས་༣་ལ་ལྷ་ས་ནས་ཐོན། ཆུ་ཤུར་ནས་ཉི་ཏོ་ལ་བརྒྱུད་ཕག་རིར་སླེབས། ཞག་ཤས་བསྡད། དེ་ནས་སྤྲེ་མོ་ལ་བརྒལ་ཏེ་ཟླ་༧་ཚེས་༨་ཉིན་འབྲུག་སྤ་གྲོར་འབྱོར། ཚེས་༡༠་ཉིན་སྤ་གྲོ་དཔོན་སློབ་ཐོག་མར་མཇལ། ཚེས་༡༥་ལ་བྲག་དཀར་པོར་ཕྱིན། ཚེས་༡༨་ལ་སྟག་ཚང་དཔལ་ཕུག་ཏུ་ཕྱིན། ཚེས་༢༠་ནས་བླ་མ་ཞི་དྲག་གི་བསྙེན་འབྲེལ་བགྱིས། ཟླ་༨་ཚེས་༥་ལ་སྤ་གྲོ་ལྡུམ་རར་འབྱོར་ནས་མི་རྗེར་དབང་ལུང་འབུལ་རྒྱུའི་དབུ་ཚུགས། གཏེར་མཛོད་ཁོངས་ནས་མཁོ་གྲས་བདུད་འདུལ་ནམ་རྒྱལ། བདུད་འཇོམས་ཕུར་པ་དང་ཁྲོས་མ་སོགས། མཛོད་བདུན་ལུང་སོགས་ཁྱོན་ཟླ་བ་༢་རིང་བཞེད་ཆོས་མང་པོའི་དབང་ལུང་ཕུལ། མེ་བྱི་ཟླ་་༡༠་ཚེས་༡༩་ལ་སྤ་གྲོ་ནས་ཐོན། ཧ་བརྒྱུད་བསམ་རྩེ་ནས་རྒྱ་གར་དུ་འབྱོར། ཟླ་་༡༡་ཚེས་༥་ལ་བལ་ཡུལ་དུ་ཕྱིན། འཕགས་པ་ཤིང་ཀུན་སོགས་མཆོད་རྟེན་རྣམ་གསུམ་མཇལ། ཚེས་༧་ཉིན་ཡང་ལེ་ཤོད་དང༌། ཨ་སུ་རའི་བྲག་ཕུག་སོགས་མཇལ། ཚེས་༡༡་ལ་རྡོ་རྗེ་གདན་དུ། ཚེས་༡༣་ལ་ཀ་ལི་ཀ་ཏ་ནས་སླར་བསམ་རྩེ་བརྒྱུད་ཀ་ལེན་སྤུངས་སུ་སླེབས། ཟླ་༡༢་ཚེས་༡༣་ལ་སྒང་ཏོག་ཏུ་སླེབས། རྒྱལ་པོ་མཇལ། ༈ མེ་གླང་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༡༢་ཉིན་སྔ་དྲོ་བུ་ཕན་བདེ་བཙས། ཕོ་བྲང་དུ་ཞབས་བརྟན་མང་པོ་བསྒྲུབས། ཟླ་༢་ཚེས་༡༤་ནུབ་ཀློང་ཆེན་པ་མཇལ་ཏེ་མཛོད་བདུན་དང་རྒྱུད་གསང་སྙིང་སོགས་དཀའ་གནད་དོགས་སེལ་ཞུས་ཤིང་ཉིད་ཀྱི་དགུང་གྲངས་༣༧་བར་གྱི་རྣམ་ཐར་གསུངས་པ་རྨིས། ཚེས་༢༢་ཉིན་འབའ་ཉག་རིན་པོ་ཆེ་མཇལ། ཟླ་༣་ཚེས་༤་ཉིན་རྡོ་རྗེ་གླིང་དུ་ཕྱིན་ནས་སྨན་བཅོས་སོགས་བྱས། ཚེས་༢༧་ཉིན་སྒང་ཏོག་ཏུ་ལོག ཟླ་༤་ཚེས་༡་ལ་འབའ་ཉག་རིན་པོ་ཆེར་གསང་ཐིག་ཡབ་ཡུམ་གྱི་དབང་ལུང་ཕུལ། ཕོ་བྲང་ཞབས་བརྟན་སྐབས་ཕོ་བྲང་འོག་གི་ས་གནད་དུ་ཕུར་པའི་ལྷ་ཁང་ཚད་ལྡན་ཞིག་མ་བཞེངས་ན་ནམ་ཞིག་འབངས་གྱེན་ལོག་གིས་རྒྱལ་པོ་དམངས་སུ་འབེབས་པའི་དུས་ཞིག་ཡོང་ངོ་ཤར་ཚུལ་ཞུས་པ་བཞིན། རྒྱལ་བློན་རྣམས་ནས་དེ་ལྟར་བསྒྲུབ་བཞེད་ཀྱིས་ས་སློང་འདུལ་དགོས་ཕེབས་བཞིན། ཟླ་༤་ཚེས་༨་ལ་སྒང་ཏོག་འོག་གི་རི་འབུར་སྟེང་ཕུར་པའི་ལྷ་ཁང་བཞེངས་རྒྱུའི་ས་ཆོག་སོགས་བགྱིས། ཚེས་༩་ལ་འབྲས་ལྗོངས་ལྷ་ལྕམ་སྐུ་ཞབས་ལ་ཕུར་པའི་དབང་ལུང་སོགས་བཏོན། ཚེས་༢༣་ལ་སྒང་ཏོག་ནས་བོད་དུ་སྡོག་ཐོན་བྱས། གྲོ་མོ་སྨད་དུ་རེ་ཞིག་བསྡད། ཟླ་༦་ཚེས་༡༩་ལ་ཐོན་ཏེ་ཕག་རིར་སླེབས་མཚམས། དཔོན་པོས་སྤ་གྲོ་ནས་བསུ་བ་ཆེད་རྫོང་འབྱོར་བ་བཞིན་ཟླ་༧་ཚེས་༢༣་ལ་སྤྲེ་མོ་ལ་བརྒལ་ཏེ་སྤ་གྲོར་ཕྱིན། ཚེས་༢༧་ལ་སྟག་ཚང་དཔལ་ཕུག་ཏུ་འབྱོར་ནས་མི་རྗེའི་དགོངས་བཞེད་ཀྱིས་སྨན་སྒྲུབ་གྲབ་ཤོམ་དང་བསྙེན་པ་ཁ་གསོས་སོགས་ཚུགས། ཟླ་༩་ཚེས་༡་བདུད་འཇོམས་ཕུར་པའི་སྨན་སྒྲུབ། བདུད་འདུལ་ནམ་རྒྱལ་གྱི་དབང་ཆོག དགོངས་པ་ཡོངས་འདུས་ཀྱི་བསྙེན་ཡིག་སོགས་ཆོག་ཁྲིགས་འགའ་ཙམ་བགྱིས། ཟླ་༡༠་ཚེས་༨་ནས་དཔལ་ཕུག་ཏུ་ཕུར་པའི་སྨན་སྒྲུབ་ཀྱི་ས་ཆོག་རྒྱན་འགོད་སོགས་དང༌། ཚེས་༡༠་ནས་དངོས་གཞི་ཁྲོལ་སྒྲུབ་ཚུགས་པའི་ཞག་༣་སོང་བའི་ཉིན་སྨན་ཟངས་ཕྱི་ནས་བདུད་རྩིའི་རྒྱུན་དངོས་སུ་བབས་པ་སོགས་མཚན་ལྟས་བཟང༌། ཚེས་༡༣་ནས་ཕྱེ་སྒྲུབ། ཚེས་༡༧་ཉིན་དངོས་གྲུབ་བླངས་ཏེ་མཐར་རྒྱས་སོགས་ཀྱིས་གྲུབ། ཚེས་༢༣་ལ་སྟག་ཚང་ནས་ལོག་སྟེ་སྐྱེར་ཆུ་ལྷ་ཁང་དུ་འབྱོར། ཕུར་པའི་སྒོ་ནས་ཚོགས་མཆོད་སྟོང་ཕྲག་སོགས་དང༌། ཚེས་༡༥་ཉིན་ཐུགས་ཆེན་ནམ་རྒྱལ་སྒོ་ནས་རབ་གནས་དང་སྟོང་མཆོད་ཕུལ། ཚེས་༢༢་ལ་སྤ་གྲོ་ལྡུམ་རར་འབྱོར། ཟླ་༡༠་ཚེས་༥་ནས་ནམ་རྒྱལ་སྦྱིན་སྲེག་བདག་འཇུག་སོགས་ཆོག་ཁྲིགས་རིགས་དང༌། ཟླ་༡༡་ཚེས་༡༨་སྤ་གྲོ་རབ་བྱུང་གྲྭ་ཚང་ལ་དགོངས་འདུས་སོགས་དབང་ལུང་འདོད་ཆོས། ཟླ་༡༢་ཚེས་ནས་ཞབས་བརྟན་རིགས་སྣེ་མང་བསྒྲུབས། ༈ ས་སྟག་ལོ་གསར་རྟེན་འབྲེལ་དང༌། ཟླ་བ་གཉིས་རིང་ཞབས་བརྟན་༼སོགས་ནས་༽ཁ་ཤས་དང་བྱིང་དལ་སྡོད། ཟླ་༣་ཚེས་༡༠་ལ་སྤ་གྲོའི་དུས་མཆོད་མཇལ། ཟླ་༣་ཚེས་༥་ཉིན་གཟིམ་དཔོན་སོགས་དད་འདུས་ཁ་ཤས་ལ་དབུ་མ་ལུགས་ཀྱི་བྱང་སྡོམ་འབོགས། ཚེས་༡༥་ལ་སྤ་གྲོ་ནས་ཐོན་ཏེ་རྒྱལ་རྩེ་བརྒྱུད། ཟླ་༤་ཚེས་༧་ལ་ལྷ་སར་འབྱོར། ར་མོ་ཆེ་བོན་ཤོད་རྙིང་པར་བསྡད། ཚེས་༢༥་ལ་གླིང་ཚང་རྒྱལ་པོ་པདྨ་བཞད་པ་མཇལ། ཟླ་༥་ཚེས་༢༢་ཉིན་གླིང་གཏེར་མདུན་ནས་ཉིད་ཀྱི་ཚེ་ཡུམ་ཙཎྜ་ལིའི་དབང་ལུང་ཁྲིད་སོགས་ཞུས། སྨིན་གླིང་མཁན་རིན་པོ་ཆེས་ཀྱང་གསན་པ་གནང༌། ཚེས་༣༠་ལ་གླིང་གཏེར་ལ་གནམ་ལྕགས་སྤུ་གྲིའི་དབང་ཆེན་སྟ་གོན་དང༌། ཟླ་༦་ཚེས་༡་ཉིན་དངོས་གཞི་ཕུལ། ཕྱི་ཉིན་ནས་ལུང་དང༌། ཁྲོས་མའི་དབང་སོགས་རིམ་པར་ཕུལ། ཚེས་༡༠་ཉིན་གླིང་གཏེར་མདུན་ནས་འཕགས་མའི་སྙིང་ཐིིག་གི་ཡང་ཟབ་ཚེའི་བྱིན་རླབས་ཞུས། ཚེས་༡༥་ཉིན་རྩེ་པོ་ཏ་ལར་མཆོད་མཇལ་དུ་སོང༌། ཟླ་༧་ཚེས་༩་ལ་ལྷ་ས་ནས་ཐོན། ཀོང་པོ་ལོང་པོ་བདེ་དགོན་དུ་ཚེས་༢༠་ཉིན་འབྱོར། བླ་གྲྭ་རྣམས་ལ་ཕུར་པའི་དབང་ཆེན་ཁྲིད་ལུང་སོགས་བགྱིས། ཟླ་༨་ཚེས་༡་ལ་བདེ་དགོན་ནས་ཐོན་ཏེ་རིམ་པར། ཚེས་༢༠་ཉིན་ལྷ་སར་འབྱོར༌། ཟླ་༩་ཚེས་༡༢་ཕུར་པའི་སྤར་ཡིག་འབྲི་རྒྱུའི་དབུ་ཚུགས། བསྡོད་གནས་ཤར་སྤྱི་རྒྱབ་ཏུ་སྤོས། ཟླ་༡༡་ཚེས་༢་ཉིན་བུ་ཚུལ་ནོར་ཞེའུ་དགོན་གྱི་སྤྲུལ་སྐུར་ངོས་འཛིན་དང་རྟེན་འབྲེལ་སོགས་ཞུས་བྱུང༌། ཟླ་༡༡་ཚེས་༡༨་ལ་ཐོན་ཏེ་ཚེས་༢༠་ལ་སྨིན་གླིང་དུ་སོང༌། གཅུང་རིན་པོ་ཆེ་མཇལ་ཞིང་གླིང་ཁར་བསྡད། ཚེས་༢༥་ནས་ཉིན་༧་བར་རྡོར་འཛིན་བདེ་ཆོས་ལགས་སུ་ཇོ་ནང་ཁྲིད་བརྒྱའི་ཁྲིད་ལུང་ཕུལ། ཟླ་༡༢་ཚེས་༣་ཉིན་བུ་ཕྲིན་ནོར་སྨིན་གླིང་དགོན་དུ་སྒྲིིགས་ཞུགས་ཆོས་མཛད་བཏང༌། ཚེས་༡༧་ལ་སྨིན་གླིང་ནས་ཐོན། བྱེ་ལ་བརྒྱུད་ཚེས་༢༡་ལ་ལྷ་སར་འབྱོར། ཚེས་༢༧་ལ་ལྷ་ས་ནས་ཐོན། ཆུ་ཤུར་ནས་ཉི་རོ་ལ་བརྒྱུད། ༈ ས་ཡོས་ཟླ་བ་༡་ཚེས་༧་ལ་སྒང་ཏོག་ཏུ་འབྱོར། ཚེས་༡༤་ཉིན་བཀྲ་ཤིས་ལྡིངས་སུ་ཕྱིན། ཚེས་༡༥་ལ་བུམ་པ་མཇལ་ཞིང་ཚོགས་མཆོད་ཕུལ། ཚེས་༡༧་ལ་ཐོན། ཀ་ལི་ཀ་ཏར་ཕྱིན། ཚེས་༢༥་ལ་ཀ་ཏ་ནས་ཐོན། རང་གི་ཡ་བར་རིལ་སྒ་རིས་དང༌། དེ་ནས་མོ་ཀྲོལ་ཐོག་རྒྱ་གུ་དམ་དུ་སླེབས་ནས་གདུང་བསམ་བརྒྱུད་ཟླ་༢་ཚེས་༢་ཉིན་འབྲུག་བཀྲ་ཤིས་སྒང་རྫོང་དུ་འབྱོར། རྫོང་གསར་བཞེངས་གྲུབ་པའི་རབ་གནས་རན་པའི་ཁ་ཐུག་ཁེལ་ཏེ་བླ་མ་དགོངས་འདུས་སྒོ་ནས་རབ་གནས་རྒྱས་པར་བསྒྲུབས། གཞན་ཡང་དཔོན་པོར་ཉེར་མཁོའི་དབང་ལུང་མང་པོ་དང་ཞབས་བརྟན་སོགས་བགྱིས། ཟླ་༣་ཚེས་༡༣་ལ་བཀྲ་ཤིས་སྒང་ནས་ཐོན། སྤང་ཆེན་བརྒྱུད་ཤར་ལ་བརྒལ་ཏེ་མཚོ་སྣར་སླེབས། དེ་ནས་རིམ་པར་ཡར་ཀླུང་བརྒྱུད་སྨིན་གླིང་དུ་ཚེས་༢༧་ལ་འབྱོར། ཟླ་༤་ཚེས་༡༧་ཉིན་སྨིན་གླིང་ནས་ཐོན། ཚེས་༢༠་ཉིན་ལྷ་སར་འབྱོར། ཟླ་༥་ཚེས་༡༣་ཉིན་བུ་ཞེ་མདོ་སྤྲུལ་སྐུ་ཁམས་སུ་ཐོན། ཚེས་༡༥་ཉིན་ས་སྐྱ་སྒྲོལ་མ་ཕོ་བྲང་གི་གདུང་སྲས་བོན་གཟིམ་དུ་བཞུགས་པ་མཇལ། ཟླ་༧་ཚེས་༢༣་ཉིན་དད་འདུས་ཁ་ཤས་ལ་ཕུར་པའི་དབང་ཆེན་སོགས་བསྐུར། ཟླ་༨་ཚེས་༢༥་ཉིན་༧གོང་ས་རྒྱལ་དབང་བཅུ་བཞི་པ་བོད་དུ་ཐོག་མར་གདན་དྲངས་པ་མཇལ། ཟླ་༡༡་ཚེས་༤་ཉིན་རྒྱལ་ཚབ་སྲིད་སྐྱོང་རྭ་སྒྲེང་མཇལ་ཁ་ཞུས། ཟླ་༡༢་ཚེས་༡་ལ་དད་འདུས་ཁ་ཤས་ལ་ཕུར་པའི་དབང་ཁྲིད་ལུང་སོགས་བགྱིས། ༈ ལྕགས་འབྲུག་ལོ་གསར་རྟེན་འབྲེལ། ཟླ་༢་ཚེས་༣་ཉིན། སྡོད་གནས་དྲུང་སྤྱི་གླིང་ཁར་སྤོས། ཟླ་༣་ཚེས་༡༠་བུ་རྡོ་རྗེ་དཔལ་བཟང་བཙས། ཚེས་༢༩་ལྷ་ས་ནས་ཐོན། ཕག་རི་བརྒྱུད་ཟླ་༤་ཚེས་༡༨་ལ་སྤ་གྲོར་འབྱོར། མི་རྗེར་བཞེད་ཆོས་དབང་ལུང་དང་ཞབས་བརྟན་སོགས་བགྱིས། ཟླ་༦་ཚེས་༡༣་ལ་སྤ་གྲོ་ནས་ཐོན། འབྲས་ལྗོངས་བརྒྱུད་རྒྱ་གར་དུ་སོང༌། ཚེས་༣༠་ལ་ཕྱིར་ལོག་གིས་རྡོ་རྗེ་གླིང་དུ་ཕྱིན། ཟླ་༧་ཚེས་༤ལ་སྒང་ཏོག་ནས་ཐོན། རིམ་པར་རྒྱལ་རྩེ་བརྒྱུད། ཟླ་༨་ཚེས་༦་ཉིན་ལྷ་སར་འབྱོར། ཀླུ་བུག་སྟག་བྲེ་ཁང་ཚན་དུ་བསྡད། ཚེས་༡༨་ཉིན་གཞུང་ཀོ་ཐོག་སྨིན་གླིང་དུ་སོང༌། ཟླ་༩་ཚེས་༥་ལྷ་སར་འབྱོར། ཟླ་༡༠་ཚེས་༡༣་ལ་ལྷ་ས་ཐོན་རིམ་པར་བ་ལ་བརྒལ་ཏེ་ཀོང་ང་ཕོད་ཉེས་བདེ་དགོན་དུ་འབྱོར། གྲྭ་མང་ལ་ཕུར་པའི་དབང་ཆེན་སོགས་དང་འདོད་ཆོས་མང་པོ་བགྱིས། ཟླ་༡༡་ཚེས་༢༢་ནས་ཕུར་པའི་སྨན་སྒྲུབ་སྒྲུབ་ཆེན་སྦྲེལ་མ་ཚུགས། ཟླ་༡༢་ཚེས་༣་ལ་དངོས་གྲུབ་བླངས་ཤིང་མཐའ་རྒྱས་བྱས། ཚེས་༤་ནས་འབྱུང་འཁྲུགས་ཀྱིས་མནར་བར་ཞབས་བརྟན་མང་པོ་བསྒྲུབས། ཨ་མ་ལགས་ཀྱང་ཡོད། ཚེས་༢༡་ལ་བདེ་དགོན་ནས་ཐོན། ཚེས་༢༥་ལ་ལེན་རིར་འབྱོར། སྤྲུལ་ནོར་བཞེད་དོན་མཁའ་འགྲོ་ནོར་ལྷ་གསར་དུ་བྲིས།། ༈ ལྕགས་སྦྲུལ་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༢་ཉིན་བྲག་གསུམ་འབྲི་སྤང་དུ་འབྱོར། དད་འདུས་ལ་བདུད་འདུལ་ནམ་རྒྱལ་སོགས་དབང་ལུང་འགའ་ཞིག་བཏོན། ཟླ་༢་ཚེས་༩་ལ་འབྲི་སྤང་ནས་ཐོན་ཏེ་ཉང་ཁ་ཆུབ་དཀར་བརྒྱུད། རིམ་པར་ཚེས་༢༥་ཉིན་བུ་ཆུ་བདེ་ཆེན་སྟེང་དུ་འབྱོར། ཟླ་༣་ཚེས་༣་ཉིན་ལྷ་ས་ནས་མི་ངོ་ཕྲུ་གུ་རྣམས་འབྱོར། ཚེས་༥་ཉིན་འབྲུག་ཆོས་སྡེར་ཕྱིན་ནས་རྒྱལ་དབང་རིན་པོ་ཆེ་མཇལ། ཚེས་༦་ཉིན་སྤྲུལ་སྐུ་ནོར་བུ་ཕེབས་བྱུང༌། ཟླ་༤་ཚེས་༡་ལ་སྤྲོ་ཁང་གསར་རྒྱག་གི་ཨར་ལས་ཚུགས། ཟླ་༦་ཚེས་༡་ལ་ཨར་ལས་གྲུབ། ཚེས་༡༩་ལ་བདེ་ཆེན་སྟེང་ནས་པད་བཀོད་དུ་ཐོན། ཚེས་༣༠་ཉིན་གཏེར་ཁོག་བདེ་ཆེན་ཆོས་གླིང་དུ་འབྱོར། གྲྭ་ཚང་དང་མི་སེར་སོགས་ཀྱི་ལས་དོན་བསྒྲུབས་ཏེ་ཟླ་༧་ཚེས་༡༥་ཉིན་གཏེར་ཁོག་ནས་ཐོན། ཚེས་༢༥་ཉིན་བུ་ཆུ་བདེ་སྟེང་དུ་འབྱོར། ཟླ་༡༠་ཚེས་༨་ཉིན་རིག་འཛིན་དགའ་ཚལ་སྤྲོ་ཁང་དུ་སྤོས། ཟླ་༡༡་ཚེས་༩་ལ་བུ་ཆུ་ནས་ཐོན། རིམ་པར་བསྐྱོད་དེ། ཚེས་༢༦་ལ་ལྷ་སར་འབྱོར། སྨིན་གླིང་དུ་བུ་ཕྲིན་ནོར་འཕྲད་པར་ཁྱུག་ཙམ་ཕྱིན་ནས་ལོག ། ༈ ཆུ་རྟ་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༢༥་ཉིན་ལྷ་ས་ནས་ཐོན། ཟླ་༢་ཚེས་༡༥་ལ་བུ་ཆུར་འབྱོར། ཟླ་༤་ཚེས་༧་ནས་བདུད་འདུལ་དགོངས་པ་ཡོངས་འདུས་ཀྱི་སྨན་སྒྲུབ་ཚུགས། ཟླ་༥་ཚེས་༥་གཏེར་གསར་སྔོན་འགྲོའི་ཁྲིད་ཡིག་གསར་བརྩམས་དབུ་ཚུགས། རིམ་པས་དད་འདུས་ལ་འདོད་བུམ་སོགས་དབང་ལུང་ཁྲིད་རིགས་མང་པོ། ཟླ་༦་ནང་བྲག་གསུམ་མཚོ་རྫོང་དུ་སོང༌། རྩ་གསུམ་ཚོགས་འབུམ་བསྒྲུབས། ཟླ་༧་ཚེས་༡༥་ལ་བུ་ཆུར་ལོག ཟླ་༨་ཚེས་༡༥་ལ་གཏེར་གྱི་ལྷ་ཁང་དུ་མཆོད་འབུལ་སོང༌། ཚེས་༢༡་ཉིན་དེ་མོར་ཕྱིན་རིན་པོ་ཆེ་མཇལ། ཟླ་༨་ཚེས་༢༧་ལ་བུ་ཆུ་ནས་ཐོན་རིམ་པར་བ་ལ་བརྒལ་ཏེ་མཚོ་མོ་རག་ཏུ་སླེབས། ཟླ་༩་ཚེས་༡༦ནས་ཕུར་པའི་སྨན་སྒྲུབ་ཚུགས། ཚེས་༢༨་ལ་གྲུབ། ཟླ་༡༠་ཚེས་༣་ཉིན་ལྷ་སར་འབྱོར། ཚེས་༡༠་ཉིན་ནས་གཟིམ་བསམ་ཕོར་བསྡད། ཚེས་༢༡་ནས་ཁྲོས་མའི་སྤར་ཡིག་འབྲི་རྒྱུ་དབུ་ཚུགས། ཟླ་༡༡་ཚེས་༡༥་ནས་ཛྙཱ་ན་གླིང་པས་བླ་བསླུ་བསྒྲུབ། ཚེས་༢༢་ང་ཕོད་ཀླུ་ལྡིང་སློབ་སྐུས་ཞབས་བརྟན་གནང་བྱུང༌། ཟླ་༡༢་ཚེས་༨་ལ་ཁྲོས་མ་དང་གནས་ལུགས་རང་བྱུང་གི་སྤར་ཡིག་ཞུས་དག་བཅས་གྲུབ། ཚེས་༡༦་ལ་ལྷ་ས་ནས་ཐོན། སྒོ་བཀར་ལ་བརྒྱུད་ལྷོ་ཁ་ནས། ཚེས་༣༠་ཉིན་མཚོ་སྣ་དང༌། ༈ ཆུ་ལུག་ཟླ་༡་ཚེས་༡་ལ་སྤོས་ལ་བརྒལ་ཏེ་སྤང་ཆེན་བརྒྱུད་འབྲུག་བཀྲ་ཤིས་སྒང་དུ་ཚེས་༡༢་ཉིན་འབྱོར། ཟླ་༢་ཚེས་༡་ནས་གཏེར་མཛོད་མཆོད་གཤོམ་གྲ་སྒྲིགས། ཚེས་༡༢་ནས་གཏེར་མཛོད་ལུང་བཀླག ཟླ་༣་ཚེས་༡་ནས་གཏེར་མཛོད་དབང་གི་དབུ་ཚུགས་ནས་ཟླ་༣་ཚེས་༢་ཉིན་དབང་ཡོངས་རྫོགས་གྲུབ། ཚེས་༤་ནས་ཕུར་པའི་སྨན་སྒྲུབ་ཚུགས། ཚེས་༡༣་ལ་མཐའ་རྒྱས་བཅས་གྲུབ། ཚེས་༡༤་ཉིན་ཁ་ཤས་ལ་གནམ་ལྕགས་སྤུ་གྲིའི་དབང་བསྐུར། ཚེས་༡༧་ལ་བཀྲ་ཤིས་སྒང་ནས་ཐོན། ཚེས་༢༧་ལ་བུམ་ཐང་དུ་འབྱོར། འབྲུག་རྒྱལ་འཇིགས་མེད་དབང་ཕྱུག་སྟངས་དཔྱལ་མཇལ། ཚེས་༣༠་བྱམས་པ་ལྷ་ཁང་དང་སྐུ་རྗེས་ལ་མཆོད་འབུལ་ཞུས། ཟླ་༤་ཚེས་༡༡་ལ་བླ་མའི་དགོན་པར་སོང༌། དྲག་ཤོས་ཕུན་དབང་མཇལ། ཚེས་༡༧་ལ་བུམ་ཐང་ནས་ཐོན། ཀྲོང་གསར་རྫོང་དུ་ཚེ་དབང་སོགས་བསྐུར་ཞིང་རིམ་པས། ཚེས་༢༦་ཉིན་སྤ་གྲོར་འབྱོར། དཔོན་པོ་དང་བླ་མ་ཕུན་ཚོགས་མཇལ་ཞིང་རང་བཞིན་དལ་སྡོད། ཟླ་༦་ཚེས་༣་སྤ་གྲོ་ནས་ཐོན། རིམ་པར་ཕག་རི་དང་རྒྱལ་རྩེ་བརྒྱུད། ཚེས་༢༥་ཉིན་ལྷ་ས་བསམ་གཟིམ་དུ་འབྱོར། ཟླ་༧་ཚེས་༣་ནས་ཁྲོས་མ་དང་གནས་ལུགས་རང་བྱུང་གི་སྤར་ལ་ཞུས་དག་ཚུགས། ཟླ་༨་ཚེས་༢༩་ཉིན་ནས་གཅུང་རིན་པོ་ཆེར་གནམ་ལྕགས་སྤུ་གྲིའི་དབང་ལུང་ཕུལ། ཟླ་༩་ཚེས་༨་ལ་སྤར་ཞུས་དག་གྲུབ། བུ་མོ་བདེ་ཆེན་ལྷོ་བྲག་སྨྲ་ལྕོག་སྤྲུལ་སྐུར་བག་མར་བཏང་བའི་སྐྱེལ་མར་ཚེ་གཡུ་ལགས་ཐོན། ཚེས་༡༣་ཉིན་བསམ་ཕོ་སྐུ་ངོ་དང་ལྷན་དུ་ལྷ་ས་ནས་ཐོན། ལམ་ཞོར་སྤ་གྲོར་ཁྱུག་ཙམ་ཕྱིན་ནས་བླ་མ་ཕུན་ཚོགས་མཇལ། ཟླ་༡༠་ཚེས་༨་ལ་སྒང་ཏོག་ཏུ་འབྱོར། ཀ་སྤུངས་རྡོར་གླིང་བཅས་སུ་ཁྱུག་ཙམ་བསྐྱོད་ནས་ཟླ་༡༡་ཚེས་༣་ལ་དབེན་ཆེན་དགོན་དུ་འབྱོར། ཚེས་༥་ནས་གཏེར་མཛོད་ལུང་གི་དབུ་ཚུགས། ཚེས་༡༥་ལ་དབང་གི་དབུ་ཚུགས། ཟླ་༡༢་ཚེས་༡་ལ་དབང་ཡོངས་རྫོགས་གྲུབ། ཚེས་༣་ལ་སྒང་ཏོག་ནས་ཐོན། ཀ་སྤུངས་དང་རིམ་པར་ཀ་ལི་ཀ་ཏ་བརྒྱུད་མཚོ་པདྨར་ཕྱིན། ཚེས་༡༥་ནས་བདུད་འཇོམས་གཏེར་གསར་གྱི་དབང་ལུང་བཏོན། ༈ ཤིང་སྤྲེ་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༡་ནས་མཚོ་སྐྱེས་ཐུགས་ཐིག་སྒོ་ནས་སྨན་སྒྲུབ་ཚུགས། ཚེས་༨་ལ་སྨན་སྒྲུབ་གྲོལ་ནས་དད་འདུས་ལ་སངས་རྒྱས་སྟོང་དབང་སོགས་བསྐུར། ཚེས་༡༥་ལ་མཚོ་པདྨ་ནས་ཐོན། རིམ་པར་ཚེས་༢༥་ལ་དབེན་དགོན་དུ་འབྱོར་ནས་སྨན་སྒྲུབ་གྲབ་ཤོམ། ཟླ་༢་ཚེས་༨་ནས་སྨན་སྒྲུབ་ཕུར་སྒྲུབ་སྦྲེལ་མ་ཚུགས་ནས་ཚེས་༡༥་ལ་གྲོལ། ཟླ་༣་ཚེས་༡༣་ལ་དཔལ་ཕུག་ཏུ་སོང༌། ཟླ་༤་ཚེས་༢་ལ་སྒང་ཏོག་ནས་ཐོན། ཚེས་༡༠་ལ་སྤ་གྲོ་སྐྱེར་ཆུ་ལྷ་ཁང་དུ་འབྱོར། ཚེས་༡༡་ཉིན་དཔོན་པོ་མཇལ་ཞིང་ལྕམ་རྣམ་རྒྱལ་གྲོངས་པའི་དགོངས་རྫོགས་གནས་སྦྱོང་སོགས་བྱས། ཚེས་༡༤་ལ་ཐོན། ཕག་རི་བརྒྱུད། ཟླ་༥་ཚེས་༢་ལ་ལྷ་ས་བསམ་གཟིམ་དུ་འབྱོར། ཚེས་༡༤་ནས་གཟིམ་ང་ཕོད་དུ་རླུང་རྟའི་རྟེན་མཁར་འཛུག་ཆོག ཟླ་༦་ཚེས་༡༡་ལ་རག་གཟིམ་དུ་སྐུ་ངོ་ལྷན་རྒྱས་དང་བསམ་ཕོ་སྐུ་ངོ་སོགས་ ཚེས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་གི་སྟ་གོན་དང༌། ཚེས་༡༢་ཉིན་དངོས་གཞི་ཕུལ། ཚེས་༡༣་ནས་དགེ་རྩེ་རིན་པོ་ཆེའི་མདུན་ནས་གསང་སྙིང་ཀློང་འགྲེལ་ཁྲིད་ཞུས། ཚེས་༡༩་ལ་གསང་ཁྲིད་གྲུབ། ཟླ་༧་ཚེས་༡༡་ལ་ང་གཟིམ་དུ་མགོན་ཁང་དང་གཡང་སྒྲུབ་གྲབ་ཤོམ། ཚེས་༡༣་ནས་གཡང་ཐང་རིན་པོ་ཆེའི་མདུན་ནས་སྲོག་སྒྲུབ་གཞུང་པོད་རྒྱབ་ཆོས་ཡང་ཡིག་བཅས་ཀྱི་ལུང་ཞུ་རྒྱུའི་དབུ་ཚུགས། ཚེས་༡༩་ནས་གཡང་སྒྲུབ་ཆོ་གའི་དངོས་གཞི་ཚུགས། ཟླ་༨་ཚེས་༡་ལ་གཡང་སྒོ་བསྡམས། ཟླ་༩་ཚེས་༣་ལ་བསམ་སྐུ་རག་སྐུ་སོགས་ལ་གནས་ལུགས་རང་བྱུང་གི་ཁྲིད་ཚུགས། ཟླ་༩་ཚེས་༡༡་ལ་བུ་མོ་བདེ་ཆེན་ལྷོ་བྲག་ནས་ལོག་སྟེ་ཚེ་གཡུ་ལགས་ལྷོ་བྲག་སྤྲུལ་སྐུའི་གནས་སུ་བསྐྱོད། ཟླ་༡༠་ཚེས་༡༣་ལ་ང་གཟིམ་མགོན་ཁང་རྟེན་འཛུགས་རབ་གནས་བཅས་གྲུབ། ཚེས་༢༣་ལ་གྲྭ་བཞིར་སོང༌། ཨེ་ཝཾ་གྲུབ། ཟླ་༡༡་ཚེས་༡་ལ་རིག་དབང་ལགས་ལྷན་དུ་ལྷ་ས་ནས་ཐོན། རྒྱལ་རྩེ་བརྒྱུད་ཟླ་༡༢་ཚེས་༥་ཉིན་ཀ་ལེན་སྤུངས་སུ་འབྱོར། ཚེས་༡༡་ལ་ཀ་ཏ་བརྒྱུད་རྒྱ་གར་ཤར་ཕྱོགས་སུ་ཁྱུག་ཙམ་སོང༌། སླར་ཀ་ཏར་ལོག ། ༈ ཤིང་བྱ་ལོ་གསར་རྟེན་འབྲེལ། རྡོ་རྗེ་གདན་མཇལ། ཟླ་༡་ཚེས་༡༣་ལ་མཚོ་པདྨ་ཅན་དུ་སོང༌། སླར་ཀ་ཏ་བརྒྱུད་ཀ་སྤུངས་དང༌། སྒང་ཏོག་ཏུ་འབྱོར་ནས་བསྡད། ཟླ་༣་ཚེས་༡་ལ་སྒང་ཏོག་ནས་ཐོན། གྲོ་མོ་བརྒྱུད་ཚེས་༡༧་ཉིན་ལྷ་ས་བསམ་གཟིམ་དུ་འབྱོར། ཟླ་༤་ཚེས་༡་ལ་ཕྲུའུ་གྲང་ཕེབས་མཇལ། ཚེས་༢་ཉིན་ཟངས་རི་སྟག་ཚང་རིན་པོ་ཆེ་སོགས་ལ་ཕུར་པའི་དབང་ཆེན་དང་ལུང་བཅས་རིམ་པས་ཕུལ། ཟླ་༥་ཚེས་༡༠་ལ་གསང་འདུས་ཚོགས་སྐོང་དང་འབྲེལ་བར་མཚན་བརྒྱད་གོས་ཐང་གསར་བཞེངས་ལ་རབ་གནས་བྱས། ཚེས་༡༥་ལྷ་ས་ནས་ཐོན། བྲག་གསུམ་མཚོ་རྫོང་བརྒྱུད། ཟླ་༦་ཚེས་༡༡་ཉིན་བུ་ཆུ་བདེ་སྟེང་དུ་འབྱོར། ཟླ་༧་ཚེས་༣་ལ་བདེ་སྟེང་གཙུག་ལག་ཁང་ཉམས་གསོའི་ཨརྒ་སྤོ་ཆོག་སོགས་དང༌། ཚེས་༡༥་ལ་ཨར་ལས་ཚུགས། ཟླ་༨་ཚེས་༥་ལ་སྤོ་བོ་རོང་དུ་ཐོན་འབྱོར། བར་སྐྱབས་དགོན་དུ་ཚེས་༨་ནས་ཕུར་པའི་སྨན་སྒྲུབ་ཚུགས། ཚེས་༡༨་ལ་བུ་ཆུར་ལོག ཚེས་༢༥་ནས་ཨོ་རྒྱན་ཆེ་མཆོག་སོགས་ལ་བདུད་འདུལ་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་འགོ་ཚུགས། ཟླ་༡༡་ཚེས་༢་ནས་བདུད་འཇོམས་ཆོས་སྐོར་གྱི་དབུ་ཚུགས། ཚེས་༢༥་ལ་དབང་ལུང་ཡོངས་རྫོགས་གྲུབ། ཀཿཐོག་ཕྱག་ཚ་སྤྲུལ་སྐུ་ཕེབས། ཀློང་གསལ་ཚེ་སྒྲུབ་ཚེ་དབང་དང༌། རྡོ་གྲུབ་གསང་སྙིང་སྤྱི་དོན་གྱི་ཁྲིད་སོགས་ཞུས། ཟླ་༡༡་ཚེས་༡་ལ་མཁན་ངག་སྤྲུལ་སྐུ་ངོས་འཛིན་མཚན་གསོལ་སོགས་དང༌། ཚེས་༢་ཉིན་ཕྱག་སྤྲུལ་ལ་མཁའ་འགྲོའི་ཐུགས་ཐིག་གི་དབང་ལུང་ཕུལ། ཚེས་༡༥་ལ་བདེ་སྟེང་ནས་ཐོན། ལྷ་སར་ཁྱུག་ཙམ་ཕྱིན་ནས། ཟླ་༡༢་ཚེས་༢༧་ལ་སླར་བུ་ཆུར་ལོག ། ༈ མེ་ཁྱི་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༣་ལ་བདེ་སྟེང་རྩིས་བླངས། ཚེས་༩་ལ་སྤོ་བོ་ནས་སངས་རྒྱས་རིན་པོ་ཆེ་ལྷ་སར་ཕེབས་ཞོར་གྱིས་ཕེབས། ཕུར་པའི་དབང་ཆེན་སོགས་ཉིན་༣་ལ་ཕུལ། ཚེས་༡༥་ནས་གཏེར་མཛོད་ལུང་གི་དབུ་ཚུགས། ཟླ་༢་ཚེས་༡་ལ་ལུང་གྲུབ་ནས་དབང་གི་གོ་བསྒྲིགས། ཚེས་༤་ནས་དབང་གི་དབུ་བཙུགས་ཏེ། ཚེས་༢༤་ལ་དབང་ཡོངས་རྫོགས་གྲུབ། ཟླ་༣་ཚེས་༡་ནས་བདུད་འདུལ་ཐུགས་ཆེན་ནམ་རྒྱལ་གྱི་མྱང་གྲོལ་སྒྲུབ་ཆེན་ཚུགས། ཚེས་༡༠་ལ་སྒྲུབ་ཆེན་གྲོལ་ཏེ་མཐར་དགེ་བྱས། ཟླ་༤ཚེས་༣་ལ་བུ་ཆུ་ནས་ཐོན། ཀོང་སྨད་ནས་རྡོ་གཤོང་ལ་བརྒལ་ཏེ། ཚེས་༨་ཉིན་གཏེར་ཁོངས་སུ་འབྱོར། ཚེས་བཅུའི་འཆམ་སོགས་བསླབ་ཁྲིད་བགྱིས། ཚེས་༡༩་ལ་གཏེར་ཁོངས་ནས་ཐོན་ཏེ་ཚེས་༣༠་ཉིན་བུ་ཆུར་ལོག ཟླ་༥་ཚེས་༡་ནས་སྤྲེལ་ཟླ་ཚེས་བཅུའི་གྲབ་ཤོམ་བྱས། ཚེས་༩་ནས་ཆོ་ག་ཚུགས། ཚེས་༡༠་ལ་དུས་མཆོད་མཚན་བརྒྱད་གར་འཆམ་སོགས་གཟབ་རྒྱས། ཚེས་༡༣་ཉིན་རི་ཁྲོད་རྣམ་གྲོལ་ཆོས་གླིང་གསར་རྒྱག་གི་ལས་གྲྭ་ཚུགས། ཟླ་༦་ཚེས་༡་ནས་ཟབ་གཏེར་སྔོན་འགྲོའི་ཁྲིད་ཡིག་བྲིས། ཟླ་༧་ཚེས་༣་ཉིན་བུ་ཆུ་ནས་ཐོན། བྲག་གསུམ་བརྒྱུད་ལོ་ཆེན་ལ་བརྒལ་ཏེ་སྙེ་བོ་དགོན་གསུམ་དུ་ཕྱིན། ཚེས་༢༥་ནས་བླ་མ་ཞི་བའི་སྒྲུབ་ཆེན་ཚུགས། ཟླ་༨་ཚེས་༣་ལ་གྲོལ་ནས་མཐར་དགེ་བྱས། ཚེས་༥་ལ་སྙེ་སྟོད་དཀར་རྒྱལ་དགོན་དུ་ཕྱིན། འཇའ་ཚོན་པོད་དྲུག་གི་དབང་ལུང་ཉིན་༥་བགྱིས། ཚེས་༡༣་ཉིན་ལོག་སྟེ་འབྲུག་ལ་རིན་སྟེང་དུ་མཁའ་འགྲོའི་སྨན་སྒྲུབ་བགྱིས། ཟླ་༩་ཚེས་༡༢་ལ་བུ་ཆུར་འབྱོར། ཟླ་༡༡་ཚེས་༥་ལ་རྣམ་གྲོལ་ཆོས་གླིང་དུ་སྤོས། ཀྲོ་དྷི་ཀ་ལིའི་བསྙེན་མཚམས་བྱས། ཟླ་༡༢་ཚེས་༡༥་ལ་གྲོལ། ཚེས་༢༣་ཕུར་ཟློག་ཚུགས་ཏེ་ཚེས་༢༩་ལ་གཏོར་རྒྱག་དང༌། ཚེས་༣༠་ལ་སྲུང་མའི་མངའ་གསོལ་བྱས། ༈ མེ་ཕག་ཟླ་༡་ཚེས་༡་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༧་ནས་ཕུར་སྒྲུབ་ས་ཆོག ཚེས་༨་ནས་སྨན་སྒྲུབ། ཚེས་༡༥་ལ་གྲོལ། ཚེས་༡༩་ལ་བུ་ཆུ་ནས་ཐོན། ཟླ་༢་ཚེས་༥ལ་མཚོ་མོ་རག་སྤྲིན་མཚོ་ལྷ་ཁང་དུ་སྨན་སྒྲུབ་ཚུགས། ཚེས་༡༥་ལ་གྲོལ། ཚེས་༡༧་ནས་ཐོན། ཚེས་༢༠་ཉིན་ལྷ་ས་རྡོར་གླིང་དུ་འབྱོར། འདི་སྐབས་ར་སྒྲེང་དུས་འགྱུར་དང་ཁེལ། མེ་ཕག་ཟླ་༣་ཚེས་༣་ལ་བསམ་གཟིམ་དུ་བསྡད། སེར་བྱེས་ར་སྒྲེང་གཞུང་བཅས་གཡུལ་ཤོམ་སྐབས་ཁེལ། ཟླ་༦་ཚེས་༡༧་ལ་ལྷ་ས་ནས་ཐོན། ཟླ་༧་ཚེས་༡༤་ལ་བུ་ཆུར་འབྱོར། ཚེས་༢༤་ཉིན་བླ་མ་ཨོ་རྒྱན་རིག་འཛིན་ལས་དབུ་མ་རྒྱན་གྱི་ཁྲིད་ལུང་ཞུས། ཟླ་༨་ཚེས་༥་ལ་པདྨ་འོད་གླིང་གི་ལས་གྲྭ་ཚུགས། ཟླ་༩་ཚེས་༩་ལ་བུ་མོ་ཡེ་དབང་ཚེའི་དུས་བྱས་སོང༌། ཚེས་༢༣་ལ་བུ་ཆུ་ནས་ཐོན། ཟླ་༡༠་ཚེས་༡༢་ལ་ལྷ་སར་འབྱོར། སྡེ་དགེ་ཐའི་ཇིར་བསྡད། ༈ ས་བྱི་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༢༦་ནམ་ཕྱེད་བྱི་བའི་དུས་བུ་མོ་འཆི་མེད་དབང་མོ་བཙས། ཟླ་༢་ཚེས་༡༩་ལ་ལྷ་ས་ནས་ཐོན། ཚེས་༣༠་ལ་སྒང་ཏོག་དང་དེ་ནས་ཀ་ཏར་སོང༌། ཟླ་༤་ཚེས་༢༩་ལ་སྒང་ཏོག་ཏུ་འབྱོར། ཟླ་༥་ཚེས་༥་ལ་རྒྱལ་སྲས་བླ་མར་རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་ཕུལ། ཚེས་༧་ནས་མཆོད་རྟེན་བཞེངས་པ་ལ་རབ་གནས་དང༌། སྔོན་དུ་ཕུར་པའི་ལྷ་ཁང་བཞེངས་རྒྱུའི་ས་འདུལ་བྱས་པའི་གནས་སུ་༼ཕུར་སྒྲུབ་༽སྨན་སྒྲུབ་སྦྲེལ་མ་ཚུགས། ཚེས་༡༥་ཉིན་རབ་གནས་དངོས་གཞི་དང༌། སྒྲུབ་ཆེན་དངོས་གྲུབ་བླངས་ཏེ་མཐའ་རྒྱས་སོགས་བྱས། དད་འདུས་ལ་སྨན་དབང་བསྐུར། ཚེས་༡༨་ནས་གཙུག་ལག་ཁང་དུ་པདྨ་ཡང་རྩེ་བའི་གཙོས་དགོན་ཁག་འདུས་པ་མང་ཞིག་ལ་རིག་འཛིན་སྲོག་སྒྲུབ་དང་རྡོ་རྗེ་སྙིང་པོའི་དབང་ལུང་ཚུགས། ཚེས་༢༥་ནས་གཞུང་གི་རྩ་གསུམ་ཚོགས་འབུམ་བསྒྲུབས། ཟླ་༦་ཚེས་༥་ལ་སྒང་ཏོག་ནས་ཐོན། ཚེས་༢༡་ལ་ལྷ་སར་སྡེ་དགེ་ཐའི་ཇིར་འབྱོར། ཚེས་༢༤་ལ་བསམ་གཟིམ་དུ་སྤོས། ཟླ་༧་ཚེས་༡༣་ལ་བྱ་བྲལ་སངས་རྡོར་ཐོག་མར་མཇལ་འཕྲད་བྱུང་ཞིང་སྤུ་གྲི་རེག་ཕུང་གི་དབང་ལུང་བགྱིས། ཚེས་༡༧་ལ་ལྷ་ས་ནས་ཀོང་པོར་ཐོན། ལམ་ཞོར་བྱ་བྲལ་བར་ང་ཕོད་དུ་སྲོག་སྒྲུབ་རྡོར་སྙིང་སོགས་ཀྱི་དབང་ལུང་ཁ་ཤས་བགྱིས་ཤིང་ཁམས་ཕྱོགས་སུ་ཐེགས་སོང༌། ཟླ་༨་ཚེས་༢༣་ལ་བུ་ཆུར་བདེ་སྟེང་དུ་འབྱོར། ཟླ་༨་༣་ནས་རིག་འཛིན་དགའ་ཚལ་གསར་རྒྱག་གི་ལས་གྲྭ་ཚུགས། ཟླ་༡༠་ཚེས་༢༣་ལ་བུ་ཆུ་ནས་སྤོ་བོར་ཐོན། ཟླ་༡༡་ཚེས་༩་ལ་ཕུ་དགོན་དུ་འབྱོར་ཞིང་༧སྐྱབས་རྗེ་སངས་སྤྲུལ་རིན་པོ་ཆེ་མཇལ། ཚེས་༡༢་ལ་གཡུ་རི་དགོན་དུ་འབྱོར། ཚེས་༡༤་ལ་གཏེར་མཛོད་དབང་གི་དབུ་ཚུགས། བླ་གྲྭ་སྔགས་བཙུན་སོགས་ཆོས་བྱེད་འདུས་པ་༥༠༠་ཙམ་འདུས། ཟླ་༡༢་ཚེས་༢༥་ལ་དབང་ལུང་ཡོངས་རྫོགས་གྲུབ་སྟེ་དེ་འཕྲལ་སྨན་སྒྲུབ་ཚུགས། ༈ ས་གླང་ལོ་གསར་རྟེན་འབྲེལ། ༧སྐྱབས་རྗེ་སངས་སྤྲུལ་རིན་པོ་ཆེའི་མདུན་ནས་ཚེ་དབང་ཞུས། ཟླ་༡་ཚེས་༡༌། དངོས་གྲུབ་ལེན་ཏེ་མཐའ་རྒྱས། གཡུ་རི་དགོན་ནས་ཐོན། ཚེས་༢༢་ཉིན་བུ་ཆུར་འབྱོར། ཟླ་༢་ཚེས་༩་ནས་བདེ་སྟེང་གཙུག་ལག་ཁང་གི་ཨར་ལས་ཚུགས། ཟླ་༤་ཚེས་༣༠་བདེ་སྟེང་ཨར་ལས་གྲུབ་པའི་ཚར་སྟོན་བཏང༌། ཟླ་༥་ཚེས་༩་ནས་རིག་འཛིན་དགའ་ཚལ་ཨར་ལས་ཚུགས། ཟླ་༦་ཚེས་༡༤་༡༥་ལ་བདེ་སྟེང་དགོན་རབ་གནས་བྱས། ཚེས་༢༤་ལ་རིག་དབང་ལགས་བུདྡྷ་ཚེ་ཕུག་མཇལ་བར་བསྐྱོད་དེ། ཟླ་༧་ཚེས་༨་ལ་ལོག་ ཟླ་༩་ཚེས་༥་ལ་བུ་མོ་པད་གཡུ་སྤོ་བོ་ཡིད་འོང་དུ་བཏང༌། ཚེས་༢༩་ཉིན་བུ་ཆུ་ནས་ཐོན། བྲག་གསུམ་མཚོ་རྫོང་དུ་ཕྱིན། ཟླ་༡༠་ཚེས་༡༠་ནས་མཚོ་རྫོང་ལྷ་ཁང་ཉམས་གསོ་ཨར་ལས་ཚུགས། ཟླ་༡༡་ཚེས་༥་ལ་ཡོངས་རྫོགས་གྲུབ། ཚེས་༧་ཉིན་ཐོན་ཏེ། ཟླ་༡༡་ཚེས་༡༡་ལ་བུ་ཆུ་རིག་འཛིན་དགའ་ཚལ་དུ་འབྱོར། ཟླ་༡༢་ཚེས་༡༤་ནམ་ཕྱེད་བུ་གཞན་ཕན་བཙས། ༡༩༥༠ སྤྱི་ཟླ་༢་ཚེས་༡༌། ༈ ལྕགས་སྟག་ལོ་གསར་རྟེན་འབྲེལ། ཟླ་༢་ཚེས་༣་ནས་པདྨ་འོད་གླིང་ཨར་ལས་ཚུགས་ཏེ་འཛུག་སྟོན་བཏང༌། ཟླ་༤་ཚེས་༣་ལ་བུ་ཆུ་ནས་ཐོན་ཉང་ཁ་བརྒྱུད། ཚེས་༡༥་ལ་ལྷ་སར་འབྱོར། ཟླ་༥་ཚེས་༢༥་ལ་ཆེན་མོ་བ་ཛམ་ལྷ་ལགས་ལ་དཔལ་རིའི་སྐུ་བརྙན་རྒྱ་ཕུབ་བཅས་བརྡུང་རྒྱུ་སྤྲད། ཟླ་༦་ཚེས་༡་ལ་ལྷ་ས་ནས་ཐོན། ཚེས་༡༣་ཉིན་བུ་ཆུར་འབྱོར། ཚེས་༡༥་ལ་དཔལ་རི་ལྷ་ཁང་ཀ་བ་བཙུགས་ཤིང་བར་སྟོན་བཏང༌། ཟླ་༧་ཚེས་༢་ས་སྲོད་ལ་ས་གཡོས་དྲག་པོས་ཀོང་པོའི་གྲོང་དགོན་ཕལ་ཆེར་བཛྲ་མུཿ ཟླ་༧་ཚེས་༢༦་ཉིན་བུ་ཕྲིན་ནོར་སྙེ་བོར་ཐོན། ཟླ་༨་ཚེས་༡༠་ལ་ཀོང་སྟོད་ནས་བླ་མ་དགེ་འདུན་རྒྱ་མཚོ་གདན་དྲངས། ཚེས་༡༥་ནས་པད་གླིང་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཞུ་རྒྱུའི་དབུ་ཚུགས། ཟླ་༩་ཚེས་༢༡་ལ་པད་གླིང་ཡོངས་རྫོགས་གྲུབ། ཚེས་༢༢་ལ་རྩེ་ལེའི་བཀའ་འབུམ་ལྗགས་ལུང་སོགས། ཟླ་༡༠་ཚེས་༡་ལ་གཏང་རག་ཚོགས་མཆོད་སོགས་ཕུལ། ཚེས་༣་ཉིན་བླ་མ་རིན་པོ་ཆེ་རྩ་ཀོང་དུ་ལོག་ནས་ཕེབས། ཚེས་༨་ནས་ཚེས་༡༥་བར་ཚོགས་འབུམ་བསྒྲུབས། ཚེས་༢༢་ཉིན་ལེན་རི་ནས་འཁྲུལ་ཞིག་ཁྱུག་ཙམ་ཕེབས་བྱུང༌། ཟླ་༡༡་ཚེས་༡༠་ནས་བཀའ་འདུས་ཆོས་རྒྱམ་སྒོ་ནས་སྨན་སྒྲུབ་བཙུགས། ཚེས་༢༥་ལ་བུ་ཆུ་ནས་ཐོན། ཟླ་༡༢་ཚེས་༡་ལ་རྣམ་ཚལ་དུ་ཞག དེ་ནས་རིག་འཛིན་ལགས་ལྷ་སར་ཐོན། ངོས་བྲག་གསུམ་མཚོ་རྫོང་ཉམས་གསོ་གྲུབ་པའི་རབ་གནས་སུ་ཕྱིན། ཚེས་༦་ཉིན་འབྱོར། ཚེས་༨་ནས་རྡོར་སེམས་སྨན་སྒྲུབ་དབུ་ཚུགས། ཚེས་༡༥་ལ་སྒྲུབ་ཆེན་གྲོལ་ཞིང་རབ་གནས་རྒྱས་པར་སྤེལ། ཚེས་༡༧་སྨན་དབང་དང༌། ཚེས་༡༨་ལ་མཚོ་རྫོང་གིང་འཆམས་བྲོ་གར་སོགས་ལ་ལྟད་མོ་བལྟས། ཚེས་༢༠་ལ་མཚོ་རྫོང་ནས་ཐོན། མར་ཞོར་བང་རི་དགོན་དུ་ཁྱུག་ཙམ་ཕྱིན། ཚེས་༢༨་ལ་བུ་ཆུར་འབྱོར། ༈ ལྕགས་ཡོས་ལོ་གསར་རྟེན་འབྲེལ། ཚེས་༧་ནས་ཁ་ཤས་ལ་བདུད་འཇོམས་ཕུར་པའི་རྩ་རླུང་གི་ཁྲིད་ཚུགས། ཚེས་༡༣་ཉིན་བྲག་གསུམ་ནས་འཁྲུལ་ཞིག་དང༌། ཚེས་༡༥་ནས་བྲག་གསུམ་སྟོད་སྨད་ཀྱི་སློབ་བུ་རྣམས་འབྱོར་ནས། ཚེས་༡༧་ནས་སླར་ཡང་ལྷ་ཁང་བཞེངས་རྒྱུའི་ཨར་ལས་ཚུགས། ཟླ་༢་ཚེས་༡་ལ་བསུ་བ་བཏང་གདོང་ལྷ་ས་ནས་རིག་དབང་ལགས་ཚེས་༢༦་ཉིན་བུ་ཆུར་འབྱོར། ཟླ་༣་ཚེས་༡་ལ་ལྷ་ཁང་གི་ཐོག་ཕུབ་ཅིང་ལྷའི་བཞུགས་ཁྲི་བརྩིག་པ་དང། ཕུར་པ་སོགས་རྟེན་གཙོ་རྣམས་བཞེངས་རྒྱུའི་དབུ་ཚུགས། ཚེས་༡༣་ལ་གཉྫི་ར་བརྡུང་རྒྱུའི་ལས་འགོ་ཟིན། ཚེས་༡༦་ལ་འཁྲུལ་ཞིག་ཀོང་སྨད་དུ་མཆོད་རྟེན་རྒྱག་པར་ཕྱིན། ཟླ་༤་ཚེས་༥་ཉིན་ལྷ་ཁང་དབུ་རྩེར་གཉྫི་ར་བཙུགས་ཤིང་རབ་གནས་སོགས། ཚེས་༧་ནས་ཕུར་པའི་སྒྲུབ་ཆེན་དངོས་གཞི་སྨན་སྒྲུབ་སྦྲེལ་མ་ཚུགས་ཤིང་ཚེས་༡༥་ལ་གྲུབ། ཚེས་༡༢་ཉིན་བླ་མ་དགེ་རྒྱམ་རིན་པོ་ཆེ་ཕེབས། ཚེས་༡༣་ལ་དཔལ་རིའི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གྲུབ་ནས་རབ་གནས་སྟ་གོན་དང་ཚེས་༡༤་ལ་སྨན་སྒྲུབ་དངོས་གྲུབ་ལེན་ཆོག ཚེས་༡༥་ལ་རབ་གནས་རྒྱས་པ་དང༌། སྒྲུབ་ཆེན་མཐའ་རྒྱས་མར་མེའི་སྨོན་ལམ་ཤིས་བརྗོད་བཅས་རྒྱས་པར་སྤེལ། ཚེས་༡༧་ལ་འབྲུག་ཆོས་སྡེ་ནས་རྒྱལ་དབང་རིན་པོ་ཆེ་ཕེབས་ཏེ་ཕྱག་ནས་ཞུས། ཚེས་༢༡་ལ་བསྐོས་གཉེར་གསར་བཙུགས་ལ་རྩིས་སྤྲོད་སོགས་བྱས། ཚེས་༢༣་ནས་བླ་མ་དགེ་རྒྱམ་མདུན་ནས་པད་གླིང་ཚེ་ཁྲིད་རྡོར་ཕྲེང་གི་དབང་ལུང་དང་བདུད་རྩི་སྨན་གཞུང་གི་དབང་ལུང་བཅས་ཞུས། ཟླ་༤་ཚེས་༡་ལ་བླ་གྲྭ་ཁ་ཤས་ལ་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་དབང་བསྐུར་ཞིང༌། དེའི་སྒྲུབ་ཆེན་གྲབ་ཤོམ། ཚེས་༢་ལ་ས་ཆོག་རྒྱན་འགོད་སོགས། ཚེས་༣་ནས་དངོས་གཞི། ཚེས་༨་ལ་དངོས་གྲུབ་བླངས་ཤིང་རྒྱས་སྲེག་མཐའ་རྒྱས། ཚེས་༡༠་དུས་མཆོད་གཟབ་རྒྱས། ཚེས་༡༣་ནས་འཁྲུལ་ཞིག་ལ་ཕུར་པའི་རྩ་རླུང་གི་ཁྲིད་ཚུགས་ཤིང༌། ཁང་བརྩེགས་མཆོད་རྟེན་གྱི་ས་ཆོག་བྱས། ཚེས་༡༥་ནས་ཁ་ཤས་ལ་ཁྲོས་མའི་ཐོད་རྒལ་གྱི་རུ་ཤན་ཚུགས། ཟླ་༥་ཚེས་༡༠་ནས་གྲོ་ལོད་ཚོགས་འབུམ་བཏང༌། ཚེས་༡༥་ནས་སྒྲུབ་གྲྭ་བཙུགས། ཚེས་༢༥་བུ་ཆུ་རིག་འཛིན་དགའ་ཚལ་ནས་ཐོན། ཉང་ཁ་བརྒྱུད་བ་ལ་བརྒལ་ཏེ་མཚོ་མོ་རག་སྤྲིན་མཚོ་ལྷ་ཁང་དུ་སླེབས། ཟླ་༦་ཚེས་༡༡་ནས་མཁའ་འགྲོ་ཐུགས་ཐིག་གི་སྨན་སྒྲུབ་ཚུགས། ཚེས་༡༨་ལ་གྲོལ། ཚེས་༡༩་ལ་ཐོན་ཏེ། ཚེས་༢༥་ལ་ལྷ་སར་འབྱོར་ནས་འཕྲང་རིང་དུ་ཞག་ཤས་བསྡད། དེ་ནས་གཟིམ་ཀ་ཤོད་དུ་སྤོས་ཏེ་ཟླ་༧་༨་༩་བར་དུ་དེར་བསྡད། འདི་སྐབས་ཀྲུང་དབྱངས་གུང་ཕྲན་དཔོན་དམག་མང་པོ་ལྷ་སར་འབྱོར། ཟླ་༡༠་ཚེས་༣་ལ་ལྷ་ས་ནས་ཐོན། རྒྱལ་རྩེ་བརྒྱུད་མཛེས་ལེགས་ལ་བརྒལ་ཏེ་ཚེས་༢༦་ཉིན་ཀ་ལེན་སྤུངས་སུ་འབྱོར། ཟླ་༡༡་ཚེས་༩་ལ་ཀ་ཏར་ཕྱིན། ཟླ་༡༢་ཚེས་༥་ནས་རྡོ་རྗེ་གདན། ཝ་ར་ཎ་སི། རྩ་མཆོག་གྲོང་སོགས་མཇལ་ཏེ་ཀ་ཏར་ལོག ཚེས་༡༤་ལ་ཕྲུ་གུ་རྣམས་ཀ་སྤུངས་སུ་བཏང༌། ཚེས་༡༦་ལ་ངེད་ཐབས་ཤེས་གཉིས་རག་སོལ་བརྒྱུད་བལ་ཡུལ་དུ་སོང༌། མཆོད་རྟེན་རྣམ་གསུམ་ཡང་ལེ་ཤོད་སོགས་མཇལ། མཆོད་རྟེན་རིན་པོ་ཆེར་སྐུ་དཀར་སོགས་མཆོད་འབུལ་གཟབ་རྒྱས་ཞུས་ནས། ཚེས་༢༡་ལ་ཀ་ཏར་གནམ་གྲུའི་ཐོག་ནས་ལོག ཚེས་༢༦་ལ་ཀ་སྤུངས་སུ་འབྱོར། ཚེས་༢༨་ཉིན་བཀྲས་སྒང་དཔོན་པོ་ཕེབས་མཇལ། ༈ ཆུ་འབྲུག་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༡༠་ལ་ཀ་སྤུངས་ནས་ཐོན། བཀྲས་སྒང་དཔོན་པོའི་གསུང་ངག་བཞིན་དུ་རྒྱ་ཤར་བརྒྱུད་གུ་དམ་མ་གདུང་བསམ་ནས་འབྲུག་བཀྲས་སྒང་དུ་ཚེས་༢༤་ཉིན་འབྱོོར། ཚེས་༢༩་ནམ་ཕྱེད་འབྲུག་རྒྱལ་ཕྱི་མའི་ལམ་ཆེན་དུ་གཤེགས་པའི་འདད་དང༌། བཀྲས་སྒང་དཔོན་གྱི་ཞབས་བརྟན་སོགས་བསྒྲུབས་ཏེ་ཟླ་བ་༢་༣་རིང་དེར་བསྡད། དགྲ་མེད་རྩེར་གྲྭ་མང་ལ་པད་གླིང་ནོར་རྒྱམ། མུན་སེལ་སྒྲོན་མེ། ཚེ་ཁྲིད་རྡོར་ཕྲེང་རྣམས་ཀྱི་དབང་ལུང་བྱས། ཟླ་༣་ཚེས་༢༣་ལ་བཀྲས་སྒང་ནས་ཐོན། ཚེས་༢༨་ལ་བུམ་ཐང་དབང་འདུས་ཆོས་གླིང་དུ་འབྱོར། ལྷ་ལུང་གསུང་སྤྲུལ་རིན་པོ་ཆེ་ཐོག་མར་མཇལ། ཟླ་༤་ཚེས་༨་ལ་འབྲུག་རྒྱལ་སྲས་མཇལ། ཚེས་༩་ཉིན་གསུང་སྤྲུལ་རིན་པོ་ཆེར་པད་གླིང་མ་ནིང་གཞུང་པོད་ཀྱི་ལུང་ཕུལ། ཚེས་༡༠་ནས་གསུང་སྤྲུལ་རིན་པོ་ཆེ་དང་འབྲུག་བཙུན་མོ་ཡུམ་སྲས་གཙོས་ཀྲོང་གསར་དགེ་འདུན་དམངས་སོགས་འདུས་པ་༣༠༠་ལྷག་པར་བླ་མ་དགོངས་འདུས་ཀྱི་དབང་ལུང་འབུལ་རྒྱུའི་དབུ་ཚུགས། ཚེས་༢༡་ཉིན་ཡོངས་རྫོགས་གྲུབ་སྟེ་མཐར་དགེ་སྤེལ། ཚེས་༢༢་ཉིན་དཔལ་རི་དགོན་དུ་ཕྱིན། དྲག་ཤོས་ཕུན་དབང་ལ་ཁྲོས་མ་དང་ཕུར་པའི་དབང་ལུང་ཕུལ། ཚེས་༢༥་ཉིན་དབང་གླིང་ནས་ཐོན། སྐུ་རྗེས་ལྷ་ཁང་དུ་ཉི་ལུང་ཐར་གླིང་སོགས་ཀྱི་བླ་གྲྭ་འདུས་པ་༢༠༠༠་བརྒལ་བར་ཀློང་སྙིང་རྩ་པོད་ཀྱི་དབང་ལུང་ཚུགས་ཏེ། ཚེས་༢༨་ལ་ཡོངས་རྫོགས་གྲུབ། ཚེས་༢༩་ལ་སྐུ་རྗེས་ནས་ཐོན། རིམ་པར་མོན་ལ་དཀར་ཆུང་བརྒལ་ཏེ་ཟླ་༥་ཚེས་༡༠་ཉིན་ལྷ་ལུང་དུ་འབྱོར། སྤྲེལ་ཟླ་ཚེས་བཅུའི་དུས་མཆོད་འཆམས་མཇལ་དང༌། གྲྭ་ཚང་ལ་བསྙེན་བཀུར་ཞུས། ཚེས་༡༢་ཉིན་ལྷ་ཁང་རྟེན་བརྟེན་པར་བཅས་ལ་རབ་གནས་བགྱིས། ཚེས་༡༣་ཉིན་ལ་ཡག་གུ་རུ་ལྷ་ཁང་དུ་སླེབས། ཚོགས་མཆོད་ཕུལ་ཞིང་རྟེན་མཇལ་ཞུས། ཚེས་༡༣་ནས་ཐོན་ཏེ་རིམ་པར་ཡར་འབྲོག་སྟག་ལུང་བརྒྱུད། ཚེས་༢༤་ཉིན་ལྷ་སར་འབྱོར། གཟིམ་ཧོར་ཁང་དུ་གནས་ཚང་བྱས། ཟླ་༦་ཚེས་་་་ནས་ཆུ་སྦྲུལ་ཟླ་༡་བར་རང་བཞིན་ལྷོད་སྡོད་ལྟ་བུའི་ངང་ཆོག་ཁྲིགས་རིགས་སོགས་༼པད་གླིང་ཕུར་པའི་སྐོར་དང་སྔགས་གསོ་སོགས་ཆོག་ཁྲིགས་འགའ་ཤས་༽བགྱིས། ༈ ཟླ་༢་ཚེས་༡༩་ལ་རྙིང་མའི་སྤྱི་མཐུས་བྱས་ཏེ་པེ་ཅིང་དུ་ནང་བསྟན་མཐུན་ཚོགས་ཚོགས་འདུར་ལྷ་ས་ནས་ཐོན། འདི་ནས་སླར་མ་འཁོར་བར་གྱི་བྲིས་དེབ་ལོགས་སུ་ཡོད། ཆུ་སྦྲུལ་ཟླ་༡༡་ཚེས་༡༩་ལ་བུ་མོ་ཚེ་རིིང་དཔལ་འཛོམས་བཙས། ཟླ་༡༢་ཚེས་༢༩་ཉིན་རྒྱ་ནག་ནས་འཁོར་ཏེ་ལྷ་སར་འབྱོར། ༈ ཤིང་རྟ་ལོ་གསར་རྟེན་འབྲེལ། ཟླ་༡་ནས་ཟླ་༢་བར་ལྷོད་སྡོད་དང༌། ཟླ་༣་ཚེས་༡༥་ནས་སྨིན་གླིང་གཅུང་རིན་པོ་ཆེའི་བཞེད་པ་བཞིན། འབྲང་སྟོད་གཟིམ་ཤག་ཏུ། སྨིན་གཅུང་རིན་པོ་ཆེ། རྡོ་བྲག་རིག་འཛིན་ཆེན་མོའི་དབུས་བླ་སྤྲུལ་བཅུ་སྐོར་དང་འདུས་པ་༥༠་བརྒལ་བར་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་དབུ་ཚུགས། ཟླ་༤་ཚེས་༨་ལ་དབང་ལུང་ཡོངས་རྫོགས་གྲུབ། ཚེས་༡༠་ནས་ང་གཟིམ་དུ་ཚོགས་འབུམ། ཚེས་༡༥་བར་བསྒྲུབ། ཚེས་༡༥་ལ་ཀུན་གླིང་རིན་པོ་ཆེ་ཕེབས་བསུར་བཅར། ཚེས་༢༥་ལ་སྡོད་གནས་ང་གཟིམ་རྙིང་པར་སྤོས། ཟླ་༥་ཚེས་༡༠་ལ་༧གོང་ས་ཆེན་པོ་སྟོན་འཁོར་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར། ཟླ་༦་ཚེས་༡༠་ནས་ལྕགས་པོ་རིར་བྱ་བྲལ་སངས་རྡོར་དང་ལྷན་དུ་བཀའ་འདུས་སྨན་སྒྲུབ་བསྒྲུབས། ཟླ་༧་ཚེས་༡་ནས་ཚེས་༡༠་བར་གཟིམ་ཀ་ཤོད་དུ་གཡང་སྒྲུབ་བཙུགས། ཟླ་༧་ཚེས་༢༡་ནས་ཀུན་གླིང་བླ་བྲང་དུ་བཀའ་འདུས་སྨན་སྒྲུབ་ཚུགས་ཏེ། ཟླ་༨་ཚེས་༢་ལ་གྲོལ། ཚེས་༡༣་ལ་རི་བོ་ཆེ་ནས་གཏེར་ཆོས་སྐོར་འབྱོར། སྐལ་ཚེར་རྡོ་བྲག་གཏེར་མཛོད་རྒྱག་ཏུ་བསྐུར། ཚེས་༡༥་ལ་བདེ་ཕུག་རིན་པོ་ཆེ་སོགས་ལ་ཕུར་པའི་དབང་ཆེན་སོགས་ཟླ་༩་པའི་མཇུག་བར་བྱས། ཟླ་༡༠་ཚེས་༣༠་ལ་རླངས་འཁོར་བོད་དུ་ཐོག་མར་འབྱོར་བའི་དགའ་བསུ་བྱས། ༈ ཤིང་ལུག་ལོ་གསར་རྟེན་འབྲེལ། ཟླ་༢་༣་རིང་བླ་སྤྲུལ་མང་པོར་དབང་ལུང་བཞེད་ཆོས་ཕུལ། ཟླ་༣་པའི་མཇུག་བཅའ་ལག་རྣམས་ཀ་གཟིམ་དུ་བཅོལ་ཞུས། ཟླ་༤་ཚེས་༣་ལྷ་ས་ནས་ཐོན། བུ་ཆུ་ཀོང་སྨད་བརྒྱུད་རྡོ་གཤོང་ལ་བརྒལ་ཏེ་པདྨ་བཀོད་གཏེར་ཁོངས་སུ་ཚེས་༢༨་ཉིན་འབྱོར། ཟླ་༥་ཚེས་༡་ལ་བསྐྱེད་མ་དྲིན་ཅན་འཕྲད་ཅིང་གཏེར་ཁོག་དགོན་ཡུལ་རྣམས་བུ་རྡོ་རྗེ་དཔལ་བཟང་ལ་རྩིས་སྤྲད། ཚེས་༡༡་ལ་གཏེར་ཁོངས་ནས་ཐོན། ཚེས་༢༦་ཉིན་བུ་ཆུར་འབྱོར། ཟླ་༦ཚེས་༢༩་ལ་ཐོན་ནས། ཟླ་༧་ཚེས་༢་ལ་ལྷ་སར་འབྱོར། གནས་ཚང་རྒྱལ་སྟག་ཏུ་བསྡད། ཁམས་ནས་བུ་ཞེ་མདོ་སླེབས་པ་དང་འཕྲད། ཚེས་༢༩་ལ་ལྷ་ས་ནས་ཐོན། རྡོ་རྗེ་བྲག་བརྒྱུད། ཟླ་༨་ཚེས་༢་ལ་བསམ་ཡས་སུ་འབྱོར། ཚེས་༣་ནས་བསྙེན་པ་ཁ་གསོ་ཚུགས། ཚེས་༨་སྔ་དྲོ་ཧས་པོ་རི་རྩེར་ཕྱིན་ནས་ལྷ་བསངས་དང་འབྲེལ་ལྷ་སྲིན་དམ་བསྒྲགས་བགྱིས། ཚེས་༡༠་ནས་གཏེར་མཛོད་དབང་གི་དབུ་ཚུགས། རྡོ་བྲག་རིག་ཆེ། རྒྱལ་ཚོགས་སྤྲུལ་སྐུ། འཁྲུལ་ཞིག་སྤྲུལ་སྐུ། རྫ་སྤྲུལ་༢། རྒྱལ་སྲས་སྤྲུལ་སྐུ། ཟུར་མཁར་གདུང་སྲས་སོགས། རབ་གྲྭ་སོགས་དད་འདུས་༥༠༠་ལྷག་འདུག ཟླ་༩་ཚེས་༡༦་ལ་ཚེ་གསང་དབང་གི་མཐར་དགེ་བཅས་དབང་ཡོངས་རྫོགས་གྲུབ། ཚེས་༡༩་ནས་ལུང་ཚུགས། ཟླ་༡༠་ཚེས་༡༥་ལ་ལུང་ཡོངས་རྫོགས་གྲུབ་ནས་མཛོད་བདུན་སོགས་འདོད་ཆོས་བཏོན། ཚེས་༡༩་དཀོར་མཛོད་གླིང་དུ་ཙིའུ་དམར་པོ་ཐོག་བབས་ཀྱིས་གཟེངས་བསྟོད་བྱུང༌། ཚེས་༢༡་ལ་བསམ་ཡས་ནས་ཐོན། ཚེས་༢༤་ལ་ལྷ་སར་འབྱོར། ཚེས་༢༧་ཉིན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ། ཟླ་༡༡་ཚེས་༡༠་ལ་སྔ་དྲོ་མཁྱེན་བརྩེ་རིན་པོ་ཆེར་གྲོ་ལོད་ཀྱི་དབང་ཕུལ་ཞིང༌། འཆི་མེད་འཕགས་མའི་ཟབ་དབང་ཚུར་ཞུས། ཟླ་༡༢་ཚེས་༡༥་འབྲི་གུང་རྒྱ་ར་སྤྲུལ་སྐུ་རིན་པོ་ཆེར་ཕུར་པ་སྤུ་གྲི་རེག་ཕུང་གི་དབང་ཕུལ། འབྲས་ལྗོངས་རྒྱལ་སྲས་ཕེབས། ༈ མེ་སྤྲེ་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༡༢་ཉིན་རྫོགས་ཆེན་རིན་པོ་ཆེ་མཇལ། ཚེས་༡༣་ཉིན་དཔལ་ཡུལ་གྲུབ་དབང་ཡང་སྲིད་ལ་ཚེ་དབང་ཕུལ། ཚེས་༡༥་ལ་བསམ་ཡས་བུམ་གཏེར་བཅའ་སྒྲུབ་བྱས། ཀཿཐོག་སི་ཏུ་ཕེབས། ཚེས་༢༠་ནས་ལ་དྭགས་ཁ་ཆེའི་ཁང་པ་ཉོས་ཏེ་ཨར་ལས་ཚུགས། ཚེས་༢༥་ལ་སྨིན་མཁན་རིན་པོ་ཆེར་གྲོ་ལོད་དབང་ལུང་ཕུལ། ཟླ་༢་ཚེས་༡་ལ་རྫོགས་ཆེན་ཧོ་ཐོག་ཐུ་ཁྲི་འདོན་ལ་མཇལ་དར་བཅར། མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་ཁྲི་སྲོང་བླ་སྒྲུབ་ཀྱི་དབང་ལུང་ཞུས། ཚེས་༡༤་ཉིན་བྱ་བྲལ་བ་དང་བདེ་ཕུག་སོགས་ལ་ཟབ་ཆོས་བདུན་པའི་དབང་ལུང་བགྱིས། ཟླ་༣་ཚེས་༣་ལ་དགེ་མང་སྤྲུལ་སྐུ་ཕེབས། ཚེས་༧་ཉིན་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཕེབས། ཚེས་༡༢་ཉིན་བོད་རང་སྐྱོང་ལྗོངས་གྲྭ་སྒྲིགས། ཨུ་ཡོན་ལྷན་ཁང་ཚུགས། ཚེས་༡༠་ལ་ཨར་ལས་ཟིན་ནས་ཚེས་༡༥་ཉིན་ནོར་བུ་སྐྱིད་ཁང་དུ་སྤོས། ཚེས་༢༤་ཀརྨ་པ་ལྷ་སར་ཕེབས་པ་མཇལ་ཁ་ཞུས། ཟླ་༤་ཚེས་༡་ལ་བཀའ་འགྱུར་དག་སྒྲོགས་དབུ་ཚུགས། ཟླ་༥་ཚེས་༤་ལ་བོད་གཞུང་བཀའ་འབྲེལ་ཀོང་པོར་མཆོད་རྟེན་རྒྱག་ཕྱིར་ལྷ་ས་ནས་ཐོན། ཚེས་༥་ཉིན་བུ་ཆུར་འབྱོར། ཚེས་༦་ལ་རྩེ་སྒང་དུ་སླེབས། མཆོད་རྟེན་བཅའ་སྒྲིགས་དང༌། གྲོ་ལོད་མནན་པའི་བཅའ་སྒྲིགས། ཚེས་༨་ནས་ཆོ་ག་དངོས་གཞི། ཚེས་༡༤་ཉིན་རྨང་འོག་དགྲ་དུར་ཕུང་གསུམ་གཟིར་མནན་དང༌། ཉི་ནུབ་གཏོར་རྒྱག་བྱས་པར་ཟོར་པྲ་དགེ ཚེས་༡༥་ནས་གནོད་སྦྱིན་འཁོར་ལོ་དང༌། གཟུངས་སྒྲུབ་སོགས། ཚེས་༢༤་ལ་མཆོད་རྟེན་གྲུབ་སྟེ་རབ་གནས་གཟབ་རྒྱས་བྱས། ཚེས་༢༥་ཉིན་བུ་ཆུར་ལོག ཟླ་༦་ཚེས་༥་ལ་བུ་ཆུ་ནས་ཐོན་ཉང་ཁྲི་ཀྲེན་དུ་འབྱོར་ཏེ་རེ་ཞིག་དལ་སྡོད། ཟླ་༧་ཚེས་༡༠་ལ་ཞེ་ཆེན་རྒྱལ་ཚབ་མཇལ། ཚེས་༡༧་ཉིན་ཀྲེན་ནས་རླངས་འཁོར་དུ་ཞུགས་ཏེ་ཐོན་པས་ཚེས་༡༨་ཉིན་སྤོ་བོ་ཀྲ་མོག་ཏུ་འབྱོར། ཚེས་༢༡་ཉིན་ཕུ་དགོན་དུ་ཕྱིན་ནས་སངས་སྤྲུལ་རིན་པོ་ཆེ་མཇལ། ཚེས་༢༧་ལ་ཀྲ་མོོག་ཏུ་ཕྱིར་ལོག སྟག་ཤམ་སྤྲུལ་སྐུ་དང་རྒྱལ་རྫོང་སྤྲུལ་སྐུ་ཕེབས། ཀརྨ་པ་དང་ས་དབང་ང་ཕོད་མདོ་སྨད་ནས་ཕེབས་པ་མཇལ། ཟླ་༨་ཚེས་༥་ལ་སྤོ་བོ་ནས་ཐོན། ཚེས་༧་ལ་ཀྲེན་དུ་འབྱོར། ཚེས་༡༡་ལ་དྭགས་ཀོང་སྤྱི་ཁྱབ་རིམ་པས་དོན་བྱེད་ཁང་གསར་བཙུགས་ཚོགས་འདུར་ཕྱིན། ཚེས་༡༨་ལ་ཀྲེན་ནས་ལོག