TTDL-ZABTER-15-BA-016: Difference between revisions

From Dudjom Wiki
TTDL-ZABTER-15-BA-016
No edit summary
No edit summary
 
Line 36: Line 36:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༁ྃ༔  དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བཞུགས་སོ༔ ན་མོ་གུ་རུ་ཝེ༔  ({{TibChung|བརྡ་ཡིག་}}) འཇམ་དཔལ་སྨྲ་སེང་སྒྲུབ་པ་ལ༔ འདི་ལྟར་བསྐྱེད་རིམ་གནད་ལྡན་བྱཿཨཿསྣང་སྲིད་ཐམས་ཅད་སྟོང་པ་ཉིད༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ ཡེ་ཤེས་ལྔ་ཡི་འོད་ཀློང་དུ༔ རྩལ་ཆེན་སེང་གེ་སྔོན་པོའི་སྟེང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་མགོན་པོ་འཇམ་དཔལ་དབྱངས༔ དམར་གསལ་ལོངས་སྐུའི་ཆས་རྫོགས་ཤིང་༔ ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་༔ རལ་གྲི་ཧྲཱིཿདམར་མཚན་པ་ལ༔ སྔགས་ཕྲེང་གཡས་སུ་འཁོར་བར་བསམ༔ བདུན་དུ་པདྨ་ཟླ་རྒྱས་སྟེང་༔ ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོཿབཞེངས་སྟབས་རལ་གྲི་པུསྟི་བསྣམས༔ ཞི་འཛུམ་དར་དང་རཏྣས་བརྒྱན༔ མཚན་དཔེས་མཛེས་ཤིང་ལང་ཚོ་རྒྱས༔ ཐུགས་ཀར་པདྨ་འདབ་བརྒྱད་སྟེང་༔ ཧྲཱིཿལ་སྔགས་ཕྲེང་གཡོན་དུ་འཁོར༔ ཡབ་ཡུམ་སྐུ་ཡི་གཟི་འོད་ཀྱིས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་དཔལ་ཡོན་ཏན་དང་༔ བརྟན་གཡོའི་དྭངས་བཅུད་མ་ལུས་པ༔ འོད་ཀྱི་རྣམ་པར་བསྡུས་ནས་སུ༔ ཐུགས་སྲོག་སྔགས་ཀྱི་འཁོར་ལོར་བསྟིམ༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཧྲཱིཿདྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷི་སྭཱ་ཧཱ༔ ཤེས་བ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ཏིང་འཛིན་ཉིད་དང་འགྲོགས༔ མི་ཚིག་དག་གིས་མ་བསླད་པར༔ སྔགས་ཀྱིས་བཟླས་པ་གནད་དུ་བསྣུན༔ གནད་དེས་ཤེས་རབ་ཡེ་ཤེས་དཔལ༔ འཕེལ་རྒྱས་མཆོག་གི་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་བཙུན་པ་པདྨས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
{{TibP|༁ྃ༔  {{TibChung|དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བཞུགས་སོ༔}} ན་མོ་གུ་རུ་ཝེ༔  ({{TibChung|བརྡ་ཡིག་}}) {{TibChung|འཇམ་དཔལ་སྨྲ་སེང་སྒྲུབ་པ་ལ༔ འདི་ལྟར་བསྐྱེད་རིམ་གནད་ལྡན་བྱ༔}} ཨ༔ སྣང་སྲིད་ཐམས་ཅད་སྟོང་པ་ཉིད༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ ཡེ་ཤེས་ལྔ་ཡི་འོད་ཀློང་དུ༔ རྩལ་ཆེན་སེང་གེ་སྔོན་པོའི་སྟེང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་མགོན་པོ་འཇམ་དཔལ་དབྱངས༔ དམར་གསལ་ལོངས་སྐུའི་ཆས་རྫོགས་ཤིང་༔ ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་༔ རལ་གྲི་ཧྲཱིཿདམར་མཚན་པ་ལ༔ སྔགས་ཕྲེང་གཡས་སུ་འཁོར་བར་བསམ༔ བདུན་དུ་པདྨ་ཟླ་རྒྱས་སྟེང་༔ ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོཿབཞེངས་སྟབས་རལ་གྲི་པུསྟི་བསྣམས༔ ཞི་འཛུམ་དར་དང་རཏྣས་བརྒྱན༔ མཚན་དཔེས་མཛེས་ཤིང་ལང་ཚོ་རྒྱས༔ ཐུགས་ཀར་པདྨ་འདབ་བརྒྱད་སྟེང་༔ ཧྲཱིཿལ་སྔགས་ཕྲེང་གཡོན་དུ་འཁོར༔ ཡབ་ཡུམ་སྐུ་ཡི་གཟི་འོད་ཀྱིས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་དཔལ་ཡོན་ཏན་དང་༔ བརྟན་གཡོའི་དྭངས་བཅུད་མ་ལུས་པ༔ འོད་ཀྱི་རྣམ་པར་བསྡུས་ནས་སུ༔ ཐུགས་སྲོག་སྔགས་ཀྱི་འཁོར་ལོར་བསྟིམ༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཧྲཱིཿདྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷི་སྭཱ་ཧཱ༔ {{TibChung|ཤེས་བ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ཏིང་འཛིན་ཉིད་དང་འགྲོགས༔ མི་ཚིག་དག་གིས་མ་བསླད་པར༔ སྔགས་ཀྱིས་བཟླས་པ་གནད་དུ་བསྣུན༔ གནད་དེས་ཤེས་རབ་ཡེ་ཤེས་དཔལ༔ འཕེལ་རྒྱས་མཆོག་གི་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་བཙུན་པ་པདྨས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:40, 12 January 2026

