TTDL-ZABTER-16-MA-032: Difference between revisions

From Dudjom Wiki
TTDL-ZABTER-16-MA-032
No edit summary
No edit summary
 
(3 intermediate revisions by 2 users not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག།
|fulltitle='od gsal rdzogs pa chen po'i gsang lam zab mo bcud du dril ba'i man ngag
|citation=Khrag 'thung [[Bdud 'joms gling pa]]. '''od gsal rdzogs pa chen po'i gsang lam zab mo bcud du dril ba'i man ngag''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 16: 445-457. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|tibgenre=Contemplative Guide Books and Instructional Manuals - khrid yig, Dzogchen - rdzogs pa chen po
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|terma=No
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=16
|volumenumber=16
|volumeLetter=MA
|volnumtib=༡༦
|volyigtib=མ
|totalvolumes=21
|textnuminvol=032
|textnuminvol=032
|pagenumbers=445-457
|totalpages=13
|beginfolioline=1a1
|endfolioline=7a6
|totalfolios=7
|multivolumework=No
|rectonotes=rdzogs chen
|versonotes=bdud 'joms snang sbyang bcud dril
|colophontib=།ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་སྐོར་བླ་མ་ཆོས་བསམ་དང་ངོ་མཚར་གཉིས་ཀྱིས་བསྐུལ་ངོར་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།  དགེའོ།  །དགེའོ།  །དགེའོ།  །སརྦ་མངྒ་ལཾ།།
|colophonwylie=/zhes pa 'di ni khrag 'thung rdo rje khro lod rtsal gyis chos skor bla ma chos bsam dang ngo mtshar gnyis kyis bskul ngor bris pa yongs su dge bar gyur cig/__dge'o/__/dge'o/__/dge'o/__/sarba mang+ga laM//
|pdflink=File:TTDL-ZABTER-16-MA-032.pdf
|pdflink=File:TTDL-ZABTER-16-MA-032.pdf
|authortib=བདུད་འཇོམས་གླིང་པ་
|volumeLetter=MA
|InitCategories=Dudjom Tersar Project; TTDL-ZABTER-Volume-16-MA
|InitCategories=Dudjom Tersar Project; TTDL-ZABTER-Volume-16-MA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།།འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག་ཅེས་བྱ་བ་བཞུགས་སོ།།
{{TibP|༄༅།  །འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག་ཅེས་བྱ་བ་བཞུགས་སོ།  །
༄༅།།འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག་འདི་ཉིད་ཉམས་སུ་ལེན་པ་ལ།གཞི་གཏན་ལ་དབབ་པ་དང་།ལམ་ཉམས་སུ་ལེན་པ།ཤན་འབྱེད་ཀྱི་འཕྱོང་བསྟན་པ་དང་གསུམ་ལས།དང་པོ་ལ་མ་དག་འཁོར་བའི་འཁྲུལ་ཚུལ་བཤད་པ་དང་།དག་པ་གཞིའི་མཚན་ཉིད་གཏན་ལ་དབབ་པ་དང་གཉིས་ལས།དང་པོ་ལ་ཕྱིའི་གཟུང་འཛིན་གཏན་ལ་བབ་པ་དང་།ནང་དང་གསང་བའི་གཟུང་འཛིན་གཏན་ལ་དབབ་པ་དང་།དེ་དག་མདོར་བསྡུས་ཏེ་བསྟན་པ་དང་གསུམ་ལས།དང་པོ་ལ་འཛིན་པ་གང་ཟག་གི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ་དང་།།གཟུང་བ་ཆོས་ཀྱི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ་དང་།དེ་ལྟར་གཏན་ལ་ཕབ་ནས་གཞི་རང་ཐོག་ཏུ་ཐག་བཅད་པ་དང་གསུམ་ལས།དང་པོ་ནི་ངར་འཛིན་ཡུལ་མེད་ཀྱི་ཕུག་གཏིབ་པ་ལ་བྱའོ།།གཉིས་པ་ལ་མིང་གི་གདགས་གཞི་བཙལ་བ།དངོས་པོའི་རྟག་འཛིན་གཞིག་པ།ཕན་གནོད་གྱི་མཚང་ལ་རྒོལ་བ།རེ་དོགས་ཀྱི་རྫུན་ཕུག་གཏིབ་པ་དང་བཞིའི་སྒོ་ནས་གཏན་ལ་དབབ་པའོ།།གསུམ་པ་ནི་ཐམས་ཅད་སྟོང་པ་ཉིད་དུ་བཤིག་ཅིང་སྟོང་པ་ཉིད་ངོ་བོ་ཉིད་དུ་ཐག་བཅད།ངོ་བོ་ཉིད་གཞི་ཐོག་ཏུ་ཐག་བཅད་པའོ།།གཉིས་པ་ནང་དང་གསང་བའི་གཟུང་འཛིན་གཏན་ལ་དབབ་པ་ལ་གཉིས་ལས།དང་པོ་ནང་གི་གཟུང་འཛིན་བསྟན་པ་ནི།ཤིན་ཏུ་ཕྲ་ཞིང་དཔྱོད་མི་འཇུག་པའི་ངར་འཛིན་ཕྲ་བ་གཅིག་སྐྱེས་པ་རྒྱུའི་མ་རིག་པ་སྟེ།།གཞིའི་ཞལ་རས་བསྒྲིབས་ཏེ་ཀུན་གཞིར་གྱུར།།དེ་ལ་ཀུན་གཞི་མཚན་ཉིད་པ་ནི་ཅི་ཡང་མི་སེམས་པའི་སྟོང་ཧད་དེ་བའོ།།དེ་ལས་རྣམ་པར་རྟོག་པ་འཆར་བའི་གཞི་སྟོང་ལ་གསལ་ཆ་ཐོན་པ་ཀུན་གཞིའི་རྣམ་ཤེས།དེ་ལས་ངར་འཛིན་རགས་པ་གཅིག་སྐྱེས་པ་ཉོན་ཡིད།དེ་མ་ཐག་ཏུ་བདག་དང་སྣང་བ་ཐམས་ཅད་མཆེད་པ་ཡིན།དེ་ན་རྣམ་རྟོག་སྔ་མ་དང་གཟུང་བ་ཡུལ་ཞེས་བྱའོ།།དེ་ལས་ཡིད་ལངས་ཏེ་སྣང་བའི་སྤུན་ཐག་བྱས།ཡིད་དེ་ལས་རྣམ་པར་རྟོག་པ་དྲུག་མཆེད་དེ་དབང་པོ་རྣམས་ཀྱི་སྒོ་སོ་སོར་ཞུགས་ནས་སྔར་ཉོན་ཡིད་ལས་གྲུབ་པའི་ཡུལ་རྣམས་ལ་མིང་སོ་སོར་བཏགས།དོན་སོ་སོར་བཟུང་།དངོས་པོ་སོ་སོར་འཐས།བདེ་སྡུག་བར་གསུམ་སོ་སོར་ཉེ་བར་བླང་ནས་འཁྲུལ་པ་ཡིན་ཏེ།དེ་ནི་རྣམ་རྟོག་ཕྱི་མ་དང་འཛིན་པ་སེམས་ཞེས་བྱའོ།།གཉིས་པ་གསང་བའི་གཟུང་འཛིན་ནི།སྣང་བ་ཐམས་ཅད་རྣམ་ཤེས་ཀྱི་སྣང་བ་གློ་བུར་བ་ཡིན་པར་སྟོན་པ་སྟེ།དེ་ཡང་མིག་གི་དབང་པོ་ལ་གཟུགས་འཆར་ཞིང་།རྣམ་པར་ཤེས་པས་གཟུགས་རགས་པ་ཧྲིལ་པོར་འཛིན་པ་ལ་རྣམ་རྟོག་སྔ་མ་དང་གཟུང་བ་ཡུལ་ཞེས་བྱའོ།།ཡིད་ཤེས་ཕྲ་བས་ཉེ་བར་ལེན་ཅིང་མངོན་པར་འདུ་བྱེད་པ་ལ་རྣམ་རྟོག་ཕྱི་མ་དང་འཛིན་པ་སེམས་ཞེས་བྱའོ།།དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དབང་རྣམས་ལ་རིམ་པ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་འཆར་ཞིང་རྣམ་པར་ཤེས་པ་རྣམས་ཀྱི་སྒྲ་ལ་སོགས་པའི་ཧྲིལ་པོར་བཟུང་ནས་ཡིད་ཤེས་ཕྲ་བས་དཔྱོད་ཅིང་གཟུང་འཛིན་གཉིས་སུ་འདུ་བྱེད་པའོ།།དེ་ལྟར་ལུགས་སུ་འབྱུང་ནས་འཁོར་བར་འདུ་བྱེད་ཅིང་།ལུགས་སུ་ལྡོག་ནས་ཁམས་གསུམ་གྱི་རྩེ་རུ་དུབ་པ་ཡིན།དེ་གཉིས་མེད་ཀྱི་རོལ་པར་རྟོགས་པ་ནི་ལྟ་བ་དངོས་དང་བསྒོམ་པའི་གེགས་སེལ་མེད་དུ་མི་རུང་བ་ཡིན།གསུམ་པ་དེ་དག་མདོར་བསྡུས་ཏེ་བསྟན་པ་ནི།དེ་ལ་གཟུང་འཛིན་ལ་དབྱེ་བ་གསུམ་དུ་བྱས་པ་ལ།དང་པོ་ཕྱིའི་གཟུང་འཛིན་ནི་ངར་འཛིན་ལ་འཛིན་པ་སེམས་དང་།ཡུལ་ཕ་གི་བ་ལ་གཟུང་བ་ཡུལ་དུ་བརྟན་པ་ལ་བྱའོ།།གཉིས་པ་ནང་གི་གཟུང་འཛིན་ནི།ཉོན་ཡིད་དང་དེའི་མཆེད་པ་ལ་གཟུང་བ་ཡུལ་དང་།ཡིད་དང་ཡིད་ཤེས་ལ་འཛིན་པ་སེམས་ཞེས་བྱ་བའོ།།གསུམ་པ་གསང་བའི་གཟུང་འཛིན་ནི།རྣམ་ཤེས་ཀྱི་སྣང་བ་གློ་བུར་བ་ལ་གཟུང་བ་ཡུལ་དང་།ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན་ནོ།།གཉིས་པ་དག་པ་གཞིའི་མཚན་ཉིད་བསྟན་པ་ལ།གཞིའི་མཚན་ཉིད་དངོས་བཤད་པ་དང་།ཐབས་དང་ཤེས་རབ་ཀྱི་གྱེས་མདོ་བསྟན་པ།མིང་གི་འཇུག་ཚུལ་བཤད་པ་དང་གསུམ་ལས།དང་པོ་བཟང་ངན་གྱི་བསྒྱུར་དུ་མི་བཏུབ་པ།སྤྲོས་པའི་མཐའ་བརྒྱད་དང་བྲལ་བ།རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ།སྐུ་ལྔ་སོགས་ལྔ་ཚན་བཞིའི་ཡོན་ཏན་ལྡན་ཚུལ་དང་བཞི་ལས།དང་པོ་གཞི་བདེ་གཤེགས་སྙིང་པོ་འདི་ཁྱབ་བརྡལ་ནམ་མཁའ་ལྟ་བུ་ཡུལ་མེད་པ་ཞིག་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་ཕན་མ་བཏགས་མི་ཐོགས་ཐོགས་པར་མི་འགྱུར་རོ།།སེམས་ཅན་གྱི་ཁམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཀྱིས་གནོད་པར་མ་བྱས་མི་བྱེད་བྱེད་པར་མི་འགྱུར་རོ།།དེ་ཡང་ཡུལ་མེད་པའི་ཕྱིར་རོ།།གཉིས་པ་ནི།གཞི་བདེ་གཤེགས་སྙིང་པོ་འདི་ཐོག་མཐའ་བར་གསུམ་དུ་མ་སྐྱེས་ཤིང་མི་སྐྱེ་སྐྱེ་བར་མི་འགྱུར་བའི་ཕྱིར་སྐྱེས་པའི་མཐའ་དང་བྲལ་བ།ནམ་ཡང་མེད་དུ་མི་འགྲོ་བའི་ཕྱིར་འགགས་པའི་མཐའ་དང་བྲལ་བ།ཡོད་པ་དངོས་པོའི་ཕྱོགས་སུ་མ་ལྷུང་པའི་ཕྱིར་རྒྱལ་བའི་སྤྱན་གྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བའི་ཕྱིར་རྟག་པའི་མཐའ་དང་བྲལ་བ།མེད་པ་ཅང་མེད་ཀྱི་ཕྱོགས་སུ་མ་ལྷུང་བ་འཁོར་འདས་གཉིས་ཀྱི་གཞི་རུ་གྲུབ་པའི་ཕྱིར་ཆད་པའི་མཐའ་དང་བྲལ་བ།དང་པོ་འོང་བའི་གནས་ཡུལ་བདག་པོ་མ་གྲུབ་པའི་ཕྱིར་འོང་བའི་མཐའ་དང་བྲལ་བ།དུས་གསུམ་དུ་འགྲོ་བའི་ཡུལ་དང་བདག་པོ་ལས་འདས་པའི་ཕྱིར་འགྲོ་བའི་མཐའ་དང་བྲལ་བ།འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་ཤར་བའི་ཕྱིར་དོན་གཅིག་པའི་མཐའ་དང་བྲལ་བ།འཁོར་འདས་ཐམས་ཅད་ངོ་བོ་ཉིད་དུ་རོ་གཅིག་པས་ན་ཐ་དད་པའི་མཐའ་དང་བྲལ་བའོ།།གསུམ་པ་ནི་གཞི་བདེ་གཤེགས་སྙིང་པོ་འདི་ཕྱོགས་གང་དུ་མ་ངེས་མཐའ་གང་དུ་མ་ལྷུང་བའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།ཕྱི་སྣང་བ་ལ་དངོས་མཚན་བདེན་གྲུབ་མ་མཆིས་པས་ཕྱི་སྟོང་པ་ཉིད།ནང་རང་སེམས་ལ་གཞི་རྩ་བྲལ་བས་ནང་སྟོང་པ་ཉིད།བར་གཟུང་འཛིན་གཉིས་སུ་མི་ཕྱེད་པས་དོར་བ་མེད་པའི་སྟོང་པ་ཉིད།ཚིག་དཔེ་དོན་གསུམ་གྱིས་མི་མཚོན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ།།རང་ལ་རང་གདིང་ཐོབ་ནས་རང་གྲོལ་བ་ལས་རྒྱུ་གཞན་སྟོབས་ཀྱིས་འབྲས་བུ་གཞན་ཡུལ་དུ་གྲོལ་བ་ལ་ཡིད་སྨོན་ཙམ་ཡང་མེད་པའི་ཕྱིར་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པའོ།།བཞི་པ་སྐུ་ལྔ་སོགས་བྱེ་བྲག་ཏུ་བཤད་པ་དང་།དེ་དག་བདེན་པ་གཉིས་སུ་བསྡུས་ཏེ་མཇུག་བསྡུ་བ་གཉིས་ལས།དང་པོ་ལ་བཞི་ལས།དང་པོ་སྐུ་ལྔ་ནི།འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་དུ་མ་བཅོས་རང་ཆས་སུ་ཡོད་པས་ན་ཆོས།ཡེ་ཤེས་ཡོན་ཏན་ཐམས་ཅད་ཚོགས་པའམ་སྤུངས་པ་ལྟ་བུ་ཡོད་པས་ན་སྐུ།ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་དུ་རང་རྫོགས་པས་ན་ལོངས་སྤྱོད་རྫོགས་སྐུ།ངང་ལས་མ་གཡོས་ཤིང་མ་སྤྲུལ།ཉིད་ལས་མི་གཞན་པའི་སྤྲུལ་པ་སྣ་ཚོགས་རང་ཆས་སུ་ཡོད་པས་ན་སྤྲུལ་སྐུ།སྐུ་གསུམ་ངོ་བོ་ཉིད་དུ་རོ་གཅིག་ཅིང་རང་བྱུང་བས་ན་ངོ་བོ་ཉིད་སྐུ།དུས་གསུམ་འཕོ་འགྱུར་མེད་པས་མི་འགྱུར་བ།ཉོན་མོངས་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ།ཡུལ་དང་རྐྱེན་རྣམས་ཐམས་ཅད་ཀྱིས་མི་ཤིགས་པ།རང་ངོ་ཀ་ནས་དག་པའི་བདེན་པ།སྐྱོན་ཡོན་བཟང་ངན་གྱིས་བསླད་མི་འཇུག་པས་སྲ་བ།དུས་གསུམ་འཕོ་འགྱུར་བྲལ་བས་བརྟན་པ།ཤེས་སྒྲིབ་ཕྲ་བ་ཡན་ཆད་འབིག་ནུས་པས་ཐོགས་པ་མེད་པའོ།།གང་གིས་བསྒྱུར་དུ་མི་བཏུབ་པས་ཐམས་ཅད་ལས་མ་ཕམ་པ་སྟེ་རྡོ་རྗེའོ།།ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་སྐུ་རང་ཆས་སུ་རྫོགས་པའོ།།གཉིས་པ་རིགས་ལྔ་ནི།གཞི་ཀ་ནས་དག་པས་སངས་རྒྱས།གཞི་གཞོམ་གཞིག་བྲལ་བས་རྡོ་རྗེ།གཞི་ལ་ཡེ་ཤེས་ཐམས་ཅད་རྫོགས་པས་རིན་པོ་ཆེ།གཞི་བདེ་བ་ཆེན་པོའི་པདྨ།གཞི་ལྷུན་གྲུབ་རྫོགས་པ་ལས་ཀྱི་རིགས་དང་ལྔའོ།།གསུམ་པ་ཡེ་ཤེས་ལྔ་ནི།གཞི་ངོ་བོ་སྟོང་པ་ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།རང་བཞིན་གསལ་བའི་ཆ་ལ་མེ་ལོང་ཡེ་ཤེས།གཞི་འཁོར་འདས་དག་མཉམ་གྱི་ཆ་ལ་མཉམ་ཉིད་ཡེ་ཤེས།ཡོན་ཏན་གྱི་གསལ་སྒོ་གོ་མ་འགགས་པའི་ཆ་ལ་སོར་རྟོག་ཡེ་ཤེས།གདོད་ནས་ཡེ་གྲོལ་གྱི་ཆ་ལ་བྱ་བ་གྲུབ་པའི་ཡེ་ཤེས་སོ།།བཞི་པ་མཁའ་འགྲོ་ལྔ་ནི།སྟོང་པ་ཉིད་ཀྱི་ཆ་ལ་སངས་རྒྱས་མཁའ་འགྲོ།སྐྱོན་བྲལ་གྱི་ཆ་ལ་རྡོ་རྗེ་མཁའ་འགྲོ།ཡོན་ཏན་ལྷུན་འཐུག་གི་ཆ་ལ་རིན་ཆེན་མཁའ་འགྲོ།ཆགས་པ་བྲལ་བའི་ཆ་ལ་པདྨ་མཁའ་འགྲོ།ལྷུན་གྲུབ་རྫོགས་པའི་ཆ་ལ་ལས་ཀྱི་མཁའ་འགྲོའོ།།གཉིས་པ་དེ་དག་གཞི་རང་ལ་རྫོགས་པ་དོན་དམ་གཞིའི་མཚན་ཉིད་དང་།སྐུ་ལྔ་སོགས་ལྔ་ཚན་བཞི་ཐ་སྙད་དུ་བརྗོད་པ་ཐབས་ཀྱི་ལམ་དུ་བཅོས་པ་སྟེ་ཀུན་རྫོབ་བོ།།དོན་དམ་པར་གཞིའི་རང་མདངས་ཉིད་དུ་ཤེས་པར་བྱའོ།།གཉིས་པ་ཐབས་ཤེས་གྱེས་མདོ་ནི།དོན་དམ་པར་ཞལ་ཕྱག་མཚན་མ་མ་གྲུབ་ཅིང་མིང་གི་འཇུག་པ་མེད་པ་ཆོས་སྐུ་མཚན་མ་དང་བྲལ་བ་ལགས་ཏེ།གདུལ་བྱ་རྟག་འཛིན་ཅན་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་ཆོས་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་དྲང་བའི་ཐབས་སུ་འཁོར་བའི་སྒོ་དང་བསྟུན་ནས་རྟེན་དང་བརྟེན་པའི་རང་བཞིན་དཀྱིལ་འཁོར་གྱི་རོལ་པར་མིང་དང་དངོས་པོ་མཚན་མ་ཅན་དུ་བསྟན་ནས།གསལ་བ་དང་།དག་པ་དྲན་པ་དང་།སྟོང་པ་གསུམ་གྱིས་འབྲས་བུ་བླ་ན་མེད་པའི་དབྱིངས་སུ་འདྲོངས་པ་ཡིན་ཏེ་དེ་ནི་རཱུ་ཏྲ་རྣམ་གསུམ་གྱི་གཉེན་པོར་བཞག་པ་ཡིན་ནོ།།གསུམ་པ་མིང་གི་འཇུག་ཚུལ་ལ་ལྔ་ལས།དང་པོ་གསང་སྔགས་རྡོ་རྗེ་ཐེག་པ་ནི་ལམ་འདི་གསང་ཆེན་གཉིས་ལྡན་གྱི་ཕྱིར་གསང་།ཐེག་པ་ཐམས་ཅད་ཀྱི་གྲོལ་སར་གྱུར་པས་སྔགས།ཆོས་སྐུ་གཞིར་གནས་ཀྱི་རིག་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ།འཁོར་འདས་ཀྱིས་བཅོས་བསྒྱུར་དུ་མ་གྱུར་པར་རང་ཐེག་པའོ།།གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ནི།།འདི་ཡང་དག་པའི་དོན་ཡིན་པས་དོན།ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས་དམ་པར་གྱུར་པས་དམ་པ།སྐྱོན་དང་དྲི་མ་མེད་པས་བྱང་བ།ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པ།འཁོར་འདས་མཉམ་པར་སྒྲོལ་བས་སེམས་ཉིད་དོ།།གསུམ་པ་རྫོགས་པ་ཆེན་པོ་ནི་ཐེག་དགུའི་དགོངས་དོན་རྫོགས་པས་རྫོགས་པ།ཐེག་པ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་ཆེན་པོའོ།།བཞི་པ་ཐིག་ལེ་ཉག་གཅིག་ནི།རྟོག་པའི་གྲྭ་ཟུར་ལས་འདས་པས་ཐིག་ལེ།འཁོར་འདས་ཐམས་ཅད་ངོ་བོའི་ངང་དུ་རོ་གཅིག་པས་ཉག་གཅིག་གོ།ལྔ་པ་གཞོན་