ཚེས་༡༩་ཉིན་ལྷ་སར་འབྱོར། ཟླ་༩་ཚེས་༢་ལ་ཀྲུང་གོ་སངས་རྒྱས་ཆོས་ཚོགས་བོད་ཡན་ལག་ཆོས་ཚོགས་གསར་འཛུག་གི་ཚོགས་འདུར་ཕྱིན། ཚེས་༡༡་ཉིན་ནོར་གླིང་དུ་༧སྐྱབས་མགོན་རིན་པོ་ཆེར་ཞབས་བརྟན་འབུལ་བར་བཅར། ཟླ་༩་ཚེས་༥་ལ་ལ་དྭགས་ཁ་ཆེའི་ཁང་པ་བཙོངས་ནས་སྤང་ཆེན་སྒང་ཁང་ས་ཉོས། ཚེས་༢༥་ལ་ཆོས་ཚོགས་རྒྱུན་ལས་བཙུགས་པའི་ཚོགས་འདུར་ཕྱིན། ཟླ་༡༠་ཚེས་༡་ཉིན་རྩེ་ཤོད་རྟེན་གཙོ་ཡོངས་ལ་གསེར་ཆབ་ཕུལ། ཚེས་༥་ཉིན་སྤང་ཆེན་སྒང་དུ་སྤོས། ཚེས་༡༠་ཉིན་ལྷ་ས་ནས་ཐོན། ཡངས་ཅན། གཞིས་རྩེ། རྒྱལ་རྩེ། ཤར་སེང་ནས་རྣ་ཐོས་ལ་བརྒལ་ཏེ། ཚེས་༡༨་ཉིན་ཀ་སྤུངས་སུ་འབྱོར། ཟླ་༡༡་ཚེས་༢༢་ཉིན་ཀ་སྤུངས་སུ་ཐམས་ཅད་མཁྱེན་པ་སྟོན་འཁོར་ཞབས་སོར་འཁོད། ཚེས་༢༩་ལ་སྒང་ཏོག་ཏུ་ཆིབས་ཞལ་བསྒྱུར་གནང་སོང༌། ཟླ་༡༢་ཚེས་༧་ཉིན་ཀ་སྤུངས་ནས་ཐོན། ཚེས་༨་ཉིན་ཀ་ལི་ཀ་ཏར་འབྱོར། ཚེས་༢༢་ཉིན་ཀ་ཏ་ནས་ཐོན། ཚེས་༢༥་ཉིན་མཚོ་པདྨར་འབྱོར། དད་འདུས་ལ་འདོད་ཆོས་དབང་ལུང་ཁ་ཤས་བགྱིས། ༈ ༡༩༥༧་མེ་བྱ་ལོ་གསར་རྟེན་འབྲེལ། ཟླ་༡་ཚེས་༣་ཉིན་རབ་གནས་དང་སྟོང་མཆོད་སོགས་བགྱིས། ཚེས་༥་ཉིན་མཚོ་ནས་ཐོན་ཏེ་ཀུལླུར་ཕྱིན། ཚེས་༩་ཉིན་ཀ་ཏར་འབྱོར། ཚེས་༡༩་ནས་ཚ་ནད་འཕར། ཟླ་༢་ཚེས་༡་ཉིན་གནམ་གྲུའི་ཐོག་ནས་ཀ་སྤུངས་སུ་ལོག ཚེས་༢༢་ཉིན་མཁྱེན་བརྩེ་རིན་པོ་ཆེ་ཕེབས་པ་མཇལ། ཚེས་༢༣་ཉིན་མཚོ་པདྨའི་བསྐོས་གཉེར་སླེབས་ནས་དགོན་པ་འབུལ་འབྱོར་བྱུང༌། ཟླ་༣་ཚེས་༡༥་ཉིན་འདུར་པིན་རི་རྩེར་དཔལ་རི་ལྷ་ཁང་གི་ས་སློང་བཟུང་རྟེན་འབྲེལ་བྱས། ཟླ་༤་ཚེས་༣་ཉིན་བུ་དང་བུ་མོ་དབྱིན་ཇིའི་སློབ་གྲྭར་བསྐྱལ། ཟླ་༤་ཚེས་༡༡་ཉིན་མ་རྡའོ་ནི་ཀུན་ཇའི་ཁང་པ་ཉོས། ཚེས་༡༣་ལ་བཀྲ་ཤིས་དགའ་ཚལ་དུ་སྤོས། ཚེས་༡༨་ཉིན་བུ་ཕན་བདེ་ཤར་པར་གཉེན་སྒྲིགས་རྟེན་འབྲེལ་བྱས། ཚེས་༢༩་ཉིན་ཀ་སྤུངས་ནས་ཐོན། མཛེས་ལེགས་ལ་བརྒལ་ཏེ་གྲོ་མོ་དང་གཞིས་རྩེ་བརྒྱུད་ཟླ་༥་ཚེས་༡༡་ཉིན་ལྷ་སར་འབྱོར། ཚེས་༢༥་ནས་ཆོས་ཚོགས་རྒྱུན་ལས་སུ་བཅར། ཟླ་༦་ཚེས་༢༢་ཉིན་ཆོས་ཚོགས་སུ་དགོངས་ཞུས་དོན་སྨིན་སོན། ཚེས་༢༦་ཉིན་ཕྱི་འབྲེལ་ལས་ཁུངས་སུ་བཅར་ནས་སྤ་སི་བླངས། ཟླ་༧་ཚེས་༡༠་ཉིན་དིལ་མགོ་མཁྱེན་བརྩེ་མདུན་ནས་ཉིད་ཀྱི་དགོངས་གཏེར་ཚེ་སྒྲུབ་ཀྱི་དོན་དབང་ཞུས་ཤིང༌། ཕར་ལ་གྲོ་ལོད་གཏོར་དབང་ཕུལ། ཟླ་༨་ཚེས་༧་ཉིན་བདེ་གླིང་ནས་སྤ་སི་བླངས། བོད་ཟླ་༨་ཚེས་༨་སྤྱི་ཟླ་༡༠་ཚེ་༡་ལ་མི་དམངས་ཐང་ཆེན་དུ་ཀྲུང་གོའི་རྒྱལ་ཁབ་དབུ་བརྙེས་དྲན་གསོའི་ཚོགས་འདུར་སོང༌། ཚེས་༡༣་ཉིན་ནང་བསྟན་ཡན་ལག་ཆོས་ཚོགས་ཚུགས་ནས་ལོ་གཅིག་འཁོར་བའི་དྲན་གསོས་ཚོགས་འདུ་ཆེན་མོར་བཅར། ཚེས་༡༤་ཉིན། ས་སྐྱ་སྒྲོལ་མ་ཕོ་བྲང་གི་གདུང་མཆེད་ཡུམ་སྲས་ལྷན་རྒྱས་ཕེབས་མཇལ་ལ་ཆོས་འབྲེལ་ཕུལ། ཚེས་༡༥་ཉིན་གཙུག་ལག་ཁང་དུ་མཆོད་མཇལ་ཞུས། ཚེས་༡༧་ལ་ལྷ་ས་ནས་ཐོན། གཞིས་རྩེ་ཕག་གྲོ་བརྒྱུད་མཛེས་ལེགས་༼རྫ་ལེབ་༽ལ་བརྒལ་ནས། ཟླ་༨་ཚེས་༢༥་ཉིན་ཀ་སྤུངས་བཀྲ་ཤིས་དགའ་ཚལ་དུ་འབྱོར། ཚེས་༣༠་ཉིན་རྒྱ་གར་སྤ་སི་བླངས། ཟླ་༩་ཚེས་༡་ཉིན་ཀྲུང་དབྱངས་ཚོང་དོན་ལས་བྱེད་ཁང་དུ་གསོལ་ཚིགས་ལ་བཅར་ཞིང་གློག་བརྙན་བལྟས། ཚེས་༡༢་ཉིན་ཁང་པའི་ཡིག་ཆ་སེ་ཡིག་བླངས། ཚེས་༡༨་ཉིན་འབྲས་ལྗོངས་རྒྱལ་སྲས་རིན་པོ་ཆེ་ཕེབས། ཚེས་༢༦་ཉིན་བུ་དང་བུ་མོ་བསླབ་གྲྭ་དགུན་ཀའི་གུང་གསེང་དུ་ལོག མཁྱེན་བརྩེ་རིན་པོ་ཆེ་ཕེབས། ཟླ་༡༠་དལ་སྡོད། དེའི་ཚེས་༡༨་ནས་མཁྱེན་བརྩེ་རིན་པོ་ཆེའི་ཞབས་བརྟན་འཆི་བསླུ་ཚུགས་ནས། ཚེས་༢༠་ཉིན་མདོས་གླུད་བཏང༌། ཚེས་༢༢་ཉིན་རྡོར་གླིང་དུ་ཕྱིན། ཚེས་༢༥་ཉིན་རྣམ་སྲས་འབྱོར། ཚེས་༢༩་ཉིན་ཀློང་གྲོལ་འབྱོར། ཟླ་༡༡་ཚེས་༡་ཉི་ལྡོག་གཏོར་རྒྱག་བྱས། ཚེས་༥་ཉིན་སྤྲུལ་སྐུ་ཨོ་རྒྱན་ཕེབས། ཚེས་༡༥་ནས་སྟོད་པ་ཁ་ཤས་ལ་རྩ་རླུང་ཁྲིད་ཚུགས། ཚེས་༢༢་ཉིན་འབྲུག་ནས་ཨ་ཞེ་པད་བདེ་ཕེབས། ཚེས་༢༥་ཉིན་དབེན་དགོན་རྡོར་སློབ་ཕེབས། ཟླ་༡༢་ཚེས་༣་ཉིན་བསང་རླུང་དང༌། ཚེ་སྒྲུབ་ཚུགས། བླ་རྒན་སེར་པོ་བྱུང༌། ཚེས་༥་ཉིན་བུ་ཕྲིན་ནོར་བྱུང༌། ཚེས་༡༠་ཉིནམཚམས་ལགས་འབྱོར། ཚེས་༡༣་ཉིན་རྩ་རླུང་ཁྲིད་གྲུབ། ཚེས་༡༥་ཉིན་ཀ་སྤུངས་ནས་ཐོན། གནམ་གྲུའི་ཐོག་ཀ་ཏར་ཕྱིན། རྒྱ་མིའི་ཟ་ཁང་དུ། ཚེས་༣༠་ཉིན་མོ་ཀྲོར་ཉོས། དྲག་ཤོས་ལྷུན་རྩེ་པ་ཕེབས། ཚེས་༢༦་ཉིན་ཀ་ཏ་ནས་ཐོན། ཚེས་༢༩་ཉིན་མཚོ་པདྨར་འབྱོར། ༈ ༡༩༥༨་ས་ཁྱི་ལོ་གསར་རྟེན་འབྲེལ། ཚེས་༥་ནས་བཀའ་འདུས་སྨན་སྒྲུབ་ཚུགས། ཚེས་༡༠་ལ་སྨན་སྒྲུབ་བྱིན་རླབས་སོགས་དང༌། དེ་ཉིན་དགོན་པ་འབུལ་སྦྱོར་གྱི་ཡིག་ཆ་སོགས་དྲིལ་བསྒྲགས་རྟེན་འབྲེལ། ཚོགས་འཁོར། ཚེས་༡༣་ཉིན་མཚོ་པདྨ་ནས་ཐོན། ཚེས་༡༧་ཉིན་ཀ་ཏར་འབྱོར། ཚ་རོ་ལྡང༌། ཟླ་༢་ཚེས་༡་ལ་ཀ་སྤུངས་སུ་ལོག ཚེས་༣་ལ་བུ་དང་བུ་མོ་བསླབ་གྲྭརབསྐྱལ། ཚེས་༥་ནས་སྒྲོལ་ཆོག་སོགས་ཞབས་བརྟན་རིགས་བསྒྲུབས། ཚེས་༡༡་ཀ་སྤུངས་ནས་ཐོན། ཚེས་༡༢་དགོང་དྲོར་ཀ་ཏར་འབྱོར། ཚེས་༡༥་ཉིན་ནིཝ་ཟཚིཏ་ཤཝར་ནལ་སེ་ཧོམ་དུ་ཕྱིན་ནས་བསྡད། ཚེས་༡༦་ཉིན་ཟུག་རྔུ་འབྱིན་པ་གྲུབ་ནས་བདེ་བར་གྲོལ། ཚེས་༢༦་ཉིན་ཤལ་ཟླ་ཧུ་དྲལ་དུ་སྤོས། ཚེས་༢༩་ཉིན་ཀ་ཏ་ནས་ཐོན། ཟླ་༣་ཚེས་༡་ཞོག་པར་ཀ་སྤུངས་སུ་འབྱོར། ཉི་འཛིན་དགེ་འབྱོར་བྱས། རྒྱ་ནག་ནས་བུ་དང་བུ་མོའི་སྤར་སོགས་འབྱོར། ཚེས་༤་ལ་སཾ་གྷ་རཀྵི་ཏ་ཕེབས། ཚེས་༦་ཉིན་ཚེ་རིང་འབྱོར་ནས་ལཉྫ་བྲིས། ཚེས་༡༠་ཉིན་འདུར་སྤིན་རི་འགོར་ལྷ་ཁང་གི་ས་ཆོག་དང་ཚོགས་མཆོད། ཚེས་༡༤་སྔ་དྲོ་དཔལ་རི་ལྷ་ཁང་རྨང་འཛུག་རྟེན་འབྲེལ་ཚོགས་འདུ་དང༌། ཕྱི་དྲོ་མ་ཧཱ་བུདྷ་སོ་བ་ཡ་ཀྲིཀ་ཆོས་ཚོགས་སུ་སོང༌། ཚེས་༡༧་ཉིན་འབྲུག་པ་ཁ་ཤས་ལ་སྣང་སྦྱང་གི་ཁྲིད་ཚུགས། རྒྱལ་སྲས་བླ་མ་ལགས་ཕེབས། ཚེས་༢༡་ཉིན་ནས་བཀྲ་ཤིས་རླང་འཁོར་ཁ་ལོ་པར་འབྱོར། ཚེས་༢༣་ཉིན་རྡོ་བྲག་སྤྲུལ་སྐུ་ཕེབས། ཚེས་༢༥་ནས་པད་གླིང་ཕུར་པའི་སྨད་ལས་ཆོག་ཁྲིགས་བྲིས། ཟླ་༤་ཚེས་༣་ལ་འགྱུར་མེད་ལགས་བོད་དུ་ཐོན། ཚེས་༡༦་ཉིན་ལྷ་སར་དགེ་བསྐུལ་བའི་གདོང་ཡིག་འཕྲིན་རིགས་བསྐུར། ཚེས་༢༥་ནས་འབྲུག་པ་རྣམས་ལ་ཐོད་བརྒལ་རུ་ཤན་ཚུགས། ཟླ་༥་ཚེས་༥་ལ་འཁྲུངས་ལྷ་དབྱར་གསོལ་དུ་སོང༌། ཚེས་༦་ཉིན་ཉི་ལྡོག་ཐུན་གཏོར་འཕང༌། ཚེས་༡༠་སྤྲེལ་ཟླ་ཚེས་བཅུའི་དུས་མཆོད་བྱས། འདི་སྐོར་༧སྐྱབས་མགོན་ཆེན་པོའི་༧ཞབས་བརྟན་དབང་སྦྱིན་སོགས་བསྒྲུབས། ཚེས་༡༦་ཉིན་ཞབས་བརྟན་རྟེན་འབྲེལ་མཇལ་དར་དུ་ཐར་པ་ཆོས་གླིང་དུ་བཅར། ཚེས་༡༩ ཚ་རོང་ས་ཆེར་བཅར། ཚེས་༢༠་ཉིན་རྡོར་གླིང་དུ་མཁྱེན་བརྩེ་རིན་པོ་ཆེ་མཇལ་ནས་ལོག ཚེས་༢༤ ཚ་རོང་ས་ཆེ་ཕེབས། ས་ཆའི་ལས་ཁུངས་ནས་ཀོ་ཊིའི་ས་ཚད་འཇལ་མི་ཕེབས། ཚེས་་་་་ ཁམས་བོད་འཐུས་མི་བྱུང༌། དབྱིན་ཇིའི་དགེ་སློང་ལ་འཇམ་དཔལ་བསྟོད་སྒྲུབ་ཀྱི་ཁྲིད་བཤད། ཚེས་༢༩ ཤེར་སྙིང་བདུད་ཟློག་བགྱིས། ཟླ་༦་ཚེས་༡ སིང་ག་ལའི་བིཀྵུ་ཕེབས། ཚེས་༥ དྲག་ཤོས་དབང་ཕྱུག་ཕེབས། ཚེས་༩ དཔོན་སློབ་སྤྲུལ་སྐུ་ཕེབས། ཚོགས་མཆོད། ཚེས་༡༡ འབྲུག་པའི་གདོང་ལྷ་སར་ཡིག་འཕྲིན་བསྐུར། ཚེས་༡༣་སྐུ་ཞབས་པདྨ་ལགས་ཕེབས། ཚེས་༢༩་ལ ལྷ་ས་ནས་སྤར་ཕུད་འབྱོར། ཚེས་༣༠ ཁྲོ་དགའ་བོའི་སྤྲུལ་སྐུ་ཕེབས། ཟླ་༧་ཚེས་༡ དགེ་རྣམ་བྱུང༌། ཚེས་༧ པདྨ་དབང་ཆེན་སོགས་ལ་ལམ་རིམ་ཡེ་སྙིང་གི་ཁྲིད་ཚུགས། ཚེས་༢༠་ནོར་བུ་སྒང་ཐོག་ཏུ་སོང༌། ཚེས་༢༧ འབྲུག་པ་རྣམས་ལ་རྫོགས་ཆེན་ཁྲིད་ཚར། ཚེས་༢༩ ཤེར་སྙིང་བདུད་ཟློག་བགྱིས། ཟླ་༨་ཚེས་༡ རླུང་གུར་ཕྱིན། ཚེས་༩ འབྲུག་པ་ཁ་ཤས་ལ་རྩ་རླུང་གི་ཁྲིད་ཚུགས། ཚེས་༡༡ དད་འདུས་ཁ་ཤས་ཕུར་པའི་རྫོགས་རིམ་རུ་ཤན་ཚུགས། ཚེས༡༦ ཐབས་ལམ་ཟིན་བྲིས་འབྲི་རྒྱུ་ཚུགས། ཚེས་༡༧ རྩྭ་རྔས་བླ་མ་ལ་ཁྲིད། ཚེས་༢༨་ལ་ཕུར་པའི་རྫོགས་རིམ་བཤད་ཟིན། ཟླ་༩་ཚེས་༡ རྩ་རླུང་འཕྲུལ་འཁོར་བར་རྒྱུགས་བླངས། ཚེས་༡༩། འབྲི་གུང་རྒྱ་བྲག་སྤྲུལ་སྐུ་ཕེབས། ཚེས་༢༥ ལྷ་ས་ནས་འབྲེལ་ཞུ་བ་སླེབས། ཟླ་༡༠་ཚེས་༢༤། བདེ་རྒྱལ་སྤྲུལ་སྐུ་ཕེབས། ཟླ་༡༡་ཚེས་༢ ཨ་ཞེ་པད་བདེ་དང་ཆོས་སྐྱིད་ཕེབས་མཇལ། ཚེས་༩ འབྲུག་པ་ཚོར་ཡན་ལག་ཆོས་ལྔའི་ཁྲིད་གྲུབ། ཚེས་༡༠ དཔལ་རིའི་རྩིག་རྨང་རྟེན་འབྲེལ་དུ་ཕྱིན། ཚེས་༡༥ བསྟན་ཆོས་འབྱོར། ཚེས་༡༧ སྟོད་པ་ཁ་ཤས་ལ་ཕུར་པའི་དབང༌། ཚེས་༡༨་ལ་ཆུ་ཚོད་༡་ཐོག་ཐོན། ཆུ་ཚོད་༩་པར་ཤི་ལི་གུ་རི་ནས་རི་ལིར་ཞུགས། ཚེས་༡༩་ཕྱི་དྲོ་ཆུ་ཚོད་༥་ཐོག་ཀ་ཏར་འབྱོར། ཚེས་༢༢་ཀ་ཏ་ནས་ཐོན། ཚེས་༢༤་ཉིན་ཀ་སྤུངས་སུ་འབྱོར། ཚེས་༢༦ འབྲི་གུང་རྒྱ་བྲག་རིན་པོ་ཆེ་ཕེབས་མཇལ། ཚེས་༣༠ ཨ་ཞེ་ཆོས་སྐྱིད་བདེ་གྲོལ་བྱུང༌། བོད་ཟླ་༡༢་ཚེས་༣ བདེ་རྒྱལ་སྤྲུལ་སྐུར་སྔོན་འགྲོའི་ཁྲིད་ཚུགས། ཟླ་སྒྲོན་དང་བཀྲ་ཤིས་ལྷ་སར་ཐོན། ཚེས་༤ དཔལ་རིའི་ལྷ་ཁང་ཀ་འཛུག་རྟེན་འབྲེལ་དུ་ཕྱིན། སྟོད་པ་དང་འབྲུག་པ་ཁ་ཤས་ལ། གསང་འདུས། རྡོར་སེམས། ཕུར་པ་བཅས་ཀྱི་དབང་བསྐུར། ཚེས་༥ ཐུགས་ཐིག གྲོ་ལོད། ཁྲོས་མ་སོགས་ཀྱི་དབང་བསྐུར། སློབ་དཔོན་བསོད་ནམས་བཟང་པོ་ཕེབས། ཚེས་༦ གནམ་ལྕགས་སྤུ་གྲིའི་དབང་བསྐུར། ཚེས་༧ བསོད་བཟང་ནས་བརྟན་ཞུགས་ཕུལ། ཚེས་༩ རི་ནག་སྟངས་དཔྱལ་ཕེབས། ཚེས་༡༧ ཚེ་དབང་དཔལ་འབྱོར་དང་ཆོས་དབྱིངས་རྡོ་རྗེ་སོགས་འབྱོར། ཨི་ཏྲ་ལི་ནས་རྡོ་བྲག་སྤྲུལ་སྐུའི་ཕྱག་བྲིས་འབྱོར། ༈ ༡༩༥༩་ས་ཕག་ཟླ་༡་ཚེས་༡ ལོ་གསར་རྟེན་འབྲེལ། ཚེས་༥ བདེ་རྒྱལ་སྤྲུལ་སྐུར་ཐུགས་ཆེན་རྒྱལ་པོ་ལུགས་ཀྱི་དབང་བསྐུར། ཚེས་༨ བུ་ཕྲིན་ནོར་སོགས་ལ་རྩ་རླུང་ཁྲིད་ཚུགས། ཚེས་༡༠ པད་གླིང་ཕུར་པའི་བསྙེན་ཡིག་བརྩམས། ཚེས་༡༣ ཐར་གླིང་དུ་མཇལ་དར་ལ་སོང༌། ཚེས་༡༨ པད་གླིང་ཕུར་པའི་ཡིག་ཆ་སྐོར་ལྷོ་བྲག་ལྷ་ལུང་དུ་བསྐུར། ཚེས་༢༧ རྫོགས་ཆེན་སྡེ་གསུམ་ཆོག་ཁྲིགས་ཚུགས། ཟླ་༢་ཚེས་༣ བསྟན་རྒྱས་སཙྪ་བསྒྲུབས་ནས་དཔལ་རིའི་རྩིག་གསེབ་དུ་སྦས། ཚེས་༨ འདི་ཉིན་ལྷ་ས་ནས་༧གོང་ས་སྟོན་འཁོར་ཆིབས་ཁ་བསྒྱུར། ཚེས་༡༠ ཉིན་ལྷ་སར་འཁྲུགས་ཟིང༌། ཚེས་༡༨ ཀ་སྤུངས་ནས་ཐོན། རྡི་ལིར་འབྱོར། ཚེས་༢༣་ཉིན་ཀ་སྤུངས་སུ་ལོག བོད་ཟླ་༣་ཚེས་༣ ཤང་ཀང་ཆོས་ཚོགས་དྲུང་ཆེ་ཕེབས། ཚེས་༡༠་རྒྱ་དང་དབྱིན་ལ་དོང་སྤྲུགས་དབང་བསྐུར། ཚེས་༡༡ ཤི་ལི་གུ་རིར་༧གོང་༼ས་མཆོག༽མཇལ་དུ་སོང༌། ཟླ་༤་ཚེས་༡ མུ་ཏི་ལར་རླངས་འཁོར་བཙོང༌། ཚེས་༡༤ ཕུར་པའི་རྫོགས་རིམ་ཁྲིད་ཚུགས། ཚེས་༡༨ ཁ་ཤས་ལ་བཀའ་མ་དོང་སྤྲུགས་ཀྱི་དབང་བསྐུར། ཚེས་༢༥ ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་རིན་པོ་ཆེ་མཇལ། ཟླ་༥་ཚེས་༥ ཐར་གླིང་དུ་འཁྲུངས་ལྷའི་བསང་གསོལ་དུ་བཅར། ཚེས་༨ རྒྱ་སྟོན་ལ་ཟབ་ཁྲིད་ཚུགས། མཁྱེན་བརྩེ་རིན་པོ་ཆེ་དགོངས་པ་རྫོགས། དབྱངས་གཅོད་སྤྲུལ་སྐུ་བོད་དུ་ཐོན་སོང༌། ཚེས་༢༨ ཉིན་དིལ་མགོ་མཁྱེན་བརྩེ་ཕེབས། ཟླ་༦ཚེས་༣ ཆོས་མགོན་རིན་པོ་ཆེ་ཕེབས། ཚེས་༥ སྟག་ལུང་སྤྲུལ་སྐུར་བྱང་གཏེར་ཟབ་རྒྱའི་ཁྲིད་ཚུགས། ཚེས་༧ འབྲུག་པ་ཨོ་གླིང་བླ་མར་སྔོན་འགྲོའི་ཁྲིད་ཚུགས། ཚེས་༡༢ ལ་དྭགས་བྷ་ཀུ་ལ་རིན་པོ་ཆེ་མཇལ། ཚེས་༢༦ ཀཿཐོག་དབོན་སྤྲུལ་ཕེབས། ཟླ་༧་ཚེས་༤ ཨ་ནེ་ལགས་འབྱོར། ཟླ་༧་ཚེས་༧ ཀ་སྤུངས་ནས་ཐོན། ཚེས་༡༡ རྡི་ལིར་འབྱོར། ༧གོང་ས་ཆེན་པོ་མཇལ་ཁ་ཞུས། ཚེས་༡༥་རྡི་ལི་ནས་ཐོན། ཚེས་༡༦་སིམ་ལ་རུ་འབྱོར། ཟླ་༨་ཚེས་༢ ཞི་དྲག་གི་སྦྱིན་སྲེག་དང༌། ཚེས་༢༠ རིག་དབང་ལགས་ཀ་སྤུངས་ཐོན། ཚེས་༢༠ འདི་ནས་སྦྱིན་སྲེག ཟླ་༩་ཚེས་༡ སིིམ་ལ་ནས་ཐོན། ཚེས་༣ ཉིན་ཀ་སྤུངས་སུ་འབྱོར། ཚེས་༡༥ ཅོག་བཀྲ་ནས་བརྟན་ཞུགས་གནང་བྱུང༌། ཚེས་༡༨ སྤྲུ་གུ་༢་འབྱོར། ཟླ་༡༠་ཚེས་༥ དིལ་མཁྱེན་ཕེབས། བཀྲ་ཤིས་ལྷ་ས་ནས་འབྱོར། ཚེས་༡༦ བསླབ་གྲྭའི་སྤྱི་ཁྱབ་ཕེབས། བོད་ཟླ་༡༡་ཚེས་༡ སྟོད་པ་ཁ་ཤས་ལ་སྤུ་གྲི་རེག་ཕུང་གི་དབང་བསྐུར། ཚེས་༩ མགོན་པོ་རྡོ་ཀར་སྦ་པོར་པད་བཀོད་དུ་སྐྱེས་མར་ཡི་གེ་བསྐུར། ཚེས་༡༧ ཀ་སྤུངས་ནས་ཐོན། ཀ་ཏར་འབྱོར་མགུལ་རྒྱན་སོགས་བཟོས། ཚེས་༢༨་ལ ཀ་སྤུངས་སུ་ལོག ཟླ་༡༢་ཚེས་༡ བླ་མ་ཚེ་དབང་སོགས་ལ་ཚེ་དབང་བསྐུར། ཚེས་༤་ལ་སྐུ་ཞབས་འགྱུར་མེད་ལགས་འབྱོར། ཚེས་༨ ས་སྐྱ་སྒྲོལ་ཕོ་ཁྲི་ཆེན་མཇལ། ཚེས་༡༤ སྟོད་འཁྲུལ་ཞིག་ཕེབས ཚེས་༡༨ ཀ་སྤུངས་ནས་ཐོན། ཚེས་༢༡ རྡི་ལིར་སླེབས། སྨན་ཉོས། ཚེས་༢༤སིམ་ལར་འབྱོར། ༈ ༼བོད་ལྕགས་བྱི་༽ ༡༩༦༠ ཟླ་༡་ཚེས༡ ལོ་གསར་རྟེན་འབྲེལ། ཚེས་༥ མཚོ་པདྨར་ཐོན། ཚེས་༧ ནས་མཆོད་གཤོམ་སོགས་སྨན་སྒྲུབ་ཚུགས། ཐུགས་གསང། ཚེས་༡༠ སྨན་དབང༌། ཚེས་༡༢ མཚོ་ནས་ཐོན། རྡ་རམ་ས་ལར་བཅར། ཚེས་༡༤ སིམ་ལར་འབྱོར། བོད་ཟླ་༢་ཚེས་༥ མཚོ་པདྨར་སོང༌། བསྐོས་གཉེར་སྐོ། ཚེས་༡༠ སིམ་ལར་ལོག བོད་ཟླ་༣་ཚེས་༡ དབོན་སྤྲུལ་སོགས་གྲོ་ལོད་དབང་ལུང༌། ཚེས་༣་ལ་བོད་རྡ་ས་ནས་བཀའ་ཡིག་འབྱོར། བོད་ཟླ་༤་ཚེས་༡༠ རྡ་ས་ནས་བཀའ་རྒྱ་ཕེབས། བོད་ཟླ་༥་ཚེས་༡ སིམ་ལ་ཐོན། རྡ་སར་འབྱོར། ཚེས་༡༠ ༧གོང་ས་ཆེན་པོར་མཇལ་ཕྱག་བཅར། སློབ་དེབ་སྒྲིགས་རྩམ་དབུ་ཚུགས། བོད་ཟླ་༦་ཚེས་ སློབ་དེབ། བོད་ཟླ་༧་ཚེས་༡༠ སློབ་དེབ་སྤྱན་ཞུར་བཅར། ཚེས་༡༣ རྡ་ནས། སིམ་ལར་ཐོན། བོད་ཟླ་༨ སིམ་ལར་བསྡད། བོད་ཟླ་༩་ཚེས་༡་ལ་སིམ་ལ་ཐོན། ཚེས་༤ ཀ་སྤུངས་སུ་འབྱོར། བོད་ཟླ་༡༡་ཚེས་ གཏེར་མཛོད་སྙན་ཞུ། བོད་ཟླ་༡༢་ནང༌། གཏེར་མཛོད་སྣ་སེལ། ཚེས་༡་ལ་ གཏེར་མཛོད་དབང་གི་དབུ་ཚུགས། ༈ བོད་ལྕགས་གླང༌། ༡༩༦༡ བོད་ཟླ་༡་ཚེས་༡༥ གཏེར་མཛོད་དབང་གྲུབ། བོད་ཟླ་༢་ཚེས་༡་ནས་གཏེར་མཛོད་ལུང་ཚུགས། ཚེས་༢༣་ལ་གྲུབ། བོད་ཟླ་༣་ཚེས་༣་ལ་སྨིན་གདུང་ཕེབས། ཟླ་༥་ཚེས་༡༠ སྤྲེལ་ཟླའི་དུས་མཆོད། བོད་ཟླ་༦་ཚེས་༡ རྡ་སར་བཅར། སློབ་དེབ་རྗེས་མ་འབྲི་རྒྱུ་ཚུགས། ཚེས་༢༨ ༧གོང་ས་ཆེན་པོར་ཐོན་བཅར་ཞུས། བོད་ཟླ་༧་ཚེས་༣ ཀ་ཤི་མེར་སླེབས། ཚེས་༡༠་མཁའ་གྲུའི་ཐོག་ལ་དྭགས་སུ་ཐོན། སྔ་ཞོག་ཆུ་ཚོད་༦་པར་བསྐྱོད། ཆུ་ཚོད་༧་པར་གླེར། གླེར་ཞག བསམ་ཀར་དགོན་དུ་ཞག སྟག་སྣ་དགོན་དུ་ཞག ཨུ་སྐྱིད་དུ། གྱམ་མར་དུ། གྱེ་རིར་འབྱོར། ཚེས་༡༤ འདོད་ཆོས། མཚོ་སྐྱེས་ཐུགས་ཐིག གྲོ་ལོད། ཁྲོས་མ། ཕུར་པ། གཡུ་ཐོག་སྙིང་ཐིག་སོགས་ཀྱི་དབང༌། ཚེས་༢༤ གྱེ་རི་ནས་ལོག རྡི་བི་དགོན། ཏོག་མཁར་དུ་ལ་དྭགས་རྒྱལ་སྲས། ལྕེ་བདེ། བསམ་ཀར་དགོན། ཉང་སྔོན། བཀྲ་ཤིས་ཆོས་རྫོང༌། བོད་ཟླ་༨་ཚེས་༡ གནམ་གྲུའི་ཐོག་སྔ་ཞོག་ཆུ་ཚོད་༧་༣༠་ཐོན། ཆུ་ཚོད་༨་ཀ་ཤི་མིར། ཡང་ཐོན། ཆུ་ཚོད་༡༠་པར་རྡི་ལིར་འབྱོར། དགོང་མོ་མཁའ་གྲུར་ཞུགས་ནས་ཐོན། སྔ་དྲོ་ཆུ་ཚོད་༨་པར་ཀ་ཏར་འབྱོར། ཚེས་༤ རྡོར་གླིང་དུ་འབྱོར། ཚེས་༡༧ ཀ་སྤུངས་སུ་འབྱོར། བོད་ཟླ་༩་ཚེས་༢༢ རྡོར་གླིང་དུ་མཆོད་རྟེན་རབ་གནས་སུ་ཕྱིན། བོད་ཟླ་༡༡་ཚེས ཞག་དེའུ་འཁྲུལ་ཞིག་རིན་པོ་ཆེ་ཕེབས། སྣ་སེལ་རིགས། ཚེས་༢༤་ནས་བཀའ་མའི་དབང་ཚུགས། འོ་བྲན་དྲག་དམར། བོད་ཚེས་༢༥ ཕྱི་ཟླ་༡༽ ༡༩༦༢ བཀའ་མའི་དབང་ཁག་རིམ་བཞིན། བོད་ཟླ་༡༢་ཚེས་༡ དོང་སྤྲུགས་སོགས། ཚེས་༧ ཕུར་པ་གནམ་ལྕགས་སྤུ་གྲིའི་དབང༌། ཚེས་༩་ནས་ལུང་ཚུགས། སྨན་སྒྲུབ། ཚེས་༡༥་ནས་དབང་ལུང་ཡོངས་རྫོགས་གྲུབ་ནས། ཚེས་༡༦་ལ་ གཏང་རག་བརྟན་བཞུགས། ཚེས་༢༤་ལ་ཀ་ཏར་ཐོན། ༈ ༼བོད་ཆུ་སྟག་༽ ༡༩༦༢ ཟླ་༡་ཚེས་༡ ལོ་གསར་རྟེན་འབྲེལ། ཚེས་༩་ལ་ཁྲི་སྲོང་ཟློས་གར་བལྟས། ཚེས་༡༣་ཀ་སྤུངས་འབྱོར། བོད་ཟླ་༢་སྔ་མ། ཚེས་༡༠་ལ་ཐོན། ཚེས་༡༤ མཚོ་པདྨར་འབྱོར། ཚེས་༢༣་ཉིན་བསྐོས་གཉེར་རྩིས་བླངས། ཟླ་༢་༢་ཚེས་༡་ཉིན་བཞུགས་སྒར་དུ་བཅར། ཚེས་༤་ཉིན་སླར་ཀ་སྤུངས་སུ་འབྱོར། ཚེས་༡༧་ཉིན་རྒྱ་ཅན་ཕྱག་དཔེ་༧གོང་ས་ཆེན་པོར་འབུལ་བརྫོང་ཞུས། བོད་ཟླ་༤་ཚེས་ནས་རྙིང་མའི་ཆོས་འབྱུང་བྲིས། བོད་ཟླ་༦་ཚེས་༥ ཀ་སྤུངས་ནས་ཐོན། ཚེས་༧་ལ་རྡི་ལི་དང༌། དེ་ནས་རི་ལི་ནང༌། ཚེས་༨་ལ་མན་དྲིར། ཆོས་འབྱུང་མཇུག་རྩོམ་སོགས། ཚེས་༡༠་༡༠་མ་ན་ལི། ཚེས་༡༡་ལ་ལ་བརྒལ་ནས་བྷ་དར་ཞག ཚེས་༡༣ ར་སྒྲང་ལ་བརྒྱབ་ནས་བློ་ཤར་དུ། ཚེས་༡༤ སྤང་མོར། ཚེས་༡༥ ཀ་ཛ། ཚེས་༡༦ ལ་ར། ཚེས་༡༧ སྤྲིན་དགོན་གསང་སྔགས་ཆོས་གླིང་དུ་འབྱོར། དབང་སོགས། ཚེས་༢༡ མ་ཎིར། ཚེས་༢༣ ལི་ཐང༌། ཚེས་༢༥ ཀ་ཛེ། ཚེས་༢༦ བློ་ཤར། ཚེས་༢༧ བྷ་ཐ་ལར། ཚེས་༢༨ གར་ཞ་སྲིན་མོ་གླིང་དུ། ཚེས་༣༠ མ་ན་ལིར། བོད་ཟླ་༧་ཚེས་༡ མན་དྲིར། ཚེས་༥ མན་དྲི་ནས་ཐོན། ཚེས་༨་ལ་ཀ་སྤུངས་སུ་འབྱོར། ཚེས་༢༣་ནས་རྫོགས་ཆེན་སྡེ་གསུམ་དབང་གི་ཆོག་ཁྲིགས་ཚུགས། བོད་ཟླ་༨་ཚེས་༡༧ སྡེ་གསུམ་ཆོག་ཁྲིགས་གྲུབ། ཚེས་༢༥ མཁའ་སྤྱོད་རིན་པོ་ཆེ་སོགས་ལ་རྡོ་རྗེ་སྙིང་པོའི་དབང་ལུང༌། བོད་ཟླ་༩་ཚེས་༢༠ རྡོར་གླིང་གུ་རུ་ལྷ་ཁང་རབ་གནས། བོད་ཟླ་༡༠་ཚེས་༡་ཐོན། ཀ་ཏར། བོད་ཟླ་༡༡་ཚེས་༨ སྒང་ཏོག་གུ་རུའི་སྐུ་འབུམ་འོག་ཏུ་མནན་བྱེད་སྲི་མནན་བསྒྲུབ། ཚེས་༢༡་ལ་ཁྲིམས་ཁང་ཆེན་པོར་ཕྱི་མཐའི་ཐ་ཚིག་དེབ་སྐྱེལ། ༼༡༩༦༣༽ ཚེས་༢༩་ལ་མཁའ་གྲུའི་ཐོག་རྡི་ལི་དང་དེ་ནས་རི་ལི་དང་མོ་ཀྲོལ་ཐོག་ནས་མན་དྲི་བརྒྱུད་མཚོ་པདྨར་འབྱོར། ༼བོད་ཟླ་༡༢་ཚེས་༡༠༽ རྙིང་རྒྱུད་ལུང་གི་དབུ་ཚུགས། ཚེས་༢༨་ལ་རྙིང་རྒྱུད་ལུང་ཡོངས་རྫོགས་གྲུབ། ༈ ༼ཆུ་ཡོས་ཟླ་༡་ཚེས་༡༽ ལོ་གསར་རྟེན་འབྲེལ། ཚེས་༣ བཞུགས་སྒར་ནས་སྐུ་ཚབ་ཕེབས། སྟོང་ཚོགས་དང་འབྲེལ་བསྙེན་བཀུར་གཟབ་རྒྱས། སྨན་སྒྲུབ་གོ་སྒྲིགས། ཚེས་༥་ནས་སྨན་སྒྲུབ་ཚུགས། ཚེས་༧་བུ་གཞན་ཕན་ཀ་སྤུངས་སུ་ཐོན། ཚེས་༨་ལ་སྨན་སྒྲུབ་གྲོལ། ཚེས་༡༠ ཚེས་བཅུའི་གར་འཆམས་སོགས། དགོན་ཁང་དུ་རྟེན་འཛུགས། ཚེས་༡༣ བསྐོས་གཉེར་རྩིས་བླངས། ཚེས་༡༦ མཚོ་ནས་ཐོན། བཞུགས་སྒར་དུ། ཚེས་༢༡་ནས་ཐོན། ཚེས་༢༣ རྡི་ལིར་འབྱོར། ཀའོལ་སབ་མཇལ། ཚེས་༣༠ རྡི་ལི་ནས་གནམ་གྲུར་ཞུགས་ཐོན། ཀ་ཏར་ཞག བོད་ཟླ་༢་ཚེས་༡ ཤིས་ལི་རྒུ་རིར་འབྱོར། འདི་ཉིན་ནས་ཞག་༢༤་བཙོན་དུབཟུང༌། ཚེས་༢༥་ཉིན་བཙོན་ལས་ཐར་ཏེ་ཀ་སྤུངས་སུ་འབྱོར། ཟླ་༣་ཚེས་༥ རྙིང་ཚོགས་ནས་བརྟན་བཞུགས་བྱས་བྱུང༌། དབེན་དགོན་བླ་གྲྭ་སོགས་རིམ་ཕེབས། ཚེས་༡༠ འདུར་སྤིན་དུ་བརྟན་བཞུགས། ཚེས་༧་ནས་ལོག་ཏྲིའི་སྒྲུབ་པ་ཚུགས། ཚེས་༢༩་ལས་སྦྱོར་མཐའ་བསྡུ། སྤྱི་ཟླ་༧་ཚེས་༡ བོད་ཟླ་༥་ཚེས་༡༠ ཁྲི་ཆེན་མཚན་གསོལ་རྟེན་འབྲེལ་ཞུས། བོད་ཟླ་༧་ཚེས་༢༨་རླུང་འཁོར་བསྡུས། ཚེས་༣༠ འདུན་བཤིག་མཚོ་གཏད། བོད་ཟླ་༨་ཚེས་༩ རྫོགས་ཆེན་སྡེ་གསུམ་དབང་ཁྲིགས། བོད་ཟླ་༩་ཚེས་༡ བུ་གཞན་ཕན་གུང་གསེང༌། ཚེས་༡༣ ཀ་སྤུངས་ནས་ཐོན། ཚེས་༡༧་ལ་བཞུགས་སྒར་དུ་འབྱོར། ཟླ་༩་ཚེས་༢༤ ཆོས་ཚོགས་དབུ་ཚུགས། ཚེས་༢༨་ཉིན། ཀར་རྙིང་ས་གསུམ་ནས་བརྟན་བཞུགས་ཕུལ། ཚོགས་འདུ་མཇུག་བསྡོམས། ཐོན་ཕྱག་ཞུས། ཚེས་༢༩ བཞུགས་སྒར་ནས་ཐོན། བོད་ཟླ་༡༠་ཚེས་༢་ལ་ཀ་སྤུངས་སུ་འབྱོར། ཚེས་༡༥ དད་འདུས་ཁ་ཤས་ལ་ཀློང་སྙིང་རྩ་པོད་ཀྱི་དབང་ལུང་ཚུགས། ཚེས་༢༡་ལ་གྲུབ། བོད་ཟླ་༡༡་ཚེས་༡༠ རྙིང་མའི་བསྟན་པའི་རྣམ་བཞག་བརྩམས། ཚེས་༡༣ སྟེང་པོ་ཆེ་སྤྲུལ་སྐུ་སོགས་ལ་ཁྲོས་མ། མཁའ་འགྲོ་ཐུགས་ཐིག ཕུར་པ་སོགས་ཀྱི་ཁྲིད། ༈ ༡༩༦༤ བོད་ཤིང་འབྲུག་ཟླ་༡་ཚེས་༡ ལོ་གསར་རྟེན་འབྲེལ། བོད་ཟླ་༢་ཚེས་༣་ལ། རྙིང་མའི་ཆོས་འབྱུང་སྤར་འདེབས་དབུ་ཚུགས། ཚེས་༥་ཚེ་ཆོག་གླིང་མཆོག་སྤྲུལ་ཡང་སྲིད་ཁྲི་གསོལ་ལ་བཅར། ཚེས་༡༠་ལ། ཐར་པ་ཆོས་གླིང་དུ་བོད་མི་མང་ཆོས་བཤད་བྱེད་པར་སོང༌། ཚེས་༢༢ ཨ་བྷི་ཙརྻའི་ལས་གྲུབ། བོད་ཟླ་༢་ཚེས་༢ ཟངས་མདོག་དཔལ་རིར་སྐུ་བརྙན་རབ་གནས། ཚེས་༨་ནས། སྨན་སྒྲུབ་སྟ་གོན། བླ་མ་དགོངས་འདུས་སྒོ་ནས་སྨན་སྒྲུབ། ཚེས་༡༤ སྨན་དབང་བླངས། ཚེས་༢༣ འདུན་བཤིག་གྲབ་གཤོམ། ཚེས་༢༥་ནས་འདུན་བཤིག་དངོས་གཞི། ཚེས་༣༠ འདུན་བཤིག་ཆུ་བསྐྱུར། བོད་ཟླ་༤་ཚེས། ཡང་འདུན་བཤིག ཚེས་༡༧ འདུན་བཤིག་ཆུ་བསྐྱུར། བོད་ཟླ་༥་ཚེས་༡༠ སྤྲེལ་ཟླའི་དུས་མཆོད། ཚེས་༡༩་ནས། ཡང་འདུན་བཤིིག ཚེས་༣༠ འདུན་བཤིག་ཆུ་བསྐྱུར། བོད་ཟླ་༩་ཚེས་༢༣ ཡང་འདུན་བཤིག ཚེས་༣༠ འདུན་བཤིག་ཆུ་བསྐྱུར། བོད་ཟླ་༡༠་ཚེས་༢༠ ནས་འདུན་བཤིག ཚེས་༣༠ ཆུ་བསྐྱུར། བོད་ཟླ་༡༡་ཚེས་༢༨། རིག་འཛིན་ལགས་ཀ་ཏར་ཕྱིན། བོད་ཟླ་༡༢་ཚེས་༣ ཨ་ཞེ་ཆོས་སྐྱིད་ལྷན་རྒྱས་ལ་བདུད་འཇོམས་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཚུགས། ཚེས་༢༧་ལ་གྲུབ། ༈ ༡༩༦༥ ཤིང་སྦྲུལ་ཟླ་༡་ཚེས་༡ ལོ་གསར་རྟེན་འབྲེལ། ཚེས་༦ ཀ་སྤུངས་ནས་ཐོན། ཚེས་༨ ཉིན་བཞུགས་སྒར་དུ་འབྱོར། ཚེས་༡༣ ༧གོང་ས་ཆེན་པོ་མཇལ་ཕྱག་ཏུ་བཅར། ཚེས་༡༤ བརྟན་བཞུགས་སུ་བཅར། ཚེས་༡༥ སྒྲོལ་དཀར་ཚེ་དབང་བཀའ་ཆོས་སུ་བཅར། ཚེས་༡༦ ཚོགས་འདུ། ཚེས་༢༩ གུང་གསེང་དུ་མཚོ་པདྨར་སོང༌། བོད་ཟླ་༢་ཚེས་༢་ལ། རྟོགས་ལྡན་རིན་པོ་ཆེར་གཡུ་ཐོག་སྙིང་ཐིག་གི་དབང་ཕུལ། ཚེས་༤་ལ་བཞུགས་སྒར་དུ་ལོག ཚེས་༦་ལ། ༧གོང་ས་ཆེན་པོར་བརྟན་བཞུགས་སུ་བཅར། ཚེས་༡༠་ལ། ཐོན་ཕྱག་ཞུས། ཚེས་༡༡ སྒེར་མཇལཞུས། ཚེས་༡༢ བཞུགས་སྒར་ནས་ཐོན། ཚེས་༡༦ ཀ་སྤུངས་སུ་འབྱོར། བོད་ཟླ་༤་ཚེས་༡༥ སྤྱི་ཟླ་༦ རྡོར་གླིང་དུ་ཕྱིན། ཚེས་༡༩ བཀའ་འགྱུར་ལུང་གི་དབུ་ཚུགས། བོད་ཟླ་༦་ཚེས་༡༤་ལ་ལུང་ཡོངས་རྫོགས་གྲུབ། ཚེས་༡༦་ནས། པད་ནོར་རིན་པོ་ཆེའི་མདུན་ནས་སྒྲོལ་མ་རལ་མ་གྱེན་བརྫེས་ཀྱི་ལུང་ཞུས། ཚེས་༢༥ འབྲས་གླིང་དགོན་དུ་ཕྱིན། མཁའ་འགྲོ་ཐུགས་ཐིག་གི་དབང༌། ཡབ་ཀ གྲོ་ཕུར། གནམ་ལྕགས་སྤུ་གྲི། ཁྲོས་མ། འཆི་མེད་སྲོག་ཐིག་གི་དབང་སོགས། བོད་ཟླ་༧་ཚེས་༡༥་ནས། གུམ་དགོན་པར་འཇའ་ཚོན་པོད་དྲུག་གི་དབང་ལུང༌། སེ་ར་མཁའ་འགྲོའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང༌། ཚེས་༢༥། གཏང་རག་ཚོགས་འཁོར། བོད་ཟླ་༨་ཚེས་༡༣་ལ། ཀ་སྤུངས་སུ་ལོག བོད་ཟླ་༩་ཚེས་༢༢་ནས་འདུན་བཤིག་གྲབ་ཤོམ། ཚེས་༢༣་ནས་འདུན་བཤིག་དངོས་གཞི། ཚེས་༣༠་ལ། ཆུ་བསྐྱུར། བོད་ཟླ་༡༠་ཚེས་༢༤་ལ། གླིང་སྲས། བོད་ཟླ་༡༡་ཚེས་༡ ཀ་སྤུངས་ནས་ཐོན། བཀའ་འབྲེལ་རྡོ་རྗེ་གདན་དུ་བཅར། ༧གོང་ས་ཆེན་པོར་མཇལ་ཞུས་བཅར། ས་སྐྱ་སྒྲོལ་ཕོའི་བདག་ཁྲི་མཇལ། ཚེས་༥ ཚོགས་འདུ། ཚེས་༧ བརྟན་ཞུགས། མ་ཎིའི་བཀའ་ཆོས། ཚེས་༨་བརྟན་བཞུགས་ཕུལ། ཚེས་༩་ཝ་རཱ་ཎཱ་སིར་འབྱོར། ཚེས་༡༡ མི་ཏྲ་ཐུགས་ཆེན་རྗེས་གནང་ཞུས། ཚེས་༡༢ ལེགས་སྦྱར་སློབ་ཁང་དུ་ཕྱིན། ཚེས་༡༤ མཚོ་པདྨར་འབྱོར། མཁན་གསར་རྙིང་བརྗེ་ཐག་བཅད། ཤ་ས་ཏི་རིས་ཤི། ཚེས་༡༩ མཚོ་ནས་ཐོན། ར་ཛ་སྤུར་མཁན་རྡོ་རྗེ་མཇལ། རྡི་ལི་བརྒྱུད་ཀ་ཏ་ནས་ཨོ་རིས་སའི་གཞིས་ཆགས་སུ་སོང༌། ཚེས་༢༩ ཀ་སྤུངས་སུ་འབྱོར། ༈ ༡༩༦༦ མེ་རྟ་ཟླ་༡་ཚེས་༡ ལོ་གསར་རྟེན་འབྲེལ། ཚེས་༣ དཔལ་རིར་བསང་གསོལ། ཚེས་༧ ཐར་ཆོས་སུ་དགེ་བཤེས་རིན་པོ་ཆེའི་མངའ་གསོལ་ལ་སོང༌། ཚེས་༡༥ སྒོམ་ཆེན་གྲྭ་ཚང་ནས་བརྟན་བཞུགས། ཚེས་༡༦ ལ་ཆེན་སྤྲུལ་སྐུར་དཀོན་སྤྱིའི་དབང༌། ཚེས་༢༠ ཟངས་མདོག་དཔལ་རིར་གཟུངས་སྒྲུབ། བོད་ཟླ་༢་ཚེས་༡ ཨ་ཞེ་ཆོས་སྐྱིད་ལྷན་རྒྱས་ཕེབས། ཚེས་༣ ཕུན་ཚོགས་བཟང་པོ་སོགས་ལ་དཀོན་སྤྱི་དང་ཁྲོས་མ་སོགས་ཀྱི། ཨ་ཆོས་དང་ཨོ་དབང་ལ། ཚེས་༤ རྩ་གསུམ་དབང༌། ཚེས་༥ ཆོས་འབྱུང་ལུང༌། ཚེས་༨ མཁའ་སྤྱོད་རིན་པོ་ཆེ་དང༌། ཚོང་སློབ་སོགས་ལ་འཆི་མེད་སྲོག་ཐིག་གི་དབང་ལུང༌། མ་དགོན་སྐོར་ཆོས་དོན་ལ་ཞུ་ཡིག དེབ་སྐྱེལ། ཚེས་༡༣ ལ་ཆེན་སྤྲུལ་སྐུ་སོགས་ལ་ལམ་རིམ་ཡེ་སྙིིང་གི་ཁྲིད། ཚེས་༢༠ ཞབས་རིམ་ཨར་གཏད་གྲབ་ཤོམ། ཚེས་༢༢ ཨར་གཏད་དངོས་གཞི། ཚེས་༢༩ ཨར་གཏད་ལས་མཐའ་བསྡུས། བོད་ཟླ་༣་ཚེས་༡༤ གླིང་ཀུ་མཱ་ར་དང་ཨ་ཡུ་ཥེ་ཛ་གད། བོད་ཟླ་༤་ཚེས་༡་ནས་རྙིང་མའི་བསྟན་རྣམ་བྲིས། ཚེས་༡༠ དཔལ་རིའི་མཁའ་འགྲོ་ནོར་ལྷར་རབ་གནས་བྱས། བརྟན་བཞུགས་བྱས་བྱུང༌། ཚེས་༡༣ ཆོས་འབྱུང་སྤར་ཐེངས་༢་པ། ཚེས་༡༥ འགྲོ་འདུལ་བསྟན་རྒྱས་སཱཙྪ་བསྒྲུབ། བོད་ཟླ་༥་ཚེས་༧ རྩེ་ཐང་སྒོ་འབྱེད་དུ་ཕེབས་པ་འབྲས་ལྗོངས་ཆོས་རྒྱལ་མཇལ། ཚེས་༢༥་ནས། བཀའ་བརྒྱད་སྨན་སྒྲུབ། ཟླ་༦་ཚེས་༧ རྡོར་གླིང་དུ་ཕྱིན། ཚེས་༡༠ ཚེས་བཅུའི་དུས་སྟོན། ཚེས་༡༢ ཀ་སྤུངས་སུ་ལོག བོད་ཟླ་༧་ཚེས་༦ ཀ་སྤུངས་ནས་ཐོན། ཀ་ཏར། ཚེས་༨ རྡི་ལི། ཚེས་༩ ཅན་འདི་སྒར། ཚེས་༡༡ མན་དྲི། ཚེས་༡༢ མ་ན་ལི། ཚེས་༡༣ ར་སྦྲང་ལ་བརྒལ་ནས་ཚ་ལེ་ཐང་དུ། ཚེས་༡༤ རང་རིག་ཏུ། ཚེས་༡༥ ལི་ཐང༌། ཚེས་༡༦ སྤྲིན་དགོན་དུ་འབྱོར། འདུས་སྤྱིར་བླ་མ་ནོར་རྒྱམ་སོགས་རྩ་གསུམ་དབང་ལུང་ཁྲིད་སོགས། ཚེས་༢༦་ནས་ཐོན། མ་ན་ལི་བརྒྱུད། ཟླ་༨་ཚེས་༥ བཞུགས་སྒར་དུ། ༧གོང་ས་ཆེན་པོ་མཇལ། ཚེས་༡༢ གནམ་ཐོག་ནས། ཀ་སྤུངས་སུ་འབྱོར། བོད་ཟླ་༩་ཚེས་༡༠ ལ་ཆུང་སྔགས་སྲས་སོགས་ལ་བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་ལུང༌། ཟླ་༩་ཚེས་༢༠ རླུང་འཁྲུགས་འཁོར་ལོ་བཙུགས། བོད་ཟླ་༡༠་ཚེས་༦་ཀ་སྤུངས་ནས་ཐོན། ཀ་ཏར། ཚེས་༢༧ ཨོ་རི་སར་ཕྱིན་སངས་སྤྲུལ་རིན་པོ་ཆེ་མཇལ། ཟླ་༡༡་ཚེས་༡ ཀ་ཏར་ལོག ཚེས་༨་ཀ་ཏ་ནས་ཐོན། གནམ་ཐོག ཚེས་༩ མན་དྲིར། ཚེས་༡༠ མཚོ་པདྨར་འབྱོར། གཏེར་མཛོད་གྲབ་སྒྲིགས། ཚེས་༡༥ དབང་གི་དབུ་ཚུགས། ཟླ་༡༢་ཚེས། དབང་ཁོ་ན། ཚེས་༢༩་གཤིན་རྗེ་ཚེ་བདག་གི་དབང་སྒྲོལ་དབང་ཟོར་འཆམས་བཅས།།