Wylie title dag snang ye shes drwa ba las: 'jam dpal smra ba'i seng ge'i sgrub thabs: TTDL-ZABTER-15-BA-016.pdf
Location bdud 'joms gling pa zab gter
Volume 15, Text 16, Pages 71-72 (Folios 1a1 to 1b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las 'jam dpal smra ba'i seng ge'i sgrub thabs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 71-72. Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms 'jam dpal smra seng
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity 'jam dpal smra ba'i seng+ge
Colophon

ཞེས་པ་འདི་ཡང་བཙུན་པ་པདྨས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang btsun pa pad+mas bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བཞུགས་སོ༔ ན་མོ་གུ་རུ་ཝེ༔ (བརྡ་ཡིག་) འཇམ་དཔལ་སྨྲ་སེང་སྒྲུབ་པ་ལ༔ འདི་ལྟར་བསྐྱེད་རིམ་གནད་ལྡན་བྱ༔ ཨ༔ སྣང་སྲིད་ཐམས་ཅད་སྟོང་པ་ཉིད༔ ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན༔ ཡེ་ཤེས་ལྔ་ཡི་འོད་ཀློང་དུ༔ རྩལ་ཆེན་སེང་གེ་སྔོན་པོའི་སྟེང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་མགོན་པོ་འཇམ་དཔལ་དབྱངས༔ དམར་གསལ་ལོངས་སྐུའི་ཆས་རྫོགས་ཤིང་༔ ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས༔ ཕྱག་གཡས་ཤེས་རབ་རལ་གྲི་ཕྱར༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་འཁོར་ལོ་རྩིབས་བཞིའི་སྟེང་༔ རལ་གྲི་ཧྲཱིཿདམར་མཚན་པ་ལ༔ སྔགས་ཕྲེང་གཡས་སུ་འཁོར་བར་བསམ༔ བདུན་དུ་པདྨ་ཟླ་རྒྱས་སྟེང་༔ ཧྲཱིཿལས་དབྱངས་ཅན་ལྷ་མོ་སྔོཿབཞེངས་སྟབས་རལ་གྲི་པུསྟི་བསྣམས༔ ཞི་འཛུམ་དར་དང་རཏྣས་བརྒྱན༔ མཚན་དཔེས་མཛེས་ཤིང་ལང་ཚོ་རྒྱས༔ ཐུགས་ཀར་པདྨ་འདབ་བརྒྱད་སྟེང་༔ ཧྲཱིཿལ་སྔགས་ཕྲེང་གཡོན་དུ་འཁོར༔ ཡབ་ཡུམ་སྐུ་ཡི་གཟི་འོད་ཀྱིས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་དཔལ་ཡོན་ཏན་དང་༔ བརྟན་གཡོའི་དྭངས་བཅུད་མ་ལུས་པ༔ འོད་ཀྱི་རྣམ་པར་བསྡུས་ནས་སུ༔ ཐུགས་སྲོག་སྔགས་ཀྱི་འཁོར་ལོར་བསྟིམ༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཧྲཱིཿདྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷི་སྭཱ་ཧཱ༔ ཤེས་བ་གཞན་དུ་མ་ཡེངས་པར༔ ལྷ་ཡི་ཏིང་འཛིན་ཉིད་དང་འགྲོགས༔ མི་ཚིག་དག་གིས་མ་བསླད་པར༔ སྔགས་ཀྱིས་བཟླས་པ་གནད་དུ་བསྣུན༔ གནད་དེས་ཤེས་རབ་ཡེ་ཤེས་དཔལ༔ འཕེལ་རྒྱས་མཆོག་གི་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་བཙུན་པ་པདྨས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།