ནུ་བུམ་སྐུ་ནི།སྐྱེ་འཆི་བསྒྲེས་རྒུད་བྲལ་བས་གཞོན་ནུ།ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བས་བུམ་པ།ཡེ་ཤེས་ཡོན་ཏན་རྫོགས་པས་སྐུ་ཞེས་བྱའོ།།དོན་གཉིས་པ་ལམ་ཉམས་སུ་ལེན་པ་ལ།ལམ་དངོས་བཤད་པ་དང་།གོལ་འཆུག་གི་འཛོལ་བཀག་པ།ལྟ་སྒོམ་སྤྱོད་གསུམ་གྱི་གནད་བསྟན་པ་དང་གསུམ་ལས།དང་པོ་ནི།ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུ་བདེ་གཤེགས་སྙིང་པོས་ཁྱབ་པ་མངོན་དུ་མ་གྱུར་བས་འཁྲུལ་པ་སྟེ།དེ་ལ་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་ཏེ་རང་ཐོག་ཏུ་རང་གྲོལ་པ་སྨྲ་བསམ་བརྗོད་བྲལ་གྱི་ཆོས་ཉིད་ངང་བཞག་ཆེན་པོའི་དབྱིངས་སུ་གནད་གཉིས་ལ་བརྟེན་ནས་གྲོལ་བའི་ས་ལ་བསྐྱལ་བར་བྱ་བ་ལམ་ཡང་དག་པའོ།།གཉིས་པ་ནི།ཉམས་བདེ་བ་དང་གསལ་བ་དང་མི་རྟོག་པ་གསུམ་ནི་གོལ་ས་གསུམ་ཡིན་ཏེ།དེ་དག་ལ་ཆགས་ཞེན་དགག་སྒྲུབ་མེད་པར་ཉམས་སུ་ངོ་ཤེས་ནས་རང་སར་བཞག་པས་རང་གྲོལ་བར་འགྱུར།གཞན་ཡང་སྒོ་གསུམ་བདེ་སྡུག་གི་སྣང་བ་གང་ཤར་གང་བྱུང་ཐམས་ཅད་བདེ་རྩུབ་ཉམས་ཀྱི་རང་བཞིན་དུ་ངོ་ཤེས་པས་རང་གྲོལ་བ་ཡིན་ནོ།།གསུམ་པ་ནི།གཞི་གཏན་ལ་ཕབ་ནས་འཁོར་འདས་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཤེས་པ་ལྟ་བ་དང་།རིག་པ་རང་གྲོལ་ལ་རང་དབང་བསྒྱུར་བ་ལས་མི་འདའ་བ་སྒོམ་པ།སྤྱོད་པའི་གནད་ཀྱང་ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་བ་ཞི་དུལ་བག་ཡོད་པ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུ་ཞིག་དགོས།སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ་དཔེར་ན་སྡེར་ཆགས་གང་གིས་ཟིལ་གྱིས་མི་ནོན་པ་སེངྒེ་གངས་ལ་འགྱིང་བ་ལྟ་བུ་ཞིག་དགོས་སོ།།གསུམ་པ་ཤན་འབྱེད་ཀྱི་འཕྱོང་བཤད་པ་ལ།དང་པོ་དང་།དོན་བསྡུ་གཉིས།དང་པོ་ལ་གསུམ་ལས།དང་པོ་སེམས་རིག་ཤན་འབྱེད་ནི།ངོ་བོའི་ཁམས་མ་རིག་པ་ལ་སེམས།ངོ་བོའི་ཁམས་ལ་རང་དབང་བསྒྱུར་བ་ལ་རིག་པའོ།།གཉིས་པ་ཡིད་དང་ཤེས་རབ་ཀྱི་དབྱེ་བ་ནི།ཡེ་གནས་ཀྱི་ཤེས་པ་མངོན་དུ་གྱུར་པ་ལ་ཤེས་རབ་དང་།དེ་ལྐོག་ཏུ་གྱུར་པ་ལ་ཡིད་ཅེས་བྱའོ།།གསུམ་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ནི།འཁྲུལ་བ་སེམས་ཀྱིས་རང་དབང་བསྒྱུར་པའི་སྐབས་ཀུན་གཞིའི་རང་བཞིན་དང་།ངོ་རང་ཐོག་ཏུ་འཕྲོད་ཅིང་ཡེ་གྲོལ་གྱི་གཤིས་ཐོག་ཏུ་ཕེབས་པ་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་སོ།།གཉིས་པ་དོན་བསྡུ་བ་ནི།མདོ་ཧྲིལ་གྱིས་དྲིལ་ན།ཤེས་རབ་ཆེན་པོ་མངོན་དུ་གྱུར་པའི་དུས་སུ།ངོ་བོ་ཆོས་སྐུ།གདངས་ཤེས་རབ།རྩལ་ཡེ་ཤེས།རོལ་པ་དོན་དམ་པའོ།།ཤེས་རབ་ཆེན་པོ་མ་རིག་པས་བསྒྲིབས་ཚེ།ངོ་བོ་ཀུན་གཞི།གདངས་འཁོར་བ།རྩལ་སེམས་བྱུང་།རོལ་པ་ཀུན་རྫོབ་བོ།།ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་སྐོར་བླ་མ་ཆོས་བསམ་དང་ངོ་མཚར་གཉིས་ཀྱིས་བསྐུལ་ངོར་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།}}
 
 
༄༅།  །འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག་འདི་ཉིད་ཉམས་སུ་ལེན་པ་ལ།  གཞི་གཏན་ལ་དབབ་པ་དང་།  ལམ་ཉམས་སུ་ལེན་པ།  ཤན་འབྱེད་ཀྱི་འཕྱོང་བསྟན་པ་དང་གསུམ་ལས།  དང་པོ་ལ་མ་དག་འཁོར་བའི་འཁྲུལ་ཚུལ་བཤད་པ་དང་།  དག་པ་གཞིའི་མཚན་ཉིད་གཏན་ལ་དབབ་པ་དང་གཉིས་ལས།  དང་པོ་ལ་ཕྱིའི་གཟུང་འཛིན་གཏན་ལ་བབ་པ་དང་།  ནང་དང་གསང་བའི་གཟུང་འཛིན་གཏན་ལ་དབབ་པ་དང་།  དེ་དག་མདོར་བསྡུས་ཏེ་བསྟན་པ་དང་གསུམ་ལས།  དང་པོ་ལ་འཛིན་པ་གང་ཟག་གི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ་དང་།  །གཟུང་བ་ཆོས་ཀྱི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ་དང་།  དེ་ལྟར་གཏན་ལ་ཕབ་ནས་གཞི་རང་ཐོག་ཏུ་ཐག་བཅད་པ་དང་གསུམ་ལས།  དང་པོ་ནི་ངར་འཛིན་ཡུལ་མེད་ཀྱི་ཕུག་གཏིབ་པ་ལ་བྱའོ།  །གཉིས་པ་ལ་མིང་གི་གདགས་གཞི་བཙལ་བ།  དངོས་པོའི་རྟག་འཛིན་གཞིག་པ།  ཕན་གནོད་གྱི་མཚང་ལ་རྒོལ་བ།  རེ་དོགས་ཀྱི་རྫུན་ཕུག་གཏིབ་པ་དང་བཞིའི་སྒོ་ནས་གཏན་ལ་དབབ་པའོ།  །གསུམ་པ་ནི་ཐམས་ཅད་སྟོང་པ་ཉིད་དུ་བཤིག་ཅིང་སྟོང་པ་ཉིད་ངོ་བོ་ཉིད་དུ་ཐག་བཅད།  ངོ་བོ་ཉིད་གཞི་ཐོག་ཏུ་ཐག་བཅད་པའོ།  །གཉིས་པ་ནང་དང་གསང་བའི་གཟུང་འཛིན་གཏན་ལ་དབབ་པ་ལ་གཉིས་ལས།  དང་པོ་ནང་གི་གཟུང་འཛིན་བསྟན་པ་ནི།  