བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་འབུམ་དམ་ཆོས་རིན་ཆེན་ནོར་བུའི་བང་མཛོད། གླེགས་བམ། ཏ༽ · 23 Texts
From Dudjom Wiki
DJYD-KABUM-Volume-09-TA
Karchag
༄༅། །ཨོཾ་སྭསྟི། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ངག་བསྒྲིགས་བརྩམས་ཆོས་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ། ཏ༽ པ་འདིར། གཏེར་གསར་ཆོག་ཁྲིགས་སྐོར་ལ། མཆོག་གླིང་རྫོགས་ཆེན་སྡེ་གསུམ་གྱི་སྒྲུབ་ཐབས་དབང་བསྐུར་ཡོངས་རྫོགས་དཀྱུས་གཅིག་ཏུ་ཁྲིགས་སུ་བསྡེབས་པར་ནང་གསེས་ཆོས་ཚན་བཅུ་བཞི་ལ་ཁྱོན་ལྡེབ་ ༡༤༨ གནས་ལུང་ལྡེབ་ ༤ སྨན་སྒྲུབ་ལྡེབ་ ༥ བཅས། ༈ བདུད་འཇོམས་གཏེར་ཆོས་སྐོར་ལ། དགོངས་གཏེར་ནཱ་ག་རཀྵའི་ལས་བྱང་ལྡེབ། ༩ བརྒྱུད་འདེབས་ལྡེབ་ ༡ རྒྱུན་ཁྱེར་ལྡེབ་ ༢ གདོན་གྲོལ་ལྡེབ་༨བཅས་དང་། དགོངས་གཏེར་སྨན་བླའི་ཆོ་ག་ལྡེབ་ ༨ རྗེས་གནང་ལྡེབ་ ༤ བཅས། ༈ ས་གཏེར་སྐོར་ལ། བདེ་ཆེན་ཞིང་སྦྱོང་གི་ཆོ་ག་ལྡེབ་ ༢༢ བརྒྱུད་འདེབས་ལྡེབ་ ༡ ཐུགས་ཆེན་ལས་བྱང་ལྡེབ་ ༢༢ རྒྱུན་ཁྱེར་ལྡེབ་ ༣ མྱང་གྲོལ་སྒྲུབ་ཐབས་ལྡེབ་ ༤ བདག་འཇུག་ལྡེབ་ ༡༠ གཤིན་པོ་རྗེས་འཛིན་ལྡེབ་ ༡༣ བསྙེན་ཡིག་ལྡེབ་ ༣ བཅས། ༈ བླ་མ་རིག་འདུས་ལས་བྱང་ལྡེབ་ ༡༥ རྒྱུན་ཁྱེར་ལྡེབ་ ༣ མཚོ་རྒྱལ་ལས་བྱང་ལྡེབ་ ༡༣ ཕུར་པ་བདེ་གཤེགས་སྙིང་པོའི་ལས་བྱང་ལྡེབ་ ༡༢ རྒྱུན་ཁྱེར་ལྡེབ་ ༣ སྨད་ལས་ལྡེབ་ ༡༣ གླེགས་བམ་གྱི་དཀར་ཆག་ང་རང་ལྡེབ་ ༡ བཅས་བསྡོམས་ལྡེབ་གྲངས་ ༣༢༧ ཡོད་དོ། །བླ་མའི་ཕྲིན་ལས་ཆ་ཙམ་སྤེལ་སླད་དུ། །བདུད་འཇོམས་གསང་མིང་རིག་འཛིན་དབང་མོ་ཡིས། །གསུང་འབུམ་སྤར་དུ་བཏབ་པའི་ལེགས་བྱས་གང་། །མོས་ལྡན་ཡོངས་ལ་ཕན་པའི་དཔལ་གྱུར་ཅིག །དགེའོ།། །། ༈ མཁན་སློབ་ཆོས་གསུ༷མ་རིང་ལུགས་ཆེ། །འཛམ་གླིང་ས་གསུ༷མ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུ༷མ་སྣང་བ་དང་། །མི་འབྲལ་དུས་གསུ༷མ་དགེ་ལེགས་ཤོག། །