DJYD-KABUM-09-TA-010: Difference between revisions
From Dudjom Wiki
DJYD-KABUM-09-TA-010
m Text replacement - "ཧྲཱི༔" to "ཧྲཱིཿ" |
m Text replacement - "ངྷེ" to "དྷེ" |
||
| (5 intermediate revisions by 2 users not shown) | |||
| Line 5: | Line 5: | ||
|fulltitle=bdud 'joms gter byon bde chen zhing sbyong gi cho ga 'brel tshad don ldan thar lam sgo 'byed | |fulltitle=bdud 'joms gter byon bde chen zhing sbyong gi cho ga 'brel tshad don ldan thar lam sgo 'byed | ||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms gter byon bde chen zhing sbyong gi cho ga 'brel tshad don ldan thar lam sgo 'byed''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 9: 379-421. Kalimpong: Dupjung Lama, 1979-1985. | |citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms gter byon bde chen zhing sbyong gi cho ga 'brel tshad don ldan thar lam sgo 'byed''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 9: 379-421. Kalimpong: Dupjung Lama, 1979-1985. | ||
|collectiontitletib= | |collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ། | ||
|collectiontitle=bdud 'joms rin po che bka' 'bum | |collectiontitle=bdud 'joms rin po che'i bka' 'bum | ||
|author=Dudjom Rinpoche | |author=Dudjom Rinpoche | ||
|sourcerevealer=Dudjom Rinpoche; Bdud 'joms gling pa | |sourcerevealer=Dudjom Rinpoche; Bdud 'joms gling pa | ||
| Line 42: | Line 42: | ||
༄༅། །ཨོཾ་སྭསྟི། དུས་གསུམ་གཤེགས་བཞུགས་རྣམ་འདྲེན་སྲས་བཅས་ལས། །ཕུལ་བྱུང་ཐུགས་བསྐྱེད་ངོ་མཚར་ཁྱད་འཕགས་པ། འོད་མཐའ་ཡས་པའི་མགོན་དེར་གུས་བཏུད་ནས། །བདེ་ཆེན་ཞིང་སྦྱོང་ཆོ་ག་འཇུག་བདེར་དབྱེ། །{{TibChung|དེའང་སྣང་བ་མཐའ་ཡས་གསུང་རྡོ་རྗེ་སྤྲུལ་སྐུའི་རྣམ་པར་སྣང་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མན་ངག་ཉེ་བརྒྱུད་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པའི་བདེ་བ་ཅན་གྱི་ཞིང་ལོངས་སུ་སྦྱོང་བའི་ཆོ་ག་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྦྱོར་བ་གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱག་བདར་དང་བརྐྱང་ནུལ་ལེགས་པར་བྱ། གནས་ཁང་གི་སྟབས་བདེ་ན་ནུབ་ཕྱོགས་སམ་དེ་མིན་གུང་གི་ཆར་དཀོན་མཆོག་གི་རྟེན་སྤྱི་དང་ཁྱད་པར་འོད་དཔག་མེད་པའི་ཞིང་ {{ | ༄༅། །ཨོཾ་སྭསྟི། དུས་གསུམ་གཤེགས་བཞུགས་རྣམ་འདྲེན་སྲས་བཅས་ལས། །ཕུལ་བྱུང་ཐུགས་བསྐྱེད་ངོ་མཚར་ཁྱད་འཕགས་པ། འོད་མཐའ་ཡས་པའི་མགོན་དེར་གུས་བཏུད་ནས། །བདེ་ཆེན་ཞིང་སྦྱོང་ཆོ་ག་འཇུག་བདེར་དབྱེ། །{{TibChung|དེའང་སྣང་བ་མཐའ་ཡས་གསུང་རྡོ་རྗེ་སྤྲུལ་སྐུའི་རྣམ་པར་སྣང་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མན་ངག་ཉེ་བརྒྱུད་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ལས་བྱོན་པའི་བདེ་བ་ཅན་གྱི་ཞིང་ལོངས་སུ་སྦྱོང་བའི་ཆོ་ག་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྦྱོར་བ་གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱག་བདར་དང་བརྐྱང་ནུལ་ལེགས་པར་བྱ། གནས་ཁང་གི་སྟབས་བདེ་ན་ནུབ་ཕྱོགས་སམ་དེ་མིན་གུང་གི་ཆར་དཀོན་མཆོག་གི་རྟེན་སྤྱི་དང་ཁྱད་པར་འོད་དཔག་མེད་པའི་ཞིང་ {{FolioNumber|[2a]}} བཀོད་དམ་སྐུ་སོགས་བཀྲམ་པའི་མདུན་དུ་སྟེགས་བུ་གྲུ་བཞི་ཁོད་སྙོམས་པ་དྲི་བཟང་གིས་ཆག་ཆག་བཏབ་པ་ལ། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་སྤྱི་མཐུན་ལྟེ་བའི་ཟེའུ་འབྲུར་ལྷག་ནས་གཙོ་འཁོར་གསུམ་དང་ཕྱི་རིམ་པདྨ་འདབ་བརྒྱད་ཀྱིས་མཚན་པ་ཅན་དགྲམ། མཐའ་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་བ་གཙང་ཞིང་བཀོད་མཛེས་སུ་བཤམ། འཕན་གདུགས་རྒྱལ་མཚན་སོགས་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཉེ་ལོགས་ཅི་བདེ་བར་གཟུངས་བུམ་དང་། ཁྲུས་བུམ། མེ་ལོང་སྐུ་ཕྱིས། གོས་ཟུང་། མཎྜལ། ཙཱ་རུའི་ཞལ་ཟས། རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱས་ནས། ཆོ་ག་དངོས་ལ་ས་སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོའི་ {{FolioNumber|[2b]}} ལས་རིམ་ལའང་བཞི་ལས། དང་པོ་སྐྱབས་སུ་འགྲོ་བ་ནི།}} ན་མོ་བུདྡྷ་ཡ༔ {{TibChung|ཞེས་བརྗོད་པས།}} མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ཆོས་གོས་རྣམ་པ་གསུམ་གྱིས་ཀླུབས་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན་སྣང་ལ་རང་བཞིན་མེད་པ་ཞིག་ཏུ་གསལ་བའི་མཐའ་བསྐོར་དུ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས། རང་ཅག་རྣམས་ལ་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས་བཞུགས་པའི་མདུན་སར་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྐྱབས་སུ་འགྲོ་བར་{{TibChung|མོས་ལ།}} ན་མོཿ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ༔ བླ་མ་ལ་སྐྱབས་སུ་མཆིའོ༔ སངས་རྒྱས་ལ་སྐྱབས་སུ་མཆིའོ༔ ཆོས་ལ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་སྐྱབས་སུ་མཆིའོ༔ ཐུགས་རྗེས་ཟུངས་ཤིག་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ {{TibChung|ཅེས་ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི།}} {{TibChung|[3ན }} དེང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྔུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱཿ དེའི་ཆེད་དུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་དང་ལྷ་ཚོགས་ཡིད་ལ་བྱས་ཏེ་བསྙེན་སྒྲུབ་ཟབ་མོའི་ཆོ་ག་ཉམས་སུ་བླང་བར་བགྱིའོ༔ {{TibChung|ལན་གསུམ།}} སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེ་བྱིན་རླབས་མཐུ་དང་ནུས་པའི་སྟོབས་ཀྱིས་བདག་གིས་དུས་འདིར་བདེ་ཆེན་པདྨ་བཀོད་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འགྲུབ་པར་གྱུར་ཅིག༔ {{TibChung|ལན་གསུམ། གསུམ་པ་ཚད་མེད་བཞི་བསྒོམ་པ་ནི།}} སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྔུག་བསྔལ་དང་སྔུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྔུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །{{TibChung|ལན་གསུམ། བཞི་བ་མཆོད་རྫས་བྱིན་བརླབ་པ་ནི།}} དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ {{FolioNumber|[3b]}} ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར་ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྔུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །{{TibChung|ཅེས་བདེན་པའི་སྟོབས་དང་།}} ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སར་པྲ་མརྔྷ་ནེ། ཏ་ཐཱ་ག་ཏ་ཡ། ཨཧ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏཏྱ་ཐཱ། {{FolioNumber|[4a]}} ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བདྱཱི་བཛྲེ། མ་ཧཱ་བོ་ངྷི་ཙིཏྟ་བཛྲེ། མ་ཧཱ་བོ་ངྷི་མཎྚོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨ་བཱ་ར་ཎ་བི་ཤོ་ངྷ་ན་བཛྲེ་སྭཱ་ཧཱ། {{TibChung|ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིར་སློབ་པ་ལས། རྒྱུ་དང་པོ་ཞིང་ཁམས་ཀྱི་བཀོད་པ་ཡང་ཡང་ཡིད་ལ་བྱེད་པའི་ཕྱིར་ཚོགས་ཞིང་སྒྲུབ་པ་ལ་བཞི་ལས། དང་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི།}} ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾཿ གཟུང་འཛིན་གཉིས་སྣང་གིས་བསྔུས་པའི་ཆོས་ཐམས་ཅད་ཁྱབ་བརྡལ་སྟོང་པ་ཉིད་ཀྱི་ངང་དུ་ཞིག་པར་གྱུརཿ སྟོང་པའི་ངང་ལས་རྨི་ལམ་ཡུལ་ལས་སད་པ་བཞིན་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་ངོས་ལྟ་བུ་མནན་ན་ནེམ་ཞིང་བཏེགས་ན་སྤར་བ་དར་གྱི་ལྡིང་གུར་གྱི་སྟེང་དུ་ཕྱིན་པ་ལྟ་བུ༔ སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་པའི་པདྨོ་དང་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ༔ ཡན་ལག་བརྒྱད་དང་ལྡན་པའི་མཚོ་ {{FolioNumber|[4b]}} དང་རྫིང་བུ་དག་བྱེད་ཀྱི་བདུད་རྩིའི་ཆུ་མིག་ལ་རིན་པོ་ཆེའི་གྲམ་པ་དང་༔ གཡུ་ཡི་ནེའུ་སེང་དང་༔ གསེར་གྱི་བྱེ་མ་བརྡལ་བ༔ སྤངས་ལྗོངས་ཡིད་དུ་འོང་བའི་སྐྱེད་མོས་ཚལ་དུ་སངས་རྒྱས་ཀྱི་སྤྲུལ་པའི་བྱ་ཚོགས་དུང་ལྟར་དཀར་བ་དང་༔ གསེར་ལྟར་སེར་བ་དང་༔ པདྨ་རཱ་ག་ལྟར་དམར་བ་དང་༔ ཨིནྡྲ་ནཱི་ལ་ལྟར་ལྗང་བ་དང་༔ བཻཌཱུརྻ་ལྟར་མཐིང་ག༔ ཁ་དོག་སྣ་ཚོགས་པའི་ཁྲ་བོ་རྣམས་ཀྱིས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱི་སྒྲ་སྒྲོགས་པ་དེ་དག་རྒྱ་མཚོ་ལ་འཁོར་ཞིང་དཔག་བསམ་གྱི་ཤིང་ལ་འབབས་པ༔ སྐྱེད་མོས་ཚལ་དུ་ཁ་དོག་ལེགས་ཤིང་ཡིད་དུ་འོང་བའི་རི་དྭགས་རྣམ་པ་སྣ་ཚོགས་ཀྱིས་རྩེ་འཇོ་རོལ་ཞིང་ཆོས་ཉན་པ༔ མཛེས་སྡུག་བལྟ་བས་ཆོག་མི་ཤེས་པའི་ལྷ་མོ་མང་པོས་གར་བསྒྱུར་ཞིང་མཆོད་སྤྲིན་སྤེལ་བ་ས་གཞི་མཛེས་པའི་རྒྱན་དང་བཀོད་པ་ལྷུན་གྱིས་གྲུབ་པའོ༔ ནམ་མཁའ་མཛེས་པའི་རྒྱན་དུ་འཇའ་ཡི་བླ་བྲེ་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་དཔྱངས་པ་ཕྱོགས་སུ་འཕྱོ་བའོ༔ བར་སྣང་མཛེས་པའི་རྒྱན་དུ་འདོད་ཡོན་གྱི་སྣང་བ་སྨིག་རྒྱུ་གཡོ་བ་བཞིན་དུ་འཆར་བ༔ དེ་ལྟར་རྒྱན་གསུམ་རྫོགས་པའི་ཞིང་ཁམས་དེ་ཉིད་ {{FolioNumber|[5a]}} མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་དྲན་པ་ཙམ་གྱིས་རྒྱུད་ལ་ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱེད་པའི་རང་བཞིན་ཅན་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཐུགས་རྗེའི་ཐབས་ཀྱི་སྒྱུ་འཕྲུལ་ལས་རང་ཤར་བའོ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་རྫོགས་ཀྱི་ངོ་བོ་ལ༔ རྣམ་པ་ཤར་དཀརཿ ལྷོ་སེར༔ ནུབ་དམར༔ བྱང་ལྗང་༔ དབུས་ཀྱི་ཡ་ཕུབ་མཐིང་ནག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་བང་རིམ་བུམ་པ་བྲེ་ཆོས་འཁོར་གདུགས་དང་དར་དཔྱངས་ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པར་བརྒྱན་པཿ འོད་དམར་གྱི་དྲྭ་བ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་འཕྲོ་བ༔ རིན་པོ་ཆེ་རྣམ་པ་ཚོགས་ཀྱི་ཕྲེང་བའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་ཞིང་འཇའ་འོད་ཀྱི་མིག་མང་རིས་བྲིས་པ་དྲིལ་བུ་གཡེར་ཁས་མདོ་འཛིན་བྱས་པ་ལ་ཆོས་ཀྱི་སྒྲ་འབྱུང་བ༔ ཉི་ཟླའི་གསེང་དཀར་གསལ་བ་ལས་ཐིག་ལེ་དང་ཐིག་ཕྲན་འཁྲིགས་པ༔ མདོར་ན་དགའ་བདེ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་མ་ཚང་བ་མེད་པ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའོ༔ གཞལ་ཡས་ཁང་དེའི་དབུས་སུ་རྨ་བྱ་བརྒྱད་ཀྱིས་བཏེགས་ {{FolioNumber|[5b]}} པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ཞིང་དཔངས་མཐོ་བའི་སྟེང་དུ་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་གདན༔ ཁྲི་དེའི་གཡས་དང་གཡོན་དུ་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་ཟླ་བའི་གདན་རེ༔ དེའི་ཕྱི་རིམ་ཕྱོགས་བཞི་མཚམས་བཞིར་པདྨ་ཟླ་བའི་གདན་རེ་རེ་རྣམས་གསལ་བར་གྱུར༔ རང་གི་རིག་པ་བཅོམ་ལྡན་འདས་འཇམ་དཔལ་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ༔ མཚན་དང་དཔེ་བྱད་རྫོགས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་དང་ཟླ་བའི་གདན་ལ་འཁོད་པར་གྱུར༔ གཞལ་ཡས་ཆེན་པོ་དབུས་ཀྱི་ཁྲི་གདན་ལ་བཅོམ་ལྡན་འདས་སྐུ་ཚེ་དཔག་ཏུ་མེད་ཅིང་གཟི་བརྗིད་ཀྱི་སྣང་བ་མཐའ་ཡས་པའི་སངས་རྒྱས་འོད་དཔག་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུའི་གཟི་བྱིན་འབར་བ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་༔ ན་བཟའ་ཆོས་གོས་རྣམ་པ་གསུམ་གྱིས་ཀླུབས་པ༔ ཕྱག་གཉིས་མཉམ་གཞག་མཛད་པའི་སྟེང་དུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ༔ གཡས་སུ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་ {{FolioNumber|[6a]}} གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཤེལ་དཀར་གྱི་ཕྲེང་བ་དང་པདྨ་དཀར་པོ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ གཡོན་དུ་ཕྱག་ན་རྡོ་རྗེ་མཐིང་ག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ༔ དེ་གཉིས་ཀའང་བཞེངས་པའི་སྟབས་ཅན་སྐུ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ༔ གཙོ་བོ་གསུམ་པོ་འོད་དང་འོད་ཟེར་དཔག་ཏུ་མེད་པ་ཡེ་ཤེས་སྒྱུ་མའི་སྐུ་འཇའ་ཚོན་འོད་ལྔ་འཁྲིགས་པའི་ཀློང་དུ་བཞུགས་པའོ༔ དེའི་ཕྱི་རིམ་ནུབ་ཀྱི་པདྨ་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་དམར་སེར་རལ་གྲི་འཛིན་པ༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དམར་པོ་པདྨ་འཛིན་པ༔ བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དཀར་པོ་རིན་པོ་ཆེའི་མྱུ་གུ་འཛིན་པ༔ བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལྗང་ཀུ་པོ་ཏི་འཛིན་པ༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སེར་པོ་རལ་གྲི་འཛིན་པ༔ བྱང་ཆུབ་སེམས་དཔའ་བྱམས་པ་དཀར་པོ་ཀླུ་ཤིང་འཛིན་པ༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ {{FolioNumber|[6b]}} དམར་སེར་རིན་པོ་ཆེའི་སྙེ་མ་འཛིན་པ་སྟེ༔ དེ་རྣམས་ཐམས་ཅད་ཕྱག་གཡོན་མཆོག་སྦྱིན་མཛད་པ་ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་དེ་བཞིན་གཤེགས་དེ་ལ་གུས་པས་འགྲེང་སྟབས་སུ་བསྐོར་ནས་འཁོད་པ༔ གཞན་ཡང་བྱང་ཆུབ་སེམས་དཔའི་འཁོར་ཚོགས་དཀར་སེར་དམར་ལྗང་མཐིང་ནག་གི་ཚོགས་ནམ་མཁའི་གཟའ་སྐར་ལྟ་བུས་ཡོངས་སུ་བསྐོར་བ་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བར་གྱུར༔ {{TibChung|གཉིས་པ་སྦྱན་འདྲེན་པ་ནི།}} རང་གི་སྤྱི་བོར་ཨོཾ་དཀར་པོཿ མགྲིན་པར་ཨཱཿདམར་པོཿ ཐུགས་ཀར་ཧཱུྃ་དང་དྷཱི༔ དེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་དང་༔ མདུན་གྱི་སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀའི་དཔལ་བེའུ་དང་༔ སྨིན་མཚམས་ཀྱི་མཛོད་སྤུ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་འོད་དཔག་ཏུ་མེད་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་པ་ཉན་ཐོས་དགྲ་བཅོམ་པ་ཆོས་སྐྱོང་བའི་སྲུང་མ་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར༔ {{TibChung|ཅེས་བརྗོད་ཅིང་བསམ་ལ།}} སྤོས་བཏུལ་ཞིང་དབྱངས་སྙན་པོ་དང་བཅས་པས། ཧྲཱིཿ ཀ་དག་སྤྲོས་པ་བྲལ་བའི་དབྱིངས༔ {{FolioNumber|[7a]}} ཁྱབ་བརྡལཆོས་སྐུའི་ཕོ་བྲང་ནས༔ སྣང་བ་མཐའ་ཡས་སྟོན་འཁོར་བཅས༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་དག་པའི་དབྱིངས༔ བཀོད་པ་རབ་རྫོགས་གཞལ་ཡས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཕྱོགས་མེད་ཀུན་ཁྱབ་ཐུགས་རྗེའི་དབྱིངས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་མགོན་པོ་འོད་དཔག་མེད༔ བྱང་སེམས་འཕགས་པའི་འཁོར་དང་བཅས༔ མ་ལུས་ལུས་པ་མེད་པ་ཀུན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་རྣམ་པར་མཛེས་པ་དང་༔ པོ་ཊ་ལ་དང་ལྕང་ལོ་ཅན༔ སྒྱུ་འཕྲུལ་དཔག་ཡས་ཞིང་ཁམས་ནས༔ གང་འདུལ་ཐབས་དང་ཐུགས་རྗེ་ཡིས༔ གདུལ་བྱ་འདུལ་ཕྱིར་སྐུར་བཞེངས་པ༔ སངས་རྒྱས་བྱང་སེམས་འཕགས་པའི་ཚོགསཿ མ་ལུས་ལུས་པ་མེད་པ་ཀུན༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ ན་མོ་ཨ་མི་དྷེ་ཝ་ཧྲཱིཿ ན་མ་སརྦ་ཏ་ཐཱ་ག་ཏ་བོ་ངྷི་སཏྭ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ {{TibChung|ཞེས་སྤྱན་དྲངས།}} བདེ་བ་ཅན་གྱི་ཞིང་ནས་སྔོན་གྱི་ཐུགས་དམ་ལས་བརྩམས་ {{FolioNumber|[7b]}} ཏེ་དེ་བཞིན་གཤེགས་པ་འོད་དཔག་མེད་འཁོར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ནས་མངོན་པར་གཤེགས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །{{TibChung|ཅེས་བྱོན་ལེགས་གསོལ། གསུམ་པ་སྐུ་ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་བརྣན་པ་ནི།}} ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །{{TibChung|ཁྲུས་གསོལ་བ་ནི།}} ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་ {{FolioNumber|[8a]}} གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོ་སརྦ་ཏ་ཐཱ་ག་ཏ༴ ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོ་སརྦ་ཏ་ཐཱ་ག་ཏ༴ །{{TibChung|སྐུ་ཕྱི་བ་ནི།}} དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཀཱ་ཡ་བི་ཤོ་ངྷ་ན་སྭཱ་ཧཱ། །{{TibChung|ན་བཟའ་དང་རྒྱན་འབུལ་བ་ནི།}} དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །དྲི་མེད་མཚན་ལ་སྒྲིབ་བསིལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་ {{FolioNumber|[8b]}} མཆོག་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟྲ་ཨཱ་ལཾ་ཀཱ་ར་སྭཱ་ཧཱ། {{TibChung|བཞི་པ་བཞུགས་སུ་གསོལ་བ་ནི།}} ཧྲཱིཿ རིན་ཆེན་ཁྲི་དང་ཟླ་གདན་ལ། །འོད་དཔག་མེད་མགོན་བཞུགས་སུ་གསོལ༔ གཞལ་ཡས་ཕྱི་ནང་བར་ཁྱམས་ཀྱི༔ པདྨ་ཟླ་བའི་གདན་སྟེང་དུ༔ བྱང་སེམས་འཕགས་པའི་ཚོགས་རྣམས་ཀུན༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ ཏིཥྛ་བཛྲ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་སྤྱན་དྲངས་ཏེ༔ ཞིང་ཁམས་ཞིང་ཁམས་ལ་ཐིམ༔ གཞལ་ཡས་ཁང་གཞལ་ཡས་ཁང་ལ་ཐིམ༔ ལྷ་རྣམས་ལྷ་ལ་ཐིམ་པས་གཉིས་མེད་རོ་གཅིག་ཏུ་གྱུར་{{TibChung|པ་བསམ། རྒྱུ་གཉིས་པ་བསོད་ནམས་ཀྱི་ཚོགས་སྒོ་དུ་མ་ནས་བསགས་པ་ལ་ཡན་ལག་བདུན་ལས། དང་པོ་ཕྱག་འཚལ་བ་ནི།}} མདུན་གྱི་ཚོགས་ཞིང་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ལས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་མཆོད་པའི་ལས་རིམ་ལ་འཇུག་པར་གྱུར། {{TibChung|ཐལ་མོ་སྦྱར་ལ།}} བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ {{FolioNumber|[9a]}} རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆིའོ༔ {{TibChung|ལན་བདུན་ནམ་གསུམ་རེ་བརྗོད།}} བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ མཆོད་དོ༔ སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ༔ མཆོད་དོཿ སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་{{TibChung|སོགས་འགྲེས།}} བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག༴ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ༴ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ༴ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྒྲིབ་པ་རྣམ་པར་སེལ་བ་ལ༴ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ལ༴ {{FolioNumber|[9b]}} བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བྱམས་པ་ལ༴ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ལ༴ ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཡང་དག་པ་དམ་པའི་ཆོས་རྣམས་ལ༴ འཕགས་པ་ཉན་ཐོས་རང་རྒྱལ་དགྲ་བཅོམ་པའི་ཚོགས་རྣམས་ལ༴ དེ་བཞིན་གཤེགས་པའི་རྗེས་སུ་ཞུགས་ཤིང་བསྟན་པ་འཛིན་པ་རྣམས་ལ་ཕྱག་འཚལ་ལོཿ མཆོད་དོཿ སྐྱབས་སུ་མཆིའོཿ {{TibChung|ཞེས་དང་།}} མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་ འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་བནྔྷ་ནི་ཀ་རོ་མོ། {{TibChung|ཞེས་ཕྱག་བྱ། གཉིས་པ་མཆོད་པ་འབུལ་བ་ལས། ཉེར་སྤྱོད་བདུན་འབུལ་བ་ནི།}} ཨོཾ་ཨཱཿཧཱུྃ༔ རབ་འབྱམས་ཕྱོགས་བཅུ་འཇིག་རྟེན་རྒྱ་མཚོ་ན༔ མཆོད་ཡོན་རྒྱ་མཚོ་ཇི་སྙེད་ཡོད་པ་དང་༔ བདག་གིས་ལེགས་པར་བཤམས་པ་འདི་དག་ཀུནཿ བློ་ཡིས་བླངས་ཏེ་བདེ་ཆེན་ཞིང་ཁམས་སུཿ བཞུགས་པའི་སངས་རྒྱས་སྲས་དང་བཅས་ལ་འབུལཿ བདག་ཅག་ཚོགས་རྫོགས་སྒྲིབ་དག་ {{FolioNumber|[10a]}} སངས་རྒྱས་ཤོགཿ ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿ སརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ༔ {{TibChung|དེ་བཞིན་དུ་འགྲེས་སྦྱར་ནས་མཆོད་ཡོན་གྱི་མལ་དུ།}} ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་{{TibChung|རྣམས་དང་།}} ཨརྒྷཾ་{{TibChung|གྱི་མལ་དུ།}} པཱདྱ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གྷནྔྷེ། ནཻ་ཝིདྱ། ཤཔྟ{{TibChung|རྣམས་སུ་བསྒྱུར་བས་མཆོད། འདོད་ཡོན་ལྔ་འབུལ་བ་ནི།}} ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱ་ཧཱུྃ༔ ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྫོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས༴ བཞེས་ཤིག༴ ཤཔྟ་ཀཱ་མ༴ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས༴ བཞེས་ཤིག༴ གྷནྔྷེ་ཀཱ་མ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་ {{FolioNumber|[10b]}} མཆིས་པ། །མོས་བློས༴ བཞེས་ཤིག༴ ར་ས་ཀཱ་མ༴ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། །མོས་བློས༴ བཞེས་ཤིག༴ སྤརྴེ་ཀཱ་མ༴ །{{TibChung|རིན་ཆེན་བདུན་འབུལ་བ་ནི།}} ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཨོཾ་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། {{TibChung|དེ་བཞིན་དུ།}} ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན༴ {{TibChung|རྣམས་དང་།}} མ་ཎི། སྟི། པུ་རུ་ཥ། ཧསྟི། ཨ་ཤྭ། ཁཏྒ། {{TibChung|ཞེས་རིམ་པ་ཇི་ལྟ་བར་བསྒྱུར་བས་ཕུལ། རྟགས་བརྒྱད་འབུལ་བ་ནི།}} བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་མཆོག་ལས། །རང་བྱུང་བཀྲ་ཤིས་རྟགས་ཀྱིས་ཕྱག་བརྒྱན་པ། །ཡིད་འོང་ལྷ་མོ་བརྒྱད་ཀྱིས་ནམ་མཁའི་ཁམས། །བཀང་སྟེ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་ཙིཧྣ་པྲ་ཏཱིཙྪ་སྭཱ་ཧཱ། {{TibChung|རྫས་བརྒྱད་འབུལ་བ་ནི།}} སངས་རྒྱས་བསོད་ནམས་ཆེན་པོའི་གཟི་བརྗིད་ལས། །ལྷུན་གྲུབ་དགེ་ལེགས་བྱེད་པའི་རྫས་མཆོག་བརྒྱད། །བདེ་གཤེགས་ {{FolioNumber|[11a]}} སྲས་དང་བཅས་ལ་འབུལ་བར་བགྱི། །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་སྩོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་སྭཱ་ཧཱ། {{TibChung|ཡང་སྐབས་འགའ་ཞིག་ཏུ་བཀྲ་ཤིས་རྗས་རྟགས་སྣ་བདུན་རྣམས་ཀྱི་འབུལ་ཚིག་བསྡུ་བར་འདོད་ན།}} ཧཱུྃ་ཧྲཱིཿ སྟོང་གསུམ་མི་མཇེད་འཇིག་རྟེན་མཐའ་ཡས་ན༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་༔ རིན་ཆེན་བདུན་དང་འདོད་དགུའི་དཔལ་ཡོན་ཀུན༔ བློ་ཡིས་བླངས་ཏེ་བདེ་ཆེན་ཞིང་ཁམས་སུ༔ བཞུགས་པའི་སངས་རྒྱས་སྲས་དང་བཅས་ལ་འབུལ༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿསརྦ་ས་པ་རི་ཝཱ་ར་མངྒ་ལ་མ་ཎི་རཏྣ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ {{TibChung|ཙཱ་རུའི་བཟའ་བའི་ཞལ་ཟས་འབུལ་བ་ནི།}} ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ །{{TibChung|ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་སྤེལ་ལ།}} ཞལ་ཟས་རོ་བརྒྱ་ལྡན་ཅིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ {{FolioNumber|[11b]}} ཤོག །{{TibChung|ཅེས་འབུལ། མཎྜལ་འབུལ་བ་ནི། རིན་པོ་ཆེའི་མཎྜལ་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་གི་རླན་དང་བཅས་པ་ལ་རིན་པོ་ཆེ་དང་སྨན་འབྲུ་སོགས་ཀྱིས་ཚོམ་བུ་འགོད་ཅིང་།}} ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ {{TibChung|སོགས་ཚོམ་བུ་སོ་བདུན་སྤྱི་ལྟར་ལས།}} མ་ཚང་བ་མེད་པ་འདི་ཉིད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །{{TibChung|ཞེས་བསྒྱུར་བ་དང་། དཀྱུས་སུ་བསྡུ་ན།}} ཧཱུྃ་ཧྲཱིཿ སྟོང་གསུམ་མི་མཇེད་འཇིག་རྟེན་མཐའ་ཡས་ན༔ རི་རབ་གླིང་བཞི་གླིང་ཕྲན་ཁོར་ཡུག་གི༔ བཀོད་པ་ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ བློ་ཡིས་བླངས་ཏེ་བདེ་ཆེན་ཞིང་ཁམས་སུ༔ བཞུགས་པའི་སངས་རྒྱས་སྲས་དང་བཅས་ལ་འབུལ༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿསརྦ་ས་པ་རི་ཝཱ་ར་རཏྣ་མཎྜལ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ {{TibChung|ཡིད་ལས་བྱུང་བའི་མཆོད་པ་ནི།}} ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །{{FolioNumber|[12a]}} མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །{{TibChung|ཞེས་འབུལ། བསྟོད་པ་བྱ་བ་ནི།}} ཨེ་མ་ཧོཿ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ཞིང་ཁམས་ནས༔ རང་བྱུང་ཡེ་ཤེས་ཡེ་སངས་རྒྱས་པའི་སྐུ༔ དུས་གསུམ་རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག༔ བཅོམ་ལྡན་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་བདེ་ཆེན་རོལ་པའི་གཞལ་ཡས་ནས༔ སྐུ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བ་རྡོ་རྗེའི་སྐུ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ {{FolioNumber|[12b]}} བསྟོད༔ ཕྱོགས་མེད་ཀུན་ཁྱབ་ཐུགས་རྗེའི་ཀློང་ཡངས་སུཿ དགའ་བདེའི་ཡོན་ཏན་དཔག་མེད་བཀོད་པའི་ཞིང་༔ སྲིད་དང་ཞི་བའི་མཐའ་རུ་མི་གནས་པར༔ རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་མཆོག་ནས༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་དཔལ༔ མཚན་ཐོས་ཙམ་གྱིས་སྲིད་ལས་དབུགས་བྱུང་ཞིང་༔ དྲན་པ་ཙམ་གྱིས་རྣམ་མཁྱེན་ལམ་དུ་བགྲོད༔ སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དཔལཿ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་ཡི༔ ངོ་བོ་གཅིག་བསྡུས་སངས་རྒྱས་འོད་དཔག་མེད༔ ཡེ་ཤེས་རང་གདངས་བྱང་སེམས་འཕགས་པའི་འཁོར༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ {{TibChung|ཅེས་བསྟོད། གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི།}} བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་{{TibChung|མིང་འདི་}} ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ {{FolioNumber|[13a]}} ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་ {{FolioNumber|[13b]}} སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ་། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །{{TibChung|ཞེས་དང་།}} གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི་། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི་། རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས་དཔའ་དང་། །འཕགས་གཉིས་སོ་སོ་སྐྱེ་བོ་མ་ལུས་པའི། །དུས་གསུམ་དགེ་བ་བགྱིས་དང་བགྱིད་སྩལ་དང་། །བགྱིད་པར་འགྱུར་བ་ཀུན་ལ་རྗེས་ཡི་རང་། །གློ་བུར་ཉོན་མོངས་དང་ལྡན་སེམས་ཅན་རྣམས། ཁམས་དེའི་རང་བཞིན་དག་པ་མཐོང་བྱའི་ཕྱིར། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་དུ་གསོལ། །སངས་རྒྱས་འཇིག་རྟེན་ཉི་མ་གང་དུ་བྱོན། །འགྲོ་བའི་གཉེན་གྱུར་སྲས་དང་བཅས་པ་ཀུན། །སྲིད་པའི་མུན་ནག་འཐིབ་པོ་ བསལ་སླད་དུ་། །འཁོར་བ་ཇི་སྲིད་སྒྲོན་མེ་མཛད་པར་གསོལ་། །ཡོན་ཏན་དགེར་འོས་རྒྱལ་བའི་བྱང་ {{FolioNumber|[14a]}} ཆུབ་མཆོག །སྐྱེ་རྒུ་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། །བསོད་ནམས་ཕུང་པོ་ཡོངས་སུ་བསྔོ་བགྱིས་པས། །འགྲོ་ཀུན་ཐར་པའི་གྲོང་དུ་ཕྱིན་པར་ཤོག {{TibChung|ཅེས་བརྗོད་། རྒྱུ་གསུམ་པ་བྱང་ཆུབ་སེམས་ཀྱི་གཡར་དམ་ལེན་ཅིང་ཞིང་སྦྱོང་གི་དམིགས་བཟླས་བྱ་བ་ནི། ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས།}} བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། {{TibChung|ཞེས་དགོངས་གསོལ་སྔོན་དུ་འགྲོ་བས།}} སངས་རྒྱས་ཆོས་དང་ཆོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱེ་རྒུ་རྒ་དང་འཆི་ལས་རབ་ཐར་བགྱི། །སྦྱིན་དང་དུལ་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཏིང་འཛིན་དེ་བཞིན་ཤེས་རབ་མཆོག