ཤིན་ཏུ་ཕྲ་ཞིང་དཔྱོད་མི་འཇུག་པའི་ངར་འཛིན་ཕྲ་བ་གཅིག་སྐྱེས་པ་རྒྱུའི་མ་རིག་པ་སྟེ།  །གཞིའི་ཞལ་རས་བསྒྲིབས་ཏེ་ཀུན་གཞིར་གྱུར།  །དེ་ལ་ཀུན་གཞི་མཚན་ཉིད་པ་ནི་ཅི་ཡང་མི་སེམས་པའི་སྟོང་ཧད་དེ་བའོ།  །དེ་ལས་རྣམ་པར་རྟོག་པ་འཆར་བའི་གཞི་སྟོང་ལ་གསལ་ཆ་ཐོན་པ་ཀུན་གཞིའི་རྣམ་ཤེས།  དེ་ལས་ངར་འཛིན་རགས་པ་གཅིག་སྐྱེས་པ་ཉོན་ཡིད།  དེ་མ་ཐག་ཏུ་བདག་དང་སྣང་བ་ཐམས་ཅད་མཆེད་པ་ཡིན།  དེ་ན་རྣམ་རྟོག་སྔ་མ་དང་གཟུང་བ་ཡུལ་ཞེས་བྱའོ།  །དེ་ལས་ཡིད་ལངས་ཏེ་སྣང་བའི་སྤུན་ཐག་བྱས།  ཡིད་དེ་ལས་རྣམ་པར་རྟོག་པ་དྲུག་མཆེད་དེ་དབང་པོ་རྣམས་ཀྱི་སྒོ་སོ་སོར་ཞུགས་ནས་སྔར་ཉོན་ཡིད་ལས་གྲུབ་པའི་ཡུལ་རྣམས་ལ་མིང་སོ་སོར་བཏགས།  དོན་སོ་སོར་བཟུང་།  དངོས་པོ་སོ་སོར་འཐས།  བདེ་སྡུག་བར་གསུམ་སོ་སོར་ཉེ་བར་བླང་ནས་འཁྲུལ་པ་ཡིན་ཏེ།  དེ་ནི་རྣམ་རྟོག་ཕྱི་མ་དང་འཛིན་པ་སེམས་ཞེས་བྱའོ།  །གཉིས་པ་གསང་བའི་གཟུང་འཛིན་ནི།  སྣང་བ་ཐམས་ཅད་རྣམ་ཤེས་ཀྱི་སྣང་བ་གློ་བུར་བ་ཡིན་པར་སྟོན་པ་སྟེ།  དེ་ཡང་མིག་གི་དབང་པོ་ལ་གཟུགས་འཆར་ཞིང་།  རྣམ་པར་ཤེས་པས་གཟུགས་རགས་པ་ཧྲིལ་པོར་འཛིན་པ་ལ་རྣམ་རྟོག་སྔ་མ་དང་གཟུང་བ་ཡུལ་ཞེས་བྱའོ།  །ཡིད་ཤེས་ཕྲ་བས་ཉེ་བར་ལེན་ཅིང་མངོན་པར་འདུ་བྱེད་པ་ལ་རྣམ་རྟོག་ཕྱི་མ་དང་འཛིན་པ་སེམས་ཞེས་བྱའོ།  །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དབང་རྣམས་ལ་རིམ་པ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་འཆར་ཞིང་རྣམ་པར་ཤེས་པ་རྣམས་ཀྱི་སྒྲ་ལ་སོགས་པའི་ཧྲིལ་པོར་བཟུང་ནས་ཡིད་ཤེས་ཕྲ་བས་དཔྱོད་ཅིང་གཟུང་འཛིན་གཉིས་སུ་འདུ་བྱེད་པའོ།  །དེ་ལྟར་ལུགས་སུ་འབྱུང་ནས་འཁོར་བར་འདུ་བྱེད་ཅིང་།  ལུགས་སུ་ལྡོག་ནས་ཁམས་གསུམ་གྱི་རྩེ་རུ་དུབ་པ་ཡིན།  དེ་གཉིས་མེད་ཀྱི་རོལ་པར་རྟོགས་པ་ནི་ལྟ་བ་དངོས་དང་བསྒོམ་པའི་གེགས་སེལ་མེད་དུ་མི་རུང་བ་ཡིན།  གསུམ་པ་དེ་དག་མདོར་བསྡུས་ཏེ་བསྟན་པ་ནི།  དེ་ལ་གཟུང་འཛིན་ལ་དབྱེ་བ་གསུམ་དུ་བྱས་པ་ལ།  དང་པོ་ཕྱིའི་གཟུང་འཛིན་ནི་ངར་འཛིན་ལ་འཛིན་པ་སེམས་དང་།  ཡུལ་ཕ་གི་བ་ལ་གཟུང་བ་ཡུལ་དུ་བརྟན་པ་ལ་བྱའོ།  །གཉིས་པ་ནང་གི་གཟུང་འཛིན་ནི།  ཉོན་ཡིད་དང་དེའི་མཆེད་པ་ལ་གཟུང་བ་ཡུལ་དང་།  ཡིད་དང་ཡིད་ཤེས་ལ་འཛིན་པ་སེམས་ཞེས་བྱ་བའོ།  །གསུམ་པ་གསང་བའི་གཟུང་འཛིན་ནི།  རྣམ་ཤེས་ཀྱི་སྣང་བ་གློ་བུར་བ་ལ་གཟུང་བ་ཡུལ་དང་།  ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན་ནོ།  །གཉིས་པ་དག་པ་གཞིའི་མཚན་ཉིད་བསྟན་པ་ལ།  གཞིའི་མཚན་ཉིད་དངོས་བཤད་པ་དང་།  ཐབས་དང་ཤེས་རབ་ཀྱི་གྱེས་མདོ་བསྟན་པ།  མིང་གི་འཇུག་ཚུལ་བཤད་པ་དང་གསུམ་ལས།  དང་པོ་བཟང་ངན་གྱི་བསྒྱུར་དུ་མི་བཏུབ་པ།  སྤྲོས་པའི་མཐའ་བརྒྱད་དང་བྲལ་བ།  རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ།  སྐུ་ལྔ་སོགས་ལྔ་ཚན་བཞིའི་ཡོན་ཏན་ལྡན་ཚུལ་དང་བཞི་ལས།  དང་པོ་གཞི་བདེ་གཤེགས་སྙིང་པོ་འདི་ཁྱབ་བརྡལ་ནམ་མཁའ་ལྟ་བུ་ཡུལ་མེད་པ་ཞིག་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་ཕན་མ་བཏགས་མི་ཐོགས་ཐོགས་པར་མི་འགྱུར་རོ།  །སེམས་ཅན་གྱི་ཁམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཀྱིས་གནོད་པར་མ་བྱས་མི་བྱེད་བྱེད་པར་མི་འགྱུར་རོ།  །དེ་ཡང་ཡུལ་མེད་པའི་ཕྱིར་རོ།  །གཉིས་པ་ནི།  གཞི་བདེ་གཤེགས་སྙིང་པོ་འདི་ཐོག་མཐའ་བར་གསུམ་དུ་མ་སྐྱེས་ཤིང་མི་སྐྱེ་སྐྱེ་བར་མི་འགྱུར་བའི་ཕྱིར་སྐྱེས་པའི་མཐའ་དང་བྲལ་བ།  ནམ་ཡང་མེད་དུ་མི་འགྲོ་བའི་ཕྱིར་འགགས་པའི་མཐའ་དང་བྲལ་བ།  ཡོད་པ་དངོས་པོའི་ཕྱོགས་སུ་མ་ལྷུང་པའི་ཕྱིར་རྒྱལ་བའི་སྤྱན་གྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བའི་ཕྱིར་རྟག་པའི་མཐའ་དང་བྲལ་བ།  མེད་པ་ཅང་མེད་ཀྱི་ཕྱོགས་སུ་མ་ལྷུང་བ་འཁོར་འདས་གཉིས་ཀྱི་གཞི་རུ་གྲུབ་པའི་ཕྱིར་ཆད་པའི་མཐའ་དང་བྲལ་བ།  དང་པོ་འོང་བའི་གནས་ཡུལ་བདག་པོ་མ་གྲུབ་པའི་ཕྱིར་འོང་བའི་མཐའ་དང་བྲལ་བ།  དུས་གསུམ་དུ་འགྲོ་བའི་ཡུལ་དང་བདག་པོ་ལས་འདས་པའི་ཕྱིར་འགྲོ་བའི་མཐའ་དང་བྲལ་བ།  འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་ཤར་བའི་ཕྱིར་དོན་གཅིག་པའི་མཐའ་དང་བྲལ་བ།  འཁོར་འདས་ཐམས་ཅད་ངོ་བོ་ཉིད་དུ་རོ་གཅིག་པས་ན་ཐ་དད་པའི་མཐའ་དང་བྲལ་བའོ།  །གསུམ་པ་ནི་གཞི་བདེ་གཤེགས་སྙིང་པོ་འདི་ཕྱོགས་གང་དུ་མ་ངེས་མཐའ་གང་དུ་མ་ལྷུང་བའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།  ཕྱི་སྣང་བ་ལ་དངོས་མཚན་བདེན་གྲུབ་མ་མཆིས་པས་ཕྱི་སྟོང་པ་ཉིད།  ནང་རང་སེམས་ལ་གཞི་རྩ་བྲལ་བས་ནང་སྟོང་པ་ཉིད།  བར་གཟུང་འཛིན་གཉིས་སུ་མི་ཕྱེད་པས་དོར་བ་མེད་པའི་སྟོང་པ་ཉིད།  ཚིག་དཔེ་དོན་གསུམ་གྱིས་མི་མཚོན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ།  །རང་ལ་རང་གདིང་ཐོབ་ནས་རང་གྲོལ་བ་ལས་རྒྱུ་གཞན་སྟོབས་ཀྱིས་འབྲས་བུ་གཞན་ཡུལ་དུ་གྲོལ་བ་ལ་ཡིད་སྨོན་ཙམ་ཡང་མེད་པའི་ཕྱིར་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པའོ།  །བཞི་པ་སྐུ་ལྔ་སོགས་བྱེ་བྲག་ཏུ་བཤད་པ་དང་།  དེ་དག་བདེན་པ་གཉིས་སུ་བསྡུས་ཏེ་མཇུག་བསྡུ་བ་གཉིས་ལས།  དང་པོ་ལ་བཞི་ལས།  དང་པོ་སྐུ་ལྔ་ནི།  འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་དུ་མ་བཅོས་རང་ཆས་སུ་ཡོད་པས་ན་ཆོས།  ཡེ་ཤེས་ཡོན་ཏན་ཐམས་ཅད་ཚོགས་པའམ་སྤུངས་པ་ལྟ་བུ་ཡོད་པས་ན་སྐུ།  ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་དུ་རང་རྫོགས་པས་ན་ལོངས་སྤྱོད་རྫོགས་སྐུ།  ངང་ལས་མ་གཡོས་ཤིང་མ་སྤྲུལ།  ཉིད་ལས་མི་གཞན་པའི་སྤྲུལ་པ་སྣ་ཚོགས་རང་ཆས་སུ་ཡོད་པས་ན་སྤྲུལ་སྐུ།  སྐུ་གསུམ་ངོ་བོ་ཉིད་དུ་རོ་གཅིག་ཅིང་རང་བྱུང་བས་ན་ངོ་བོ་ཉིད་སྐུ།  དུས་གསུམ་འཕོ་འགྱུར་མེད་པས་མི་འགྱུར་བ།  ཉོན་མོངས་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ།  ཡུལ་དང་རྐྱེན་རྣམས་ཐམས་ཅད་ཀྱིས་མི་ཤིགས་པ།  རང་ངོ་ཀ་ནས་དག་པའི་བདེན་པ།  སྐྱོན་ཡོན་བཟང་ངན་གྱིས་བསླད་མི་འཇུག་པས་སྲ་བ།  དུས་གསུམ་འཕོ་འགྱུར་བྲལ་བས་བརྟན་པ།  ཤེས་སྒྲིབ་ཕྲ་བ་ཡན་ཆད་འབིག་ནུས་པས་ཐོགས་པ་མེད་པའོ།  །གང་གིས་བསྒྱུར་དུ་མི་བཏུབ་པས་ཐམས་ཅད་ལས་མ་ཕམ་པ་སྟེ་རྡོ་རྗེའོ།  །ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་སྐུ་རང་ཆས་སུ་རྫོགས་པའོ།  །གཉིས་པ་རིགས་ལྔ་ནི།  གཞི་ཀ་ནས་དག་པས་སངས་རྒྱས།  གཞི་གཞོམ་གཞིག་བྲལ་བས་རྡོ་རྗེ།  གཞི་ལ་ཡེ་ཤེས་ཐམས་ཅད་རྫོགས་པས་རིན་པོ་ཆེ།  གཞི་བདེ་བ་ཆེན་པོའི་པདྨ།  གཞི་ལྷུན་གྲུབ་རྫོགས་པ་ལས་ཀྱི་རིགས་དང་ལྔའོ།  །གསུམ་པ་ཡེ་ཤེས་ལྔ་ནི།  གཞི་ངོ་བོ་སྟོང་པ་ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།  རང་བཞིན་གསལ་བའི་ཆ་ལ་མེ་ལོང་ཡེ་ཤེས།  གཞི་འཁོར་འདས་དག་མཉམ་གྱི་ཆ་ལ་མཉམ་ཉིད་ཡེ་ཤེས།  ཡོན་ཏན་གྱི་གསལ་སྒོ་གོ་མ་འགགས་པའི་ཆ་ལ་སོར་རྟོག་ཡེ་ཤེས།  གདོད་ནས་ཡེ་གྲོལ་གྱི་ཆ་ལ་བྱ་བ་གྲུབ་པའི་ཡེ་ཤེས་སོ།  །བཞི་པ་མཁའ་འགྲོ་ལྔ་ནི།  སྟོང་པ་ཉིད་ཀྱི་ཆ་ལ་སངས་རྒྱས་མཁའ་འགྲོ།  སྐྱོན་བྲལ་གྱི་ཆ་ལ་རྡོ་རྗེ་མཁའ་འགྲོ།  ཡོན་ཏན་ལྷུན་འཐུག་གི་ཆ་ལ་རིན་ཆེན་མཁའ་འགྲོ།  ཆགས་པ་བྲལ་བའི་ཆ་ལ་པདྨ་མཁའ་འགྲོ།  ལྷུན་གྲུབ་རྫོགས་པའི་ཆ་ལ་ལས་ཀྱི་མཁའ་འགྲོའོ།  །གཉིས་པ་དེ་དག་གཞི་རང་ལ་རྫོགས་པ་དོན་དམ་གཞིའི་མཚན་ཉིད་དང་།  སྐུ་ལྔ་སོགས་ལྔ་ཚན་བཞི་ཐ་སྙད་དུ་བརྗོད་པ་ཐབས་ཀྱི་ལམ་དུ་བཅོས་པ་སྟེ་ཀུན་རྫོབ་བོ།  །དོན་དམ་པར་གཞིའི་རང་མདངས་ཉིད་དུ་ཤེས་པར་བྱའོ།  །གཉིས་པ་ཐབས་ཤེས་གྱེས་མདོ་ནི།  དོན་དམ་པར་ཞལ་ཕྱག་མཚན་མ་མ་གྲུབ་ཅིང་མིང་གི་འཇུག་པ་མེད་པ་ཆོས་སྐུ་མཚན་མ་དང་བྲལ་བ་ལགས་ཏེ།  གདུལ་བྱ་རྟག་འཛིན་ཅན་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་ཆོས་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་དྲང་བའི་ཐབས་སུ་འཁོར་བའི་སྒོ་དང་བསྟུན་ནས་རྟེན་དང་བརྟེན་པའི་རང་བཞིན་དཀྱིལ་འཁོར་གྱི་རོལ་པར་མིང་དང་དངོས་པོ་མཚན་མ་ཅན་དུ་བསྟན་ནས།  གསལ་བ་དང་།  དག་པ་དྲན་པ་དང་།  སྟོང་པ་གསུམ་གྱིས་འབྲས་བུ་བླ་ན་མེད་པའི་དབྱིངས་སུ་འདྲོངས་པ་ཡིན་ཏེ་དེ་ནི་རཱུ་ཏྲ་རྣམ་གསུམ་གྱི་གཉེན་པོར་བཞག་པ་ཡིན་ནོ།  །གསུམ་པ་མིང་གི་འཇུག་ཚུལ་ལ་ལྔ་ལས།  དང་པོ་གསང་སྔགས་རྡོ་རྗེ་ཐེག་པ་ནི་ལམ་འདི་གསང་ཆེན་གཉིས་ལྡན་གྱི་ཕྱིར་གསང་།  ཐེག་པ་ཐམས་ཅད་ཀྱི་གྲོལ་སར་གྱུར་པས་སྔགས།  ཆོས་སྐུ་གཞིར་གནས་ཀྱི་རིག་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ།  འཁོར་འདས་ཀྱིས་བཅོས་བསྒྱུར་དུ་མ་གྱུར་པར་རང་ཐེག་པའོ།  །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ནི།  །འདི་ཡང་དག་པའི་དོན་ཡིན་པས་དོན།  ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས་དམ་པར་གྱུར་པས་དམ་པ།  སྐྱོན་དང་དྲི་མ་མེད་པས་བྱང་བ།  ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པ།  འཁོར་འདས་མཉམ་པར་སྒྲོལ་བས་སེམས་ཉིད་དོ།  །གསུམ་པ་རྫོགས་པ་ཆེན་པོ་ནི་ཐེག་དགུའི་དགོངས་དོན་རྫོགས་པས་རྫོགས་པ།  ཐེག་པ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་ཆེན་པོའོ།  །བཞི་པ་ཐིག་ལེ་ཉག་གཅིག་ནི།  རྟོག་པའི་གྲྭ་ཟུར་ལས་འདས་པས་ཐིག་ལེ།  འཁོར་འདས་ཐམས་ཅད་ངོ་བོའི་ངང་དུ་རོ་གཅིག་པས་ཉག་གཅིག་གོ།  ལྔ་པ་གཞོན་ནུ་བུམ་སྐུ་ནི།  སྐྱེ་འཆི་བསྒྲེས་རྒུད་བྲལ་བས་གཞོན་ནུ།  ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བས་བུམ་པ།  ཡེ་ཤེས་ཡོན་ཏན་རྫོགས་པས་སྐུ་ཞེས་བྱའོ།  །དོན་གཉིས་པ་ལམ་ཉམས་སུ་ལེན་པ་ལ།  ལམ་དངོས་བཤད་པ་དང་།  གོལ་འཆུག་གི་འཛོལ་བཀག་པ།  ལྟ་སྒོམ་སྤྱོད་གསུམ་གྱི་གནད་བསྟན་པ་དང་གསུམ་ལས།  དང་པོ་ནི།  ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུ་བདེ་གཤེགས་སྙིང་པོས་ཁྱབ་པ་མངོན་དུ་མ་གྱུར་བས་འཁྲུལ་པ་སྟེ།  དེ་ལ་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་ཏེ་རང་ཐོག་ཏུ་རང་གྲོལ་པ་སྨྲ་བསམ་བརྗོད་བྲལ་གྱི་ཆོས་ཉིད་ངང་བཞག་ཆེན་པོའི་དབྱིངས་སུ་གནད་གཉིས་ལ་བརྟེན་ནས་གྲོལ་བའི་ས་ལ་བསྐྱལ་བར་བྱ་བ་ལམ་ཡང་དག་པའོ།  །གཉིས་པ་ནི།  ཉམས་བདེ་བ་དང་གསལ་བ་དང་མི་རྟོག་པ་གསུམ་ནི་གོལ་ས་གསུམ་ཡིན་ཏེ།  དེ་དག་ལ་ཆགས་ཞེན་དགག་སྒྲུབ་མེད་པར་ཉམས་སུ་ངོ་ཤེས་ནས་རང་སར་བཞག་པས་རང་གྲོལ་བར་འགྱུར།  གཞན་ཡང་སྒོ་གསུམ་བདེ་སྡུག་གི་སྣང་བ་གང་ཤར་གང་བྱུང་ཐམས་ཅད་བདེ་རྩུབ་ཉམས་ཀྱི་རང་བཞིན་དུ་ངོ་ཤེས་པས་རང་གྲོལ་བ་ཡིན་ནོ།  །གསུམ་པ་ནི།  གཞི་གཏན་ལ་ཕབ་ནས་འཁོར་འདས་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཤེས་པ་ལྟ་བ་དང་།  རིག་པ་རང་གྲོལ་ལ་རང་དབང་བསྒྱུར་བ་ལས་མི་འདའ་བ་སྒོམ་པ།  སྤྱོད་པའི་གནད་ཀྱང་ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་བ་ཞི་དུལ་བག་ཡོད་པ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུ་ཞིག་དགོས།  སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ་དཔེར་ན་སྡེར་ཆགས་གང་གིས་ཟིལ་གྱིས་མི་ནོན་པ་སེངྒེ་གངས་ལ་འགྱིང་བ་ལྟ་བུ་ཞིག་དགོས་སོ།  །གསུམ་པ་ཤན་འབྱེད་ཀྱི་འཕྱོང་བཤད་པ་ལ།  དང་པོ་དང་།  དོན་བསྡུ་གཉིས།  དང་པོ་ལ་གསུམ་ལས།  དང་པོ་སེམས་རིག་ཤན་འབྱེད་ནི།  ངོ་བོའི་ཁམས་མ་རིག་པ་ལ་སེམས།  ངོ་བོའི་ཁམས་ལ་རང་དབང་བསྒྱུར་བ་ལ་རིག་པའོ།  །གཉིས་པ་ཡིད་དང་ཤེས་རབ་ཀྱི་དབྱེ་བ་ནི།  ཡེ་གནས་ཀྱི་ཤེས་པ་མངོན་དུ་གྱུར་པ་ལ་ཤེས་རབ་དང་།  དེ་ལྐོག་ཏུ་གྱུར་པ་ལ་ཡིད་ཅེས་བྱའོ།  །གསུམ་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ནི།  འཁྲུལ་བ་སེམས་ཀྱིས་རང་དབང་བསྒྱུར་པའི་སྐབས་ཀུན་གཞིའི་རང་བཞིན་དང་།  ངོ་རང་ཐོག་ཏུ་འཕྲོད་ཅིང་ཡེ་གྲོལ་གྱི་གཤིས་ཐོག་ཏུ་ཕེབས་པ་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་སོ།  །གཉིས་པ་དོན་བསྡུ་བ་ནི།  མདོ་ཧྲིལ་གྱིས་དྲིལ་ན།  ཤེས་རབ་ཆེན་པོ་མངོན་དུ་གྱུར་པའི་དུས་སུ།  ངོ་བོ་ཆོས་སྐུ།  གདངས་ཤེས་རབ།  རྩལ་ཡེ་ཤེས།  རོལ་པ་དོན་དམ་པའོ།  །ཤེས་རབ་ཆེན་པོ་མ་རིག་པས་བསྒྲིབས་ཚེ།  ངོ་བོ་ཀུན་གཞི།  གདངས་འཁོར་བ།  རྩལ་སེམས་བྱུང་།  རོལ་པ་ཀུན་རྫོབ་བོ།  །ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་སྐོར་བླ་མ་ཆོས་བསམ་དང་ངོ་མཚར་གཉིས་ཀྱིས་བསྐུལ་ངོར་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།  དགེའོ།  །དགེའོ།  །དགེའོ།  །སརྦ་མངྒ་ལཾ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 13:14, 10 August 2024

Wylie title 'od gsal rdzogs pa chen po'i gsang lam zab mo bcud du dril ba'i man ngag TTDL-ZABTER-16-MA-032.pdf
Location bdud 'joms gling pa zab gter