༈ ༡༩༦༧ མེ་ལུག་ཟླ་༡་ཚེས་ ལོ་གསར་རྟེན་འབྲེལ་དུ་གུང་གསེང༌། ཚེས་༣ནས། གཏེར་མཛོད་དབང་ལུང་སྔར་མུས། ཟླ་༡་ཚེས་༡༠ གཟབ་རྒྱས། ཚེས་༡༧ རྟོགས་ལྡན་རིན་པོ་ཆེ་མཚོ་དགོན་པའི་བླ་ཚབས་སུ་མངའ་གསོལ་རྟེན་འབྲེལ། ཟླ་༢་ཚེས་༡་ལ་གཏེར་མཛོད་ཡོངས་རྫོགས་གྲུབ་གཏང་རག་དགའ་སྟོན། ཚེས་༥ རྟོགས་ལྡན་རིན་པོ་ཆེའི་སློབ་གྲྭ་སྒོ་འབྱེད། ཚེས་༦་ནས། བླ་གྲྭ་ཧྲག་བསྡུས་ལ་སྲུང་མའི་སྐོར་གྱི་སྲོག་གཏད་ཚུགས། ཚེས་༡༠་ནས། རྫོགས་ཆེན་སྐོར་གྱི་དབང༌། ཚེས་༡༥་ཉིན་ཡོངས་རྫོགས་གྲུབ། ཚེས་༡༩ རྟོགས་ལྡན་རིན་པོ་ཆེར་མཚོའི་ཡིག་ཆ་དང༌། བསྐོས་གཉེར་སོགས་རྩིས་སྤྲོད། ཚེས་༢༠ སྟག་ལུང་རྩེ་སྤྲུལ་མཚོའི་མཁན་པོར་མཚན་གསོལ། ཚེས་༢༡ མན་དྲིའི་དངུལ་ཁང་དུ་དངུལ་བཞག ཚེས་༢༣་ལ། མཚོ་ནས་ཐོན། བཞུགས་སྒར་རྡ་སར་འབྱོར། ཚེས་༢༤ ༧གོང་ས་ཆེན་པོ་མཇལ་བཅར། ཚེས་༢༥ ༧གོང་ས་ཆེན་པོར་བསྐྱར་བཅར། དགོང་དྲོ་ཐོན། པ་ཊཾ་ཀོར་བརྒྱུད་རི་ལིར་ཞུགས། ཚེས་༢༦ རྡི་ལིར་འབྱོར། ཚེས་༣༠ རྡི་ལི་ནས་ཐོན། བོད་ཟླ་༣་ཚེས་༡ ལག་ནའོ། ཚེས་༣་ཉིན་ཀ་སྤུངས་སུ་འབྱོར། ཚེས་༧ བུ་མོ་ཚེ་རིང་བསླབ་གྲྭར་ཞུགས། ཚེས་༨ དྲག་ཤོས་ཨོ་དབང་བུམ་ཐང་དུ་ཐེག ཚེས་༩ བྱ་བྲལ་བྱང་རྡོར་འབྲུག་ཏུ་ཐོན། ཚེས་༡༦ མགོ་སྤྲུལ་འབར་དཔོན་ཟུང་ཕེབས། སྦས་ཡུུལ་རྟེན་འབྲེལ། ཚེས་༢༠ སེར་སྒྲུབ་གདུང་མཆེད་ཞལ་ཕེབས། ཚེས་༢༡ གཞུང་ཞབས་འདུན་བཤིག་ཚུགས། ཚེས་༣༠ འདུན་བཤིག་ཆུ་བསྐྱུར། བོད་ཟླ་༤་ཚེས་༧ འབྲུག་རྒྱལ་པོའི་ཕྱག་བྲིས་འབྱོར། བྱ་བྲལ་བྱང་རྡོར་ཕེབས། ཚེས་༡༠ བསྟན་རྣམ་སྤར་ཡིག་འབྲི་རྒྱུ་ཚུགས། ཚེས་༡༥ ས་ཟླའི་དུས་མཆོད། དབང་སྦྱིན། ཚེས་༢༡ བུ་མོ་ཚེ་རིང་འབྲུག་ཏུ་ཐོན། ཚེས་༢༩ ཕུར་པ་གནམ་ལྕགས་སྤུ་གྲིའི་གཏོར་ཟློག་ཚུགས། བོད་ཟླ་༥ རུམ་བཏེགས་སུ་བསྟན་རྣམ་སྤར་བརྐོས་རྒྱུ་མངགས། ཚེས་༧ ཚོང་སློབ་སོགས་ཞི་ཁྲོ་ངེས་སྙིང་གི་དབང༌། ཚེས་༡༠ དཔལ་རིར་ཐུགས་ཆེན་ལ་རབ་གནས། ཚེས་༡༤ སྤྲུལ་སྐུ་ཀུན་དགའ་ལ་རོང་ཟོམ་རིགས་བྱེད་མའི་དབང༌། ཚེས་༡༥ འཛམ་གླིང་སྤྱི་བསང༌། ཚེས་༣༠ རྡོར་གླིང་དུ་སོང༌། བོད་ཟླ་༦་ཚེས་༡་ནས། བདུད་འཇོམས་གཏེར་གསར་གྱི་དབང་ལུང་དབུ་ཚུགས། ཚེས་༡༠ དུས་མཆོད་གཟབ་རྒྱས། ཚེས་༡༡ དབང་ལུང་ཡོངས་རྫོགས་གྲུབ། ཚེས་༡༢་ལ་ཀ་སྤུངས་སུ་ལོག ཚེས་༡༥ དཔལ་རིར་དབྱར་གནས་ཚུགས། ཚེས་༡༨ ཨོ་དབང་ཕེབས། ཚེས་༢༨ ཆོས་རྒྱལ་བླ་དཔེ་སོན། བོད་ཟླ་༧་ཚེས་༡ སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་ཕེབས། ཚེས༡༠ རྒྱ་གར་རང་བཙན་དུས་ཆེན། ཚེས་༢༩ རླུང་འཁྲུགས་འཁོར་ལོ་བཙུགས། བོད་ཟླ་༧་ཚེས་༡་དབྱར་གྲོལ། བོད་ཟླ་༧་ཚེས། བུ་མོ་འཆི་མེད་རྡོར་གླིང་དུ་སོང༌། ཚེས་༡༠་ལ་སྨྱོ་ཤུལ་མཁན་པོར་གཏེར་མཛོད་བཀའ་རྒྱ་མའི་ལུང་བཏོན། བོད་ཟླ་༨་ཚེས་༢ རིག་དབང་ལགས་རྡོར་གླིང་ནས་ལོག ཚེས་༣ བུ་མོ་འཆི་མེད་ལགས་མ་སྨད་འབྱོར། ཚེས་༢༣ བསྟན་རྣམ་སྤར་ཤིང་འབྱོར། བོད་ཟླ་༩་ཚེས་༡༧ དིལ་མཁྱེན་སོགས་ལ་གསང་འགྲེལ་མཛོད་ལྡེའི་ལུང༌། ཚེས་༢༢ ཉི་ལྡོག གྲོ་ལོད་གཏོར་ཟློག་དང༌། འདུན་བཤིག་ཆུ་བསྐྱུར། བོད་ཟླ་༡༢་ཚེས་༨ ཀ་སྤུངས་ནས་ཐོན། ཀ་ཏར་འབྱོར། ཚེས་༢༤ ཀ་སྤུངས་སུ་ལོག ཚེས་༢༩་གྲོ་ལོད་གཏོར་ཟློག། ༈ བོད་ས་སྤྲེལ། ཟླ་༡་ཚེས་༡ ལོ་གསར་རྟེན་འབྲེལ། ཚེས་༦ ཀ་སྤུངས་ནས་ཐོན། ཕུན་ཚོགས་གླིང་དུ་འབྱོར། རྒྱལ་ཡུམ་མཇལ། ཚེས་༨ རིག་འདུས་སྒྲུབ་ཆེན་སྟ་གོན། ཚེས་༡༠ རྒྱལ་པོ་ཕེབས་མཇལ་ཞུས། ཚེས་༡༥ རབ་གནས་ལྷ་ཁང་གསར་པར། ཚེས་༡༧ མཐའ་རྒྱས་ཐུགས་སྤྲོ། ཚེས་༡༨ རྒྱལ་ཡུམ་ལ་རེག་ཕུང་སོགས་ཀྱི་དབང་ཕུལ། ཚེས་༡༩ ཕུན་གླིང་ནས་ལོག་ཀ་སྤུངས་འབྱོར། བོད་ཟླ་༣་ཚེས་༥ རླུང་འཁོར་བརྐུས་སོང༌། ཚེས་༦ ཚེ་དབང་རྒྱལ་མཚན་དང་བློ་བཟང་ཅམ་པར་བཏང༌། ཚེས་༡༠ དགེ་རྒན་བསོད་ནམས་འབྱོར། ཚེས་༢༧ དྲག་ཤོས་བུམ་ཐང་དུ་ཐོན། བོད་ཟླ་༤་ཚེས་༨ དྲག་ཤོས་འབྲུག་ནས་འབྱོར། ཚེས་༢༧ དབྱར་ཉི་ལྡོག གཏོར་ཟློག བོད་ཟླ་༥་ཚེས་༡༠ བཀའ་ཐང་སྐུ་ཐང་གསར་བཞེངས་ལ་རབ་གནས་དང༌། སྤྲེལ་ཟླ་ཚེས་བཅུའི་དུས་མཆོད། ཚེས་༡༢ བུ་གཞན་ཕན་ཐིམ་ཕུར་ཐོན། ཚེས་༡༥ བུ་ལོག་འབྱོར་བྱུང༌། ཚེས་༢༠ རྡོར་གླིང་དུ་སོང༌། ཚེས་༢༣ ཕུར་སྒྲུབ་ས་ཆོག་སོགས། ཚེས་༢༤ དངོས་གཞི། སྨན་སྒྲུབ། ཚེས་༢༥ རྫོང་མཁྱེན་སྤྲུལ་སྐུ་མངའ་གསོལ། ཚེས་༢༧ སྨན་བཏགས་བཙག་སོགས། ཚེས་༢༨ ཕྱེ་སྒྲུབ། ཚེས་༣༠ མཐའ་སྡུད་སྲེག་འཕང༌། བོད་ཟླ་༦་ཚེས་༡ དངོས་གྲུབ་བླངས་ཤིང་མཐའ་རྒྱས་ཀྱིས་གྲོལ། ཚེས་༧ རྡོར་གླིང་ཁང་པ་གསར་ཉོས་ཀྱི་ཡིག་ཆ་བཞག ཚེས་༨ དཔལ་ཡུལ་མཆོག་སྤྲུལ་ཡང་སྲིད་ཁྲི་མངའ་གསོལ། ཚེས་༩ ཚེས་བཅུའི་དུས་སྟོན་གཟབ་རྒྱས། དད་འདུས་ལ་ཚེ་དབང༌། ཚེས་༡༡ གཏེར་གསར་ལུང་གི་དབུ་ཚུགས། ཚེས་༡༤ ལུང་ཡོངས་རྫོགས་གྲུབ། ཚེས་༡༥ ཚེ་སྒྲུབ་བརྟན་བཞུགས། ཚེས་༡༧ གོར་ས་གཏུམ་ལིང་དུ་སོང༌། ཚེས་༡༨ ལྷ་ཁང་ལ་རབ་གནས་དང༌། དད་འདུས་ལ་ཚེ་དབང་བསྐུར་ནས་རྡོར་གླིང་དུ་ལོག ཚེས་༡༩ རྫོང་མཁྱེན་བུ་ཕྲིན་ནོར་སོགས་འབྲུག་ཏུ་ཐོན། ཚེས་༢༧ བུ་གཞན་ཕན་སྒང་ཏོག་ཏུ་སོང༌། ཚེས་༢༨ བུ་སྒང་ཏོག་ནས་ལོག བོད་ཟླ་༧་ཚེས་༡ ཆོས་དོན་བཀའ་ཡིག་འབྱོར། མཁྱེན་སྤྲུལ་སོགས་ལོག ཚེས་༥ རྒྱལ་ལོ་དོན་གྲུབ་ལ་བཅར། ཚེས་༩ སྒང་ཏོག་རྫོང་མཁྱེན་ཡང་སྲིད་ཁྲི་གསོལ་དུ་ཨ་ཕོ་ལགས་ཐོན། ཚེས་༡༠ ཁྲི་མངའ་གསོལ་ཞུས་འདུག ཚེས་༢༠ རྟ་དམག་དགོན་པར་རབ་གནས་བྱས། ཚེས་༢༥ ཀྲིས་དབང་འདུས་དང་ཨུ་ཀིལ་སུ་བྷ་ཀ་ཏར་ཐོན། ཚེས་༢༦ བུ་གཞན་ཕན་དང་ཚེ་རྣམ་ལགས་ཀ་ཏར་ཐོན། ཚེས་༢༩ བུ་གཞན་ཕན་ལོག ཚེས་༣༠ རྔ་ཡབ་ཆོས་གླིང་དུ་སོང༌། བོད་ཟླ་༨་ཚེས་༡ བུ་ཀ་སྤུངས་སུ་ལོག ཚེས་༧ ཀ་སྤུངས་སུ་ལོག ཚེས་༡༣ ཉི་ནུབ་ཤྭ་འུད་ཆུ་ལོག་བྱུང༌། ཚེས་༢༢ རྡོ་ཤིང་བཟོ་བོ་འབྱོར་ནས་ཁང་པའི་ཉམས་གསོ། བོད་ཟླ་༩་ཚེས་༣ སྲིད་བློན་ཨིན་དྷར་གནྡེ་ཀ་སྤུངས་སུ་ཕེབས་པ་མཇལ། ཚེས་༨ རིག་དབང་ལགས་ཀསྤུངས་སུ་འབྱོར། ཚེས་༢༢ བོད་གཞུང་བསླབ་གྲྭའི་རྟེན་ལ་རབ་གནས་མཛད་སྒོར་བཅར། ཚེས་༣༠ འདུན་བཤིག་ཆུ་བསྐྱུར། བོད་ཟླ་༡༠་ཚེས་༡ བཻ་རོ་སྤྲུལ་སྐུར་བསྟན་རྣམ་ལུང་བཏོན། ཚེས་༡༩་ནས་ཨར་གཏད་ཚུགས། ཚེས་༢༡ སློབ་དཔོན་ནོར་དབང་ཕེབས། ཚེས་༢༨ ཨར་གཏད་མཇུག་བསྡུ། བོད་ཟླ་༡༡་ཚེས་༡ སློབ་དཔོན་ནོར་དབང་ལ་ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་ལུང༌། ཚེས་༡༣ ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་ཟིན་བྲིས་དང་ཟུར་འདེབས་བྲིས། ཕུར་འགྲེལ་དཔེ་ཆ་འབྱོར། ཚེས་༡༥ ཚེ་ཆོག་ཚུགས། བརྟན་ཞུགས་དང་བསྙེན་ཡིག་དབུ་ཚུགས། ཚེས་༢༡ ཞབས་བརྟན་ཚེ་སྒྲུབ་ཆོ་ག་བརྒྱ་ཚར། བོད་ཟླ་༡༢་ཚེས། ༈ བོད་ས་བྱ། ཟླ་༡་ཚེས༡ ལོ་གསར་རྟེན་འབྲེལ། ཚེས་༡༣ ཀ་སྤུངས་ནས་ཐོན། ཤིས་ལི་རྒུ་རིར་ཞག དེ་ནས་རི་ལིར་ཞུགས། ཚེས་༡༥ བཞུགས་སྒར་དུ་འབྱོར། ཚེས་༡༧ ༧སྐྱབས་མགོན་ཆེན་པོ་མཇལ་བཅར་ཞུས། ཚེས་༢༡ ཤེས་བྱ་གསར་ཁང་སྒོ་འབྱེད། ཚེས་༢༢ གསུམ་བཅུའི་དུས་དྲན་མཛད་སྒོ། ཚེས་༢༤་༢༥ ༧གོང་ས་ཆེན་པོས་ཐུགས་ཆེན་བཀའ་དབང༌། བཞུགས་སྒར་ནས་ཐོན། ཚེས་༢༦ རྡི་ལིར་འབྱོར། ཀེ་ནེ་ཌིའི་གསོལ་ཚིགས། ཚེས་༣༠ རྡི་ལི་ནས་ཐོན། ཀ་ཏར། བོད་ཟླ་༢་ཚེས་༡ ཀ་ཏ་ནས་ཐོན། ཚེས་༢ ཨོ་རི་སར་འབྱོར། སངས་སྤྲུལ་རིན་པོ་ཆེ་མཇལ། ཚེ་ལྷ་རྣམ་གསུམ་ལ་རབ་གནས། ཚེས་༥ ༧སྐྱབས་མཆོག་སངས་སྤྲུལ་རིན་པོ་ཆེ་ནས་ཕྲན་ལ་བརྟན་བཞུགས་གནང༌། ལྷ་ཁང་དུ་ཕྱིན་ནས་ཚེ་ཆོག་རབ་གནས་སོགས། དགོང་མོ་གླིང་བྲོ། ཚེས་༦ ཆོས་འབྱུང་བསྟན་རྣམ་ལུང་བཏོན། ཚེས་༨ ཐོན་བྷ་རམ་སྤུར་དང༌། ཚེས་༩ ཀ་ཏ། ཚེས་༡༠ དགོང་དྲོ་རི་ལི་གསར་པར། ཚེས་༡༡ སྔ་དྲོ་རྡི་ལིར་འབྱོར། ཚེས་༡༣ སྨན་ཁང་དུ་བསྡད། ཚེས་༣༠ སྨན་ཁང་ནས་ཐོན། སན་ཊར་ཧོ་དྲལ་དུ། ཟླ་༣་ཚེས་༡ རྡི་ལི་ནས་ཐོན། ཚེས་༢ ཀ་ཏར། ཚེས་༤ ཀ་ཏ་ནས་ཐོན། ཀ་སྤུངས་སུ་འབྱོར། ཚེས་༡༠ ཚོགས་མཆོད། ཚེས་༡༡ ཆོས་དོན་ལ་ཕུར་བསྙེན་སྙན་ཞུ། ཚེས་༡༣ རིག་འཛིན་ལགས་རྡོར་གླིང་དུ་སོང༌། ཚེས་༡༥ དཔལ་རིར་ས་ཟླའི་དུས་དྲན། ཚེས་༢༨ སྒོམ་ཕྲུག་དང་པིས་ཏི་དགེ་སློང་དྷི་ལིར་སྤིན་ཤོག་སྤར་དུ་སོང༌། ཚེས་༢༩ ཀ་སྤུངས་ནས་ཐོན། རྡོར་གླིང་དུ་འབྱོར། བོད་ཟླ་༤་ཚེས་༢ ཌོག་ཌར་སྤེན་པ་བརྟེན། ཆུ་སྨན་བཏང༌། ཚེས་༡༠ རིག་འཛིན་ལྷུན་གྲུབ་ལགས་ཕེབས། ཚེས་༡༥ ནོ་ནོ་རིན་པོ་ཆེ་དང༌། རིག་ལྷུན་སོགས་ལ་རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང༌། བོད་ཟླ་༥་ཚེས་༢༥ འབྲས་གླིང་དགོན་དུ་དད་ལྡན་ལ་ཚེ་དབང༌། ཚེས་༢༧ ཇག་མེའི་སྨད་ལས་བརྩམས། བོད་ཟླ་༦་ཚེས་༥ གུང་དགོན་དུ་ཀར་གླིང་ཞི་ཁྲོའི་དབང་ཆེན་དང༌། གཞུང་པོད་ལུང་སོགས། ཚེས་༡༠ སྤྲེལ་ཟླ་ཚེས་བཅུའི་དུས་སྟོན་གཟབ་རྒྱས། ཚེས་༡༩ ཀ་སྤུངས་སུ་ལོག ཚེས་༢༡ དིལ་མཁྱེན་ཕེབས། ཚེས་༢༩ གཤིན་རྗེའི་གཏོར་ཆེན། བོད་ཟླ་༧་ཚེས་༢ རྒྱ་གར་རང་བཙན་དུས་ཆེན་ལ་སོང༌། ཚེས་༡༥ རིག་འཛིན་ལགས་མཚམས་ལ་བསྡད། ཚེས་༡༨ རྡོར་གླིང་ཁང་པའི་རྩིག་རྨང་བཏིང༌། ཚེས་༢༤ བོད་གཞུང་ཞབས་རིམ་བརྟན་མའི་མདོས་ཆེན་གྲབ་ཤོམ། ཚེས་༢༦ བརྟན་མའི་མདོས་ཚུགས། ཚེས་༢༨ བརྟན་མདོས་བཏང༌། ཚེས་༢༩ ཕུར་ཟློག བོད་ཟླ་༨་ཚེས་༡ སྒྲོལ་ཆོག་བརྒྱ་རྩར། ཚེས་༡༥ རིག་འཛིན་ལགས་ནང་མཚམས་གྲོལ། ཚེས་༡༧ ལྷ་མཛེས་སྐྱེས་ཚེས། ཚེས་༡༩ སྨྱོ་ཤུལ་མཁན་པོར་གསང་འགྲེལ་མཛོད་ལྡེའི་ཁྲིད་ལུང༌། ཚེས་༢༧ གསང་སྙིང་གྲུབ། ཚེས་༢༨ ཚེ་བདག་གཏོར་ཟློག ཚེས་༣༠ ཚེ་བདག་མནན་སྲེག་འཕང་བ་བཅས་གྲུབ། སྐུ་སྒེར་ཡིག་ཚང་ནས་བཀའ་རྒྱ་ཕེབས། བོད་ཟླ་༩ཚེས་༧ ཨར་གཏད་ཚུགས། ཚེས་༡༣ ཨར་གཏད་ལས་མཐའ་བསྡུས། ཚེས་༡༥ དམ་གྲིབ་ཉེས་སེལ་རླུང་དར། ཚེས་༡༨ པིས་ཏི་དགེ་སློང་བཞུགས་སྒར་དུ་མནན་པ་འབུལ་བར་བཏང། ཚེས་༣༠ པིས་ཏི་དགེ་སློང་ལོག བོད་ཟླ་༡༠་ཚེས་༡ ཞི་སྦྱིན། ཚེས་༣ སྒང་ཏོག་ལ་ཕེབས་ནས་བརྟན་བཞུགས་གནང་བྱུང༌། ཚེས་༡༡ གནས་བསྐོར་སྤ་སིའི་སྙན་ཞུ་བཏང༌། ཚེས་༡༣ ༧གོང་ས་ཆེན་པོའི་སྐུ་ཚེའི་ཚེ་སྒྲུབ་ཚུགས། ཚེས་༣༠ ཆོས་དོན་ལ་ཚེ་སྒྲུབ་སྙན་ཞུ། བོད་ཟླ་༡༡་ཚེས་༡ ཀ་སྤུངས་ནས་ཐོན། གནམ་གྲུའི་ཐོག་ཀ་ཏར་འབྱོར། ཚེས་༡༠ རིག་དབང་ལགས་འབྱོར། ཚེས་༡༥ ཁང་གསར་དུ་སྤོས། ཚེས་༡༧ ཤར་པ་བསྟན་འཛིན་མདུན་འཁྲུལ་ཞིག་རིན་པོ་ཆེའི་ཕྱག་བྲིས་སོགས་འབྱོར། ཚེས་༢༡ འཁྲུལ་ཞིག་མདུན་ནས་བང་མི་ངག་དབང་བརྩོན་འགྲུས་འབྱོར། བོད་ཟླ་༡༢་ཚེས་༨་ལ། ཀ་ཏ་ནས་སྔ་དྲོ་ཆུ་ཚོད་༩་པར་གནམ་ཐོག་ནས་ཐོན། དགོང་དྲོ་ཆུ་ཚོད་༢་པར་མོན་པ་རིར་སླེབས། ཚེས་༩་ཉིན་སྔ་དྲོ་ཆུ་ཚོད་༡་༣༠་པར་ཀྲུ་ཀྲིང་དུ་འབྱོར། ཚེས་༡༠་ནས། གྲོ་ལོད་སྒྲུབ་ཆེན། ཚེས་༡༥ དར་ཆེན་འཕྱར་ཞིངགྲོ་ལོད་འཆམས་སོགས། ཚེས་༡༨ ཞི་རྒྱས་ཀྱི་སྦྱིན་སྲེག ཚེས་༡༩ སྤྱི་ཚེས་༢༦ རྒྱ་གར་དམངས་གཙོའི་དུས་སྟོན་ལ་ཕྱིན། ཚེས་༢༠་ལ། གཏོར་རྒྱག་དྲག་སྲེག ཚེས་༢༡ དབང་སྦྱིན། བུམ་གཏེར་བསྒྲུབ་སོགས་དང། བར་དོ་དང་ཚོགས་ལེན་སོགས། ཚེས་༢༢ དངོས་གྲུབ་ལེན་ཆོག ཁྲོམ་དབང་སོགས། ཚེས་༢༣ གཏང་རག་ཚོགས་འཁོར་མར་མེ་སྨོན་ལམ་སོགས། ༧༠་སྤྱི་ཟླ་༢་ཚེས་༡ གསོལ་ཚིགས་སོགས། ཚེས་༢༦་ཉིནཆོས་གླིང་སྤྲུལ་སྐུ་སོགས་ལ་ཆོས་སྤྱོད་ལུང་བཏོན། ཚེས་༢༨ ཆུ་ཚོད་༢་༣༠་ཐོག་ཀྲུ་ཀྲིང་ནས་ཐོན། ཆུ་ཚོད་༣་༠༥་ལ་འདིབ་རུ་སྒར་དུ་འབྱོར། ཚེས་༢༩ སྔ་དྲོའི་ཆུ་ཚོད་༧་པར་མོ་ཀྲོར་ཐོག་ཕྱིན་ནས། ཕྱི་དྲོའི་ཆུ་ཚོད་༣་༣༠་ཐོག་ཏིས་ཛུར་འབྱོར། ཀློ་པའི་ནང་དགོན་སྒོ་འབྱེད་དུ་སོང༌། མཚན་པདྨ་ཐེག་མཆོག་ཆོས་གླིང་དུ་བཏགས། ༈ ལྕགས་ཁྱི་ཟླ་བ་དང་པོ། ལོ་གསར་རྟེན་འབྲེལ། ཚེས་༤ དོན་གཅོད་ཁང་དུ་ཕྱིན། ཀེམ་༥་མི་མང་ལ་ཚེ་དབང༌། ཚེས་༤ བཀྲ་ཤིས་ཆོས་གླིང་དགོན་པར་ཕུར་པའི་ཚོགས་འཁོར་དང༌། མི་དམངས་ལ་ཚེ་དབང༌། ཚེས་༧ ཏིས་ཛུ་ནས་ཐོན། མར་གེ་རི་ཀྲར་ཞག ཚེས་༨ ཅང་ལང་དུ་འབྱོར། ཚེས་༩ མི་དམངས་ལ་ཚེ་དབང་སོགས། ཚེས་༡༠ ཅང་ལང་ནས་ཐོན། རྡིབ་རུ་སྒར་དུ་ཞག ཚེས་༡༡ རྡིབ་རུ་སྒར་ནས་ཐོན། ཀ་ཏར་འབྱོར། ཚེས་༢༠ རིག་དབང་ལགས་སོགས་རྡོར་གླིང་དུ་ཐོན། ཚེས་༢༣ ལྷ་ལུང་པ་ཕེབས་པར་བཞེད་སྐོང་ཆོས་འབྲེལ། ཚེས་༣༠ ཀ་ཏ་ནས་ཆུ་ཚོད་༩་པར་ཐོན། རྡོར་གླིང་དུ་ཆུ་ཚོད་༣་པར་འབྱོར། བོད་ཟླ་༢༽ཚེས་༢ ཀ་སྤུངས་སུ་འབྱོར། ཚེས་༥ སྤང་རྒྱན་པའི་གྲྭ་བཙུན་རྣམས་ལ་སྙིང་ཐིག་རྩ་གསུམ་སོགས་དབང་བཏོན། འཁྲུལ་ཞིག་རིན་པོ་ཆེའི་ཞབས་བརྟན་རྒྱས་སྲེག་གྲབ་ཤོམ། ཚེས་༦་༧་བར་རྒྱས་སྲེག་འབུམ་བསྒྲུབ། ཚེས་༩ འདི་ནས་ཚེ་སྒྲུབ་བརྟན་བཞུགས་བརྩམས། བླ་དཀར་ཚེ་དབང་དཔལ་འབྱོར་ལ་འདོད་སྐོང༌། ཚེས་༡༥་ཉིན། སྒོམ་ཆེན་གྲྭ་ཚང་ནས་བརྟན་བཞུགས་བྱུང༌། ཚེས་༡༧ རིག་དབང་ལགས་རྡོར་གླིང་ནས་ལོག ཚེས་༡༩ འབྲུག་ཡོང་ལ་དགོན་ནས་བང་ཆེན་འབྱོར། ཚེས་༢༩ འབྲུག་པའི་སྤ་སི་གསར་པ་འབྱོར། འདི་ནས་ཚེ་སྒྲུབ་སྒྲུབ་ཁོག་སོགས་ཆོག་ཁྲིགས། ཟླ་༣་ཚེས་༧ ཟླ་ཤེལ་བདུད་རྩི་མ་གསར་སྦྱར་བསྒྲུབ། ཚེས་༡༠ ཟངས་མདོག་དཔལ་རིའི་དབུ་རྩེའི་སྡེབས་རིས་ལ་རབ་གནས། ཚེས་༡༢ ཀེ་ནེ་ཀྲི་ཕེབས་པར་འདོད་ཆོས། ཚེས་༡༣ ལྷ་ལུང་པར་ཡ་བཞིའི་དཔེ་གཡར། ཚེས་༢༡ སྒང་ཏོག་ནས་མཁྱེན་བརྩེའི་སྤྲུལ་སྐུ་ཕེབས། ཀ་སྤུངས་ནས་ཐོན། རྡོར་གླིང་དུ་འབྲུག་མོང་སྒར་རྫོང་བདག་སོགས་བསུ་བ་འབྱོར། ཚེས་༢༦ རྡོར་གླིང་ནས་ཐོན། ཕུན་ཚོགས་གླིང་དུ་ཞག ཚེས་༢༧ བདེ་བ་ཐང་དུ་ཞག ཚེས་༢༨ ཡོང་ལ་དགོན་དུ་འབྱོར། སློབ་དཔོན་བསོད་ནམས་བཟང་པོ་མཇལ། བོད་ཟླ་༤་པ་སྔ་མའི་ཚེས་༡ ཕུར་སྒྲུབ་གྲབ་ཤོམ། ཚེས་༢ ས་ཆོག་རྒྱན་བཀོད་སོགས། ཚེས་༣ གནམ་ལྕགས་སྤུ་གྲི་དངོས་གཞི་རྩ་སྒྲུབ། ཚེས་༤ སྨན་ཕྱེ་༼ཁྲོལ་༽སྒྲུབ། ཚེས་༥། བཏགས་བཙག་སོགས་ཕྱེ་སྒྲུབ་སྦྱོར་བ། ཚེས་༦ ནས་ཕྱེ་སྒྲུབ། ཚེས་༩་ལ་དངོས་གྲུབ་བླངས་ཤིང་སྒྲུབ་ཆེན་མཐའ་རྒྱས། ཚེས་༡༠ དད་འདུས་ལ་སྨན་དབང་བསྐུར། བརྟན་བཞུགས་གནང་བྱུང༌། ཚེས་༡༡ ཁྱི་གདོང་དུ་སྡོད་གནས་སྤོས། ཚེས་༡༥་ནས། བླ་སློབ་དད་འདུས་ལ་པད་གླིང་དབུ་ཚུགས། ནོར་རྒྱམ་དང་རེག་ཕུང་གི་དབང༌། ཚེས་༡༦ ནོར་རྒྱམ་ཡང་གསང་སྐོར་དགུའི་དབང་དང་གཞུང་པོད་ལུང༌། ཚེས་༡༧་ཉིན། དྲག་དམར། ཐུགས་ཆེན། རྟ་མགྲིན། ཕྱག་རྡོར་བཅས་ཀྱི་དབང་དང༌། དྲག་དམར་དང་ཐུགས་ཆེན་གཞུང་པོད་ལུང༌། ཚེས་༡༩ བཀའ་བརྒྱད་དབང་དང༌། བཀའ་བརྒྱད་དང་རྟ་ནག་གཞུང་པོད་ལུང༌། ཚེས་༢༠ ཕུར་པའི་དབང་ལུང༌། ཚེས་༢༢ ཞི་ཁྲོ་ཀུན་བཟང་དགོངས་འདུས་དབང༌། ཚེས་༢༣ ཀུན་བཟང་དགོངས་འདུས་དབང་སྐོར་དང༌། ཕུར་པའི་གཞུང་པོད་ལུང༌། ཚེས་༢༤ ཀློང་གསལ་སྐོར་གྱི་དབང་དང་གཞུང་པོད་ལུང༌། ཚེས་༢༥ ཚེ་ཁྲིད་རྡོ་ཕྲེང་དབང་ལུང༌། ཚེས་༢༦ ཕུར་པ་གནམ་ལྕགས་སྤུ་གྲིའི་དབང་དང༌། པད་གླིང་སྐོར་གྱི་ལུང༌། ཚེས་༢༧ སྤྱི་ཟླ་༦་ཚེས་༡ རྒྱུད་ཕུར་དབང༌། པད་གླིང་ཆོས་སྐོར་གྱི་ལུང་བཅས་ཡོངས་རྫོགས་གྲུབ། ཚེས་༢༨ བརྟན་བཞུགས་དང༌། གཏང་རག་ཚོགས་འཁོར། ཚེས་༢༩ ཡོང་ལ་དགོན་དུ་ལོག ཚེས་༣༠ བདེ་བ་ཐང་དུ་ཞག ༼བོད་ཟླ་༤་ཚེས་༡༽ བྲེ་ཁ་བུ་ཕྲིན་ནོར་གྱི་དགོན་པར་འབྱོར། ཚེས་༢ རབ་གནས་དང༌། གཡང་སྒྲུབ། དད་འདུས་ལ་ཚེ་དབང༌། ཚེས་༣ གོང་བཞིན། ཚེས་༤ ཡོན་ཕུ་ལ་དགོན་དུ་སླེབས། དད་འདུས་ལ་ཚེ་དབང་སོགས། ཚེས་༥ བཀྲ་ཤིས་སྒང་དུ་འབྱོར། ཚེས་༧ སིདྡྷི་སྒྲུབ་ཆེན་སྦྱོར་ཆོས་དང་དངོས་གཞི། ཚེས་༩ བདུད་འཇོམས་གཏེར་གསར་བླ་མ་ཞི་དྲག་གི་དབང༌། ཚེས་༡༠ རྡོར་སེམས། ཞི་ཁྲོ། ཕྱག་རྡོར་བཅས་ཀྱི་དབང༌། ཚེས་༡༡ འཇམ་དཔལ་ཞི་དྲག ནཱ་ག་རཀྵ། ཞིང་སྒྲུབ། ཚེ་སྒྲུབ་བཅས་ཀྱི་དབང༌། ཚེས་༡༢ ཐུགས་ཆེན་ཞི་དྲག བདུད་རྩི་འཁྱིལ་བ། པད་རྒྱལ། སྤྱི་དཔལ་བཅས་ཀྱི་དབང༌། ཚེས་༡༣ ཕུར་པ་གསང་རྒྱ་ཅན་གྱི་དབང་ཆེན་སྣ་བཅུ་བདུན། ཚེས་༡༤ མཁའ་འགྲོའི་སྐོར་ཕྱི་ནང་གསང་བ་ཡང་གསང་དབང་སྣ་༦། སྒྲུབ་ཆེན་དངོས་གྲུབ་བླངས། ཚེས་༡༥ བླ་མ་དགོངས་འདུས་གཏོར་དབང་སོགས། ཚེས་༡༦ སིདྡྷི་དུང་ཕྱུར་སྒྲུབ་ཆེན་གྲུབ་པའི་མཐའ་རྒྱས་དང༌། གཏང་རག་སོགས། ཚེས་༡༧་ནས། གྲོ་ལོད་གཏོར་ཟློག ཚེས་༡༩ གཏོར་ཟོར་འཕང༌། ཚེས་༢༠ བརྟན་བཞུགས་གནང་བྱུང༌། ཚེས་༢༢ བཀྲ་ཤིས་སྒང་ནས་ཐོན། ལམ་ཞོར་ཀང་ལུང་ལྷ་ཁང་ལ་རབ་གནས། བདེ་བ་ཐང་དུ་ཞག ཚེས་༢༣ བདེ་བ་ཐང་དད་འདུས་ལ་ཚེ་དབང༌། ཚེས་༢༤ ཕུན་ཚོགས་གླིང་དུ་ཞག ཚེས་༢༦ ཐིམ་ཕུར། བདེ་ཆེན་ཆོས་གླིང་དུ་འབྱོར། རྒྱལ་ཡུམ་སོགས་མཇལ། ཚེས་༢༧ རྗེ་མཁན་པོ་དང་རྒྱལ་ཡུམ་ལ་ཕུར་པའི་དབང་ཕུལ། ཚེས་༢༨ སྤྱི་ཟླ་༧་ཚེས་༡ དད་འདུས་ལ་ཚེ་དབང༌། ཚེས་༢༩ ཐིམ་ཕུག་ནས་ཐོན། ཕུན་ཚོགས་གླིང་དུ་ཞག ཚེས་༣༠ རྡོ་རྗེ་གླིང་དུ་འབྱོར། ༼བོད་ཟླ་༥་ཚེས་༢༽ ཉིན་རྒྱ་གར་སྤ་སི་སློག ཚེས་༦ ཀ་སྤུངས་སུ་འབྱོར། ཚེས་༧་ནས་བོད་གཞུང་ཞབས་བརྟན་ཚུགས། ཚེས་༡༡་ལ་ཞབས་བརྟན་གྲུབ། ཚེས་༡༧ སྟག་ཚང་གྲོ་ལོད་སྐུ་འབུམ་གསར་བཞེངས་འོག་མནན་པ་བསྒྲུབ། བོད་ཟླ་༦་ཚེས་༣ སྤྲུལ་སྐུ་ཨོ་རྒྱན་ཕེབས། ཚེས་༢༠ རྡོར་གླིང་དུ་འབྱོར། ཚེས་༢༤ བུ་ཕྲིན་ནོར་འབྱོར། ཚེས་༢༥ གུང་དགོན་དུ་སྤོས། ཚེས་༢༩ རྫོང་སར་མཁྱེན་བརྩེ་ཕེབས། དབེན་དགོན་རྡོ་སློབ་སོགས། བོད་ཟླ་༧་ཚེས་༡ སྤྱི་ཟླ་༩་ཚེས་༡ ཉང་རལ་བཀའ་བརྒྱད་སྒྲུབ་ཆེན་སྨན་སྒྲུབ་སྦྲེལ་མའི་སྦྱོར་ཆོས་ས་ཆོག་དང་སྟ་གོན་སོགས། ཚེས་༢ རྒྱན་བཀོད་མངའ་གསོལ་སོགས། ཚེས་༣ དངོས་གཞི་རྩ་སྒྲུབ་ཁྲོལ་སྒྲུབ་༡། ཞི་བ་རིགས་བརྒྱའི་དབང༌། ཚེས་༤ རྩ་སྒྲུབ་ཁྲོལ་སྒྲུབ་༢། ཁྲོ་བོའི་སྤྱི་དབང་བརྒྱ་རྩ། ཚེས་༤ རྩ་སྒྲུབ་ཁྲོལ་སྒྲུབ་༣། ཁྲོ་བོའི་ནང་དབང༌། ཚེས་༥ སྨན་བཏག་བཙག་སོགས་དང༌། དོན་དབང་དང་ཟབ་དབང་གསུམ། ཚེས་༦ དངོས་གཞི་ཕྱེ་སྒྲུབ་༡། ཞི་བའི་ཚེ་ལུང་དབང༌། ཚེས་༧ དངོས་གཞི་ཕྱེ་སྒྲུབ་༢་དང༌། ཁྲོ་བོའི་ཚེ་ལུང་དབང༌། ཚེས་༨ དངོས་གཞི་ཕྱེ་སྒྲུབ་༣། རྣལ་འབྱོར་རྒྱུན་དབང་དང༌། དྲེགས་པའི་མཐུ་དབང༌། ཚེས་༩ ཆད། ཚེས་༡༠ དངོས་གྲུབ་བླངས། དངོས་གྲུབ་ཀྱི་དབང༌། མར་མེ་སྨོན་ལམ་བཀྲ་ཤིས་སོགས་མཐའ་རྒྱས། ཚེས་༡༡ ངལ་གསོ་གུང་གསེང༌། ཚེས་༡༢ བཀའ་བརྒྱད་པོད་དགུའི་ལུང་ཚུགས། ཚེས་༡༣་ལུང༌། ༡༤་༡༥་༡༦་༡༧ ལུང་ཡོངས་རྫོགས་གྲུབ། ཚེས་༡༨ བརྟན་བཞུགས་དང༌། གཏང་རག་དགའ་སྟོན་གྱིས་ཆོས་ར་གྲོལ། བོད་ཟླ་༨ སྤྱི་ཟླ་༡༠ ཚེས་༤ བུ་གཞན་ཕན་རི་བསྐོར་དུ་སོང༌། ཚེས་༢༥ མཁས་བཙུན་བཟང་པོ་ལགས་འབྱོར། བོད་ཟླ་༩ སྤྱི་ཟླ་༡༡ ཚེས་༡་ལ་བུ་མོ་གཉིས་རྒྱལ་ཞིང་དུ་ཆང་སར་སོང༌། ཚེས་༡༠ གཞོན་ནུ་ཚོགས་པ་གསར་བཙུགས་སར་སོང༌། ཚེས་༡༡ ཀ་སྤུངས་སུ་ལོག ཚེས་༡༥ བོད་གཞུང་ཞབས་བརྟན་ཕུར་ཟློག་ཚུགས། ཚེས་༡༩ གཏོར་ཟོར་འཕང༌། ཚེས་༢༣ ཉིན་མོའི་ཆུ་ཚོད་༢་པར་ཐིམ་ཕུ་རུ་མཁན་པོ་རྡོ་རྗེ་སྐུ་གཤེགས། བོད་ཟླ་༡༠ ཚེས་༣ ཉིན་ཕུན་གླིང་ནས་བསུ་མཁན་འབྱོར། ཚེས་༤ ཕུན་ཚོགས་གླིང་དུ་སོང༌། རྒྱལ་ཡུམ་མཇལ། ཚེས་༥ ཉིན་མཁན་པོའི་སྐུ་གདུང་ཞུགས་འབུལ་ཞུས། ཚེས་༦ རྒྱལ་ཡུམ་ཕོ་བྲང་གསར་པར་རབ་གནས་དང༌། འབྲུག་ལུགས་ཁྱད་པར་ལྷ་གསུམ་གྱི་རྗེས་གནང་ཕུལ། ཚེས་༧ ཀ་སྤུངས་སུ་ལོག ཚེས་༡༣ མཁན་པོའི་གདུང་རུས་སཱཙྪ་བསྒྲུབ། ཚེས་༢༡ གཏེར་མཛོད་ཙཀླི་ཚོན་གཏོང་ཡོངས་རྫོགས་གྲུབ། བོད་ཟླ་༡༡་ཚེས་༡ ཀ་སྤུངས་ནས་ཐོན། ཀ་ལི་ཀ་ཏར་འབྱོར། སྤྱི་ཟླ་༡ ཚེས་༨ ཀ་ཏ་ནས་ཐོན། ཚེས་༩ ཨོ་རི་སར་སླེབས། ༧སྐྱབས་མཆོག་སངས་སྤྲུལ་རིན་པོ་ཆེ་མཇལ། ཚེས་༡༡ སྤྱི་རིམ་མཆོད་རྟེན་རྒྱག་སའི་ས་ཆ་བརྟག ཚེས་༡༢ སངས་སྤྲུལ་རིན་པོ་ཆེར་བརྟན་བཞུགས་ཕུལ། ཚེས་༡༣ སངས་སྤྲུལ་རིན་པོ་ཆེ་དང་དགོན་གཞུང་ནས་བརྟན་བཞུགས་གནང༌། ཕྱི་དྲོ་དད་འདུས་ལ་ཚེ་དབང་དང་གླིང་བྲོ། ཚེས་༡༥ ཨོ་རི་ས་ནས་ཐོན། ཚེས་༡༦་ལ། ཀ་ཏར་འབྱོར། ཚེས་༢༢ རིག་དབང་ལགས་སྦོམ་སྦེར་ཐོན། ཚེས་༢༧ སྦོམ་འབེ་ནས་ལོག བོད་ཟླ་༡༢ ཚེས་༥་ལ་ཨ་ཤེ་ཆོས་སྐྱིད་མཇལ། ཚེས་༡༠ ཀ་སྤུངས་སུ་འབྱོར། ཚེས་༡༥ ཚེ་ཆོག ཚེས་༢༡ ཚེ་རྣམ་ལགས་བཞུགས་སྒར་དུ་བརྟན་བཞུགས་འབུལ་བར་བཏང༌། ཚེས་༢༨ ཝ་ར་ཎ་སི་ནས་བཀའ་ཐང་གསེར་ཕྲེང་སྦི་ལོག་དཔེ་ཚར་༥༠༠་འབྱོར། ཚེས་༢༩ ཤིང་མཁར་བླ་མ་ཕེབས། ༈ ༼ལྕགས་ཕག་ཟླ་༡་ཚེས་༡༽ ལོ་གསར་རྟེན་འབྲེལ། ཚེས་༩། ལྷ་བཟོ་དམ་ཆོས་ལ་མཆོད་རྟེན་གྲོ་ལོད་སྐུ་མངགས། ཚེས་༡༢ ཀ་སྤུངས་མོ་ཀྲོར་ཁ་ལོ་པ་ཉར། ཚེས་༡༣ ཀ་སྤུངས་ནས་ཐོན་ཕུན་གླིང་དུ་ཞག རྒྱལ་ཡུམ་མཇལ། ཚེས་༡༥ བདེ་བ་ཐང་དུ་ཞག ༡༦ སྐང་ལུང་དུ་ཞག ༡༧ ཝང་མཁར་དུ་ཞག ཝང་མཁར་སྣོད་བཅུད་བདག་ཉར་རྟེན་འབྲེལ། ཚེས་༡༧ མོང་སྒར་རྫོང་དུ་ཞག ཚེས་༡༨ བསླབ་གྲྭ་བའི་འཆམས་དང་བྲོ་གར། ཚེས་༡༩ དད་འདུས་མི་མང་ལ་པད་གླིང་ཞི་ཁྲོའི་གསོན་བུམ་དང༌། ཚེ་དབང༌། ཚེས་༢༠ མོང་སྒར་ནས་ཐོན། བཀྲིས་སྒང་རོང་ཐུང་དུ་ཞག ཚེས་༢༢ བདེ་བ་ཐང་དུ། ཚེས་༢༣ ཕུན་གླིང་དུ་རྒྱལ་ཡུམ་མཇལ། ཚེས་༢༤ ཀ་སྤུངས་སུ་འབྱོར། ཚེས་༢༥ མཁའ་འགྲོའི་ཚོགས་སྐོང༌། སོག་རྩེ་སྤྲུལ་སྐུ་ཕེབས། ཟིལ་གནོན་གཏེར་གསར་སྒོ་ནས་རྡོར་སེམས་སྨན་གྲུབ། བོད་ཟླ་༢་ཚེས་༥་ལའོ། །ཚེས་༦ ཚོང་སློབ་སོགས་ལ་ཁྲོས་མའི་དབང༌། ཚེས་༡༡ སྨན་ལངས་ཏེ་དངོས་གྲུབ་བླངས། ཚེས་༡༥ སྒོམ་ཆེན་གྲྭ་ཚང་ནས་བརྟན་བཞུགས། ཚེས་༡༨ བུམ་ཐང་ཨ་ཞེ་སྐལ་བཟང་ཕེབས། མཁྱེན་བརྩེའི་བཀའ་འབུམ་གནང༌། ཚེས་༢༤ ཀེ་ན་ཀྲིའི་གཞིས་བསྐྱོད་ལ་དད་རྟེན་སོགས་བསྐུར། ཀ་ལུ་རིན་པོ་ཆེ་ཕེབས། བོད་ཟླ་༣་ཚེས་༡་གྲོ་ལོད་ཚོགས་མཆོད་སོགས། ཚེས་༨ སོག་སྤྲུལ་སོགས་ལ་གསང་ཁྲིད་ཚུགས། ཚེས་༢༣ གྲོང་གསར་བདེ་ཆེན་ཆོས་གླིང་དུ་བརྟན་བཞུགས་རབ་གནས། ཚེས་༢༦ བསམ་རྩེར་སོང༌། ཚེས་༢༧ གྲོ་ལོད་སྒོ་ནས་ལྷ་ཁང་གི་ས་སློང་སོགས་དང༌། དད་འདུས་ལ་ཚེ་དབང༌། ཚེས་༢༩ ཀ་སྤུངས་སུ་ལོག བོད་ཟླ་༤་ཚེས་༡ ཚེས་༡༤ བླ་ཆུང་ཨ་ཕོ་ལགས་དགེ་རྒན་དུ་ཕེབས། ཚེས་༡༥ ཐུགས་སྒྲུབ་ནོར་རྒྱམ་ལས་བྱང་ཆོག་ཁྲིགས། ཨོ་རི་སའི་མཆོད་རྟེན་ལ་རབ་གནས་དམིགས་འདུན། གཏེར་གསར་སེང་གདོང་མའི་ཆོག་ཁྲིགས། ཚེས་༡༨ ཚེ་ཁྲིད་རྡོར་ཕྲེང་ཆོག་ཁྲིགས། ཚེས་༢༧ སེང་གདོང་སོགས་ཆོག་ཁྲིགས་གྲུབ། བོད་ཟླ་༥་ཚེས་༡ རྡོ་གྲུབ་ཕེབས། ཚེས་༡༠ སྤྲེལ་ཟླ་དུས་མཆོད། རྒྱ་བླ་མར་མཇལ། ཚེས་༡༧་ནས། འདུ་འཁྲུགས་ཚད་མེད། ཚེས་༢༥ མཚན་མོར་དགེ་བློ་བཟང་གྲོངས། བོད་ཟླ་༦་ཚེས་༤ མཆོད་འབུལ། བཞུགས་སྒར་དུ་རྟེན་འབུལ་བ་བཏང༌། ༧གོང་ས་ཆེན་པོའི་བཀའ་རྟགས་ཕེབས། བོད་ཟླ་༧་ཚེས་༡༣ ལྷ་ལུང་གསུང་སྤྲུལ་ཡང་སྲིད་ལ་མཚན་གསོལ་བརྟན་བཞུགས་གསོལ་འདེབས་བྲིས། ཚེས་༡༨ ཡུམ་པད་བདེ་ཕེབས། ཚེས་༢༥ པད་ནོར་མདུན་ནས་བརྟན་བཞུགས་འབྱོར། ཚེས་བཅུ་བས་ཉེར་ལྔ་གསར་འཛུགས། བོད་ཟླ་༨་ཚེས་༡ བུ་གཞན་ཕན་ལ་སྔོན་འགྲོའི་ཁྲིད་ཚུགས། ཚེས་༥ འབྲུག་འཛམ་གླིང་རྒྱལ་ཚོགས་སུ་ཚུད་པར་བཀྲ་ཤིས་བདེ་ལེགས་ཀྱི་ཏར་འཕྲིན་ཕུལ། ཚེས་༦ ཟངས་མདོག་དཔལ་རིར་བརྟན་བཞུགས། ཚེས་༧ རྡོར་གླིང་དུ་འབྱོར། ཚེས་༨ ཚེས་བཅུ་ལྷ་ཁང་གསར་པ་སྒོ་འབྱེད་སོང༌། ཚེས་བཅུ་ཆེན་མོར་དུས་སྟོན། ཚེས་༡༡་ནས། བཀའ་འདུས་སྒྲུབ་ཆེན་སྦྱོར་བ། ཚེས་༡༢ དངོས་གཞི་རྩ་སྒྲུབ་སྨན་སྒྲུབ། ཚེས་༡༧ སྒྲུབ་ཆེན་གྲོལ་ནས་མཐའ་རྒྱས། ཚེས་༡༨ ཁྲོམ་ལ་ཚེ་དབང༌། ཚེས་༡༩ ཀ་སྤུངས་སུ་ལོག ཚེས་༢༥ རིག་འཛིན་ལྷུན་འགྲུབ་ལགས་སོགས་ལ་སྤྲིན་གྱི་ཐོལ་གླུའི་དབང་ལུང༌། བོད་ཟླ་༩་ཚེས་༥ ཀ་སྤུངས་ནས་ཐོན། སྦི་ར་ན་གར་དུ་ཞག ཚེས་༦ བལ་ཡུལ་རྒྱལ་ས་ཀ་ལ་༼ཐ་༽མན་ཀྲུར་འབྱོར། ཚེས་༡༡ གནམ་ཐོག་ནས་ཡོལ་མོ་གངས་རར་ཕྱིན། ཚེས་༡༢ རབ་གནས་སྟ་གོན། ཚེས་༡༣ རབ་གནས་དངོས་གཞི། ཐུགས་སྒྲུབ་དང་རིག་འཛིན་གདུང་སྒྲུབ་ཀྱི་དབང༌། ཚེས་༡༥ བལ་པོའི་རྒྱལ་སྲས་སྟངས་དཔྱལ་ཕེབས། ཐུགས་ཆེན་འགྲོ་བ་ཀུན་སྒྲོལ་དབང༌། རབ་གནས་རྗེས་མཐའ་རྒྱས། ཚེས་༡༦ དད་འདུས་ལ་ཆོས་འབྲེལ། ཚེས་༡༧ མཁའ་གྲུའི་ཐོག་བལ་པོའི་རྒྱལ་སར་འབྱོར། ཚེས་༢༩ འཁྲུལ་ཞིག་རིན་པོ་ཆེ་ཤོད་རོང་ནས་གནམ་ཐོག་རྒྱལ་སར་ཕེབས། ཚེས་༣༠ འཁྲུལ་ཞིག་མཇལ། བོད་ཟླ་༡༠་ཚེས་༡ སྤྲུལ་སྐུ་ཨོ་རྒྱན་དང་བྱ་བྲལ་རིན་པོ་ཆེ་ཕེབས། ཚེས་༥ སྤྲུལ་སྐུ་ཨོ་རྒྱན་ནས་བརྟན་བཞུགས་གནང༌། ཚེས་༧ འཁྲུལ་ཞིག་རིན་པོ་ཆེས་བརྟན་བཞུགས་གནང༌། དད་འདུས་ལ་ཚེ་དབང་བསྐུར། ཚེས་༨ ཡང་ལེ་ཤོད་སྒྲུབ་གྲྭའི་ས་སློང་བགྱིས། ཚེས་༡༣ བལ་ཡུལ་རྒྱལ་ས་ནས་ཐོན། ༡༡ སྦི་རི་ན་གར་དུ་ཞག ༡༢་༡༠ ཚེས་༡༥ ཀ་སྤུངས་སུ་འབྱོར། ཚེས་༢༠ བླ་མ་རྒྱལ་དབང་ཉི་མ་ཕེབས། བོད་ཟླ་༡༡་ཚེས་༦ འབྲུག་གཞུང་ནས་རྡོ་རྗེ་སློབ་དཔོན་ཕེབས། རྒྱལ་པོའི་ཞབས་བརྟན་འཆི་བསླུ་ཚུགས། ཚེས་༡༠ ༼དམིགས་ཆོས་༽འབྱོར། ཨ་ཞེ་པདྨའི་སྐོར་ལ་བསྟན་རྒྱས་བློན་པོའི་བཀའ་མངགས་ཞིབ་མོལ། ཚེས་༡༦ སྤྱི་ཟླ་༡ ཚེས་༡༧ ཨ་ཞེ་པདྨ་ཕེབས། ཚེས་༢༠ མཁོ་ཆེན་སྤྲུལ་སྐུ་ཕེབས། ཚེས་༢༡་ཨ་ཞེ་པདྨ་ཕུན་ཚོགས་གླིང་དུ་ལོག ཚེས་༢༢ བུ་ཕྲིན་ནོར་འབྱོར། ཚེས་༢༣ ཀ་སྤུངས་ནས་ཐོན། ཕུན་ཚོགས་གླིང་དུ་རྒྱལ་ཡུམ་མཇལ། ཚེས་༢༤ བསམ་རྩེར་འབྱོར། གུང་གསེང་དལ་སྡོད། བོད་ཟླ་༡༢་ཚེས་༢ བུ་གཞན་ཕན་དང་པདྨ་ཡུམ་བཅས་འབྱོར། ཚེས་༣ རིག་དབང་ལགས་དང་བུ་མོ་༢་གཉིས་འབྱོར། ཚེས་༥ རིག་དབང་ལགས་ཀ་སྤུངས་སུ་ལོག རྒྱལ་ཡུམ་ཕེབས་ནས་མེ་ལ་སྒོ་འབྱེད་གནང༌། ཚེས་༧་བྲག་མཐོན་དང་བཀྲིས་ཝེན་མཁར་དུ་ཐོན། ཚེས་༨ ཀ་ཏར་ཕྱིན། ཚེས་༡༣ ཀ་ཏ་ནས་ཀ་སྤུངས་སུ། ཚེས་༡༤ བསམ་རྩེར་འབྱོར། ཚེས་༡༦ བུ་ཕྲིན་ནོར་འབྱོར། སྐྱིད་བློན་ཕེབས། འཆི་མེད་སྲོག་ཐིག་གི་བསྙེན་ཡིག་སོགས་གསར་རྩོམ། ཚེས་༢༩ རིག་དབང་ལགས་འབྱོར། ཚེས་༣༠ ཕུར་རྡོར་འབྱོར། འདུན་བཤིག་བཏང༌། ༈ ཆུ་བྱི་ཟླ་༡༽ ལོ་གསར་རྟེན་འབྲེལ། ཚེས་༢ རིག་དབང་ལགས་ཕྲུ་གུ་ཚོ་རྣམས་ཀ་སྤུངས་སུ་ལོག འབྲུག་ཤར་ཕྱོགས་ནས་ཕུར་ཁྲོམ་གསར་བསྐྲུན་འབྱོར། ཚེས་༤ ཞྭག་དེའུ་འཁྲུལ་ཞིག་རིན་པོ་ཆེ་ཕེབས། ཚེས་༥ རྒྱལ་དབང་ཉི་མ་ཕེབས། ཚེས་༦་འཁྲུལ་ཞིག་རིན་པོ་ཆེར་ཚེ་སྒྲུབ་དབང་ལུང་ཕུལ། ཚེས་༧ འཁྲུལ་ཞིག་རིན་པོ་ཆེ་ལོག ཚེས་༨ ཀ་སྤུངས་སུ་ལོག ཚེས་༡༠ བླ་མ་དཀར་པོ་འབྱོར། ཚེས་༡༣ རིག་དབང་ལགས་རྡོར་གླིང་དུ། ལ་དྭགས་ཕྱག་མཛོད་འབྱོར། ཚེས་༡༥ ནཽ་ཚེ་དཔལ་འབྱོར། ཚེས་༢༡ འབྲས་ལྗོངས་མཁའ་འགྲོ་གསང་ཕུག་གི་ཆུ་ཚན་དུ་སོང༌། ཚེས་༢༤ ཚོགས་སྐོང༌། ཚེས་༢༥ ཀ་སྤུངས་སུ་ལོག ཚེས་༣༠་བསམ་རྩེར་ཕྱིན། འདུན་བཤིག་བཏང༌། ཆུ་བྱི་ཟླ་བ་༣༽ ཚེས་༡་ཉིན་གྲོང་གསར་བདེ་ཆེན་ཆོས་གླིང་དགོན་པར་རབ་གནས། ཚེས་༣ སྒོམ་གྲྭ་ནས་བརྟན་བཞུགས། ཚེས་༨་ལ། པདྨ་གཡང་རྩེར་ཕྱིན། ཚེས་༩ སྒྲུབ་ཆེན་སྟ་གོན་སོགས། ཚེས་༡༠ དངོས་གཞི་སྨན་སྒྲུབ་བཏགས་བཙག་སོགས། ཚེས་༡༡ ཕུན་ཁང་ལྷ་ལྕམ་ཕེབས། ཚེས་༡༣ འབྲས་ལྗོངས་རྒྱལ་པོ་ཕེབས། ཚེས་༡༤ འབྲས་རྒྱལ་མཇལ། སྒྲུབ་ཆེན་དངོས་གྲུབ་བླངས། ཚེས་༡༥ རྟེན་ཕྱི་ནང་ལ་རབ་གནས། བརྟན་བཞུགས་ཀྱང་གནང༌། ཚེས་༡༦ སྒྲུབ་ཆེན་མཐར་དགེ་སོགས། ཚེས་༡༧ ཀ་སྤུངས་སུ་ལོག ཚེས་༡༨ སྤྱི་ཟླ་ ༥༽ ༡ ཚེས་༡༩ རྡོར་གླིང་དུ་སོང༌། ཀེ་ནི་ཀྲིའི་ལྕམ་སོགས་འཕྲད། ཚེས་༢༠ ཀ་སྤུངས་སུ་ལོག ཚེས་༢༤ བུ་གཞན་ཕན་ཐིམ་ཕུར་ཐོན། སེང་གདོང་མའི་གཏོར་ཟློག་ཚུགས། ཚེས་༢༥ འདུན་བཤིག་ཚུགས། བྱ་བྲལ་བྱང་རྡོར་ཕེབས། ཚེས༢༦ རིག་འཛིན་ལགས་ཀ་སྤུངས་འབྱོར། ཚེས་༢༩ རིག་འཛིན་ལགས་རྡོར་གླིང་དུ། བྱ་བྲལ་བྱང་རྡོར་ལོག ཚེས་༣༠ འདུན་བཤིག་ཆུ་བསྐྱུར། བོད་ཟླ་༤༽ ཚེས་༡ ༢་ཆད། ཚེས་༡༩ ལྷ་བྲིས་པ་རིག་ནོར་ལོག ཚེས་༢༣ པདྨ་ཀུན་གྲོལ་འབྱོར། བོད་ཟླ་༥་ཚེས་༡ རྡོར་གླིང་དུ་འབྱོར། ཚེས་༡༢ སྤྱི་ཏི་བ་སོགས་ལ་ཁྲོས་མའི་དབང་བསྐུར། ཚེས་༡༩ རྒྱལ་ཡུམ་མདུན་ནས་ཁྲིམས་དཔོན་བང་ཆེན་དུ་འབྱོར། ཚེས་༢༠ ཀ་སྤུངས་ནས་ཐོན། ཕུན་ཚོགས་གླིང་དུ་ཞག ཚེས་༢༡ ཐིམ་ཕུ་བདེ་ཆེན་གླིང་དུ་ཞག ཚེས་༢༢ ཞབས་དྲུང་གདན་ས་རྟ་ལོག་དུ་འབྱོར། ཚེས་༢༣ སྲུང་མའི་རྟེན་སོགས་ཁྲུས་གསོལ་རབ་གནས་འཁོན་སྦྱོང་སོགས་བགྱིས། ཚེས་༢༤ ཐིམ་ཕུག་ཏུ། ཚེས་༢༥ ཕུན་གླིང་དུ། ཚེས་༢༦ ཀ་སྤུངས་སུ་ལོག བོད་ཟླ་༦༽ ཚེས་༡ ཚེས་༩ ཆོས་ཉིད་རྡོ་རྗེ་པིས་ཏིར་ཐོན། ཚེས་༡༠ ཀུན་བཟང་དགོངས་འདུས་ཆོག་ཁྲིགས་ཚུགས། ཚེས་༡༡ འདིིའི་དགོང་མོ་ཆུ་ཚོད་༨ཐོག་འབྲུག་རྒྱལ་དགོངས་པ་རྫོགས་སོང་འདུག ཕུན་གླིང་དུ་སོང༌། འབྲུག་རྒྱལ་སྐུ་པུར་ལ་འཕོ་སྦྱོང་ཕུལ་ནས་ལོག ཚེས་༡༢ ནོར་བུ་ཐིམ་ཕུར་ཐུགས་གསོས་འབུལ་བར་བཏང༌། ཚེས་༡༣ པད་གླིང་སྐོར་ཆོག་ཁྲིགས། བུ་དང་ཨ་ཤེ་པདྨ་འབྱོར། བོད་ཟླ་༧་ཚེས་༡ པདྨར་རྒྱན་ཆ་བཏགས། ཚེས་༢ ཆོས་རྡོར་འབྱོར། ཚེས་༩ སྨྱོ་ཤུལ་མཁན་པོ་ཕེབས། ཚེས་༡༤ དཔལ་རིར་བཀའ་འགྱུར་ལུང་གི་གྲལ་བཀོད། ཚེས་༡༥ ཆོས་དོན་ཁང་ནས་རྒྱལ་རབས་དེབ་འབྱོར། བོད་ཟླ་༨་ཚེས་༡ རྡོར་གླིང་ཚེས་བཅུ་ལྷ་ཁང་བཀའ་འདུས་སྒྲུབ་ཆེན་གོ་སྒྲིགས། ཚེས་༧ སྒྲུབ་ཆེན་མཐའ་རྒྱས། ཚེས་༨ རབ་གནས། ཚེས་༡༠ ཚེས་བཅུ་དབང་བཅས། རིག་དབང་ལགས་བལ་ཡུལ་དུ་སོང༌། ཚེས་༡༤ བལ་ཡུལ་ནས་ལོག སྤྱི་ཟླ་༡༠༽ ཚེས་༢༦ ཐོན་ཀ་ཏར་འབྱོར། ཚེས་༢༩ རིག་དབང་ལགས་མ་སྨད་ཀ་ཏར་འབྱོར། བོད་ཟླ་༩༽ སྤྱི་ཟླ་༡༠༽ ཚེས་༡༡ བོད་ཚེས་༤ སྔ་དྲོ་ཆུ་ཚོད་༩་པར་གནམ་གྲུར་ཞུགས་ཏེ་ཀ་ཏ་ནས་ཐོན། ཆུ་ཚོད་༡༢་པར་ཐེའེ་ལེན་དུ་བབས། ཡང་ཆུ་ཚོད་༡་པོར་ཐོན། ཆུ་ཚོད་༤་པར་ཧྭང་ཀང་དུ་འབྱོར། ཆོས་ཚོགས་ནས་དགའ་བསུ་གཟབ་རྒྱས། སྤྱི་ཚེས་༡༢ ཆོས་ཚོགས་ལ་མཚན་བརྒྱད་སྐུ་ཐང་སྤྲད། ཚེས་༡༣ རྒྱའི་སྨན་པ་༢་ནས་གཟུགས་པོར་བརྟག་ཞིབ། ཚེས་༡༦ ཆོས་ཚོགས་སུ་ཕྱིན་ནས་རྡོར་སེམས་དབང༌། ཚེས་༢༠ སྦྱིན་བདག་ཞིག་གིས་གསོལ་སྟོན། ཚེས་༢༧ གསོལ་སྟོན། ༢༨ སྦྱིན་བདག་གསོལ་ཚིགས། ༢༩ བུད་མེད་ཁ་ཤས་ཀྱིས་གསོལ་སྟོན། ཚེས་༣༠ སྦྱིན་བདག་ལོ་༨༠་པ་ནས་གསོལ་སྟོན། ཨ་རི་ནས་སྤྲུལ་སྐུ་ཀུན་དགས་རླུང་འཕྲིན། ཚེས་༣༡ ཡར་སྟོབས་རླུང་འཕྲིན། སྤྱི་ཟླ་༡༡་ཚེས་༡ ཧྭང་ཀང་ས་མཚམས་བར་ལྟད་མོ། ཚེས་༢ གསོལ་ཚིགས་དང་ཁྲང་གཞེས། ཚེས་༣ གསོལ་ཚིགས། ཚེས་༤ གྲུ་གཟིངས་ཐོག་ལྟད་མོ་ཁྲང་གཞེས། བོད་ཟླ་༡༠ ཚེས་༨ རྒྱལ་ཡུམ་སོགས་གནས་ཚུལ་ཕུལ། ཚེས་༩ ཨ་རིའི་གཞུང་ཚབས་སར་ནས་སྤ་སི། ཚེས་༡༣ ཡར་བསོད་སྟོབས་ལགས་འབྱོར། ཚེས་༡༨ ཆོས་ཚོགས་ནས་གསོལ་ཚིགས། ཚེས་༡༩ ཧྭང་ཀོང་ནས་དགོང་མོའི་ཆུ་ཚོད་༧་ཐོག་གནམ་གྲུར་ཞུགས་ནས་ཕུར། ཆུ་ཚོད་༡༡་༣༠ སྟེང་འཇའ་པན་དུ་འབྱོར། ཚེས་༢༠ ལྟད་མོ་ཟློས་གར། ཆང་ས། ༢༡ རི་ལིར་ཞུགས་ནས་སྐྱོ་ཏོར་ལྟད་མོ། ཚེས་༢༢ རྒྱལ་པོའི་ཕོ་བྲང་སོགས་ལ་ལྟད་མོ། ༢༣ དགོང་དྲོའི་ཆུ་ཚོད་༡༡་པར་གནམ་གྲུར་ཞུགས། ཚེས་༢༤ སྔ་ཞོག་ཆུ་ཚོད་༡༡་ཐོག་ཧོ་ནོ་ལུ་ལུར། ཚེས་༢༥་༢༦ ཡུལ་ལྗོངས། བྱ་རྩེད། ཉ་རྩེད་སོགས། ཚེས་༢༧ ཆུ་ཚོད་ཐོག་གནམ་གྲུར་ཐོན། ཆུ་ཚོད་༡༡ སེན་ཕ་རན་སི་སི་ཀོར་འབྱོར། ཚེས་༢༨ ཀ་ལི་ཕོ་ཎེ་ཡ་དར་ཐང་སར་འབྱོར། ཚེས་༣༠ རབ་གནས་དང་གཏོར་དབང༌། ཆོས་ཚོགས་ལ། སྤྱི་ཟླ་༡༢་ཚེས་༡ ཚོགས་དང་ཚེ་དབང༌། ཚེས་༢ ཨེ་ཝཾ་ཆོས་ཚོགས་སུ་ཕྱིན། ཚེས་༤ སྔ་དྲོ་ཆུ་ཚོད་༡༡་ཐོག་གནམ་གྲུར་ཞུགས་ཏེ་ཐོན། ལོའོ་སི་ཨིན་ཇ་ལི་སིར་ཆུ་ཚོད་༡༢་པར་འབྱོར། ཚེས་༥ གློག་བརྙན་བཟོ་གྲྭར་ལྟད་མོ། ཚེས་༦ སྐྱེད་ཚལ་སོགས་ལ་ལྟད་མོ། ཚེས་༧ སྔ་ཞོག་ཆུ་ཚོད་༨་པར་ཐོན། ཆུ་ཚོད་༡༢་པར། སན་ཏྲ་ཕིན༼ཕེ་རུ་༽དུ་འབྱོར། ཨ་རིའི་གྲོང་ཁྱེར་རྙིང་ཤོས་༡༦༡༠་ལོ་ལ་ཆགས། ཚེས་༨་ནིའུ་ཡོག་ཏུ་འབྱོར། ཚེས་༩ བློན་པོ་སངས་རྒྱས་མཇལ་འཕྲད། འབྲུག་རྒྱལ་ཡུམ་ལ་ཞུ་ཡིག་ཕུལ། ཚེས་༡༠ ཚེ་དབང་བསྐུར། ཚེས་༡༡ ཨ་རིས་རང་བཙན་རྩོད་ལེན་གྱི་གློག་བརྙན་བལྟས། ཚེས་༡༢ རྒྱལ་སྤྱིའི་ཚོགས་ཁང་དང་ལུས་རྩལ་ལྟད་མོ། ཚེས་༡༣ བློན་པོ་སངས་རྒྱས་ནས་གསོལ་ཚིགས་གནང༌། ཚེས་༡༤ དགོང་མོ་ཆོས་ཚོགས་སུ་འབེལ་གཏམ། ཚེས་༡༥ ཀློང་སྙིང་ཆོས་ཚོགས་སུ་ཕྱིན། དད་འདུས་སོགས་ལ་སྐྱབས་སྡོམ་ཕོགས། རིགས་འདུས་ཚོགས་བསྐང༌། ཚེས་༡༦ ཆོས་ཚོགས་སུ་སེམས་སྡོམ་ཕོགས། རྩ་གསུམ་དབང༌། མཐར་རྒྱས་ཚོགས། ཚེས་༢༣ དགོང་མོ་ཆུ་ཚོད་༧་ཐོག་ནིའུ་ཡོག་ནས་ཐོན། ཚེས་༢༩ ནམ་ལངས་ཆུ་ཚོད་༤་ཐོག་ཨིང་ལེན་དུ་འབྱོར། ཚེས་༢༥ འཆི་མེད་སྤྲུལ་སྐུ་ཕེབས། ཚེས་༢༦ སྒྲུབ་ཕོ་བ་ཕེབས། ཚེས་༢༧ གྲོང་ཁྱེར་སོགས་ལྟད་མོ། ཚེས་༢༩ དགོང་མོ་ཆུ་ཚོད་༧་པར་ཐོན། དེའི་ཆུ་ཚོད་༩་ཐོག་ཕ་རན་སིར་འབྱོར། ཚེས་༣༠ ཁྲོམ་གྲོང་ཁྱེར་སོགས་ལྟད་མོ། ཚེས་༣༡ ཤ་བྷོང་དུ་ཕྱིན་ནས་བསྡད། ཕ་རན་སིའི་སྦྱིན་བདག་འབེན་ཟོན།། །། ༈ རང་ལོ་༡༦་པར་ པད་བཀོད་མ་ཧཱ་ཀོ་ཊར་གཏེར་མཛོད་དབང་ལུང༌། ༡༽ རང་ལོ་༢༠་པར་ཀོང་པོ་བྲག་གསུམ་དུ། ༢༽ རང་ལོ་༢༩་པར་སྤོ་བོ་སྙེ་སྨད་དགོན་གསུམ་དུ། ༣༽ རང་ལོ་༣༩་པར་འབྲུག་བཀྲིས་སྒང་དུ། ༤༽ རང་ལོ་༤༠་པར་འབྲས་ལྗོངས་དབེན་དགོན་དུ། ༥༽ རང་ལོ་༤༣་པར་ཀོང་པོ་བུ་ཆུ་བདེ་ཆེན་སྟེང་དུ། ༦༽ རང་ལོ་༤༥་པར་སྤུ་བོ་གཡུ་རི་དགོན་དུ། ༧༽ རང་ལོ་༥༢་པར་བསམ་ཡས་སུ། ༨༽ རང་ལོ་༥༨་པར་ཀ་སྤུངས་སུ། ༩༽ རང་ལོ་༦༤་པར་མཚོ་པདྨར། ༡༠༽ ༈ ཀོང་པོ་བུ་ཆུར་གདམས་ངག་མཛོད་དབང་ཁྲིད་ལུང་བཅས་ཆ་ཚང་བཏོན། ༈ བྲག་གསུམ་རྒྱ་ར་རུ་འཇའ་ཚོན་པོད་དྲུག་ཆ་ཚང༌། ༡ འབྲི་སྤང་དགོན་དུ་བང་རི་གྲྭ་ཚང་ལ་ཆ་ཚང༌། ༡ སྤུ་བོ་སྙེ་སྟོད་དཀར་རྒྱལ་དགོན་དུ། ༡ རྡོར་གླིང་དུ། ༡ བཅས་བསྡོམས་ཚར་༤༽ ༈ བླ་མ་དགོངས་འདུས་པོད་༡༣་ཆ་ཚང་གི་དབང་ལུང༌། ཀོང་པོ་འབྲས་བཤད་སྡེ་དགོན་དུ། ༡ འབྲུག་བུམ་ཐང་དབང་ཆོས་སུ། ༡ བཅས་བསྡོམས་ཚར་༢༽ ༈ བདུད་འཇོམས་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང༌། ཀོང་པོ་བྲག་གསུམ་དུ། ༡ བུ་ཆུར་སྔ་རྗེས། ༢ མཚོ་པདྨར་ཆ་ཚང༌། ༡ ཀ་སྤུངས་སུ། ༡ རྡོར་གླིང་དུ། ༡ བཅས་བསྡོམས། ༦༽ ༈ འདོད་བུམ་དབང་ལུང་སྔ་རྗེས་སུ་ཚར་༡༢༽ ༈ བདུད་འདུལ་གཏེར་ཆོས་ཡོངས་རྫོགས་པད་བཀོད་དུ་ཚར། ༡ ཀོང་པོར་ཚར། ༢ བཅས་བསྡོམས་༣༽ རིག་འཛིན་སྲོག་སྒྲུབ་དང་སྤྲིན་གྱི་ཐོལ་གླུ་ཆ་ཚང་ཀོང་པོར་ཚར། ༡ འབྲས་ལྗོངས་སུ་ཚར། ༡ ཀ་སྤུངས་སུ། ༡ བཅས་བསྡོམས་ཚར་༣༽ ༈ ཟབ་ཆོས་བདུན་པའི་དབང་ལུང་པད་བཀོད་གཏེར་ཁོངས་སུ་ཚར། ༡ ཀོང་པོ་བྲག་གསུམ་དུ་ཚར། ༡ ལྷ་སར་ཚར། ༡ བཅས་བསྡོམས་ཚར་༣༽ ༈ ཀློང་ཆེན་སྙིང་ཐིག་རྩ་པོད་༢་པད་བཀོད་དུ་ཚར། ༡ ཀོང་པོར་ཚར། ༡ འབྲུག་ཏུ་ཚར། ༡ ཀ་སྤུངས་སུ་ཚར་༢ བཅས་བསྡོམས་ཚར་༥༽ ༈ པད་གླིང་གཏེར་ཆོས་ལྷ་སར་སྨིན་གཅུང་རིན་པོ་ཆེ་སོགས་ལ་ཚར། ༡ འབྲུག་ཡོང་ལ་ཁེལ་གདོང་དུ་ཚར། ༡ བསམ་རྩེར་སྒང་སྟེང་སྤྲུལ་སྐུ་སོགས་ལ། ༡ ༈ མཛོད་བདུན་ལུང་པད་བཀོད་དུ་ཚར། ༡ ཀོང་པོ་བྲག་གསུམ་ཚར། ༡ འབྲུག་སྤ་གྲོར་ཚར། ༡ བསམ་ཡས་སུ། ༡ བཅས་བསྡོམས་ཚར་༤༽ ༈ རྙིང་མ་རྒྱུད་འབུམ་གྱི་ལུང་མཚོ་པདྨར་ཚར། ༡ ༈ བཀའ་འགྱུར་ལུང་རྡོར་གླིང་དུ་ཚར། ༡ ༈ ཀ་སྤུངས་སུ་བཀའ་མའི་སྐོར་ཡོངས་རྫོགས། ༈ བཀའ་བརྒྱད་པོད་དགུ་ཡོངས་རྫོགས་རྡོར་གླིང་དུ། ༈ ཀར་གླིང་ཞི་ཁྲོ་ཡོངས་རྫོགས་རྡོར་གླིང༌། ༈ སྨན་སྒྲུབ། ཕུར་པ། ཀོང་པོ་བྲག་གསུམ་དུ། ༡ བུ་ཆུ་བདེ་ཆེན་སྟེང་དུ་སྔ་རྗེས་ཚར༌། ༤ ཀོང་པོ་ང་ཕོད་དུ། ༡ བྲག་གསུམ་རྗེར་ཟབ་བདུན། ༡ བྲག་གསུམ་རྒྱ་ར་རུ། ༡ རིན་ཆེན་སྟེང་དུ་མཁའ་འགྲོའི། ༡ འབྲས་བཤད་སྡེ་དགོན་དུ་བཀའ་བརྒྱད། ༡ སྤུ་བོ་རོང་རྫོང་དུ་ཕུར་པ། ༡ སྤོ་བོ་སྙེ་སྨད་དུ་ཟབ་ཆོས་བདུན་པ་ཚར། ༢ གཡུ་རི་དགོན་དུ་ཕུར་པ་ཚར། ༡ འབྲུག་སྤ་གྲོར་ཕུར་པ། ༡ བཀྲིས་སྒང་དུ། ༡ ལྷ་ས་ལྕགས་པོ་རིར་བཀའ་འདུས། ༡ ཀུན་བདེ་གླིང་དུ་བཀའ་འདུས། ༡ འབྲས་ལྗོངས་དབེན་དགོན་དུ་ཕུར་པ། ༡ འབྲས་ལྗོངས་མཆོད་རྟེན་དུ་ཕུར་པ། ༡ རྡོར་གླིང་དུ་ཕུར་པ། ༡ བཀའ་བརྒྱད། ༡ བཀའ་འདུས། ༡ མཚོ་པདྨར་སྔ་རྗེས་སུ་མཁའ་འགྲོ་ཐུགས་ཐིག ༢ ཡང་གསང་འདུས་སྒོ་ནས་སྨན་སྒྲུབ། ༡ ཀ་སྤུངས་སུ་དགོངས་འདུས་སྒོ་ནས། ༡ བཀའ་བརྒྱད་སྒོ་ནས། ༡ རྡོར་སེམས། ༡ ཕུར་པ། ༡ ཚོགས་ཆེན་འདུས་པ། ༡ ཤིང་སྟག་འབྲུག་ཐིམ་ཕུག་ཏུ་ཕུར་པའི་སྒོ་ནས་སྨན་སྒྲུབ། རྡོར་གླིང་དགུང་དགོན་པར་ཕུར་པའི་སྒོ་ནས། ༡ གྲོང་གསར་བདེ་ཆེན་ཆོས་གླིང་དུ་ཕུར་པའི་སྒོ་ནས། ༡ ཐིམ་ཕུག་མཆོད་རྟེན་དུ་ཕུར་པའི་སྒོ་ནས། ༡ བལ་ཡུལ་དུ་རྡོར་སེམས་སྒོ་ནས། ༡ ལ་དྭགས་གྱེ་རིར་མཁའ་འགྲོ་ཐུགས་ཐིག་སྒོ་ནས། ༡།། །།