TTDL-ZABTER-18-TSHA-050: Difference between revisions
From Dudjom Wiki
TTDL-ZABTER-18-TSHA-050
(Imported new text files with Wyckibaat for processing) |
No edit summary |
||
| (4 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{Text | |||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=ན་མོ་གུ་རུ་སོགས་པད་བདེར་གདམས་པ། | |||
|fulltitle=na mo gu ru sogs pad bder gdams pa | |||
|citation=Khrag 'thung [[Bdud 'joms gling pa]]. ''Na mo gu ru sogs pad bder gdams pa''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 179-181. Thimphu, Bhutan: Lama Kuenzang Wangdue, 2004. | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|collectiontitle=bdud 'joms gling pa zab gter | |||
|author=bdud 'joms gling pa | |||
|tibgenre=Advice - zhal gdams | |||
|terma=No | |||
|volumenumber=18 | |||
|volnumtib=༡༨ | |||
|volyigtib=ཚ | |||
|totalvolumes=21 | |||
|textnuminvol=050 | |||
|pagenumbers=179-181 | |||
|totalpages=3 | |||
|beginfolioline=90a1 | |||
|endfolioline=91a6 | |||
|totalfolios=2 | |||
|multivolumework=No | |||
|rectonotes=zhal gdams | |||
|versonotes=bdud 'joms gsung mgur skor | |||
|colophontib=ཅེས་པད་བདེའི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། | |||
|colophonwylie=ces pad bde'i ngor bdud 'joms pas smras pa yongs su dge bar gyur cig/ | |||
|pdflink=File:TTDL-ZABTER-18-TSHA-050.pdf | |||
|authortib=བདུད་འཇོམས་གླིང་པ་ | |||
|volumeLetter=TSHA | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །ན་མོ་གུ་རུ། འཁོར་འདས་དག་མཉམ་སྟོང་ཆེན་གྱི་མཁའ་ལ། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་ཀློང་མཛོད། །གདུལ་བྱའི་ཁམས་དང་དབང་པོ་རུ་བསྟུན་པའི། །ས་ལམ་ཉམས་རྟོགས་འབྲས་བུ་ཀུན་རང་བྱུང་། །ཆོས་ཉིད་སྤྲོས་བྲལ་ནམ་མཁའ་ཡི་ཀློང་མཛོད། །མངོན་གྱུར་རིག་སྟོང་རྫོགས་ཆེན་ལ་ཆས་འགྲོ། །ཨ་ཧོ།ཡང་ཅིག་གསོན་དང་སྐལ་ལྡན་གྱི་སྐྱེས་བུ། །དལ་མེད་བྱ་བྱེད་ཆོས་མིན་གྱི་བསམ་པ། །འཁོར་བར་བསོད་ནམས་བསགས་པ་ཞིག་རེད་ན། །རྣམ་མཁྱེན་སངས་རྒྱས་ཐོབ་དུས་ནི་མི་འོང་། །དཀའ་ཚེགས་མི་དགོས་ཉལ་ས་རང་ནོན་ན། །རྫོགས་པའི་སངས་རྒྱས་རང་ཐོག་ཏུ་འགྲུབ་འོང་། །ཁ་དང་ལག་པ་དལ་མེད་ཀྱི་སྤྱོད་པས། །གྲོལ་བ་ཐོབ་པ་གང་ཡིན་ལ་བལྟས་ན། །གནམ་ས་ཙམ་ལས་རྒྱང་ཐག་ནི་རིང་སོང་། །ཡུལ་དྲུག་སྣང་བའི་རང་མཚང་ལ་བརྟག་ན། །ཐམས་ཅད་སྟོང་ཉིད་ཡུལ་མེད་དུ་འདུག་པ། །རྨི་ལམ་སྒྱུ་མའི་དཔེ་བཅུ་ལ་འགྲན་པའི། །རང་སྣང་མེད་བཞིན་སྣང་བ་ལས་མེད་དོ། །སྟོང་ཉིད་དྭངས་གསལ་རྙོགས་བྲལ་གྱི་མཁའ་ལ། །འཁྲུལ་པའི་སྣང་སེམས་འཁོར་རྒྱུ་རུ་མཆེད་པ། །མེ་ལོང་གཟུགས་བརྙན་རྒྱ་མཚོ་དང་གཟའ་སྐར། །འཆར་གཞི་ཉིད་ལས་མེད་པ་དེ་བཞིན་ཏུ། །སྟོང་ཆེན་གཞི་ལས་མེད་པ་རུ་མཐོང་ཚེ། །འཁོར་འདས་རྫོགས་པ་ཆེན་པོ་རུ་མངོན་གྱུར། །ཀ་དག་སྒྲིབ་བྲལ་བརྡལ་ཁྱབ་ཀྱི་དབྱིངས་སུ། །གནས་ལུགས་ཡིན་ལུགས་མངོན་གྱུར་གྱི་རྟོགས་པས། །ཤེས་རབ་མིག་ཡངས་སྒྲོན་མ་རུ་མངོན་པས། །མ་དག་སྙིགས་མའི་སྣང་སེམས་ཀྱི་ཆོས་རྣམས། །དྭངས་མ་འོད་གསལ་ཆེན་པོ་རུ་འཕོ་བའི། །འཕོ་ཆེན་མྱུར་ལམ་སྙིང་པོ་རུ་སྤྱོད་ཚེ། །སྣང་སེམས་ཆོས་ཅན་ཆོས་ཉིད་དུ་དེངས་པའི། །མངོན་སུམ་སྣང་བ་སྒྲིབ་མེད་དུ་མངོན་གྱུར། །སླར་ཡང་རང་སྣང་འོད་གསལ་གྱི་རོལ་པ། །ཀ་དག་འོད་སྣང་གོང་འཕེལ་དུ་སངས་པའི། །མ་ངེས་རྣམ་རྟོག་ཆལ་མ་དང་ཆོལ་མ། །ཕྱི་ནང་བར་གསུམ་ཉམས་རྟོགས་ཀྱི་རོལ་པ། །གར་གྱི་འགྱུར་ལྡོག་ཇི་བཞིན་དུ་འབྱུང་སྲིད། །འཕེལ་ཚད་རྫོགས་པའི་སྣང་བ་ཡི་ཆོས་ཀུན། །འོད་གསལ་སྣང་བའི་རང་བཞིན་དུ་འཕོས་ནས། །འཁྲུལ་བའི་སྣང་བ་རྡུལ་ཙམ་ཞིག་མི་སྣང་། །རིག་པ་བཅུད་དུ་སྨིན་པ་ཡི་ཚད་ཕེབས། །སྣང་སྲིད་སྐུ་དང་ཞིང་ཁམས་ཀྱི་རོལ་པར། །སྨིན་འཕོས་མངོན་ཤེས་རྫུ་འཕྲུལ་ལ་དབང་འབྱོར། །ཁམས་གསུམ་དུས་གཅིག་བསྒྲལ་ནའང་འདྲེན་ནུས། །ཟླ་བ་དྲུག་ལས་མི་འགྱང་བར་གྲོལ་ཐོབ། །ཆོས་ཟད་བློ་འདས་ཆེན་པོ་རུ་ཆས་འགྲོ། །གཟུང་དང་འཛིན་པ་ཐད་ཀ་རུ་ཆད་ནས། །གདོད་མའི་གཞི་དབྱིངས་སྤྲོས་བྲལ་གྱི་ངང་དུ། །སྣང་སེམས་ཐམས་ཅད་ཆམ་བརྡལ་དུ་ཞིག་ནས། །བློ་འདས་དག་མཉམ་རོལ་པ་རུ་ཧར་སངས། །སླར་ཡང་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས། །མངོན་གྱུར་གཞོན་དུ་བུམ་སྐུ་རུ་ལྡང་ནས། །གདོད་མའི་མགོན་པོའི་གོ་འཕང་ལ་མཆོང་ཤོག །ཚེ་འདིའི་སྣང་བ་རྨི་ལམ་དང་སྒྱུ་མར། །ཤེས་ནས་ཆོས་བརྒྱད་བྱ་བ་ཀུན་ཅོག་བཞག །མི་མེད་ལུང་པའི་བྲག་ཕུག་ཏུ་གནས་ཤིང་། །བྱར་མེད་བྱ་བཏང་རྣལ་འབྱོར་དེའི་སྐྱིད་པ། །ཡ་རབས་གྲ་མའི་སྤྱོད་པ་དེར་ལྟོས་ལ། །ཆོས་བརྒྱད་སྤངས་པའི་ཆོས་པ་ཞིག་ཨེ་འོང་། །འཆི་བ་ཐོག་ཕེབས་དུས་བབ་ལ་ཐུག་ཚེ། །བཅོས་མིན་ན་དགའ་ཤི་སྐྱིད་ཞིག་ཨེ་འབྱུང་། །མི་རྒན་བདག་གི་བསམ་པའང་ཨེ་རྫོགས། །སྐྱེས་བུ་ཁྱོད་ལ་སྙིང་གཏམ་དང་ཁ་ད། །མ་བརྗེད་མཁའ་འགྲོའི་ཡང་ཐིག་དེ་ཟུངས་ཤིག །ཅེས་པད་བདེའི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Latest revision as of 15:19, 9 September 2024
| Wylie title | na mo gu ru sogs pad bder gdams pa | |
|---|---|---|
| Location | bdud 'joms gling pa zab gter Volume 18, Text 50, Pages 179-181 (Folios 90a1 to 91a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Na mo gu ru sogs pad bder gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 179-181. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: zhal gdams Verso: bdud 'joms gsung mgur skor | |
| More details More details | ||
| Genre | Advice - zhal gdams | |
| Colophon |
ཅེས་པད་བདེའི་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། | |
|
ces pad bde'i ngor bdud 'joms pas smras pa yongs su dge bar gyur cig/ | ||