བརྟུལ་ཞུགས་འདི་དག་བདག་གིས་ཡང་དག་བླང་། །སེམས་ཅན་ཀུན་སྐྱོབ་སངས་རྒྱས་འགྱུར་པར་བགྱི། །བྱང་ཆུབ་ཞིང་མཆོག་མཚུངས་མེད་ཚོལ་བགྱིད་ {{FolioNumber|[14b]}} ཅིང་། སངས་རྒྱས་བྱེ་བ་བརྒྱ་སྟོང་དུ་མ་ཕྲག །གངྒཱའི་བྱེ་མ་ལྟ་བུར་མཐའ་ཡས་པ། །མགོན་པོ་དེ་ཀུན་བདག་གིས་མཆོད་བར་བགྱི། །གདྒཱའི་རྡུལ་དང་མཉམ་པའི་འཇིག་རྟེན་ཁམས། དེ་བས་གོང་དུ་མཐའ་ཡས་ཞིང་གི་རྣམས། །དེ་དག་ཀུན་ཏུ་འོད་ནི་རབ་འབྱིན་པ། །འདི་འདྲའི་བརྩོན་འགྲུས་སྟོབས་ནི་བརྩམ་པར་བགྱི། །བདག་གིས་ཞིང་ཡང་གཙོ་བོ་དམ་པ་མཆོག འདུས་བྱས་འདི་ནི་སྦྱིན་པ་བགྱིས་ནས་སུ། །མཚུངས་པ་མ་མཆིས་མྱ་ངན་འདས་དབྱིངས་བདེ། །དེ་ཡང་མ་མཆིས་པས་ནི་རྣམ་པར་སྦྱང་། །བདག་ནི་འཆི་བའི་འདུ་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག {{FolioNumber|[15a]}} དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡིས་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །{{TibChung|ཞེས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་དམ་བཅའ།}} དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡིས་སྲིད་པ་ལེགས་པར་ཐོབ་། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །{{TibChung|ཞེས་དང་།}} བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། {{TibChung|ཞེས་དགའ་བ་བསྒོམ།}} བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤངས་པར་ཤོག །{{FolioNumber|[15b]}} བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་གྱུར། །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱིསྨོན་ལམ་འགྲུབ་པར་ཤོག །{{TibChung|ཅེས་སྨོན་ལམ་གདབ། དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི།}} བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང་། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དེ་དག་གི་མཐུ་དང་ {{FolioNumber|[16a]}} ནུས་པ་ལ་བརྟེན་ནས་སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཞིང་། ཁྱད་པར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ། དག་པའི་ཞིང་ཁམས་བདེ་བ་ཅན་དུ་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། {{TibChung|ཅེས་གསོལ། དེ་ནས་བཟླས་པ་བྱ་བ་ནི།}} མདུན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་དྭངས་མ་ལྔ་ལྡན་འོད་ཀྱི་ཐིག་ལེའི་ཀློང་དུ་ཧྲཱིཿཡིག་པདྨ་རཱ་གའི་མདངས་ཅན་ལ་སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་དུ་འབྲེལ་བས་གཡས་སུ་བསྐོར་བ། བཟླས་པ་ཙམ་གྱིས་འོད་ཟེར་མུ་མཐའ་མེད་པ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་བསྐྱེད་ཅིང་བསྒོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཐིམ་པར་{{TibChung|བསམ་ཤིང་།}} ཨོཾ་མ་མི་དྷེ་ཝ་ཧྲཱིཿ {{TibChung|ཞེས་ཅི་ནུས་སུ་བཟླ་བ་བྱིན་འབེབས་བསྙེན་པའི་ཚུལ་དང་། ཡང་།}} བདག་གི་སྙིང་གནས་འོད་ཟེར་འཕྲོས༔ དེ་བཞིན་གཤེགས་པའི་ཐུགས་ཀར་ཕོགཿ ཐུགས་དམ་གྱི་ {{FolioNumber|[16b]}} རྒྱུད་བསྐུལ་བས་སྐུའི་ཆ་ཐམས་ཅད་ནས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལཿ དེ་དག་གི་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམཿ སླར་ཡང་འོད་ཀྱི་ཕུང་པོ་འཇའ་སྤྲིན་འཐིབ་པ་བཞིན་དུ་བྱུང་ནས་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་ཅིང་གྲོལ་བར་{{TibChung|བསམ་ལ་གཙོ་བོར་བཟླ་བ་ནི་དངོས་གྲུབ་སྒྲུབ་བའི་ཚུལ་དང་། ཡང་།}} སངས་རྒྱས་སྲས་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པ་ཁམས་གསུམ་རིགས་དྲུག་གི་གནས་ཐམས་ཅད་ལ་ཁྱབ་པསཿ དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱངསཿ ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱངསཿ དུད་འགྲོ་བླུན་རྨོངས་ཀྱི་སྡུག་བསྔལ་སྦྱངསཿ ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱངསཿ མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱངསཿ ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་སྦྱངསཿ དེ་དག་གི་སྣང་སེམས་ཐམས་ཅད་རྨི་ལམ་དབྱིངས་སུ་ {{FolioNumber|[17a]}} སད་པ་བཞིན་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་རོལ་བར་འཕོས་ཤིང་གྲོལ་བར་{{TibChung|བསམ་ལ་སྔགས་བཟླ་བ་འགྲོ་འདུལ་ལས་སྦྱོར་གྱི་ཚུལ་ཏེ་བསྙེན་སྒྲུབ་ཀྱི་འགྲོས་དང་སྦྱར་ནས་བཟླ་ཞིང་། མཐར།}} ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏོངྦྷ་བ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲཱནྟེ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རི། སརྦ་ཀླེ་ཤ་ཀྵ ་ཡཾ་ཀ་རི་སྭཱ་ཧཱ། {{TibChung|ཞེས་གཟུངས་སྔགས་ཀྱང་ཇི་ཙམ་ནུས་པ་བཟླ། ཁྱད་པར་གཟུངས་བུམ་ལ་དམིགས་ཏེ།}} སླར་ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བས་སྐུའི་ཆ་ཐམས་ཅད་ལས་བྱུང་བའི་འོད་ཟེར་གྱིས་བུམ་ཆུ་ལ་ཁྱབ་པས་སངས་རྒྱས་ཕྲིན་ལས་ཡོངས་སུ་རྫོགས་པའི་ནུས་པ་དང་ལྡན་པར་གྱུར། {{TibChung|ཅེས་བརྗོད་ཅིང་བསམ་ལ་སྙིང་པོ་དང་གཟུངས་ཅི་ནུས་སུ་བཟླའོ། །རྒྱུ་བཞི་པ་དགེ་ཚོགས་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་ཕྱིར་བསྔོ་ཞིང་སྨོན་ལམ་གདབ་པ་ནི།}} ཕྱོགས་བཅུ་མཐའ་ཡས་པར་ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྙེད་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྙོག་མ་ཡིད་གཉིས་བསལ་ནས་དང་པོར་ནི། །ཤཱཀྱའི་རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ། །བདེ་བ་ཅན་ན་བཞུགས་པའི་རྒྱལ་བ་འོད་དཔག་ {{FolioNumber|[17b]}} མེད། །བླ་མ་ལ་ཡང་དགའ་དང་གུས་པས་བཏུད་པར་བགྱི། །གང་ཞིག་ཕྱོགས་ཀུན་དག་ན་ད་ལྟ་བྱུང་བ་ཡི། །འགྲོ་ལ་བྱམས་པའི་སངས་རྒྱས་ངེས་པར་བཞུགས་རྣམས་དང་། །འདས་དང་ཕྱིས་འབྱུང་བ་ཡི་རྒྱལ་བ་ཐམས་ཅད་ལ། །བདག་གི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པར་བགྱི། །{{TibChung|ཞེས་དང་། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ཅིང་རོལ་མོ་དབུལ། །ཐལ་མོ་སྦྱར་བ་དང་བཅས་ཏེ།}} ཡོནཏན་རྒྱ་མཚོ་དཔག་མེད་པ། །སངས་རྒྱས་དམ་ཆོས་འཕགས་པ་ཡི། །དགེ་འདུན་དུས་གསུམ་བཞུགས་པ་རྣམས། མ་ལུས་པ་ལ་སྐྱབས་སུ་མཆི། །མི་དགེ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བར། །རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ། །ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི། །བདག་དགེ་ཆུང་ངུ་གང་མཆིས་པ། །དེ་ནི་གཏན་དུ་བྲེལ་བ་དག །ཐམས་ཅད་ཉེ་བར་ཞི་གྱུར་ཅིག །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཤེས་པའི་ཏིང་ངེ་འཛིན། །བྱང་ཆུབ་བར་གྱི་ཚེ་རབས་སུ། །རྟག་ཏུ་བདེ་དང་ལྡན་པར་ཤོག །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །རྟག་ཏུ་མཉམ་པར་བཞག་གྱུར་ཅིག །ཟླ་ཉི་ {{FolioNumber|[18a]}} ནོར་བུ་རོལ་མོ་ལྟར། །སེམས་ཅན་དོན་ལ་འཇུག་པར་ཤོག །ཇི་ལྟར་རྒྱལ་བ་མཁས་པ་རྣམས། །ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ། དེ་ལྟར་བདག་གིས་དཀར་པོ་རྣམས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཀོན་མཆོག་གསུམ་ལ་དམིགས་པ་ཡི། །བདག་གི་ལུས་ངག་ཡིད་དགེ་དང་། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལས་བྱུང་གང་། །དེ་ དག་ཀུན་གྱིས་བདག་ཉིད་ནི། །ཚངས་པར་སྤྱོད་པ་ལྡན་པ་དང་། །འཇིག་རྟེན་མགོན་གྱི་བསྟན་པ་ལ། རབ་བྱུང་མངོན་དགའ་དབང་ལྡན་ཞིང་། །སངས་རྒྱས་ཀུན་གྱི་གསུང་རབ་ཀྱི། །གཞུང་དོན་ཚིག་ལ་མཁས་གྱུར་ནས། །དམ་ཆོས་ཡོངས་སུ་འཛིན་པ་དང་། །ལུས་དང་སྲོག་ལ་དགའ་མེད་ཤོག བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ། །དྲང་སྲོང་ཆེན་པོ་ཚེ་དཔག་མེད། །རྟག་ཏུ་སྟོན་པ་མཛད་གྱུར་ཅིང་། །ས་བཅུ་ཐོབ་ནས་དེ་དག་གི ། རྣམ་པར་དག་པའི་རིམ་པ་ཡིས། །བྱང་ཆུབ་དམ་པ་ཐོབ་པར་ཤོག {{FolioNumber|[18b]}} སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐོབ་ནས། །བག་ཆགས་བཅས་པ་ཉེས་བསགས་རྩ་ནས་བཏོན། །ཡེ་ཤེས་སྒྲིབ་མེད་སྙིང་རྗེ་ལྡན་ནས་སུ། །འགྲོ་བ་རྣམས་ལ་སྨན་དང་བདེ་བར་བགྱི། །{{TibChung|ཞེས་དང་། གཞན་ཡང་།}} འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །{{TibChung|ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ་ཅིང་།}} དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །{{TibChung|ཅེས་བདེན་པའི་སྟོབས་བརྗོད། ཚར་གྲངས་གསོག་ན། མཆོད་པ་གསར་དུ་བཤམས་པའམ་ཞལ་གསོ་ཞིང་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པས་གཟི་བྱིན་བསྐྱེད་ལ།}} སླར་ཡང་མདུན་གྱི་ཚོགས་ཞིང་རྣམས་མངོན་སུམ་བཞིན་དུ་{{TibChung|ཞེས་སོགས་ཕྱག་འཚལ་ནས་བཟུང་འདི་ཡན་རྒྱས་བསྡུས་ཇི་ལྟར་རིགས་པ་བསྐྱར་ལ་གྲངས་བཟུང་ངོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བཞི་ལས། དང་པོ་གཏང་རག་འབུལ་ཞིང་ནོངས་པ་བཤགས་པ་ནི་། མཆོད་པ་གསར་དུ་བཤམས་པའམ་ཞལ་གསོས་ལ་མཆོད་པའི་སྤྲིན་གཟུངས་བརྗོད་པས་རྒྱས་པར་སྤེལ་ནས།}} ཇི་སྙེད་སུ་དག་{{TibChung|སོགས་ནས།}} ཐམས་ཅད་ {{FolioNumber|[19a]}} བདག་གིས་བྱང་ཆུབ་ཕྱིར་བསྔོའོ། {{TibChung|ཞེས་པའི་བར་གྱི་ཡན་ལག་བདུན་པ་ཚང་བར་བྱས་ལ།}} བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་གཙང་སྦྲས་མི་ཕྱེད་པ་དང་། མདོ་དང་རྒྱུད་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་། ནོངས་པར་གྱུར་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། {{TibChung|ཞེས་ནོངས་པ་བཟོད་པར་གསོལ། གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། མདུན་རྟེན་ཡེ་ {{FolioNumber|[19b]}} ཤེས་པ་ལ་དམིགས་ཏེ།}} བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་གཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་མེད་པ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་བར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅད་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོ་སུ་པྲ་ ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། དད་པའི་མོས་ངོར་ཤར་བའི་སྤྲུལ་པ་དམ་ཚིག་གི་དཀྱིལ་འཁོར་ཉིད་མཐའ་ནས་རིམ་བཞིན་འདུས་ཏེ་གཙོ་བོ་ལ་ཐིམ། གཙོ་བོ་འོད་དམར་གྱི་ཐིག་ལེ་ཞིག་ཏུ་གྱུར་ནས་རང་ལ་ཐིམ་པས། རང་ཉིད་སངས་རྒྱས་འོད་ {{FolioNumber|[20a]}} དཔག་ཏུ་མེད་པ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་གྱུར་ཏེ་འགྲོ་བ་འདུལ་བའི་ཕྲིན་ལས་ལ་མངའ་བརྙེས་པར་གྱུར་{{TibChung|བར་བསམ་མོ། །གསུམ་པ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ནི། སྤྲོ་ཞིང་ནུས་ན་རང་གཞན་གྱི་བླ་མ་གོང་མ་དག་གིས་མཛད་པའི་བདེ་བ་ཅན་གྱི་སྨོན་ལམ་ཇི་ལྟར་རིགས་པ་གདབ། དེ་ཙམ་མི་ནུས་ན།}} འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ་། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བ་དང་། །སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་ཏེ། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་ {{FolioNumber|[20b]}} དེར་ཐོབ་ཤོག །ཐུགས་རྗེའི་སྟོབས་ཀྱིས་ནུབ་ཕྱོགས་བདེ་ལྡན་དུ། །ཐུགས་རྗེའི་མངའ་བདག་ཁྱེད་ཀྱི་ཞབས་དྲུང་དུ། །ཐུགས་རྗེའི་རང་བཞིན་པདྨའི་ཟེའུ་འབྲུ་ལ། །ཐུགས་རྗེའི་དབང་གིས་ཟག་མེད་བརྫུས་སྐྱེས་ཏེ། །རྗེ་བཙུན་ཁྱེད་དང་ཐུགས་རྗེ་མཉམ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་བདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །{{TibChung|ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་ཟབ་མོས་རྒྱས་གདབ། བཞི་པ་ཤས་པ་སྤེལ་བ་ནི། རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས།}} ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད་། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིད་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད་། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ་། །རྒྱལ་སྲས་ཕན་མཛད་བདེན་བའི་བྱིན་རླབས་ {{FolioNumber|[21a]}} ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །{{TibChung|ཅེས་དང་།}} གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །{{TibChung|ཅེས་སོགས་མདོ་རྒྱུད་ལས་འབྱུང་བའི་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་སུ་བྱའོ། །དེ་ལྟར་དུས་དང་རྒྱུན་དུ་བརྩོན་པའི་ཕན་ཡོན་ནི། འོད་དཔག་མེད་བཀོད་པའི་མདོ་ལས། སེམས་ཅན་གང་དག་ཁ་ཅིག་གིས། བཅོམ་ལྡན་འདས་དེའི་མཚན་ཐོས་ལས། ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཞིག་བསམ་པ་ཐག་པ་ནས་དད་པ་དང་དགའ་བ་བསྐྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཞེས་དང་། སེམས་ཅན་གང་དག་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་ནས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག །ཅེས་སོགས་འོད་དཔག་མེད་ཀྱི་མཚན་ཐོས་ཤིང་དད་པ་བསྐྱེད་པ་ཙམ་ཡང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པས་བདེན་ཚིག་གིས་བཀའ་སྩལ་ན་ཆོ་ག་རྣམ་པར་དག་པས་ཚུལ་བཞིན་དུ་བསྒྲུབས་པའི་ཕན་ཡོན་ནི་བསམ་གྱིས་མི་ {{FolioNumber|[21b]}} ཁྱབ་ཅིང་། གཞན་ཡང་གཟུངས་བུམ་གྱི་ཆུས་རང་གཞན་ལ་ཁྲུས་བྱ་བ་དང་། གཤིན་པོའི་རུས་བུ་དང་། དུར་ཁྲོད་ཀྱི་ས་གཞིར་གཏོར་བ་ཙམ་གྱིས་ཀྱང་དམིགས་ཡུལ་གྱི་སྡིག་སྒྲིབ་བྱང་ཞིང་དག་པའི་ཞིང་དུ་དབུགས་འབྱིན་པ་སོགས་ཀྱི་ཕན་ཡོན་དང་ལྡན་པ་ཉིད་དོ། །ཞིང་སྦྱོར་མན་ངག་རྡོ་རྗེའི་གསུང་གི་བྲེང་། །འཇུགབདེའི་ཁྲིགས་སུ་བསྡེབས་ལས་གང་ཐོབ་པའི། །བསོད་ནམས་དེས་ཀྱང་འབྲེལ་བཅས་མཐའ་ཡས་འགྲོ། བདེ་ལྡན་ཞིང་ཁམས་མྱུར་བགྲོད་བཙས་སུ་ཤོག །དེ་ལྟར་བདུད་འཇོམས་གཏེར་བྱོན་བདེ་ཆེན་ཞིང་སྦྱོར་གི་ཆོ་ག་འབྲེལ་ཚད་དོན་ལྡན་ཐར་ལམ་སྒོ་འབྱེད་ཅེས་བྱ་བ་འདི་ནི། རང་ཉིད་ལ་འདྲེལ་ཐོབ་ཀྱི་སྐྱེ་འགྲོ་རྣམས་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་སྦྱོང་བའི་ཆ་རྐྱེན་དུ་དམིགས་པའི་རྒྱུ་བྱས། འ་ཞྭ་མཁའ་འགྲོའི་གླིང་གི་ཕྱོགས་ཀྱི་དགེ་བསྙེན་རྣལ་འབྱོར་སྤྱོད་པ་བྱང་ཆུབ་རྒྱལ་མཚན་ནས་ནན་ཏན་ཆེན་པོས་ བསྐུལ་བ་རྐྱེན་དུ་གྱུར་ཏེ། གཏེར་གཞུང་རྡོ་རྗེའི་གསུང་ལ་འཐད་འོས་ཀྱི་ཁ་སྐོང་ཅི་རིགས་པས་བརྒྱན་ནས་འཇུག་བདེ་བཀླག་ཆོག་གི་ཚུལ་དུ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པ་ལྕགས་མོ་ཕག་གི་ལོ་ས་ག་ཉ་བའི་ཡར་ངོའི་དུས་ཚེས་བཟང་པོ་ལ་གྲུབ་པར་བགྱིས་པ་རྣམ་པ་ཀུན་ཏུ་དོན་དང་ལྡན་ཅིང་ཡོངས་ལ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།}} ༁ྃ༔ {{TibChung|༔དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྣང་མཐས་མངོན་སུམ་གསུངས་པའི་སྨོན་ལམ་བཞུགས་སོ༔ ན་མོ་གུ་རུ་ཡེ༔ རང་རིག་བྱང་ཆུབ་སེམས་ཀྱི་གདིང་ཆེན་པོས༔ }} ཨེ་མ་ཧོཿ རང་སྣང་རྣམ་ {{FolioNumber|[22a]}} དག་དོན་གྱི་འོག་མིན་དབྱིངས༔ ཡེ་ཤེས་བཀོད་པ་འཕྲུལ་གྱི་ཞིང་ཁམས་སུ༔ གཞི་ཡི་ཆོས་སྐུ་རྒྱལ་བ་འོད་དཔག་མེད༔ རང་རྩལ་བྱང་སེམས་ཚོགས་ཀྱི་ཚོམ་བུར་ངོམས༔ ཤེས་རབ་ཡེ་ཤེས་མངོན་གྱུར་རྩལ་ཤུགས་ཀྱིས༔ ནམ་ཞིག་སྣང་བ་གནས་སུ་འགྱུར་པའི་ཚེ༔ གདོད་མའི་ཡེ་གདངས་མཆོག་དེ་ཚད་ཕེབས་ནས༔ དོན་གཉིས་མཐར་ཕྱིན་སྐུ་བཞི་མངོན་གྱུར་ཤོག༔ {{TibChung|རང་སྣང་བདེ་བ་ཅན་གྱི་རྟེན་བརྟེན་པ༔ ཡིད་ལམ་མངོན་བྱེད་སྨོན་པ་འདི་བརྗོད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྙན་གྲགས་ཀྱི་ངོར་ཕབ་པའོ།། །།}} | ||
}} | }} | ||
Latest revision as of 09:39, 18 March 2026
| Wylie title | bdud 'joms gter byon bde chen zhing sbyong gi cho ga 'brel tshad don ldan thar lam sgo 'byed | |
|---|---|---|
| Location | bdud 'joms rin po che'i bka' 'bum Volume 9, Text 10, Pages 379-421 (Folios 1a1 to 22a3) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms gter byon bde chen zhing sbyong gi cho ga 'brel tshad don ldan thar lam sgo 'byed. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 379-421. Kalimpong: Dupjung Lama, 1979-1985. | |
| Side notes | Recto: 'od chog Verso: bdud 'joms zhing sgrub | |
| More details More details | ||
| Tertön | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche,\ Bdud 'joms gling pa) | |
| Genre | Ritual and Liturgical Texts - cho ga phyag len | |
| Cycle | ས་གཏེར་འོད་ཆོག་ (sa gter 'od chog) | |
| Colophon |
| |
| ||