TTDL-ZABTER-07-JA-045: Difference between revisions

From Dudjom Wiki
TTDL-ZABTER-07-JA-045
(Imported new text files with Wyckibaat for processing)
 
m (Text replacement - "༴" to "༴ ")
 
(3 intermediate revisions by 2 users not shown)
Line 1: Line 1:
༠༠༠༠༠༠བརྡ་ཡིག༥༦༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲོལ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་གུ་རུ་བྷྱ༔ ༠༠༠༠༠བརྡ་ཡིག༥༦༣ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་༔ ལོངས་སྐུའི་སྟོན་པ་རྡོར་སེམས་རྡོ་རྗེ་ཆོས༔ སྤྲུལ་སྐུའི་སྟོན་པ་དགའ་རབ་ཤྲཱི་སེང་སོགས༔ སྐུ་གསུམ་བརྒྱུད་པའི་བླ་མ་ཐམས་ཅད་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རིགས་ཀྱི་ཁྱབ་བདག་པདྨ་འབྱུང་གནས་དང་༔ བཀའ་ཡི་བསྡུ་བ་མཛད་པའི་མཚོ་རྒྱལ་ཡུམ༔ གྲུབ་པ་མངོན་གྱུར་ཁྱེའུ་ཆུང་ལོ་ཙཱ་བ༔ གཉིས་མེད་དྲིན་ཆེན་བླ་མ་རིན་པོ་ཆེ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རིགས་ལྔ་དབྱིངས་ཀྱི་རྗེ་མོའི་སྤྱི་གཞི་མཆོག༔ འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཐུགས་རྗེ་ཅན༔ རྒྱལ་བ་ཀུན་ཡུམ་བདེ་ཆེན་ཀུན་ཏུ་བཟང་༔ སྐུ་གསུམ་ལྷུན་གྲུབ་འཁོར་འདས་སྤྱི་རྗེ་མོ༔ རྣམ་གསུམ་དད་པའི༴སྒོ་གསུམ་རྡོ་རྗེ་གསུམ་དུ༴གདུལ་བྱ་གདུལ་དཀའ་ཐབས་ཀྱིས་འདུལ་བའི་ཕྱིར༔ སྤྲུལ་པའི་ལྷ་མོ་ཉི་ཤུ་རྩ་གཅིག་དང་༔ ཡང་སྤྲུལ་སྲིད་པ་མ་མོའི་དཀྱིལ་འཁོར་ཚོགས༔ བསྟན་པ་བསྲུང་ཞིང་ཕྲིན་ལས་སྒྲུབ་པའི་ལྷ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ༔ རྣམ་གསུམ་དད་པའི༴སྒོ་གསུམ་རྡོ་རྗེ་གསུམ་དུ༴ཕྱི་རྐྱེན་དགྲ་བགེགས་འབྱུང་པོའི་འཚེ་བ་དང་༔ ནང་རྐྱེན་མི་ནད་ནོར་གྱི་གོད་ཁ་དང་༔ གསང་རྐྱེན་ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་སོགས༔ མདོར་ན་གཟུང་འཛིན་འཁྲུལ་བའི་ཆོས་སོ་ཅོག༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་དབྱིངས་ཉིད་དུ༔ བཤིག་ནས་གཞོན་ནུ་བུམ་སྐུའི་ས་ལ་དྲོངས༔ དུག་གསུམ་རྐྱེན་གྱིས་བསྐྱེད་པའི་སྒོ་གསུམ་པོ༔ རྒྱལ་བ་ཀུན་ཡུམ་འཕགས་མ་སྒྲོལ་མ་ཡིས༔ རྡོ་རྗེ་གསུམ་གྱི་རོལ་པར་སྨིན་གྲོལ་ཏེ༔ ཆོས་སྐུ་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་ན༔ བརྒྱུད་གསུམ་བླ་མའི་དགོངས་རྒྱུད་འཕོ་བ་དང་༔ མ་དང་མཁའ་འགྲོས་བྱིན་གྱིས་རློབ་པ་དང་༔ མཆོག་གི་དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་ཨོ་རྒྱན་རང་ཤར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲོལ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས༔
|fulltitle=chos nyid nam mkha'i klong mdzod las: sgrol ma'i gsol 'debs byin rlabs char 'bebs:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las sgrol ma'i gsol 'debs byin rlabs char 'bebs''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 7: 563-564. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|author=bdud 'joms gling pa
|sourcerevealer=bdud 'joms gling pa
|tibgenre=Supplications - gsol 'debs
|terma=Yes
|deity=sgrol ma
