DJYD-KABUM-25-AA-005: Difference between revisions
From Dudjom Wiki
DJYD-KABUM-25-AA-005
m Text replacement - "bdud 'joms rin po che bka' 'bum" to "bdud 'joms rin po che'i bka' 'bum" |
m Text replacement - "\{\{TibChung\|\s*(\[?\d+[ab]\]?)\s*\}\}" to "{{FolioNumber|$1}}" |
||
| (One intermediate revision by the same user not shown) | |||
| Line 5: | Line 5: | ||
|fulltitle=bla ma'i rnal 'byor gyi skor phyogs gcig tu bsdebs pa byin rlabs bdud rtsi'i dga' ston | |fulltitle=bla ma'i rnal 'byor gyi skor phyogs gcig tu bsdebs pa byin rlabs bdud rtsi'i dga' ston | ||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bla ma'i rnal 'byor gyi skor phyogs gcig tu bsdebs pa byin rlabs bdud rtsi'i dga' ston''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 25: 107-153. Kalimpong: Dupjung Lama, 1979-1985. | |citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bla ma'i rnal 'byor gyi skor phyogs gcig tu bsdebs pa byin rlabs bdud rtsi'i dga' ston''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 25: 107-153. Kalimpong: Dupjung Lama, 1979-1985. | ||
|collectiontitletib= | |collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ། | ||
|collectiontitle=bdud 'joms rin po che'i bka' 'bum | |collectiontitle=bdud 'joms rin po che'i bka' 'bum | ||
|author=Dudjom Rinpoche | |author=Dudjom Rinpoche | ||
| Line 34: | Line 34: | ||
༄༅། །{{TibChung|འཆི་མེད་བདེ་བ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །}} ན་མོ་གུ་རུ་ཡེ། {{TibChung|རྡོ་རྗེ་ཐེག་པའི་ཉམས་ལེན་ཉེ་ལམ་མཐར་ཐུག་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉམས་སུ་ལེན་པར་འདོད་པས། སྦྱོར་བ་ནི། ངེས་འབྱུང་དང་དད་མོས་ཀྱིས་རྒྱུད་བསྐུལ་ཏེ།}} ན་མོ། བླ་མ་བདེ་གཤེགས་འདུས་བའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །{{TibChung|ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང་།}} སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། ། {{ | ༄༅། །{{TibChung|འཆི་མེད་བདེ་བ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །}} ན་མོ་གུ་རུ་ཡེ། {{TibChung|རྡོ་རྗེ་ཐེག་པའི་ཉམས་ལེན་ཉེ་ལམ་མཐར་ཐུག་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉམས་སུ་ལེན་པར་འདོད་པས། སྦྱོར་བ་ནི། ངེས་འབྱུང་དང་དད་མོས་ཀྱིས་རྒྱུད་བསྐུལ་ཏེ།}} ན་མོ། བླ་མ་བདེ་གཤེགས་འདུས་བའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །{{TibChung|ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང་།}} སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། ། {{FolioNumber|[2a]}} འགྲོ་བ་བསྒྲལ་བར་དམ་བཅའོ། །{{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད། དངོས་གཞི་ལ། མདུན་རྟེན་བསྐྱེད་པ་ནི།}} ཨ། སྣོད་བཅུད་པདྨ་འོད་ཀྱི་ཞིང་། །ངོ་མཚར་མཆོད་སྤྲིན་འཁྲིགས་པའི་དབུས། །མདུན་མཁར་པདྨ་ཉི་ཟླའི་སྟེང་། །སངས་རྒྱས་ཀུན་འདུས་བདེ་བ་ཆེ། །གུ་རུ་པདྨ་སམྦྷ་ནི། །བདེ་སྟོང་དབྱེར་མེད་དཀར་དམར་མདངས། །གཞོན་ནུ་མཚན་དཔའི་ལང་ཚོ་འབར། །ཐིག་ལེ་ཉག་གཅིག་འཛུམ་ཞལ། །སྤྱན་ཟུང་ལྟ་སྟངས་དབྱིངས་ལ་གཟིགས། །ཐབས་ཤེས་ཕྱག་གཉིས་མཉམ་གཞག་སྟེང་། །དབྱིངས་ཡེ་ཟུང་ {{FolioNumber|[2b]}} འཇུག་ཀ་པཱ་ལར། །འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །པཎ་ཞུ་རྡོ་རྗེའི་གསང་གོས་དང་། །ཟ་འོག་བེར་སྨུག་བརྗིད་པར་གསོལ། །རང་བྱུང་འཇའ་ཟེར་འོད་ལྔའི་ཀློང་། །འཕྲོ་འདུའི་གཟི་བྱིན་ལམ་མེ་བ། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །{{TibChung|ཅེས་གསལ་བཏབ་ལ། ཚོགས་བསགས་པ་ནི།}} རྒྱལ་ཀུན་ངོ་བོ་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་བཤགས། །རྣམ་དཀར་ཚོགས་ལ་རྗེས་ཡི་རང་། །ཟབ་རྒྱའི་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་ཡོངས་ལ་བསྔོ། །བླ་མེད་གོ་འཕང་མཆོག་ཐོབ་ཤོག །{{TibChung|ཅེས་ཅི་ནུས་བྱ། མོས་གུས་གདུང་བ་དྲག་པོའི་སྒོ་ནས།}} ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྤྱི་དཔལ་བླ་མ་རིན་པོ་ཆེ། །ཁྱེད་ལ་གུས་པས་གསོལ་བ་འདེབས། །བཀའ་དྲིན་མཉམ་མེད་གུ་རུ་རྗེ། །བདག་ལ་རེ་ས་གཞན་ན་མེད། །རྟག་ཏུ་ཐུགས་རྗེས་བརྩེར་དགོངས་ལ། །སྨིན་གྲོལ་དབང་བསྐུར་བྱིན་ཆེན་ཕོབ། །བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །{{TibChung|ཞེས་ {{FolioNumber|[3a]}} ཐུགས་དམ་བསྐུལ་བའི་གསོལ་འདེབས་དང་།}} ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། {{TibChung|ཞེས་བཟླས་པ་ཅི་འགྲུབ་བྱ། ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན། བཟའ་བཏུང་གི་རིགས་གང་འབྱོར་བཤམ་ལ། ཆབ་ཀྱིས་བྲན་ཅིང་།}} ཨ། རང་བྱུང་བདེ་སྐྱོང་སྣོད་ནང་དུ། །བཟའ་བཏུང་ལོངས་སྤྱོད་དམ་ཚིག་རྫས། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཧྲཱིཿ གུ་རུ་ཡིད་བཞིན་ནོར་བུ་ཆེ། །རྩ་གསུམ་དམ་ཅན་ཚོགས་རྣམས་ལ། །འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས། །གཟུང་འཛིན་དགྲ་བགེགས་ཞལ་དུ་བསྟབ། །བར་ཆད་ཀུན་སོལ་བསམ་དོན་སྒྲུབས། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །སརྦ་ག་ཎ་ཙཀྲ་ལ་ཁཱ་ཧི། {{TibChung|དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱད་པའི་ལྷག་མར་བདུད་རྩིས་བྲན་ལ།}} ཨོཾ་ཨཱཿ {{FolioNumber|[3b]}} ཧཱུྃ། ཕེཾ། ཚོགས་དང་བཀའ་ཉན་ལྷག་སྡུད་རྣམས། །ལྷག་མའི་འདོད་ཡོན་འདི་བཞེས་ལ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཞལ་བཞེས་ཇི་བཞིན་ཕྲིན་ལས་མཛོད། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། {{TibChung|ཞེས་ཕྱི་རོལ་དུ་འབུལ།}} ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ ། དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །{{TibChung|ཅེས་རྡོ་རྗེའི་རིགས་གཅིག་ཏུ་སྨོན་ལམ་གདབ། མཐར་དབང་བཞི་བླང་བ་ནི།}} བླ་མ་བདེ་བ་ཆེན་པོ་ཡི། །གསང་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་རིམ་དང་གཅིག་ཆར་འཕྲོས། །རང་གི་གནས་གསུམ་ལ་ཐིམ་པས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །འབྲས་བུ་སྐུ་བཞིའི་གསོས་ཐེབ་གྱུར། །གུ་རུ་དགྱེས་པ་ཆེན་པོའི་ངང་། །འོད་དུ་ཞུ་ནས་རང་ལ་ཐིམ། །བླ་མའི་ཐུགས་དང་རང་གི་སེམས། །དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ། །རྩོལ་བྲལ་བློ་འདས་གདོད་མའི་གཤིས། །ཀ་དག་རྫོགས་པ་ཆེན་པོའོ། །{{TibChung|ཞེས་གནས་ལུགས་ཀྱི་རང་ཞལ་ཅི་གནས་སུ་བསྐྱང་། རྗེས་ཐུན་ལས་ལྡང་བ་ན།}} དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །{{TibChung|སོགས་བསྔོ་སྨོན་དང་ཤིས་བརྗོད་ཀྱི་མཚམས་སྦྱར་ཏེ་སྣང་གྲགས་རྟོག་ཚོགས་བླ་མའི་གསང་བ་གསུམ་གྱི་རོལ་པར་བལྟས་ལ་མོས་ {{FolioNumber|[4a]}} གུས་ཀྱི་ལམ་ཁྱེར་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །ཞེས་པའང་རྣམ་པར་དགེ་བའི་བློ་གསལ་ཐུབ་བསྟན་ཤེས་རབ་གོ་ཆ་དང་དགེ་སློང་བསམ་གཏན་རྒྱ་མཚོ་སོགས་མོས་ལྡན་འགའ་ཞིག་གིས་བསྐུལ་བའི་ངོར། ཁྱབ་བདག་མཚོ་སྐྱེས་བླ་མའི་བཀའ་འབངས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྤྱོད་སྤྲུལ་པའི་ཞིང་ཁམས་ཀུན་འདུས་རྡོར་སེམས་ཕོ་བྲང་གི་མགུལ་དུ་སྦྱར་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།}} ༈ {{TibChung|ཟབ་ལམ་མཁའ་འགྲོའི་རྣམ་འབྱོར་གྱི་རིམ་པ་བདེ་ཆེན་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །}} བླ་མ་ཌཱ་ཀིའི་གཙོ་མོ་ལ་ཕྱག་འཚལ་ལོ། །{{TibChung|ཟབ་ལམ་མཁའ་འགྲོའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། སྦྱོར་བ་སྐྱབས་སེམས་ནི། ལུས་སེམས་རྣལ་དུ་དབབ་ཅིང་དད་མོས་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ།}} ན་མོ། བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །དེང་ནས་བྱང་ཆུབ་མཆིས་ཀྱི་བར། །བླ་མ་ཡེ་ཤེས་མཁའ་འགྲོ་མར། །སྙིང་ནས་གུས་པས་སྐྱབས་སུ་མཆི། །{{TibChung|ལན་གསུམ་གྱིས་སྐྱབས་འགྲོ་དང་།}} ཧོཿ ཕ་མར་གྱུར་པའི་སེམས་ཅན་རྣམས། །བདེ་ཆེན་དབྱིངས་སུ་སྒྲོལ་བའི་ཕྱིར། །ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས། །དོན་གཉིས་བསྒྲུབ་པར་སེམས་བསྐྱེད་དོ། །{{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད། དངོས་གཞི་ལ་ཐོག་མར་མདུན་རྟེན་གསལ་གདབ་པ་ནི།}} ཨ། གཟུང་དང་འཛིན་པའི་ཆོས་རྣམས་ཀུན། །མི་ {{FolioNumber|[4b]}} དམིགས་སྤྲོས་བྲལ་བདེ་ཆེན་ངང་། །འགག་མེད་འོད་གསལ་སྒྱུ་མའི་སྤྲིན། །སྣོད་བཅུད་པདྨ་འོད་ཀྱི་ཞིང་། །ངོ་མཚར་བཀོད་པ་ཁྱད་འཕགས་དབུས། །མདུན་མཁར་པདྨ་ཉི་ཟླའི་སྟེང་། །སྐྱབས་གསུམ་ཀུན་འདུས་བླ་མ་ཉིད། །རྣམ་པ་ཡེ་ཤེས་མཚོ་རྒྱལ་མ། །དཀར་གསལ་གཞོན་ཚུལ་མཚན་དཔེས་སྤྲས། །ཞལ་གཅིག་མཛེས་འཛུམ་རྗེས་ཆགས་ཉམས། །ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང་། །བྷནྡྷ་བདུད་རྩིས་བཀང་བ་བསྣམས། །ཞབས་གཉིས་ཕྱེད་སྐྱིལ་སྟབས་ཀྱིས་བཞུགས། །སྣ་ཚོགས་དར་གྱི་ན་བཟའ་དང་། །རིན་ཆེན་རྒྱན་གྱིས་མཛེས་པར་སྤྲས། །ཡེ་ཤེས་འོད་ལྔའི་ཀློང་དཀྱིལ་དུ། །མ་འདྲེས་ཆུ་ཟླ་འཇའ་ཚོན་བཞིན། །སྣང་ལ་རང་བཞིན་མེད་པར་གསལ། །གདན་གསུམ་སྐུ་ཡི་བཀོད་པ་ལ། །གནས་གསུམ་མཁའ་འགྲོའི་དཀྱིལ་འཁོར་རྫོགས། །གདོད་ནས་དམ་ཡེ་དབྱེར་མེད་ངང་། །རང་བྱུང་ལྷུན་རྫོགས་ཆེན་པོར་གྲུབ། །{{TibChung|ཅེས་བློ་ངོར་འཆར་ངེས་པར་གསལ་བཏབ་ལ། ཚོགས་བསགས་ཐམས་ཅད་ཀྱི་སྙིང་པོ་བདུན་རྣམ་དག་བྱ་བ་ནི།}} བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཕྱི་ནང་གསང་བ་བདེ་ཆེན་གྱི། །ཀུན་བཟང་མཆོད་སྤྲིན་རྒྱ་ {{FolioNumber|[5a]}} མཚོས་མཆོད། །ཚེ་རབས་ནས་བསགས་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པས་མཐོལ་ལོ་བཤགས། །འཕགས་དང་སོ་སོའི་སྐྱེ་བོ་ཡི། །རྣམ་དཀར་སྤྱད་ལ་རྗེས་ཡི་རང་། །གདུལ་བྱའི་བསམ་པ་དང་མཐུན་པར། །ཟབ་རྒྱའི་ཆོས་འཁོར་བསྐོར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་རྣམས། །བསྐལ་པ་རྒྱ་མཚོར་བཞུགས་གསོལ་འདེབས། །དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ། །མཁའ་འགྲོའི་གོ་འཕང་མཆོག་ཐོབ་ཤོག །{{TibChung|ཅེས་ལན་ཅི་ནུས་སུ་བྱ། དེ་ནས་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས།}} སྐྱབས་གནས་ཀུན་འདུས་བཀའ་དྲིན་ཅན། །བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མར། །མི་ཕྱེད་སྙིང་ནས་གསོལ་བ་འདེབས། །བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས། །{{TibChung|ཞེས་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་དང་།}} ཨོཾ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། {{TibChung|ཞེས་མཚན་སྔགས་ཀྱི་བཟླས་པ་ཅི་འགྲུབ་བྱ། སྐབས་འདིར་ཚོགས་མཆོད་བྱ་བར་སྤྲོ་ན། ཤ་ཆང་སོགས་བཟའ་བཏུང་གི་དངོས་པོ་གང་འབྱོར་བཤམས་ལ་ཆབ་ཀྱིས་བྲན་ཅིང་།}} ཨ། བདེ་སྟོང་ཡེ་ཤེས་ཀ་པཱ་ལར། །སྣོད་བཅུད་འདོད་ཡོན་ཚོགས་སུ་བཤམས། །ཟག་མེད་བདུད་རྩིའི་ངོ་བོར་གནས། །དགྱེས་བསྐང་དམ་རྫས་ཆེན་པོ་གྱུར། །ཨོཾ་ཨཱཿཧཱུྃ། ཧྲཱིཿ འོག་ {{FolioNumber|[5b]}} མིན་ས་སྤྱོད་མཁའ་སྤྱོད་དང་། །གནས་ཡུལ་དུར་ཁྲོད་མ་ངེས་ནས། །སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མ། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །གནས་ཁང་བྱིན་ཕོབ་བདག་དབང་སྐུར། །ལོག་འདྲེན་བགེགས་དང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧོཿ ཕྱི་ནང་གསང་བའི་ཚོགས་མཆོད་འབུལ། །སྐུ་གསུང་ཐུགས་ཀྱི་དགྱེས་པ་སྐོང་། །འགལ་འཁྲུལ་ཉམས་ཆགས་མཐོལ་ལོ་བཤགས། །གཉིས་སྣང་དགྲ་བགེགས་ཞལ་དུ་བསྟབ། །བདག་ཅག་ཚོགས་གཉིས་མྱུར་རྫོགས་ཏེ། །རྡོ་རྗེ་བཙུན་མོའི་ས་ཐོབ་ཤོག །ཨོཾ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་ག་ཎ་ཙཀྲ་ལ་ཁཱ་ཧི། །{{TibChung|དེ་ནས་ཚོགས་ཀྱི་རྫས་ལ་ཚིམ་པར་ལོངས་སྤྱད་པའི་ལྷག་མར་བདུད་རྩིས་བྲན་ལ།}} ཨོཾ་ཨཱཿཧཱུྃ། ཕེཾ། འདོད་ཡོན་རྒྱ་མཚོའི་ཚོགས་ལྷག་འདི། །ལྷག་སྐྱོང་གནས་ཉུལ་ཚོགས་ལ་འབུལ། །སྒྲུབ་པའི་བར་ཆད་བཟློག་པ་དང་། །ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། {{TibChung|ཞེས་ཕྱི་རོལ་དུ་འབུལ།}} ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག ། {{FolioNumber|[6a]}} {{TibChung|ཅེས་སྨོན་ལམ་གདབ། རྗེས་དབང་བཞི་བླང་ཐུགས་ཡིད་བསྲེ་བ་ནི།}} བླ་མ་ཡེ་ཤེས་མཁའ་འགྲོ་མའི། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་རིམ་དང་གཅིག་ཆར་བྱུང་། །རང་གི་གནས་གསུམ་ལ་ཐིམ་པས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །འབྲས་བུ་སྐུ་བཞིའི་ས་བོན་ཐེབ། །མཐར་ནི་འོད་ཞུ་རང་ལ་ཐིམ། །མཁའ་འགྲོའི་ཐུགས་དང་རང་གི་སེམས། །དབྱེར་མེད་ཆུ་ལ་ཆུ་བཞག་ལྟར། །མ་བཅོས་སྐྱེ་མེད་དགོངས་པའི་ཀློང་། །འདུ་འབྲལ་མེད་པའི་གཤིས་ལུགས་ཆེ། །བློ་འདས་མཁའ་འགྲོ་རང་ཞལ་བལྟ། །{{TibChung|དེ་ལས་ལྡང་བཞི།}} དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས། །{{TibChung|སོགས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཞེས་པའང་འཕགས་པའི་ནོར་གྱི་མངོན་པར་ཕྱུག་པ་བརྩོན་འགྲུས་བཟང་པོ་ནས་འཇམ་མཉེན་ལྷའི་རེག་བྱའི་སྐྱེས་དང་བཅས་ནན་ཏན་ཆེན་པོས་བསྐུལ་ངོར། རིག་འཛིན་གྱི་ཁྱེའུ་ཆུང་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བློ་གྲོས་ཀྱི་གཏེར་ལས་ཕྱུངས་ཏེ་སྟན་ཐོག་གཅིག་ཏུ་ཤར་མར་སྤེལ་བ་སྟེ། འདིས་ཀྱང་འགྲོ་ཀུན་ལྷན་སྐྱེས་མཛེས་མས་འཁྱུད་པའི་རྒྱུར་གྱུར་ཅིག། །།}} ༈ །{{TibChung|གུ་རུ་བདེ་བ་ཆེན་པོའི་རྣལ་འབྱོར་རྒྱུན་ཁྱེར་བཞུགས།}} ན་མོ། སྐྱབས་གནས་ཀུན་འདུས་དྲིན་ {{FolioNumber|[6b]}} ཆེན་བླ་མ་ལ། །སྙིང་ནས་སྐྱབས་མཆི་བྱང་ཆུབ་སེམས་མཆོག་བསྐྱེད། །{{TibChung|ལན་གསུམ།}} ཨ། རང་ཉིད་གཞི་གྱུར་དབང་ཆེན་རྟ་མཆོག་དཔལ། །གྲི་གུག་ཐོད་འཛིན་ཕག་མོ་ཡུམ་དང་འཁྲིལ། །རུས་པའི་རྒྱན་ལྡན་དུར་ཁྲོད་ཆས་ཀུན་རྫོགས། །བདེ་དྲོད་མེ་དཔུང་འཁྲིགས་པའི་ཀློང་དུ་རོལ། །རང་གི་སྙིང་གར་ཙིཏྟ་རིན་པོ་ཆེ། །པདྨ་འདབ་བརྒྱད་ཅུང་ཟད་ཁ་བྱེའི་ནང་། །ཟླ་བའི་སྟེང་དུ་རང་རིག་བདེ་བར་གཤེགས། །གུ་རུ་བདེ་བ་ཆེན་པོ་དཀར་དམར་མདངས། །མཛེས་པའི་ཉམས་ལྡན་ཁྲོ་འཛུམ་བརྗིད་ཆགས་པ། །གསང་གོས་ཕོད་ཀ་ཆོས་གོས་རིན་ཆེན་བརྒྱན། །པད་ཞྭ་བེར་སྨུག་ལྷུབ་གསོལ་སྐྱིལ་ཀྲུང་བཞུགས། །མཉམ་གཞག་སྟེང་ན་ཐོད་པ་འོད་འབར་ནང་། །བདེ་གཤེགས་ཀུན་གྱི་བྱང་སེམས་འདུས་པ་ཡི། །བདེ་བ་ཆེན་པོ་ཡི་གེ་བྃ་དུ་གསལ། །བྃ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་གང་། །འཕྱུར་ཞིང་ལུད་པས་སྙིང་གི་ནང་གང་བས། །བདེ་བ་ཆེན་པོ་རྡོ་རྗེའི་སྲོག་འགྲུབ་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། {{TibChung|ཞེས་བཟླ། ཐུན་མཐར།}} གུ་རུ་དགྱེས་པ་ཆེན་པོས་འོད་དུ་ཞུ། །རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །{{TibChung|ཞེས་མཉམ་པར་བཞག །རྗེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་ {{FolioNumber|[7a]}} འཇུག་གོ ། ཞེས་པའང་རྣམ་པར་དགེ་བའི་རྣམ་དཔྱོད་ཅན་གུ་རུ་ནོར་བུའི་ཐུགས་དམ་ཉམས་བཞེས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །}} ན་མོ་གུ་རུ་ཝེ། {{TibChung|ཟབ་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་བླ་མ་ཕྱི་ལྟར་གསོལ་འདེབས་ཀྱི་ཚུལ་དུ་བསྒྲུབ་པར་འདོད་པས། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་སེམས་རྣལ་དུ་ཕེབས་པས་འཁོད་དེ།}} མདུན་མཁར་དཔག་བསམ་རྒྱས་པའི་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ མཐིང་གསལ་རྡོ་དྲིལ་འཁྱུད་སྟབས་རོལ༔ མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར༔ མཚན་དཔེའི་གཟི་བྱིན་འབར་བའི་སྐུ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་འཛུམ་འོད་ཟེར་ལྷམ་མེ་བ༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་སངས་རྒྱས་རང་བཞིན་ཏེ༔ རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ སྐྱབས་ཡུལ་རྒྱ་མཚོའི་ངོ་བོར་བཞུགས༔ {{TibChung|ཞེས་སྐྱབས་ཡུལ་དུ་གསལ་བ་ལ་རྟེན་བཅས་ཏེ།}} ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། ། {{FolioNumber|[7b]}} བྱང་ཆུབ་བར་དུ་སྐྱབས་སུ་མཆི། །{{TibChung|ཞེས་སྐྱབས་སུ་འགྲོ་ཞིང་།}} སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབ་ནས་ཀྱང་། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་བསྒྲལ་བར་དམ་བཅའོ། །{{TibChung|ཞེས་སེམས་བསྐྱེད།}} བླ་མ་ཡི་དམ་མཁའ་འགྲོ་དགོངས། །ཁྱོད་ནི་རྣམ་དག་དྲི་མ་མེད། །བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ་ཉཧཾ། སརྦ་དྷརྨ་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། {{TibChung|ཞེས་བཤགས་པ་བྱ། མཎྜལ་ཚོམ་བུ་བཅུ་གཉིས་བཀོད་པ་རི་རབ་གླིང་བཞི་ཉི་ཟླ་དང་འདོད་ཡོན་ལྔར་དམིགས་ཏེ།}} བདག་གི་ལུས་དང་ལོངས་སྤྱོད་ང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས། །བླ་མ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜལ་པཱ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། {{TibChung|ཞེས་ཚོགས་བསགས་མཎྜལ་ཕུལ། བླ་མ་ལ་སེམས་རྩེ་གཅིག་པའི་མོས་གུས་གདུང་ཤུགས་དྲག་པོས།}} ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །མགོན་མེད་བདག་ལ་ཐུགས་རྗེས་ཟུངས། །བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ། །རེ་ཞིང་ལྟོས་པའི་ {{FolioNumber|[8a]}} གཉེན་གཅིག་པོ། །བདག་ལ་རེ་ས་གཞན་ན་མེད། །སྡུག་བསྔལ་འདམ་ནས་དྲང་དུ་གསོལ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཁྱེད་ལ་བདག་ཉིད་བྲན་དུ་འབུལ། །སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །བླ་མ་སངས་རྒྱས་ཕྲིན་ལས་མཛད། །བདག་ལ་དབང་སྐུར་བྱིན་རློབས་ལ། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །འདྲེན་པའི་བླ་མ་བདག་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། {{TibChung|ཞེས་གསོལ་འདེབས་ཀྱི་ཚུལ་དུ་ཅི་ནུས་བཟླས་པའི་མཐར། དབང་བཞི་ལེན་པའི་དམིགས་གནད་དང་སྦྱར་ཏེ།}} བླ་མ་ཡབ་ཡུམ་སྐུ་ཡི་གནས་བཞི་ནས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་གྱིས་བརླབ་ནས་དབང་བཞི་ཐོབ་པར་གྱུར། །{{TibChung|ཅེས་དབང་བླངས་ནས།}} བླ་མ་རྡོ་རྗེ་ཐོད་ཕྲེང་ཉིད། དགྱེས་པ་ཆེན་པོས་རང་ལ་ཐིམ། །རང་ཡང་ཀུན་གཞི་མ་བཅོས་པའི། །ངང་ལ་ཡིད་ནི་འཛིན་པ་བྲལ། །རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ། །{{TibChung|ཞེས་བླ་མ་དང་རང་སེམས་གཉིས་མེད་སྤྲོས་བྲལ་བློ་འདས་ཀྱི་དགོངས་པ་བསྐྱང་། དེ་ལས་ལྡང་བ་ན།}} ཨེ་མ་ཧོཿ བདག་གིས་འགྲོ་བ་ཀུན་དོན་དུ། །བསྐལ་པ་དཔག་མེད་ཚུན་ཆད་ནས། ། {{FolioNumber|[8b]}} ཐ་མ་ད་ལྟར་ཐུག་གི་བར། །བདག་གི་ལུས་ངག་ཡིད་གསུམ་གྱིས། །བླ་མ་སྐྱེས་མཆོག་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས། །བསྒོམས་བསྒྲུབས་མཆོད་ཅིང་བསྟོད་པ་དང། །བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས། །ལྟ་དགོངས་ལ་སོགས་དགེ་སྤྱད་པའི། །འབྲས་བུ་དུས་འདིར་སྨིན་གྱུར་ནས། །ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག །གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི། །བླ་མའི་ཐུགས་དགོངས་རབ་ཚོགས་ཤིང་། །དུས་གསུམ་ཕ་མས་སྣ་དྲངས་པའི། །འགྲོ་དྲུག་སེམས་ཅན་མ་ལུས་པ། །བླ་མ་མཆོག་གི་རྗེས་བཟུང་ནས། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག ། {{TibChung|ཅེས་སྨོན་ལམ་བཏབ།}} ཤེས་བྱའི་དོན་ལ་མ་རྨོངས་པའི། །བླ་མ་དམ་པའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུམ་ཐུགས་ཀྱི་བྷ་ག་ནས། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །{{TibChung|ཅེས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཅེས་ཟབ་ལམ་ཐུགས་སྒྲུབ་སྤྱིའི་སྔོན་འགྲོའི་མན་ངག་རྒྱུན་གྱི་ཉམས་ལེན་སྙིང་པོར་འདྲིལ་བ་འདིའང། ཤར་ཕྱོགས་མོན་ལྗོངས་བཀྲ་ཤིས་སྒང་གི་ནོར་འཛིན་སྐྱོང་བ་ཕྲིན་ལས་སྟོབས་རྒྱས་ཀྱི་གསུང་གི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀ་ལི་སྤུངས་ཀྱི་སྐྱེད་མོས་ཚལ་དུ་ {{FolioNumber|[9a]}} བྲིས་པ་སིདྡྷི་རསྟུ།། །།}} ༈ །སངས་རྒྱས་ཀུན་འདུས་ཨོ་རྒྱན་བླ་མ་ལ། །གུས་པས་སྐྱབས་མཆི་གཞན་དོན་བྱང་སེམས་བསྐྱེད། །ཨ། མདུན་མཁར་པདྨ་ཉི་ཟླ་འཇའ་ཀློང་དུ། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན། །རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས། །ཧཱུྃ། ཨོ་རྒྱན་ཡུལ་གྱི་{{TibChung|སོགས།}} གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས། །{{TibChung|སོགས་ཚོགས་བསགས་མཐར། གསོལ་འདེབས་དང་བཟླས་པ་ལ་འབད། རྗེས་སུ།}} བླ་མའི་གནས་གསུམ་འབྲུ་གསུམ་རྡོ་རྗེའི་འོད། །རང་ལ་ཕོག་པས་སྒོ་གསུམ་སྒྲིབ་པ་སྦྱངས། །དབང་བཞི་ཐོབ་ཅིང་བླ་མ་རང་ཐིམ་པས། །རང་སེམས་བདེ་ཆེན་འོད་གསལ་མངོན་དུ་གྱུར། །{{TibChung|ཅེས་དང་། དགེ་བ་བསྔོ་བར་བྱའོ། །ཞེས་པའང་ཨོ་རྒྱན་མི་འགྱུར་གྱི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།}} ༈ །{{TibChung|ཟབ་ལམ་བླ་མའི་རྣལ་འབྱོར་བྱིན་རླབས་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །}} ན་མོ་གུ་རུ་པདྨ་ཀ་ར་ཡེ། {{TibChung|འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ལ་འཇུག་པར་འདོད་པས། སྦྱོར་བ་ལུས་ངག་ཡིད་གསུམ་རྣལ་དུ་ཕབ་ཅིང་ངེས་འབྱུང་དང་བྱང་སེམས་ཀྱིས་རྒྱུད་བསྐུལ་ཏེ། སྐྱབས་སེམས་བྱ་བ་ནི།}} ན་མོ། བདག་ནི་དེང་བཟུང་ {{FolioNumber|[9b]}} བྱང་ཆུབ་མ་ཐོབ་བར། །མཆོག་གསུམ་ངོ་བོ་བླ་མར་སྐྱབས་སུ་མཆི། །འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །{{TibChung|ཞེས་ལན་གསུམ་སོགས་ཅི་ནུས་སུ་བརྗོད་ཅིང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བློ་སྦྱང་། དངོས་གཞིའི་ཐོག་མར་མདུན་རྟེན་གསལ་གདབ་པ་ནི།}} ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། གཟུང་འཛིན་གཉིས་སྣང་མི་དམིགས་སྤྲོས་བྲལ་ངང་། །འགགས་མེད་ཡེ་ཤེས་ཆེན་པོའི་སྒྱུ་འཕྲུལ་ལས། །སྣོད་བཅུད་རྣམ་དག་པདྨོ་བཀོད་པའི་ཞིང་། །ཡིད་འོང་མཆོད་སྤྲིན་མངོན་པར་དཀྲིགས་པའི་དབུས། །མདུན་གྱི་ནམ་མཁར་རིན་ཆེན་སེང་གེའི་ཁྲི། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །གྲུབ་པའི་དབང་ཕྱུག་གཏེར་ཆེན་བདུད་འཇོམས་གླིང་། །བསམ་བཞིན་འགྲོ་འདུལ་སྲིད་པའི་ཚུལ་འཛིན་པ། །རིགས་ཀུན་ཁྱབ་བདག་ཡེ་ཤེས་རྡོ་རྗེ་ནི། །རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་། །མཐིང་གསལ་བཻཌཱུརྱ་ཡི་ལྷུན་པོ་ལ། །ཉི་གཞོན་སྟོང་གིས་འཁྱུད་པའི་གཟི་དངས་ཅན། །སྒེག་ཅིང་འཛུམ་ལ་ཡིད་འཕྲོག་གཞོན་ནུའི་ཚུལ། །མཚན་དཔེས་རབ་མཛེས་ཞལ་གཅིག་ཕྱག་གཉིས་ཀྱིས། །ཐབས་ཤེས་ཟུང་འཇུག་རྡོ་དྲིལ་བསྣོལ་སྟབས་འཛིན། །ཞབས་གཉིས་རྡོ་རྗེའི་ {{FolioNumber|[10a]}} སྐྱིལ་མོ་ཀྲུང་གིས་བཞུགས། །པང་དུ་རང་འོད་མནྡ་ར་བ་དཀར། །གྲི་གུག་ཐོད་པ་འཛིན་པས་དགྱེས་པར་འཁྲིལ། །དར་དང་རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །ཡེ་ཤེས་འཇའ་འོད་ཟེར་མདངས་འཁྲུགས་པའི་ཀློང་། །བདེ་སྟོང་དབྱེར་མེད་སྒྱུ་འཕྲུལ་དྲྭ་བའི་སྐུ། །རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་གསལ། །{{TibChung|ཞེས་བློ་ངོར་འཆར་ངེས་པར་གསལ་བཏབ་ལ། བསགས་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི།}} བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །སྒོ་གསུམ་རབ་གུས་གདུང་བས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བ་ཀུན་བཟང་སྤྲིན་གྱིས་མཆོད། །ཚེ་རབས་ནས་བསགས་སྡིག་ལྟུང་ཅི་མཆིས་བཤགས། །རྣམ་དཀར་བྱང་ཆུབ་སྤྱོད་ལ་རྗེས་ཡི་རང་། །ཟབ་རྒྱའི་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། །བསྐལ་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་འགྲོ་རྣམས་སངས་རྒྱས་ཐོབ་ཕྱིར་བསྔོ། {{TibChung|ཞེས་ཅི་ནུས་སུ་བྱ། དེ་ནས་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། བླ་མ་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ཤེས་ཏེ་མི་ཕྱེད་དད་པའི་གདུང་ཤུགས་ཀྱི་སྒོ་ནས།}} སྐྱབས་གནས་ཀུན་འདུས་བཀའ་དྲིན་མཚུངས་མེད། །ཉེས་པ་ཀུན་ཟད་ {{FolioNumber|[10b]}} ཡོན་ཏན་ཕུང་པོ། །མཁྱེན་བརྩེའི་གཏེར་ཆེན་འབྲེལ་ཚད་དོན་ལྡན། །འཇིགས་བྲལ་བདེ་ཆེན་ཡེ་ཤེས་རྡོ་རྗེར། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས་སོ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས་ཤིག །{{TibChung|ཅེས་དང་།}} ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། {{TibChung|ཞེས་གསོལ་འདེབས་ཀྱི་བསྙེན་པ་ཅི་ནུས་སུ་བྱ། མཐར་དབང་བླང་ཞིང་ཐུགས་ཡིད་བསྲེ་བ་ནི།}} བླ་མའི་གསང་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །བྱིན་རླབས་འོད་ཟེར་རིམ་དང་གཅིག་ཆར་བྱུང་། །རང་གི་གནས་གསུམ་ལ་ཐིམ་དབང་བཞི་ཐོབ། །རྟོག་སྒྲིབ་བག་ཆགས་བཅས་པ་ལྷག་མེད་སྦྱངས། །མཐར་ནི་བླ་མ་དགྱེས་བཞིན་འོད་དུ་ཞུ། །སྤྱི་བོའི་ལམ་ནས་སྙིང་གི་ཟེའུ་འབྲུར་ཐིམ། །ཐུགས་ཡིད་གཅེས་འདྲེས་བློ་འདས་གཉུག་མའི་ངང་། །འོད་གསལ་ཆོས་སྐུའི་རང་ཞལ་རང་གིས་བལྟ། །{{TibChung|ཞེས་བརྗོད་ཅིང་བསམ་ལ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག །རྗེས་ཐུན་ལས་ལྡང་བར་བརྩམས་པ་ན།}} སྣང་སྟོང་བརྡ་ཡི་བླ་མ་ཕྱི་ནས་ཤར། །རིག་སྟོང་དོན་གྱི་བླ་མ་ནང་ནས་རྙེད། །ཟབ་ལམ་བླ་མའི་རྣལ་འབྱོར་མཐར་ཕྱིན་ཏེ། །གཞོན་ནུ་བུམ་སྐུའི་དབྱིངས་སུ་གྲོལ་བར་ཤོག ། {{TibChung|ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྣང་གྲགས་རིག་གསུམ་བླ་མའི་གསང་གསུམ་དུ་ {{FolioNumber|[11a]}} ཤེས་ཤིང་བཅོས་མིན་མོས་གུས་ཀྱི་ལམ་ཁྱེར་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །ཞེས་པའང་དད་བརྩོན་ཤེས་རབ་ཀྱི་ནོར་ལྡན་ལྷ་རྗེ་ངག་དབང་བློ་གྲོས་ནས་བཀྲ་ཤིས་པའི་ལྷ་གོས་རབ་དཀར་དང་རིན་ཆེན་གཉིས་པའི་མེ་ཏོག་བཅས་ནན་ཏན་ཆེན་པོས་བསྐུལ་བའི་གཡར་ངོ་མ་ལྡོག་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སྟེ། འདིས་ཀྱང་རང་ལ་སྒྲིབ་པར་མི་འགྱུར་ཞིང་དོན་དང་ལྡན་པར་མཚོ་སྐྱེས་རྡོ་རྗེ་འཆང་གི་བྱིན་གྱིས་བརླབ་ཏུ་གསོལ།། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས།}} ན་མོ་གུ་རུ་ཡེ། {{TibChung|བཀའ་དྲིན་ཅན་གྱི་བླ་མ་དེ་ཉིད་རྡོ་རྗེ་འཆང་ཆེན་པོར་ངེས་པ་རྙེད་པས་གསོལ་བ་འདེབས་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་མ་ནོར་བ་ཡིན་ཏེ། དེས་ན་དེའི་ཚུལ་ལ་འཇུག་པར་འདོད་པས་བཅོས་མིན་གྱི་དད་པ་དང་ངེས་འབྱུང་གིས་རྒྱུད་བསྐུལ་ནས།}} ཨ། རང་རིག་དོན་གྱི་བླ་མ་ལ། །འདུ་འབྲལ་མེད་པར་སྐྱབས་སུ་མཆི། །འུབ་ཆུབ་རྫོགས་པ་ཆེན་པོའི་ཀློང་། །རང་བབ་ཆེན་པོར་བྱང་སེམས་བསྐྱེད། །{{TibChung|ཅེས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།}} ཨ། མ་བཅོས་འདུས་མ་བྱས་པའི་གདངས། །ཆོས་ཉིད་མངོན་སུམ་ཞིང་ཁམས་ཆེ། །མཉམ་ཡངས་འོད་གསལ་འབྱམས་ཀླས་དབྱིངས། །ཉམས་སྣང་གོང་འཕེལ་གཞལ་ཡས་ཁང་། །ལྷུན་གྲུབ་བཀོད་པ་ཉམས་དགའི་དབུས། ། {{FolioNumber|[11b]}} རིག་པ་ཚད་ཕེབས་བླ་མ་ནི། །ཆོས་ཟད་བློ་འདས་སྒྱུ་འཕྲུལ་ལས། །འཕོ་ཆེན་གཞོན་ནུ་བུམ་སྐུར་ཤར། །ཡེ་ཤེས་རྡོ་རྗེ་ཧེ་རུ་ཀ །བདེ་སྟོང་དབྱེར་མེད་རཱ་གའི་མདངས། །ཐིག་ལེ་ཉག་གཅིག་ཁྲོ་འཛུམ་ཞལ། །བདེན་གཉིས་ཟུང་འཇུག་ཕྱག་གཉིས་ཀྱིས། །འཁོར་འདས་ཟིལ་གནོན་རྡོ་རྗེ་དང་། །བདག་རྟོག་ཐལ་འབྱིན་ཕུར་བུ་བསྣམས། །སྲིད་ཞི་ལས་འདས་ཞབས་འདོར་སྟབས། །གཉིས་སྣང་རུ་ཏྲ་ཕོ་མོ་བརྫིས། །འདོད་ཡོན་མ་སྤངས་རྒྱན་གྱི་བརྡར། །དཔའ་བོ་སྟག་གི་ཤམ་ཐབས་དང་། །རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །པང་དུ་རང་འོད་ཤེས་རབ་མ། །གཅེར་མོ་གྲི་ཐོད་འཛིན་པས་འཁྱུད། །གཉིས་ཀའང་བདེ་ཆེན་ལང་ཚོས་སྒེག །གདོད་ནས་རང་བྱུང་རང་ཤར་བ། །མ་བསྐྱེད་ཡེ་རྫོགས་ངང་དུ་གསལ། །{{TibChung|ཅེས་གསལ་བཏབ་ལ།}} གཞིར་གནས་ཆོས་སྐུའི་བླ་མ་ལ། །རང་ངོ་ཤེས་པས་ཕྱག་འཚལ་ལོ། །གཞི་སྣང་ལྷུན་གྲུབ་སྣང་བའི་ཆོས། །མ་བཙལ་རང་ཤར་མཆོད་པ་འབུལ། །གློ་བུར་རྣམ་རྟོག་འཁྲུལ་པའི་སྒྲིབ། །ཀ་དག་ཡེ་སངས་ཆེན་པོར་བཤགས། །འཁོར་འདས་རང་གྲོལ་ཕྱལ་བ་ཆེར། །མ་བཅོས་མཉམ་བརྡལ་རྗེས་ཡི་རང་། །བརྗོད་མེད་མི་ཤིགས་ན་དཱའི་སྒྲས། །གྲགས་ {{FolioNumber|[12a]}} སྟོང་ཆོས་འཁོར་བསྐོར་བར་བསྐུལ། །འཕོ་ཆེན་གཞོན་ནུ་བུམ་པའི་ཀློང་། །འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབས། །ངང་བཞག་གཉུག་མའི་བསོད་ནམས་ཚོགས། །བྱ་རྩོལ་བྲལ་བའི་དབྱིངས་སུ་བསྔོ། །{{TibChung|ཞེས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས།}} མི་འགྱུར་གདོད་ནས་དག་པ་གཉུག་མ་ཡི་ཡེ་ཤེས། །ཟུང་འཇུག་བདེ་ཆེན་རྡོ་རྗེའི་ལང་ཚོ་ལ་ཆགས་པས། །དངོས་ཀུན་བདེ་ཀློང་མི་ཤིགས་ཐིག་ལེ་རུ་སྡོམ་མཛད། །གནས་ལུགས་ཀུན་ཏུ་བཟང་པོ་རང་རིག་གི་བླ་མར། །ཡིད་དཔྱོད་དམིགས་གཏད་བྲལ་བས་གསོལ་བ་ཞིག་འདེབས་ན། །བློས་བྱས་བཅོས་མའི་སྒོམ་གྱི་ཤུན་པ་ལས་གྲོལ་ནས། །ནམ་ཡང་བསྒོམ་མ་མྱོང་བ་རང་བབ་ཀྱི་གཤིས་ལུགས། །མ་བཅོས་རྣལ་མར་འཇོག་པའི་བསམ་གཏན་ལ་གོམས་པས། །བྱས་ཆོས་འཁོར་བའི་ས་བོན་ནང་དབྱིངས་སུ་ཟད་དེ། །ཆོས་ཉིད་རང་ཐོག་གྲོལ་བར་བྱིན་གྱིས་རང་རློབས་ཤིག །{{TibChung|ཅེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་མོས་གུས་ཀྱི་ཉམས་སྐྱེས་པ་ན།}} བླ་མ་ཧེ་རུ་ཀ་དཔལ་གྱི། །གསང་གསུམ་གནས་ལས་འོད་ཟེར་འཕྲོས། །རང་གི་གནས་གསུམ་ལ་ཐིམ་པས། །སྐུ་གསུང་ཐུགས་ཀྱི་དབང་བྱིན་ཐོབ། །ཡབ་ {{FolioNumber|[12b]}} ཡུམ་བཟོད་མེད་བདེ་བའི་ཉམས། །རབ་འབར་འོད་ཀྱི་གོང་བུར་ཞུ། །སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ། །བྱིན་རླབས་འཕོ་བའི་དབང་ཆེན་ཐོབ། །རྟོགས་གྲོལ་དུས་མཉམ་དགོངས་པའི་ཀློང་། །ཀ་དག་རྫོགས་པ་ཆེན་པོར་སད། །{{TibChung|ཅེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན་སྣང་གྲགས་རྟོག་ཚོགས་བླ་མའི་གསང་བ་གསུམ་དུ་བལྟས་ལ་དགེ་བ་བསྡོས་ཏེ་སྤྱོད་ལམ་ལ་འཇུག་གོ། །ཅེས་པའང་དད་དམ་གྱི་ནོར་ལྡན་དགེ་སློང་རྟ་མགྲིན་ཚེ་དབང་གིས་བླ་མའི་རྣལ་འབྱོར་ཞལ་གདམས་དང་འབྲེལ་བ་ཞིག་དགོས་ཞེས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་གཅེར་མཐོང་རང་གྲོལ་བཞུགས།}} ཨ། གཟུང་འཛིན་སྣང་བ་མི་དམིགས་སྤྲོས་བྲལ་དང་། །སྣོད་བཅུད་དག་པ་ཆེན་པོའི་ཞིང་ཁམས་སུ། །མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་སྟེང་། །བརྒྱུད་གསུམ་ཀུན་འདུས་ངོ་བོ་བླ་མ་རྗེ། །བདེ་ཆེན་ཡེ་ཤེས་རྡོ་རྗེ་དྲག་པོ་རྩལ། །དཀར་དམར་མདངས་ལྡན་ཁྲོ་འཛུམ་སྒེག་པའི་ཉམས། །ཕྱག་གཉིས་ཐབས་ཤེས་རྡོ་རྗེ་དྲིལ་བུ་འཛིན། །ཞབས་ཟུང་འདོར་སྟབས་སྟག་ཤམ་རུས་རྒྱན་གསོལ། །བདེ་སྟོང་གཉིས་སུ་མེད་པའི་ཧེ་རུ་ཀ །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་བཞུགས། །རང་ {{FolioNumber|[13a]}} རིག་དོན་གྱི་བླ་མ་རྫོགས་པ་ཆེ། །མངོན་སུམ་ལྟ་བ་མཇལ་བས་ཕྱག་འཚལ་ལོ། །ཆོས་ཉིད་རྣམ་རོལ་འཇའ་ཟེར་ཐིག་ལེ་སོགས། །སྣ་ཚོགས་ཉམས་སྣང་གོང་འཕེལ་མཆོད་པ་འབུལ། །མ་དག་སྣང་བ་སྐུ་དང་ཐིག་ལེའི་ངང་། །རིག་པ་ཚད་ཕེབས་ཆེན་པོར་མཐོལ་ལོ་བཤགས། །ཆོས་ཅན་རྟོག་པའི་འཁྲུལ་འཁོར་ཇི་སྙེད་པ། །བློ་འདས་དབྱིངས་སུ་ཟད་ལ་རྗེས་ཡི་རང་། །བརྗོད་པ་ཀུན་སྤངས་འགགས་མེད་ན་དཱའི་སྒྲས། །གསང་ཆེན་ཆོས་འཁོར་རྟག་ཏུ་བསྐོར་བར་བསྐུལ། །འཕོ་འགྱུར་ཀུན་བྲལ་མི་ཤིགས་དྭངས་མའི་སྦུབས། །གཞོན་ནུ་བུམ་སྐུ་ཆེན་པོར་བཞུགས་གསོལ་འདེབས། །དུས་གསུམ་དགེ་ཚོགས་དམིགས་པ་དང་བྲལ་བའི། །མི་གནས་ཟུང་འཇུག་ཆོས་ཀྱི་དབྱིངས་སུ་བསྔོ། །རང་བྱུང་འོད་གསལ་བདེ༵་བ་ཆེ༵ན་པོའི་གཤིས། །དངོས་ཀུན་ཁྱབ་བདག་ཡེ༵་ཤེ༵ས་སྒྱུ་མའི་སྐུར། །ཡོངས་ཤར་རྡོ༵་རྗེ༵་འཆང་དབང་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །ཐུགས་རྒྱུད་ཆེར་བསྐུལ་རྗེས་ཆགས་བརྩེ་བའི་ཉམས། །མི་ཟད་བདེ་བའི་གར་བཅས་སྤྱི་བོར་བྱོན། ། {{FolioNumber|[13b]}} གསང་གསུམ་གནས་ནས་བྱིན་རླབས་བདུད་རྩིའི་རྒྱུན། །ཆར་བཞིན་བབས་པ་རང་གི་ལུས་ལ་ཞུགས། །སྒོ་གསུམ་སྡིག་ལྟུང་ཉམས་ཆག་རྟོག་སྒྲིབ་སྦྱངས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་མཆོག་ཐོབ། །བླ་མ་འོད་ཞུ་འོད་ཀྱི་གོང་བུར་གྱུར། །དབུ་མའི་ལམ་བརྒྱུད་སྙིང་གི་ཟེའུ་འབྲུར་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །རྟོག་པས་མ་བསླད་བློ་འདས་གཉུག་མའི་ངང་། །འོད་གསལ་རིག་སྟོང་རྗེན་པ་གདོད་མའི་བབ། །དོན་གྱི་བླ་མ་ཆོས་སྐུའི་རང་ཞལ་བལྟ། །{{TibChung|ཞེས་གནས་ལུགས་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་དགེ་བ་བསྔོས་ཏེ་སྤྱོད་ལམ་ལ་འཇུག་གོ། །ཞེས་པའམ་མོས་པའི་བློ་ལྡན་ཀརྨ་རང་གྲོལ་གྱིས་བསྐུལ་བའི་ངོར། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་ཡེ་ཤེས་ཆུ་རྒྱུན་བཞུགས་སོ། །}} ན་མོ་གུ་རུ་ཡེ། {{TibChung|བཀའ་དྲིན་ཅན་གྱི་བླ་མ་དེ་ཉིད་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་སུ་ངེས་པ་རྙེད་པའི་སྒོ་ནས་བློ་གཏད་རེ་ལྟོས་ལིང་བསྐྱུར་གྱི་འདུན་སྟངས་དང་བཅས།}} ན་མོ། རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་ཀུན་སངས་རྒྱས་སར་འགོད་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །{{TibChung|ཞེས་ལན་ {{FolioNumber|[14a]}} གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།}} ཨ། རང་མདུན་དྭངས་གསལ་འོད་ཀྱི་ཐིག་ལེའི་དབུས། །སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ནི། གང་འདུལ་མོས་ངོར་ཅིར་ཡང་འཆར་བའི་ཚུལ། །སྐུ་མཆོག་མཚན་དཔེའི་གཟི་བརྗིད་འོད་དུ་འབར། །གསུང་མཆོག་གྲགས་སྟོང་ཆོས་ཀྱི་དབྱངས་སྙན་འུར། །ཐུགས་མཆོག་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཅན། །སྐལ་ལྡན་སྙིང་ལ་རྡོ་རྗེའི་ཡེ་ཤེས་ཀྱི། །བྱིན་ཆེན་འབེབས་ཅིང་དབང་ཆེན་བསྐུར་བ་ལ། །རབ་ཏུ་དགོངས་ཏེ་མངོན་སུམ་བཞུགས་པར་གྱུར། །{{TibChung|ཅེས་གསལ་བཏབ་ལ། གསོལ་འདེབས་ཀྱི་རིམ་པ་ཇི་ལྟར་རིགས་པ་དང་། ཁྱད་པར་དུ།}} སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ཐུགས་རྗེ་ཡི་གཏེར་ཆེན། །དྲན་པས་གདུང་སེལ་གྱི་ནོར་བུ། །བཀའ་དྲིན་འཁོར་མཐའ་དང་བྲལ་བ། །འཇིགས་བྲལ་ཡེ་ཤེས་ཀྱི་རྡོ་རྗེ། །སྙིང་ནས་གསོལ་བ་ཞིག་འདེབསན། །དགོངས་བརྒྱུད་བྱིན་རླབས་ཀྱི་དབང་བསྐུར། །རྒྱལ་ཐབས་སྤྱི་བླུགས་སུ་སྩལ་ནས། རྟོགས་གྲོལ་དུས་མཉམ་ཞིག་འབྱུང་བར། །བླ་མས་བྱིན་གྱིས་རང་རློབས་ཤོག །{{TibChung|ཅེས་ཕུར་ཚུགས་སུ་གསོལ་བ་བཏབ་ཅིང་།}} ཨོཾ་ཨཱ༔ཧཱུྃ་གུ་རུ་བཛྲ་ཛྙཱ་ན་སིདྡྷི་ཧཱུྃ། །{{TibChung|ཞེས་མཚན་སྔགས་ཀྱི་བཟླས་པ་ཅི་ནུས་སུ་བགྱིས་ {{FolioNumber|[14b]}} པའི་མཐར།}} ཁྱབ་བདག་བླ་མའི་སྐུ་ཡི་གནས་བཞི་ནས། བྱིན་རླབས་བདུད་རྩི་འོད་ཟེར་ཚུལ་དུ་བྱུང་། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་སྐུ་བཞིའི་ས་བོན་ཐེབས། །བླ་མ་མི་བཟོད་དགྱེས་པའི་འོད་དུ་ཞུ། །རང་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས། །གཟུང་འཛིན་རྟོག་པས་མ་བསླད་གཉུག་མའི་གཤིས། །འོད་གསལ་བདེ་བ་ཆེན་པོར་འབྱམས་ཀླས་སོ། །{{TibChung|ཞེས་དབང་བཞི་བླང་ཞིང་ཐུགས་ཡིད་བསྲེས་ཏེ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན།}} དགེ་བ་འདིས་མཚོན་དུས་གསུམ་བསགས་པའི་ཚོགས། །མཁའ་ཁྱབ་འགྲོ་ལ་མཉམ་པ་ཉིད་དུ་བསྔོ། །ཀུན་ཀྱང་མི་གནས་ཟུང་འཇུག་རྡོ་རྗེ་སེམས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །{{TibChung|ཅེས་བསྔོ་སྨོན་གྱིས་མཚམས་སྦྱོར་ཏེ་སྤྱོད་ལམ་ཐམས་ཅད་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བསླབ་པར་བྱའོ། །ཅེས་པའང་བླ་མ་པདྨ་རིག་འཛིན་གྱིས་གསུང་བསྐུལ་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་གནས་ལུགས་གཅེར་མཐོང་བཞུགས་སོ། །རྡོ་རྗེ་ཐེག་པའི་ཟབ་གནས་ཕུལ། །བླ་མའི་རྣལ་འབྱོར་ལ་བརྟེན་ནས། །ཟུང་འཇུག་གོ་འཕང་བསྒྲུབ་འདོད་ན། །མོས་གུས་ལམ་ཁྱེར་འདི་ལ་འཇུག}} ། ན་མོ། རང་རིག་དོན་གྱི་བླ་མ་ལ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །མེད་སྣང་འཁོར་བ་ལུ་གུ་རྒྱུད། །གཞི་ཐོག་རང་ {{FolioNumber|[15a]}} གྲོལ་སེམས་བསྐྱེད་དོ། །ཧཱུྃ། ངར་འཛིན་རྣམ་རྟོག་འདྲེ་བོ་ཆེ། །གཞི་མེད་རྩ་བྲལ་ཀློང་དུ་དེངས། །སྟོང་ཉིད་མི་འགྱུར་རྡོ་རྗེའི་གུར། །ཡེ་ནས་ལྷུན་གྲུབ་རང་མཚམས་བཅད། །ཧོཿ ཡེ་གཞི་བདེ་གཤེགས་སྙིང་པོ་ཡི། །ཡེ་ཤེས་རང་གསལ་བྱིན་ཆེན་ཕོབ། །སྣ་ཚོགས་སྣང་བ་རིག་པའི་རྒྱན། །ཀུན་བཟང་མཆོད་སྤྲིན་བླ་ན་མེད། །ཨོཾ་ཨཱཿཧཱུྃ། ཨ། ཆོས་ཉིད་མངོན་སུམ་ཞིང་ཁམས་སུ། །ཉམས་སྣང་གོང་འཕེལ་གཞལ་ཡས་ན། །རིག་པ་མཚད་ཕེབས་བླ་མ་ནི། །ཆོས་ཟད་བློ་འདས་བུམ་སྐུར་བཞེངས། །ཡེ་ཤེས་རྡོ་རྗེ་ཧེ་རུ་ཀ །ཆོས་དབྱིངས་མི་འགྱུར་མཐིང་གསལ་མདངས། །ཟུང་འཇུག་རྡོར་དྲིལ་འཁྱུད་སྟབས་ཅན། །སྐྱོན་བྲལ་པདྨའི་སྙིང་པོ་ལ། །མཉམ་ཉིད་རྡོ་རྗེའི་སྐྱིལ་ཀྲུང་རོལ། །ཡོན་ཏན་ལྷུན་རྫོགས་རྒྱན་གོས་སྤྲས། །སྟོང་ཉིད་ཡུམ་དང་འདུ་འབྲལ་མེད། །སྣང་སྲིད་གཞིར་བཞེངས་ལྷའི་འཁོར་ལོ། །གདོད་ནས་མ་བསྐྱེད་རང་བྱུང་ཤར། །ཧཱུྃ། ངོ་བོ་ཀ་དག་གདོད་མའི་ཀློང་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་རྩལ། །ཐུགས་རྗེ་ཀུན་ཁྱབ་བླ་མ་མཆོག །འགྲོ་འོང་བྲལ་བའི་ངང་ནས་གཤེགས། །བཛྲ་ས་མ་ཡ་ཛ་ཛཿ ཧོཿ ཡེ་ནས་ལྷན་ཅིག་སྐྱེས་པ་ལ། །གཤེགས་ {{FolioNumber|[15b]}} བྱོན་བཞུགས་པའི་སྤྲོས་པ་ཞི། །རང་གྲོལ་ལྟ་བ་མཇལ་བའི་ཕྱག ། དག་མཉམ་ལྷུག་པའི་ངང་དུ་འཚལ། །ཏིཥྛ་ལྷན། ན་མོ་ཧོཿ ཧོཿ རིག་རྩལ་མ་འགགས་སྒྱུ་མའི་གར། །རང་བྱུང་འདོད་ཡོན་རྒྱན་དུ་ཤར། །བདེ་ཆེན་མཆོད་པ་བླ་ན་མེད། །ཞེན་མེད་རང་གྲོལ་ཆེན་པོར་འབུལ། །མ་ཧཱ་སརྦ་པཱུ་ཛ་ཧོཿ ཧཱུྃ། བློ་འདས་རིག་སྟོང་རྗེན་པ་འདི། །ཀུན་བཟང་བླ་མའི་རོལ་པ་སྟེ། །གཞན་དུ་མ་བཙལ་རང་ལ་རྫོགས། །རང་ངོ་ཤེས་པས་བསྟོད་པར་བགྱི། །ཐུགས་ཀློང་འོད་ལྔའི་གུར་ཁྱིམ་དུ། །མི་འགྱུར་ས་བོན་ཧཱུྃ་མཐིང་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །སྣོད་བཅུད་འཇའ་འོད་ཐིག་ལེར་སྨིན། །གཞི་གྲོལ་གཉུག་མའི་ངོ་བོར་སད། །ཨོཾ་ཨཱ༔ཧཱུྃ་གུ་རུ་བཛྲ་ན་བཛྲ་སིདྡྷི་ཧཱུྃ། {{TibChung|ཞེས་བཟླ་ཀ་དག་ངང་དུ་བཞག །སྐབས་སུ་ཧཱུྃ་གི་སྣང་གླུ་ལེན། །རྡོ་རྗེ་ལུ་གུ་རྒྱུད་ལ་གཟིར། །གང་ཤར་ཐུགས་ཕྲད་སྤྱོད་པ་བསྐྱང་། །རྗེས་འབྲེལ་ཚོགས་ཀྱི་མཆོད་པ་ནི།}} རྃ་ཡྃ་ཁྃ། སྟོང་ཉིད་བྷནྡྷའི་སྣོད་ནང་དུ། །སྣང་བ་མ་འགགས་ཚོགས་གཏོར་བཤམས། །ཆོས་ཉིད་ནམ་མཁའི་མཛོད་ཀྱི་སྤྲིན། །འདོད་ཡོན་རོལ་མོ་ཅིར་ཡང་འཆར། །ཨོཾ་ཨཱ༔ཧཱུྃ། ཧཱུྃ། རིགས་ཀུན་ཁྱབ་བདག་ཧེ་རུ་ཀ །རང་རྩལ་དཔའ་བོ་མཁའ་འགྲོར་བཅས། །བདེ་ {{FolioNumber|[16a]}} ཆེན་རྡོ་རྗེའི་དགའ་སྟོན་ལ། །དགྱེས་པའི་གར་གྱིས་གཤེགས་སུ་གསོལ། །ས་མ་ཡ་ཛཿ ཧོཿ ཆོས་ཅན་སྒྱུ་མའི་རྟེན་འབྲེལ་གྱི། །ཚོགས་མཆོད་མི་ཟད་ལོངས་སྤྱོད་རྒྱན། །ཆོས་ཉིད་མཉམ་པའི་ལྷ་ལ་འབུལ། །ཟུང་འཇུག་འོད་གསལ་དབྱིངས་སུ་རོལ། །མ་ཧཱ་ག་ཎ་ཙཀྲ་པཱ་ཛ་ཧོཿ ། འཁོར་འདས་བདེ་བ་ཆེན་པོ་ལ། །བཟང་ངན་རྟོག་པས་བསླད་པའི་སྒྲིབ། །འཁོར་གསུམ་དམིགས་མེད་ཀློང་དུ་བཤགས། །བློ་འདས་འུབ་ཆུབ་དག་ཚངས་སྩོལ། །ས་མ་ཡ་ཤུདྡྩེ་ཨ། ཧཱུྃ། མ་རིག་གཟུང་འཛིན་དགྲ་བགེགས་རྣམས། །བདག་མེད་ཤེས་རབ་མཚོན་གྱིས་བསྒྲལ། །སེམས་བྱུང་བག་ཆགས་ཤ་ཁྲག་རུས། །ཤར་གྲོལ་ཀ་དག་ཀློང་དུ་བསྟབ། །ཨ་ཨ་ཨ། ཕེཾ། གཟུང་འཛིན་རྣམ་རྟོག་ལྷག་མ་འདི། །ཀུན་བྱེད་ལྷག་སྡུད་མགྲོན་ལ་འབུལ། །ཡིད་དཔྱོད་འོག་འགྱུའི་བར་ཆད་སྲུངས། །གཏད་སོ་ཞིག་པའི་ཕྲིན་ལས་སྒྲུབས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཧོཿ ཡེ་ནས་ལྷན་ཅིག་སྐྱེས་པ་ལ། །སྤྲོ་དང་བསྡུ་བར་མི་དམིགས་ཏེ། །རྟག་ཆད་བྲལ་བའི་བྱང་ཆུབ་སེམས། །བློ་འདས་རྒྱ་ཡན་ངང་དུ་བཞག །ཨ། ཧོཿ ཐམས་ཅད་ཆོས་ {{FolioNumber|[16b]}} དབྱིངས་གདོད་མའི་གཤིས། །བསྔོ་བྱ་བསྡོ་བྱེད་ཡུལ་ལས་འདས། །རང་བྱུང་རྫོགས་པ་ཆེན་པོའི་ཀློང་། །འཁོར་འདས་མཉམ་གྲོལ་ཨ་ལ་ལ། །ཧོཿ ལྟ་བ་ནམ་མཁའ་རྣམ་དག་ཆེ། །སྒོམ་པ་མ་བཅོས་ལྷུག་པའི་བབ། །སྤྱོད་པ་བྱ་རྩོལ་བྲལ་བའི་ངང་། །འབྲས་བུ་གཞི་གྲོལ་བཀྲ་ཤིས་ཤོག །{{TibChung|ཅེས་པའང་པདྨ་ཕྲིན་ལས་ཀུན་ཁྱབ་ཀྱི་བཞེད་པ་སྐོང་བའི་ཕྱིར་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པའོ།། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་གྲུབ་པའི་ཐིག་ལེ་ཞེས་བྱ་བ་བཞུགས།}} ན་མོ་གུ་རུ་པདྨ་སམྦྷ་ཝ་ཡེ། {{TibChung|ཟབ་མོའི་ལམ་ལ་གཞོལ་བར་འདོད་པ་དག་གིས་དད་མོས་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས།}} ཨ། རང་མདུན་ནམ་མཁར་གསལ་སྟོང་འཇའ་ཟེར་སྦུབས། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་མཆོག ། གང་འདུལ་མོས་ངོར་ཅིར་ཡང་འཆར་བའི་སྐུ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་རུ། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་རོལ་གར་གྱིས། །མོས་པའི་བུ་ལ་དགོངས་ཏེ་བཞུགས་པར་གྱུར། །{{TibChung|ཅེས་གསལ་བཏབ་ལ། མོས་གུས་གདུང་ཤུགས་དྲག་པོས།}} སྐུ་བཞིའི་བདག་ཉིད་བླ་མ་རིན་པོ་ {{FolioNumber|[17a]}} ཆེ་ལ་གསོལ་བ་འདེབས་སོ། བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས༴ །ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས༴ ཚེ་འདི་ཉིད་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། {{TibChung|ཅེས་གསོལ་བ་ཕུར་ཚུགས་སུ་བཏབ་ཅིང་།}} ཨོཾ་ཨཱཿགུ་རུ་བཛྲ་ཛྙཱ་ན་སིདྡྷི་ཧཱུྃ། {{TibChung|ཞེས་ཅི་ནུས་སུ་བཟླས་མཐར།}} རྗེ་བཙུན་བླ་མ་ཡིད་བཞིན་ནོར་བུ་ཡི། །གསང་གསུམ་གནས་ལས་བྱིན་རླབས་བདུད་རྩིའི་རྒྱུན། །འོད་ཟེར་རྣམ་པས་རང་ཐིམ་སྒྲིབ་ཚོགས་སྦྱངས། །དབང་བཞི་ཐོབ་ནས་སྐུ་བཞིའི་ས་བོན་ཐེབས། །བླ་མ་མི་བཟོད་དགྱེས་པས་འོད་དུ་ཞུ། །རང་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས། །བློ་འདས་འོད་གསལ་མཆོག་ཏུ་མི་འགྱུར་བ། །ཀ་དག་རྩོལ་བྲལ་དབྱིངས་སུ་མཉམ་པར་བཞག །{{TibChung|ཅེས་ཅི་ནུས་སུ་མཉམ་པར་བཞག །རྗེས་དགེ་བ་བསྔོ་ཞིང་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །ཞེས་པའང་ཚེ་དབང་འགྱུར་མེད་ཀྱིས་ནན་བསྐུལ་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །}} ན་མོ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། ། {{FolioNumber|[17b]}} བདག་གི་སྙིང་ནས་གུས་པས་སྐྱབས་སུ་མཆི། །མ་གྱུར་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་དོ། །{{TibChung|ལན་གསུམ།}} ཨ། སྣོད་བཅུད་དག་པའི་ཞིང་ཁམས་ཉམས་དགའི་དབུས། །རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་མཛེས་འཛུམ་གཞོན་ཚུལ་གྲི་ཐོད་ཅན། །རཏྣའི་རྒྱན་སྤྲས་པད་ཉིར་འདོར་སྟབས་རོལ། །སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་། །རིགས་བདག་ཡེ་ཤེས་རྡོ་རྗེ་ཧེ་རུ་ཀ །མཐིང་གསལ་ཨིནྡྲ་ནཱི་ལའི་མདངས་འོད་འཚེར། །ཁྲོ་འཛུམ་རྗེས་སུ་ཆགས་པའི་ལང་ཚོས་སྒེག །ཕྱག་གཉིས་ཐབས་ཤེས་རྡོ་དྲིལ་འཁྱུད་སྟབས་འཛིན། །དར་གྱི་ཅོད་པན་སྟག་ཤམ་རུས་རྒྱན་སྤྲས། །ཞབས་ཟུང་འདོར་སྟབས་རྟོག་མེད་རོ་གདན་བརྫིས། །བདེ་དྲོད་ཡེ་ཤེས་འོད་ཕུང་འཁྲིགས་པའི་ཀློང་། །འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་བཞུགས། །{{TibChung|ཞེས་གསལ་བཏབ་ལ།}} ཨ་ཧོ་ཡེ། རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེ་ཡེ་ཤེས་ཀྱི་རང་གཟུགས། །གང་འདུལ་སྒྱུ་འདྲུལ་དྲྭ་བ་རྡོ་རྗེ་ཡི་གར་མཁན། །གནས་གསུམ་མཁའ་འགྲོའི་ཚོགས་རྗེ་རིག་འཛིན་གྱི་རྒྱལ་པོ། །ཁྱབ་བདག་ཧེ་རུ་ཀ་དཔལ་སྙིང་དབུས་ནས་དྲན་ནོ། །མགོན་ཁྱོད་བླ་མར་ {{FolioNumber|[18a]}} ངེས་སོ་བྱིན་རླབས་ཤིག་གནང་དང་། །མགོན་ཁྱོད་ཡི་དམ་ལགས་སོ་དངོས་གྲུབ་ཞིག་སྩོལ་དང་། །མགོན་ཁྱོད་སྲུང་མར་ཤེས་སོ་ཕྲིན་ལས་ཤིག་སྒྲུབས་དང་། །རེ་ས་ཁྱེད་ལས་མེད་དོ་གཅིག་ཆོག་གི་མགོན་པོ། །སྐྱབས་གནས་གཞན་དུ་མི་འཆོལ་དྲིན་ཅན་གྱི་བླ་མ། །མོས་གུས་ལྟེམས་རྐྱང་མེད་པས་གསོལ་བ་ཞིག་འདེབས་ན། །ཐུགས་རྗེ་ཉེ་རིང་མེད་པའི་བརྩེ་ཆེན་གྱི་དགོངས་པས། །སྐད་ཅིག་མི་འབྲལ་རིགས་ཀྱི་བདག་པོ་རུ་བཞུགས་ནས། །ཡེ་ཤེས་རྒྱལ་ཐབས་སྤྱི་བླུགས་དབང་ཆེན་ཞིག་བསྐུར་ལ། །རྟོགས་གྲོལ་དུས་མཉམ་ཆེན་པོར་བྱིན་གྱིས་རང་རློབས་ཤིག །{{TibChung|ཅེས་གསོལ་འདེབས་ཅི་ནུས་མཐར།}} གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་ཡིས། །བླ་མ་དགྱེས་ཆགས་ཆེན་པོས་འོད་དུ་ཞུ། །དཀར་དམར་བྱང་སེམས་བདུད་རྩི་བདེ་བའི་རྒྱུན། །རང་གི་ཚངས་བུག་ནས་ཞུགས་ལུས་ཀུན་གང་། །སྒོ་གསུམ་དྭངས་མའི་ཐིག་ལེ་གཅིག་ཏུ་འདྲེས། །དབང་བཞི་མཆོག་ཐོབ་དགའ་བཞིའི་ཡེ་ཤེས་སྐྱེས། །དྲན་ཡུལ་བླ་མ་ཉིད་ལ་ཕར་བལྟས་པས། །སྣང་སྟོང་རྗེས་མེད་བར་སྣང་འཇའ་ཚོན་འདྲ། །དྲན་མཁན་རང་གི་སེམས་ལ་ཚུར་བལྟས་པས། །གཉིས་མེད་རྩ་བྲལ་མཁའ་དབྱིངས་དྭངས་པ་འདྲ། །ཅིར་སྣང་དངོས་པོ་མ་ {{FolioNumber|[18b]}} གྲུབ་སྟོང་སང་ངེ་། །སྟོང་པའི་རང་བཞིན་འགག་མེད་གསལ་ལྷང་ངེ། །སྟོང་གསལ་ཟུང་འཇུག་རང་གྲོལ་བདེ་ཕྱམ་མེ། །བཅོས་བསླད་བྲལ་བའི་རིག་པ་རྗེན་བུན་ནེ། །འདི་ཀ་ངེས་པ་དོན་གྱི་བླ་མ་སྟེ། །ཡེ་ནས་རང་དང་སྐད་ཅིག་འབྲལ་མ་མྱོང་། །འབྲལ་མ་མྱོང་བའི་བློ་འདས་ཆོས་སྐུའི་ཞལ། །རང་གསལ་ལྷུག་པར་མཇལ་བ་ངོ་མཚར་ཆེ། །འདི་ལ་བསྒོམ་ཞིང་བསྒྲུབ་པ་འཁྲུལ་པའི་ལམ། །མ་བཅོས་རང་བབ་ཚོགས་དྲུག་རྒྱལ་ས་བོར། །ཇི་ལྟར་འཆར་ཡང་ཤར་གྲོལ་ཆོས་སྐུའི་རྩལ། །གང་ལྟར་གནས་ཀྱང་གཞི་གྲོལ་གདོད་མའི་ངང་། །རྒྱུན་ཆད་མེད་པའི་བློ་བདེ་ཨ་ལ་ལ། །མི་འགྱུར་སྙིང་པོའི་གཏན་སྲིད་ད་ལྟ་ཟིན། །{{TibChung|ཅེས་མཉམ་པར་བཞག་གོ། །ཅེས་པའང་རང་ཉིད་ལ་མཆོག་ཏུ་མོས་ཤིང་གུས་པའི་རིགས་ལྡན་མ་དོན་གྲུབ་པདྨོའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དོན་ལྡན་དུ་གྱུར་ཅིག། །།}} ༈ །{{TibChung|ན་མོ་གུ་རུ་ཡེ། བཀའ་དྲིན་ཅན་གྱི་བླ་མ་དེ་ཉིད་སྐྱབས་ཀུན་འདུས་པའི་ངོ་བོར་ཤེས་པས་བློ་གཏད་གཅིག་བཅོལ་གྱི་དད་མོས་གདུང་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ།}} ན་མོ། དེང་བཟུང་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་རྡོ་རྗེ་འཛིན་ལ་སྐྱབས་སུ་མཆི། །མ་གྱུར་འགྲོ་ཀུན་རྣམ་མཁྱེན་སར་འགོད་ཕྱིར། །ཟབ་མོའི་རྣལ་ {{FolioNumber|[19a]}} འབྱོར་བསྒོམས་པར་སེམས་བསྐྱེད་དོ། །{{TibChung|ཞེས་ལན་གསུམ་གྱིས་སྐྱབས་སེམས་བྱ།}} ཨེ་མ་ཧོཿ སྣོད་བཅུད་དག་པའི་གྲོང་ཁྱེར་ཉམས་དགའི་དབུས། །རང་ཉིད་གཞི་ལུས་རྣལ་འབྱོར་མར་གསལ་བའི། །མདུན་མཁར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །སྙིགས་མའི་འགྲོ་འདུལ་མཆོག་གྱུར་རིག་པ་འཛིན། །བདུད་འཇོམས་དཔའ་བོ་ཡེ་ཤེས་རྡོ་རྗེ་རྩལ། །དཀར་དམར་མདངས་མཛེས་ཞི་འཛུམ་བརྩེ་བའི་ཉམས། །སྔགས་ཀྱི་དབང་ཕྱུག་གོས་དཀར་ལྕང་ལོའི་ཚུལ། །ཐབས་ཤེས་རྡོ་དྲིལ་གཏེར་གྱི་སྒྲོམ་བུ་འཛིན། །འཁོར་འདས་ཟིལ་གནོན་དགོངས་པའི་རྩལ་ཆེན་རྫོགས། །རྣམ་མང་མཁའ་འགྲོ་འཇའ་སྤྲིན་གཏིབས་པའི་ཀློང་། །རྩ་གསུམ་རྒྱལ་ཀུན་འདུས་པའི་ངོ་བོར་གསལ། །ཧེ་རུ་ཀ་དཔལ་འདིར་གཤེགས་དབྱེར་མེད་བཞུགས། །རབ་གུས་ངོ་མཚར་བརྡ་ཡི་ཕྱག་འཚལ་ལོ། །ཟག་མེད་བདེ་ཆེན་ཀུན་བཟང་སྤྲིན་གྱིས་མཆོད། །ཉམས་ཆག་སྡིག་ལྟུང་འགལ་འཁྲུལ་སྙིང་ནས་བཤགས། །ཕུལ་བྱུང་རྣམ་པར་ཐར་ལ་རྗེས་ཡི་རང་། །སྨིན་གྲོལ་ཟབ་གསང་སྒོ་བརྒྱ་འབྱེད་པར་བསྐུལ། །ཞབས་པད་མི་ཤིགས་བསྐལ་པར་བཞུགས་གསོལ་འདེབས། །དུས་ {{FolioNumber|[19b]}} གསུམ་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ། །ཀུན་ཀྱང་ཟུང་འཇུག་རྡོ་རྗེའི་གནས་ཐོབ་ཤོག །{{TibChung|ཅེས་གསལ་བཏབ་ལ་ཡན་ལག་བདུན་གྱི་ཚོགས་བསགས།}} ཁྱེའུ་ཆུང་ལོ་ཙཱའི་སྐུ་ཡི་རྣམ་རོལ་གར། །བདེ་ཆེན་མཚོ་རྒྱལ་གསུང་གི་འོད་ཟེར་མཆོག །རྒྱལ་དབང་པདྨའི་ཐུགས་ཀྱི་སྲས་གཅིག་པུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །། དགོངས་པའི་དབྱིངས་ནས་ཐུགས་རྗེས་རྩལ་སྤྲུགས་ཏེ། །བདག་རྒྱུན་སྨིན་གྲོལ་དབང་བསྐུར་བྱིན་རླབས་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཧཱུྃ། {{TibChung|ཞེས་གསོལ་འདེབས་ཀྱི་བསྙེན་པ་ཅི་ནུས་སུ་བཟླ་ཞིང་།}} ཐུགས་རྗེའི་རླབས་དང་མོས་པའི་རྟེན་འབྲེལ་ལས། །གསང་གསུམ་མི་ཟད་སྒྱུ་འཕྲུལ་རྡོ་རྗེའི་གར། །སྣང་སྲིད་གཞིར་བཞེངས་བླ་མའི་ཕྱག་རྒྱར་སད། །དག་པ་རབ་འབྱམས་བདེ་བ་ཆེན་པོའི་ངང་། །{{TibChung|ཞེས་སྒྲུབ་པའི་ཚུལ་དུ་བསྙེན་སྔགས་གང་མང་བཟླས་མཐར་སླར་ཡང་གསོལ་བ་བཏབ་པས།}} བླ་མའི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས། །རང་ཐིམ་རྣམ་སྨིན་ལུས་སྦྱངས་དབྱིངས་ཕྱུག་མེ། །གྱུར་པའི་སྙིང་དབུས་རང་འདྲའི་ཡེ་ཤེས་སེམས། །མི་བཟོད་བདེ་བའི་གར་བསྒྱུར་འོད་ཀྱི་སྤྲིན། །སྤྲོ་བསྡུའི་སྦྱོར་བས་ཡེ་ཤེས་རྡོ་རྗེའི་བྱིན། །རང་ལ་བསྟིམས་པ་དེ་ཉིད་བརྟན་ {{FolioNumber|[20a]}} བྱའི་ཕྱིར། །དཔལ་ལྡན་བླ་མ་སྐུ་བཞིའི་བདག་ཉིད་ཀྱི། །དབང་བསྐུར་རྣམ་བཞིའི་དངོས་གྲུབ་སྩོལ་བར་གྱུར། །ཨོཾ། ཡེ་ནས་རྣམ་དག་བྱང་ཆུབ་སྙིང་པོའི་ཆུ། །སྤྱི་བོའི་འོད་ཟེར་དཔྲལ་བར་ཐིམ་པ་ཡི། །བུམ་པའི་དབང་ཐོབ་ཕུང་ཁམས་སྒྲིབ་པ་སྦྱངས། །ཅིར་སྣང་ལྷ་ཡི་འཁོར་ལོར་སད་པར་གྱུར། །ཨཱཿ ཡབ་ཡུམ་བདེ་སྦྱོར་བྱང་སེམས་དགའ་བའི་རྒྱུན། །མགྲིན་པའི་འོད་ཟེར་ངག་ལ་ཐིམ་པ་ཡི། །གསང་བའི་དབང་ཐོབ་ངག་རླུང་སྒྲིབ་པ་སྦྱངས། །སྒྲ་གྲགས་སྔགས་ཀྱི་དབྱངས་སུ་འཆར་བར་གྱུར། །ཧཱུྃ། ཐབས་ཤེས་བདེ་སྟོང་དབྱེར་མེད་སྦྱོར་བའི་གར། །ཐུགས་ཀའི་འོད་ཟེར་སྙིང་གར་ཐིམ་པ་ཡི། །ཤེར་ཡེའི་དབང་ཐོབ་ཡིད་ཐིག་སྒྲིབ་པ་སྦྱངས། །རྟོག་ཚོགས་འོད་གསལ་ཐུགས་སུ་གྲོལ་བར་གྱུར། །ཧྲཱིཿ ཐབས་རྐྱེན་བླ་མ་དགྱེས་པས་འོད་དུ་ཞུ། །རང་ལ་ཐིམ་པས་ཆ་མཉམ་སྒྲིབ་པ་སྦྱངས། །བཞི་པའི་དབང་ཐོབ་བློ་འདས་གཉུག་མའི་གཤིས། །གནས་ལུགས་དོན་གྱི་བླ་མའི་རང་ཞལ་བལྟ། །ཨ་ཨ་ཨ། {{TibChung|ཞེས་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བར་བརྩམས་པ་ན།}} དགེ་འདིས་བདག་གཞན་མཁའ་མཉམ་འགྲོ་བ་ཀུན། །རིགས་ཀྱི་ {{FolioNumber|[20b]}} བདག་པོས་འབྲལ་མེད་རྗེས་བཟུང་ནས། །ཆེས་མྱུར་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །ཀུན་བཟང་ཡེ་ཤེས་བླ་མའི་ས་ཐོབ་ཤོག །{{TibChung|ཅེས་སྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །ཅེས་པའང་མདོ་ཁམས་ཕྱོགས་ཀྱི་རྣལ་འབྱོར་པ་འཇིགས་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་གིས་བསྐུལ་བའི་ཞལ་ངོ་མ་ལྡོག་ཙམ་དུ་རིག་འཛིན་གྱི་མྱུ་གུ་གཞོན་ནུ་ཨ་བྷ་ཡ་ཛྙཱ་ནས་ཤར་མར་སྤེལ་བ་དགེ། །།}} ༈ །{{TibChung|བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་བཞུགས་སོ། །}} ན་མོ། རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་ལ། སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི། །འགྲོ་རྣམས་གཏན་བདེའི་ས་ལ་དབུགས་དབྱུང་ཕྱིར། །ཟབ་ལམ་བླ་མའི་རྣལ་འབྱོར་བསྙེན་པར་བགྱི། །ཨ། སྟོང་གསལ་རང་མདངས་ཆུ་ལས་ཆུ་ལྦུར་བཞིན། །རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །སེང་ཁྲི་པདྨ་ཉི་ཟླ་འཇའ་འོད་ཀློང་། །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ནི། །གང་འདུལ་མི་ཟད་རྒྱན་གྱི་འཁོར་ལོའི་སྐུ། །མོས་པའི་བློ་ངོར་ཅིར་ཡང་འཆར་བའི་ཚུལ། །རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་འདུས་པའི་དངོས། །དགྱེས་འཛུམ་བརྩེ་བས་དགོངས་ཏེ་བཞུགས་པར་གྱུར། །ཞིང་རྡུལ་གྲངས་མཉམ་ལུས་སྤྲུལ་གུས་ཕྱག་འཚལ། །སྣང་སྲིད་ཟག་མེད་མཆོད་པའི་ཕྱག་ {{FolioNumber|[21a]}} རྒྱར་འབུལ། །ཉམས་ཆག་ཉེས་གྱུར་ཆི་མཆིས་སྙིང་ནས་འཆགས། །མ་ལུས་ཕན་བདེའི་སྤྱོད་ལ་རྗེས་ཡི་རང་། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འཁོར་བ་གནས་ཀྱི་བར་དུ་བཞུགས་གསོལ་འདེབས། །དགེ་ཚོགས་མ་ལུས་སེམས་ཅན་དོན་དུ་བསྔོ། །འགྲོ་ཀུན་རིགས་ཀྱི་བདག་པོའི་ས་ཐོབ་ཤོག །ཀུན༵་བཟ༵ང་བདེ༵་ཆེ༵ན་ཡེ་ཤེས་སྒྱུ་མའི་གར། །འཇི༵གས་བྲ༵ལ་ཟབ་གསང་ཆོས༵་ཀྱི་འཁོར་ལོས་སྒྱུར། །མཁའ་དབྱིང༵ས་ཡོངས་ཁྱབ་རྒྱལ་བ་རྒྱ༵་མཚོ༵འི་སྲས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བླ་མའི་གནས་གསུམ་ལས་བྱུང་འོད་ཟེར་རྒྱུན། །སྤྲོས་ཐིམ་སྦྱོར་བས་དབང་བཞི་ཡོངས་རྫོགས་ཐོབ། །བླ་མ་རང་སེམས་དབྱེར་མེད་གཉུག་མའི་གཤིས། །འོད་གསལ་བདེ་བ་ཆེན་པོར་འབྱམས་ཀླས་སོ། །དགེ་འདིས་ཚེ་རབས་ཀུན་ཏུ་བླ་མའི་ཞབས། །སྤྱི་བོའི་རྒྱན་དུ་ནམ་ཡང་མི་འབྲལ་ཞིང་། །གསང་ཆེན་རྡོ་རྗེའི་ལམ་བཟང་བདེ་མྱུར་དུ། །དཀའ་བ་མེད་བགྲོད་མཐའ་ཡས་འགྲོ་སྒྲོལ་ཤོག །{{TibChung|ཅེས་ཤུག་གསེབ་རྗེ་བཙུན་རིག་འཛིན་ཆོས་ཉིད་བཟང་མོ་མཆོག་གི་སྐུའི་རྣམ་རོལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མདོར་བསྡུས་འདིའང་། ཆོས་ {{FolioNumber|[21b]}} མཛད་མ་ངག་དབང་རྒྱལ་མཚན་གྱིས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།}} ༈ །སྐྱབས་གནས་ཀུན་འདུས་བླ་མར་སྐྱབས་སུ་མཆི། །སེམས་ཅན་དོན་དུ་བླ་མ་བསྒྲུབ་པར་བགྱི། །ཨ། རང་ཉིད་མཚོ་རྒྱལ་མཁའ་འགྲོ་གསལ་བ་ཡི། །ཙིཏྟ་མཆོང་གུར་པདྨའི་ཟེའུ་འབྲུའི་སྦུབས། །རྩ་བའི་བླ་མ་གུ་རུ་བདེ་བ་ཆེ། །དགྱེས་འཛུམ་ཚད་མེད་བརྩེ་བའི་ཉམས་ཀྱིས་བཞུགས། །གསོལ་བ་བཏབ་པས་ཐུགས་རྒྱུད་དབང་མེད་བསྐུལ། །སྐུ་ཡི་ཆ་དང་ཕྱག་གི་བྷནྡྷ་ནས། །བྱིན་རླབས་བདུད་རྩིའི་ཆུ་རྒྱུན་འཕྱུར་ཞིང་ལུད། །སྙིང་གི་ནང་དང་རང་ལུས་ཡོངས་གང་བས། །བདེ་ཆེན་ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་གྱུར། །{{TibChung|ཅེས་བསྒོམ་ལ།}} ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། {{TibChung|ཞེས་བཟླས་ལ་རྩེ་གཅིག་འབད་མཐར་བླ་མ་རང་སེམས་དབྱེར་མེད་དུ་བསྲེས་ལ་མཉམ་པར་བཞག་གོ། །ཞེས་པའང་གུ་རུ་ཚེ་རིང་དབང་མོའི་ཉམས་བཞེས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།}} ༈ །འགྲོ་བའི་མགོན་པོ་ཨོ་རྒྱན་ཚེ་དཔག་མེད། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ན། །ཐུགས་རྗེ་བརྩེ་བ་ཆེན་པོས་རྗེས་དགོངས་ལ། །ཚེ་དབང་ཡེ་ཤེས་དངོས་གྲུབ་འདིར་སྩོལ་ཅིག །ཨོཾ་ཨཱཿམཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ། ། {{FolioNumber|[22a]}} {{TibChung|ཞེས་ཛྙཱ་ནས་སོ།། །།}} ༈ །ན་མོ། མཆོག་གསུམ་ངོ་བོ་བླ་མར་སྐྱབས་སུ་མཆི། །གཞན་དོན་སེམས་བསྐྱེད་ཟབ་ལམ་བསྒོམ་པར་བྱ། །{{TibChung|ལན་གསུམ།}} ཨ། སྐད་ཅིག་རང་ཉིད་དབང་ཆེན་སྐུར་གསལ་བའི། །ཐུགས་ཀའི་ཙིཏྟ་འོད་ཀྱི་གུར་ཁྱིམ་དབུས། །ཁྱབ་བདག་བླ་མ་གུ་རུ་བདེ་བ་ཆེ། །སྐྱབས་གནས་རྩ་གསུམ་འདུས་པའི་ངོ་བོར་བཞུགས། །འཁྲུལ་རྟོགས་བདུ༵ད་འཇོ༵མས་གཉིས་སྣང་འཇི༵གས་ཚོགས་བྲལ༵། །གཉུག་མའི་ཡེ༵་ཤེ༵ས་རང་གསལ་རྡོ༵་རྗེ༵འི་སྐུ། །ཁྱབ་བདག་ཧེ་རུ་ཀ་ལ་གསོལ་བ་འདེབས། །བྱིན་རླབས་དབང་ཆེན་དངོས་གྲུབ་རྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཧཱུྃ། གསང་གསུམ་བྱིན་རླབས་ཕྱག་གི་བདུད་རྩིའི་ཚུལ། །འཕྱུར་ཞིང་ལུད་པས་སྙིང་གང་བདེ་ཆེན་འབར། །མཐར་ནི་རང་དང་བླ་མ་གཉིས་མེད་ངང་། །འོད་གསལ་ཁྱབ་བརྡལ་དགོངས་པའི་རྩལ་རྫོགས་གྱུར། །འདིར་འབད་དགེ་ཚོགས་མཐའ་ཡས་འགྲོ་ལ་བསྔོ། །ཀུན་ཀྱང་རིགས་ཀྱི་བདག་པོས་རྗེས་བཟུང་སྟེ། །ཕྱི་ནང་འགལ་རྐྱེན་བར་ཆད་ཀུན་ཞི་ནས། །དོན་གཉིས་བསམ་རྒུ་ལྷུན་གྲུབ་དཔལ་ཐོབ་ཤོག །{{TibChung|ཅེས་པའང་ {{FolioNumber|[22b]}} གདོང་ཐོག་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།}} ༈ །{{TibChung|གུ་རུ་བདེ་བ་ཆེན་མོའི་རྒྱུན་ཁྱེར་ནི།}} བླ་མ་བདེ་བ་ཆེན་པོས་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་ཟབ་མོའི་རྣལ་འབྱོར་བསྒོམ། །ཨ། སྐད་ཅིག་དྲན་རྫོགས་རང་གི་གཞི་ལུས་འདི། །དབང་ཆེན་རྟ་མགྲིན་གཏུམ་དྲག་ཉམས་བརྒྱས་སྒེག །གྲི་གུག་ཐོད་འཛིན་ཕག་མོ་ཡུམ་དང་སྦྱོར། །དུར་ཁྲོད་ཆས་རྫོགས་པད་ཉིར་རྒྱལ་བསེན་བརྫིས། །ཙིཏྟ་འོད་ཀྱི་གུར་ཁྱིམ་འཁྲིགས་པའི་དབུས། །རྩ་བའི་བླ་མ་ཨོ་རྒྱན་བདེ་བ་ཆེ། །མཉམ་བཞག་ཕྱག་ན་བདུད་རྩིའི་ཐོད་ཞལ་བསྣམས། །པད་ཞུ་གསང་ཕོད་བེར་སྨུག་བརྗིད་པར་གསོལ། །པད་ཟླར་སྐྱིལ་ཀྲུང་གཟི་བྱིན་ལམ་མེར་བཞུགས། །མོས་གུས་གདུང་བ་གསོལ་བཏབ་ཐུགས་རྒྱུད་བསྐུལ། །བརྩེ་བའི་ཉམས་འབར་ཕྱག་གི་བདུད་རྩི་ལུང་། །སྙིང་གི་ནང་གང་ལུས་སེམས་བདེ་བས་ཁྱབ། །རྣམ་རྟོག་གདོན་བགེགས་སྡུག་བསྔལ་རྗེས་མེད་ཡལ། །སྣང་གྲགས་བདེ་ཆེན་ཡེ་ཤེས་འཁོར་ལོར་སད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་ཧཱ་སུ་ཁ་སིདྡྷི་ཕ་ལ་ཧཱུྃ། {{TibChung|ཞེས་བཟླ།}} བླ་མ་ཡི་དམ་དབྱེར་མེད་རང་རིག་ངང་། །སྟོང་ཆེན་རྡོ་རྗེའི་སྲོག་ཏུ་ལྷུན་ {{FolioNumber|[23a]}} གྱིས་གྲུབ། །{{TibChung|ཅེས་མཉམ་པར་བཞག།}} དགེ་འདིས་བླ་མ་རང་གི་སེམས་ལས་རྙེད། །དུས་གསུམ་མི་འབྲལ་འགྲོགས་པའི་བསོད་ནམས་རྒྱུན། །མཐའ་ཡས་འགྲོ་བའི་དཔལ་དུ་ཡོངས་ཐོབ་ནས། །ཀུན་ཀྱང་བདེ་ཆེན་སྐུར་སྨིན་བཀྲ་ཤིས་ཤོག །{{TibChung|ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།}} ༈ །{{TibChung|རྗེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་བླ་མའི་རྣལ་འབྱོར་ནི།}} ན་མོ། རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེར། །སྒོ་གསུམ་གུས་པས་མི་འབྲལ་སྐྱབས་སུ་བཟུང་། །མ་གྱུར་འགྲོ་རྣམས་གཏན་བདེའི་ས་མཆོག་ཏུ། །དྲང་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ་པར་བྱ། །ཨ། སྟོང་ཉིད་ངང་ལས་ཆུ་ལས་ཆུ་ལྦུར་བཞིན། །རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། །མདུན་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །རིན་ཆེན་སེང་ཁྲི་པད་ཉིའི་གདན་སྟེང་དུ། །རིགས་ཀུན་ཁྱབ་བདག་ངག་དབང་རྣམ་པར་རྒྱལ། །དཀར་དམར་མཛེས་མཛུམ་ལང་ཚོའི་ཉམས་གྱིས་སྒེག །ཕྱག་གཡས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཅན། །གཡོན་པས་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས། །སྐུ་ལ་རྣམ་གསུམ་དུར་སྨྲིག་གོས་ཀྱིས་ཀླུབས། ། {{FolioNumber|[23b]}} དབུ་ལ་དབང་མཚོན་སྒོམ་ཞུའི་ཅོད་པན་མཛེས། །འཇའ་ཟེར་ཀློང་དུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དཔྲལ་བར་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ། །མགྲིན་པར་འཆི་མེད་ཡིད་བཞིན་འཁོར་ལོ་འཆང་། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད། །ཀུན་ཀྱང་རང་རང་ཆ་བྱད་ཡོངས་སུ་རྫོགས། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་ཤར། །སྐུ་ལས་རྩ་གསུམ་རྒྱལ་བའི་སྤྲིན་ཕུང་འཕྲོས། །སྣང་སྲིད་བླ་མའི་ད་ལར་སད་པར་གྱུར། །རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོ་ལ། །གུས་པས་ཕྱག་འཚལ་མཆོད་པའི་སྤྲིན་གྱིས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །དགེ་ཚོགས་བསྔོ་འོ་འགྲོ་ཀུན་སངས་རྒྱས་ཤོག །འཇིག་རྟེན་དབང་ཕྱུག་{{TibChung|སོགས་ནས།}} གྱུར་ཅིག་གུ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཆེ། །མ་འགགས་སྒྱུ་འཕྲུལ་དྲྭ་བ་རོལ་པའི་གར། །འཇིག་རྟེན་ངག་གི་དབང་ཕྱུག་ལྷའི་བླ་མ། །ཕྱོགས་ལས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །{{TibChung|ཅི་མང་བརྗོད་ནས།}} ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་དྷ་ར་ཝ་གིནྡྲ་ཛ་ཡ་ཧྲཱིཿཏཱྃ་བྷྲཱུྃ་ཨཱ་ཡུ་སིདྡྷི་ཧཱུྃ་སྭཱ་ཧཱ། {{TibChung|ཅི་ནུས་བཟླས་མཐར།}} བླ་ {{FolioNumber|[24a]}} མའི་གསང་གསུམ་རྡོ་རྗེའི་ས་བོན་ལས། །བྱིན་རླབས་བདུད་རྩིའི་འོད་ཟེར་རིམ་བཞིན་འཕྲོས། །རང་གི་གནས་གསུམ་ཐིམ་པས་སྐུ་གསུང་ཐུགས། །ཡེ་ཤེས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས། །རང་ཉིད་འོད་ཞུ་འོད་དམར་གོང་བུར་གྱུར། །སྐར་མདའ་འཕང་བཞིན་བླ་མའི་ཐུགས་ཀར་ཐིམ། །ཐུགས་ཡིད་གཅིག་འདྲེས་འཆི་མེད་གཉུག་མའི་ངང་། །བདེ་སྟོང་ལྷན་སྐྱེས་ཆོས་སྐུའི་ངང་དུ་ཨ། །དགེ་འདིས་བདག་གཞན་མཐའ་ཡས་འགྲོ་བ་ཀུན། །རིགས་ཀྱི་བདག་པོས་བརྩེ་བས་རྗེས་བཟུང་སྟེ། །རྡོ་རྗེའི་གསེང་ལམ་དཀའ་བ་མེད་བགྲོད་ནས། །ཟུང་འཇུག་ཡེ་ཤེས་བླ་མའི་ས་ཐོབ་ཤོག །{{TibChung|ཅེས་པའང་མི་རྗེ་ཕུན་ཚོགས་དབང་འདུས་ཀྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 17:47, 24 February 2026
| Wylie title | bla ma'i rnal 'byor gyi skor phyogs gcig tu bsdebs pa byin rlabs bdud rtsi'i dga' ston | |
|---|---|---|
| Location | bdud 'joms rin po che'i bka' 'bum Volume 25, Text 5, Pages 107-153 (Folios 1a1 to 24a4) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bla ma'i rnal 'byor gyi skor phyogs gcig tu bsdebs pa byin rlabs bdud rtsi'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 107-153. Kalimpong: Dupjung Lama, 1979-1985. | |
| Side notes | Recto: bla rnal Verso: sna tshogs skor | |
| More details More details | ||
| Genre | Guru Yoga Texts - bla ma'i rnal 'byor | |