TTDL-ZABTER-08-NYA-038: Difference between revisions
(Imported new text files with Wyckibaat for processing) |
m (Text replacement - "ཧོཿ" to "ཧོཿ ") |
||
| (4 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝའི་ཞལ་ཧོམ་ལས་བཞི་ལྷུན་གྲུབ༔ | |||
|fulltitle=zab gsang mkha' 'gro'i snying thig las: dbang phyug ma hA dA+e wa'i zhal hom las bzhi lhun grub: | |||
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las dbang phyug ma hA dA+e wa'i zhal hom las bzhi lhun grub''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 8: 323-327. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |||
|author=bdud 'joms gling pa | |||
|sourcerevealer=bdud 'joms gling pa | |||
|tibgenre=Activity Practices - las tshogs | |||
|terma=Yes | |||
|cycle=zab gsang mkha' 'gro'i snying thig | |||
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ | |||
|language=Tibetan | |||
|volumenumber=08 | |||
|volnumtib=༨ | |||
|volyigtib=ཉ | |||
|totalvolumes=21 | |||
|textnuminvol=038 | |||
|pagenumbers=323-327 | |||
|totalpages=5 | |||
|beginfolioline=1a1 | |||
|endfolioline=3a2 | |||
|totalfolios=3 | |||
|multivolumework=No | |||
|rectonotes=zhal hom | |||
|versonotes=bdud 'joms bka' srung lha chen | |||
|colophontib=ཞེས་པ་འདི་སློབ་བུ་རིག་གྲགས་ཞེས་བྱ་བས་ནན་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |||
|colophonwylie=zhes pa 'di slob bu rig grags zhes bya bas nan bskul ngor bdud 'joms rdo rjes zab gsang mkha' 'gro'i klong mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM// | |||
|pdflink=File:TTDL-ZABTER-08-NYA-038.pdf | |||
|authortib=བདུད་འཇོམས་གླིང་པ་ | |||
|sourcerevealertib=བདུད་འཇོམས་གླིང་པ་ | |||
|volumeLetter=NYA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝའི་ཞལ་ཧོམ་ལས་བཞི་ལྷུན་གྲུབ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) སྣང་སྲིད་ཀུན་གྱི་དབང་ཕྱུག་ཆེ༔ མ་ཧཱ་དཱེ་ཝ་ལ་བརྟེན་པའི༔ སྲེག་བླུགས་ལས་བཞིའི་ཕྲིན་ལས་ལ༔ མངའ་དབང་བསྒྱུར་བའི་ཆོ་ག་ནི༔ རྫས་ལ་ཙན་དན་དཀར་དམར་དང་༔ མཚལ་དང་ལི་ཁྲི་དབང་གི་རྫས༔ སྐག་དང་འབྲི་མོག་འབྱུང་བཞིའི་ཁྲག༔ མེ་ཏོག་དམར་པོ་རྣམས་བསྡུས་ཏེ༔ ཆུ་ལ་བཏབ་པའི་ཁུ་བ་དང་༔ ནས་འབྲས་གྲོ་དང་ཏིལ་དཀར་ནག༔ སོ་བ་ཡུངས་དཀར་འབྲུ་སྣ་ཚོགས༔ གཞན་ཡང་མངར་བའི་རོ་ལྡན་ཚོགས༔ བཟའ་འོས་ཟས་སྣ་ཆ་ཚོགས་དང་༔ སྤོད་ཀྱི་རིགས་བྱེད་གང་ཡང་རུང་༔ དུག་རིགས་མ་གཏོགས་ཀུན་བསགས་ཏེ༔ གོང་གི་དབང་ཆུས་སྦག་ནས་སུ༔ བསྲེག་རྫས་མཆོག་ཏུ་བཤམས་བྱས་ཏེ༔ དུག་དང་རྫས་ངན་མ་གཏོགས་པའི༔ དྲོད་ལྡན་སྨན་སྣ་ཅི་འབྱོར་བསགས༔ དེ་ནས་མེ་ཐབ་བརྐོ་བརྩིགས་ནི༔ གང་ཡང་རུང་སྟེ་ཐིག་དམར་ནི༔ ཟླ་གམ་སུམ་བརྩེགས་བྲིས་པའི་དབུས༔ སྲོག་གི་སྙིང་པོ་བྲིས་ནས་སུ༔ ཐ་མ་ཕྱི་ཁྱམས་འཁོར་ཡུག་ཏུ༔ ལྕགས་ཀྱུ་ཞགས་པ་ནོར་བུ་དང་༔ གཏེར་གྱི་བུམ་པ་རིས་སུ་བྲིས༔ དེ་མཐར་མེ་ཡི་ར་བས་བསྐོར༔ བརྩིགས་ཐབ་ལ་ནི་དབང་གི་ཤིང་༔ འོམ་བུ་ཤུག་དམར་གྱ་ལྟ་སོགས༔ དེ་དག་གང་ཡང་རུང་བའི་ཧོམ༔ ཟླ་གམ་དབྱིབས་སུ་བརྩིགས་པར་བྱ༔ རང་ཉིད་ཡི་དམ་ལྷག་པའི་ལྷའི༔ བསྐྱེད་རིམ་གནད་ཀྱི་གཞུང་དུ་འཇུག༔ འབོད་སྔགས་མང་བཟླས་ཚོགས་བསྐང་མཐར༔ དཀར་ཕྱོགས་རྣམས་ལ་དཀར་གཏོར་དང་༔ ཤ་ཁྲག་ལ་དགྱེས་གདོན་བགེགས་ལ༔ བགེགས་ཀྱི་གཏོར་མ་ཤ་འབྲས་ཆན༔ བཏང་ནས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དེ་ནས་མེ་ཧོམ་ཆབ་ཀྱིས་བྲན༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཨོཾ་སྭ་བྷཱ་ཝ་སོགས་མེ་ཐབ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་ཉིད་ཡི་དམ་ཧེ་རུ་ཀའི་མདུན་དུ༔ བྷྲུྃཿལས་རིན་པོ་ཆེ་སྣ་ཚོགས་ལས་སོགས་ནས་ལྷ་བསྐྱེད་རིམ་པ་ཚང་བར་བརྗོད༔ དེ་ནས་སྤྱན་འདྲེན་རྫོགས་མཐར༔ དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞལ་གདངས་པའི་ནང་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་སྐུ་གསུང་ཐུགས་ཀྱི་བདུད་རྩི་ལ་ངོ་བོ་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བསྟབས་ཏེ་ཐུགས་བདེ་སྟོང་གི་རོས་མཉེས་ཤིང་ཚིམས་པར་བསམ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིང་༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ ཨ་མྲྀ་ཏ་ཁཱ་ཧི༔ ལན་བདུན་གྱིས་བྱོན་སྐྱེམས་ཕུལ༔ དེ་ནས་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་གྱི་སྐབས་སུ་ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང་བཅས་པ་ཕུལ་མཐར༔ ཨ་ཀཱ་རོ་སོགས་ལན་གསུམ་ནམ་མཁའ་མཛོད་སྔགས་ལན་བདུན་གྱིས་ངོ་བོ་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་བསྐྱེད་ཅིང་གསལ་ལ་བྱིན་གྱིས་བརླབས༔ དེ་ནས་མེ་ཐབ་ཏུ་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་བསྐྱེད་ཅིང་གསལ་ལ༔ ཧོཿ ཚོགས་ཀྱི་དབང་ཕྱུག་ཚོགས་ཀྱི་བདག༔ དབང་ཆེན་ལྷ་ཡི་བླ་མ་ཁྱོད༔ གདོད་ནས་ཡེ་སངས་རྒྱས་མོད་ཀྱང་༔ འགྲོ་བའི་དོན་དུ་སྐུར་བཞེངས་པ༔ ཡིད་ལ་དྲན་ཅིང་གུས་པས་འདུད༔ བདག་གིས་དངོས་འབྱོར་ཡིད་སྤྲུལ་གྱི༔ སྲེག་བླུགས་མཆོད་པ་འདི་འབུལ་བཞེས༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ གང་འདོད་དོན་ལ་ཁ་བསྒྱུར་བྱ༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིང་༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སླར་ཡང་ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་བཅས་པ་ཕུལ་ནས༔ གཞུང་གི་བསྟོད་པ་ཕྲིན་བཅོལ་དང་བཅས་པ་རྫོགས་རྗེས་གོང་གི་གཤེགས་སྐྱེམས་ཕུལ༔ ཁ་བསྐང་བཤགས་པ་བྱ་བ་ལ༔ དབང་ཕྱུག་འཁོར་བཅས་དགོངས་སུ་གསོལ༔ བདག་ནི་འབྱོར་ཆུང་ལས་དབང་གིས༔ མ་རྙེད་མ་ཚང་མ་འཚལ་བ༔ ཁྱོད་ཀྱི་ཐུགས་མི་དགྱེས་པ་ཡི༔ ལས་དང་བྱ་བྱེད་ཅི་མཆིས་པ༔ སྙིང་ནས་བཤགས་སོ་བཟོད་པར་གསོལ༔ ཞེས་ཡི་གེ་བརྒྱ་པ་དང་རྟེན་འབྲེལ་སྙིང་པོ་བརྗོད༔ འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་བསམ་ལ༔ འབྲུ་སྣ་གང་ཡང་རུང་བ་གཏོར་ཅིང་མཆོད༔ དངོས་གྲུབ་ཞུ་བ་ལ༔ ཁམས་གསུམ་དབང་ཕྱུག་ཆེན་པོ་དགོངས༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ ཚེ་ཆོས་ཟས་ནོར་ལོངས་སྤྱོད་དཔལ༔ སྣང་སྲིད་དབང་བསྡུས་དངོས་གྲུབ་སྩོལ༔ དྲིལ་སྔགས་མཐར༔ སརྦ་སིདྡྷི་ཕ་ལ་ཧོཿ ཞེས་ལན་གསུམ་བརྗོད་དེ་དངོས་གྲུབ་བླངས༔ དབང་ཕྱུག་ཆེན་པོ་འཁོར་དང་བཅས་པའི་སྐུའི་འོད་ཕུང་དང་བཅས་ཏེ་འདོད་རྒུའི་དཔལ་ཡོན་གྱི་ཆར་ཆེན་པོ་བབ་ནས་བདག་གི་གནས་ཁང་བང་མཛོད་ཐམས་ཅད་མེར་མེར་ཏིང་ཏིང་གང་བར་བསྒོམ༔ དེ་ནས་གཤེགས་གསོལ་བྱ་བ་ལ༔ ཧོཿ སྦྱིན་སྲེག་མཆོད་པ་ཕུལ་བའི་ལྷ༔ བསྙེན་བསྒྲུབ་ལྷ་ཡི་དབྱིངས་སུ་གཤེགས༔ ཇི་སྲིད་འཚོ་ཡི་བར་དུ་ནི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་བཛྲ༔ དེ་ནས་ཤིས་པ་བརྗོད་པ་ལ༔ དབང་གི་ཕྲིན་ལས་བསྒྲུབ་པའི་ཐབ་ཁུང་དུ༔ སྣང་སྲིད་དབང་བསྡུས་འོད་ཕུང་དམར་པོ་འཁྲིགས༔ གང་འདོད་ཕྲིན་ལས་ཡོངས་སུ་གྲུབ་པ་ཡི༔ ཁམས་གསུམ་དབང་དུ་སྡུད་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་སྲེག་བླུགས་མང་བསྐྱར་བས༔ དབང་གི་ཕྲིན་ལས་ཡོངས་གྲུབ་སྟེ༔ ལོངས་སྤྱོད་འཕེལ་ཞིང་དངོས་གྲུབ་འབྱུང་༔ སྣང་སྲིད་དྲེགས་པའི་གཙོ་བོར་འགྱུར༔ བཀའ་སྲུང་གཟའ་མཆོག་ཆེན་པོས་སྲུངས༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་རིག་གྲགས་ཞེས་བྱ་བས་ནན་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Latest revision as of 09:30, 4 September 2025
| Wylie title | zab gsang mkha' 'gro'i snying thig las: dbang phyug ma hA dA+e wa'i zhal hom las bzhi lhun grub: | |
|---|---|---|
| Location | bdud 'joms gling pa zab gter Volume 8, Text 38, Pages 323-327 (Folios 1a1 to 3a2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dbang phyug ma hA dA+e wa'i zhal hom las bzhi lhun grub. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 323-327. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: zhal hom Verso: bdud 'joms bka' srung lha chen | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Practices - las tshogs | |
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Colophon |
ཞེས་པ་འདི་སློབ་བུ་རིག་གྲགས་ཞེས་བྱ་བས་ནན་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di slob bu rig grags zhes bya bas nan bskul ngor bdud 'joms rdo rjes zab gsang mkha' 'gro'i klong mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM// | ||