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|language=Tibetan
|volumenumber=07
|volnumtib=༧
|volyigtib=ཇ
|totalvolumes=21
|textnuminvol=045
|pagenumbers=563-564
|totalpages=2
|beginfolioline=1a1
|endfolioline=1b6
|totalfolios=1
|multivolumework=No
|rectonotes=gsol 'debs
|versonotes=bdud 'joms sgrol ma
|colophontib=ཞེས་པ་འདི་ཡང་སློབ་བུ་ཨོ་རྒྱན་རང་ཤར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
|colophonwylie=zhes pa 'di yang slob bu o rgyan rang shar gyis nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'i yi ge pa ni mkhyen rab rgya mtsho'o/_/dge'o/_/legs so/_/sarba mang+ga laM//
|pdflink=File:TTDL-ZABTER-07-JA-045.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=JA
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|དྷི།༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲོལ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་གུ་རུ་བྷྱ༔ ({{TibChung|བརྡ་ཡིག་}})  ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་༔ ལོངས་སྐུའི་སྟོན་པ་རྡོར་སེམས་རྡོ་རྗེ་ཆོས༔ སྤྲུལ་སྐུའི་སྟོན་པ་དགའ་རབ་ཤྲཱི་སེང་སོགས༔ སྐུ་གསུམ་བརྒྱུད་པའི་བླ་མ་ཐམས་ཅད་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རིགས་ཀྱི་ཁྱབ་བདག་པདྨ་འབྱུང་གནས་དང་༔ བཀའ་ཡི་བསྡུ་བ་མཛད་པའི་མཚོ་རྒྱལ་ཡུམ༔ གྲུབ་པ་མངོན་གྱུར་ཁྱེའུ་ཆུང་ལོ་ཙཱ་བ༔ གཉིས་མེད་དྲིན་ཆེན་བླ་མ་རིན་པོ་ཆེ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རིགས་ལྔ་དབྱིངས་ཀྱི་རྗེ་མོའི་སྤྱི་གཞི་མཆོག༔ འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཐུགས་རྗེ་ཅན༔ རྒྱལ་བ་ཀུན་ཡུམ་བདེ་ཆེན་ཀུན་ཏུ་བཟང་༔ སྐུ་གསུམ་ལྷུན་གྲུབ་འཁོར་འདས་སྤྱི་རྗེ་མོ༔ རྣམ་གསུམ་དད་པའི༴ སྒོ་གསུམ་རྡོ་རྗེ་གསུམ་དུ༴ གདུལ་བྱ་གདུལ་དཀའ་ཐབས་ཀྱིས་འདུལ་བའི་ཕྱིར༔ སྤྲུལ་པའི་ལྷ་མོ་ཉི་ཤུ་རྩ་གཅིག་དང་༔ ཡང་སྤྲུལ་སྲིད་པ་མ་མོའི་དཀྱིལ་འཁོར་ཚོགས༔ བསྟན་པ་བསྲུང་ཞིང་ཕྲིན་ལས་སྒྲུབ་པའི་ལྷ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ༔ རྣམ་གསུམ་དད་པའི༴ སྒོ་གསུམ་རྡོ་རྗེ་གསུམ་དུ༴  ཕྱི་རྐྱེན་དགྲ་བགེགས་འབྱུང་པོའི་འཚེ་བ་དང་༔ ནང་རྐྱེན་མི་ནད་ནོར་གྱི་གོད་ཁ་དང་༔ གསང་རྐྱེན་ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་སོགས༔ མདོར་ན་གཟུང་འཛིན་འཁྲུལ་བའི་ཆོས་སོ་ཅོག༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་དབྱིངས་ཉིད་དུ༔ བཤིག་ནས་གཞོན་ནུ་བུམ་སྐུའི་ས་ལ་དྲོངས༔ དུག་གསུམ་རྐྱེན་གྱིས་བསྐྱེད་པའི་སྒོ་གསུམ་པོ༔ རྒྱལ་བ་ཀུན་ཡུམ་འཕགས་མ་སྒྲོལ་མ་ཡིས༔ རྡོ་རྗེ་གསུམ་གྱི་རོལ་པར་སྨིན་གྲོལ་ཏེ༔ ཆོས་སྐུ་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་ན༔ བརྒྱུད་གསུམ་བླ་མའི་དགོངས་རྒྱུད་འཕོ་བ་དང་༔ མ་དང་མཁའ་འགྲོས་བྱིན་གྱིས་རློབ་པ་དང་༔ མཆོག་གི་དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་ཨོ་རྒྱན་རང་ཤར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}}
</onlyinclude>
{{TsagliCall}}
<headertabs/>

Latest revision as of 10:10, 4 September 2025

Wylie title chos nyid nam mkha'i klong mdzod las: sgrol ma'i gsol 'debs byin rlabs char 'bebs: TTDL-ZABTER-07-JA-045.pdf
Location bdud 'joms gling pa zab gter
Volume 7, Text 45, Pages 563-564 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sgrol ma'i gsol 'debs byin rlabs char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 563-564. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms sgrol ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity sgrol ma
Colophon

ཞེས་པ་འདི་ཡང་སློབ་བུ་ཨོ་རྒྱན་རང་ཤར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang slob bu o rgyan rang shar gyis nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'i yi ge pa ni mkhyen rab rgya mtsho'o/_/dge'o/_/legs so/_/sarba mang+ga laM//

[edit]
དྷི།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲོལ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་གུ་རུ་བྷྱ༔ (བརྡ་ཡིག་) ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་༔ ལོངས་སྐུའི་སྟོན་པ་རྡོར་སེམས་རྡོ་རྗེ་ཆོས༔ སྤྲུལ་སྐུའི་སྟོན་པ་དགའ་རབ་ཤྲཱི་སེང་སོགས༔ སྐུ་གསུམ་བརྒྱུད་པའི་བླ་མ་ཐམས་ཅད་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རིགས་ཀྱི་ཁྱབ་བདག་པདྨ་འབྱུང་གནས་དང་༔ བཀའ་ཡི་བསྡུ་བ་མཛད་པའི་མཚོ་རྒྱལ་ཡུམ༔ གྲུབ་པ་མངོན་གྱུར་ཁྱེའུ་ཆུང་ལོ་ཙཱ་བ༔ གཉིས་མེད་དྲིན་ཆེན་བླ་མ་རིན་པོ་ཆེ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་མཛོད༔ རིགས་ལྔ་དབྱིངས་ཀྱི་རྗེ་མོའི་སྤྱི་གཞི་མཆོག༔ འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཐུགས་རྗེ་ཅན༔ རྒྱལ་བ་ཀུན་ཡུམ་བདེ་ཆེན་ཀུན་ཏུ་བཟང་༔ སྐུ་གསུམ་ལྷུན་གྲུབ་འཁོར་འདས་སྤྱི་རྗེ་མོ༔ རྣམ་གསུམ་དད་པའི༴ སྒོ་གསུམ་རྡོ་རྗེ་གསུམ་དུ༴ གདུལ་བྱ་གདུལ་དཀའ་ཐབས་ཀྱིས་འདུལ་བའི་ཕྱིར༔ སྤྲུལ་པའི་ལྷ་མོ་ཉི་ཤུ་རྩ་གཅིག་དང་༔ ཡང་སྤྲུལ་སྲིད་པ་མ་མོའི་དཀྱིལ་འཁོར་ཚོགས༔ བསྟན་པ་བསྲུང་ཞིང་ཕྲིན་ལས་སྒྲུབ་པའི་ལྷ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ༔ རྣམ་གསུམ་དད་པའི༴ སྒོ་གསུམ་རྡོ་རྗེ་གསུམ་དུ༴ ཕྱི་རྐྱེན་དགྲ་བགེགས་འབྱུང་པོའི་འཚེ་བ་དང་༔ ནང་རྐྱེན་མི་ནད་ནོར་གྱི་གོད་ཁ་དང་༔ གསང་རྐྱེན་ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་སོགས༔ མདོར་ན་གཟུང་འཛིན་འཁྲུལ་བའི་ཆོས་སོ་ཅོག༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་དབྱིངས་ཉིད་དུ༔ བཤིག་ནས་གཞོན་ནུ་བུམ་སྐུའི་ས་ལ་དྲོངས༔ དུག་གསུམ་རྐྱེན་གྱིས་བསྐྱེད་པའི་སྒོ་གསུམ་པོ༔ རྒྱལ་བ་ཀུན་ཡུམ་འཕགས་མ་སྒྲོལ་མ་ཡིས༔ རྡོ་རྗེ་གསུམ་གྱི་རོལ་པར་སྨིན་གྲོལ་ཏེ༔ ཆོས་སྐུ་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་ན༔ བརྒྱུད་གསུམ་བླ་མའི་དགོངས་རྒྱུད་འཕོ་བ་དང་༔ མ་དང་མཁའ་འགྲོས་བྱིན་གྱིས་རློབ་པ་དང་༔ མཆོག་གི་དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་ཨོ་རྒྱན་རང་ཤར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།