Volume 16, Text 32, Pages 445-457 (Folios 1a1 to 7a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. 'od gsal rdzogs pa chen po'i gsang lam zab mo bcud du dril ba'i man ngag. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 16: 445-457. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rdzogs chen   Verso: bdud 'joms snang sbyang bcud dril
More details More details
Genre Contemplative Guide Books and Instructional Manuals - khrid yig  ·  Dzogchen - rdzogs pa chen po
Colophon

།ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་སྐོར་བླ་མ་ཆོས་བསམ་དང་ངོ་མཚར་གཉིས་ཀྱིས་བསྐུལ་ངོར་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག། དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

/zhes pa 'di ni khrag 'thung rdo rje khro lod rtsal gyis chos skor bla ma chos bsam dang ngo mtshar gnyis kyis bskul ngor bris pa yongs su dge bar gyur cig/__dge'o/__/dge'o/__/dge'o/__/sarba mang+ga laM//

[edit]
༄༅། །འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག་ཅེས་བྱ་བ་བཞུགས་སོ། །


༄༅། །འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག་འདི་ཉིད་ཉམས་སུ་ལེན་པ་ལ། གཞི་གཏན་ལ་དབབ་པ་དང་། ལམ་ཉམས་སུ་ལེན་པ། ཤན་འབྱེད་ཀྱི་འཕྱོང་བསྟན་པ་དང་གསུམ་ལས། དང་པོ་ལ་མ་དག་འཁོར་བའི་འཁྲུལ་ཚུལ་བཤད་པ་དང་། དག་པ་གཞིའི་མཚན་ཉིད་གཏན་ལ་དབབ་པ་དང་གཉིས་ལས། དང་པོ་ལ་ཕྱིའི་གཟུང་འཛིན་གཏན་ལ་བབ་པ་དང་། ནང་དང་གསང་བའི་གཟུང་འཛིན་གཏན་ལ་དབབ་པ་དང་། དེ་དག་མདོར་བསྡུས་ཏེ་བསྟན་པ་དང་གསུམ་ལས། དང་པོ་ལ་འཛིན་པ་གང་ཟག་གི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ་དང་། །གཟུང་བ་ཆོས་ཀྱི་བདག་འཛིན་བདག་མེད་དུ་གཏན་ལ་དབབ་པ་དང་། དེ་ལྟར་གཏན་ལ་ཕབ་ནས་གཞི་རང་ཐོག་ཏུ་ཐག་བཅད་པ་དང་གསུམ་ལས། དང་པོ་ནི་ངར་འཛིན་ཡུལ་མེད་ཀྱི་ཕུག་གཏིབ་པ་ལ་བྱའོ། །གཉིས་པ་ལ་མིང་གི་གདགས་གཞི་བཙལ་བ། དངོས་པོའི་རྟག་འཛིན་གཞིག་པ། ཕན་གནོད་གྱི་མཚང་ལ་རྒོལ་བ། རེ་དོགས་ཀྱི་རྫུན་ཕུག་གཏིབ་པ་དང་བཞིའི་སྒོ་ནས་གཏན་ལ་དབབ་པའོ། །གསུམ་པ་ནི་ཐམས་ཅད་སྟོང་པ་ཉིད་དུ་བཤིག་ཅིང་སྟོང་པ་ཉིད་ངོ་བོ་ཉིད་དུ་ཐག་བཅད། ངོ་བོ་ཉིད་གཞི་ཐོག་ཏུ་ཐག་བཅད་པའོ། །གཉིས་པ་ནང་དང་གསང་བའི་གཟུང་འཛིན་གཏན་ལ་དབབ་པ་ལ་གཉིས་ལས། དང་པོ་ནང་གི་གཟུང་འཛིན་བསྟན་པ་ནི། ཤིན་ཏུ་ཕྲ་ཞིང་དཔྱོད་མི་འཇུག་པའི་ངར་འཛིན་ཕྲ་བ་གཅིག་སྐྱེས་པ་རྒྱུའི་མ་རིག་པ་སྟེ། །གཞིའི་ཞལ་རས་བསྒྲིབས་ཏེ་ཀུན་གཞིར་གྱུར། །དེ་ལ་ཀུན་གཞི་མཚན་ཉིད་པ་ནི་ཅི་ཡང་མི་སེམས་པའི་སྟོང་ཧད་དེ་བའོ། །དེ་ལས་རྣམ་པར་རྟོག་པ་འཆར་བའི་གཞི་སྟོང་ལ་གསལ་ཆ་ཐོན་པ་ཀུན་གཞིའི་རྣམ་ཤེས། དེ་ལས་ངར་འཛིན་རགས་པ་གཅིག་སྐྱེས་པ་ཉོན་ཡིད། དེ་མ་ཐག་ཏུ་བདག་དང་སྣང་བ་ཐམས་ཅད་མཆེད་པ་ཡིན། དེ་ན་རྣམ་རྟོག་སྔ་མ་དང་གཟུང་བ་ཡུལ་ཞེས་བྱའོ། །དེ་ལས་ཡིད་ལངས་ཏེ་སྣང་བའི་སྤུན་ཐག་བྱས། ཡིད་དེ་ལས་རྣམ་པར་རྟོག་པ་དྲུག་མཆེད་དེ་དབང་པོ་རྣམས་ཀྱི་སྒོ་སོ་སོར་ཞུགས་ནས་སྔར་ཉོན་ཡིད་ལས་གྲུབ་པའི་ཡུལ་རྣམས་ལ་མིང་སོ་སོར་བཏགས། དོན་སོ་སོར་བཟུང་། དངོས་པོ་སོ་སོར་འཐས། བདེ་སྡུག་བར་གསུམ་སོ་སོར་ཉེ་བར་བླང་ནས་འཁྲུལ་པ་ཡིན་ཏེ། དེ་ནི་རྣམ་རྟོག་ཕྱི་མ་དང་འཛིན་པ་སེམས་ཞེས་བྱའོ། །གཉིས་པ་གསང་བའི་གཟུང་འཛིན་ནི། སྣང་བ་ཐམས་ཅད་རྣམ་ཤེས་ཀྱི་སྣང་བ་གློ་བུར་བ་ཡིན་པར་སྟོན་པ་སྟེ། དེ་ཡང་མིག་གི་དབང་པོ་ལ་གཟུགས་འཆར་ཞིང་། རྣམ་པར་ཤེས་པས་གཟུགས་རགས་པ་ཧྲིལ་པོར་འཛིན་པ་ལ་རྣམ་རྟོག་སྔ་མ་དང་གཟུང་བ་ཡུལ་ཞེས་བྱའོ། །ཡིད་ཤེས་ཕྲ་བས་ཉེ་བར་ལེན་ཅིང་མངོན་པར་འདུ་བྱེད་པ་ལ་རྣམ་རྟོག་ཕྱི་མ་དང་འཛིན་པ་སེམས་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དབང་རྣམས་ལ་རིམ་པ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་འཆར་ཞིང་རྣམ་པར་ཤེས་པ་རྣམས་ཀྱི་སྒྲ་ལ་སོགས་པའི་ཧྲིལ་པོར་བཟུང་ནས་ཡིད་ཤེས་ཕྲ་བས་དཔྱོད་ཅིང་གཟུང་འཛིན་གཉིས་སུ་འདུ་བྱེད་པའོ། །དེ་ལྟར་ལུགས་སུ་འབྱུང་ནས་འཁོར་བར་འདུ་བྱེད་ཅིང་། ལུགས་སུ་ལྡོག་ནས་ཁམས་གསུམ་གྱི་རྩེ་རུ་དུབ་པ་ཡིན། དེ་གཉིས་མེད་ཀྱི་རོལ་པར་རྟོགས་པ་ནི་ལྟ་བ་དངོས་དང་བསྒོམ་པའི་གེགས་སེལ་མེད་དུ་མི་རུང་བ་ཡིན། གསུམ་པ་དེ་དག་མདོར་བསྡུས་ཏེ་བསྟན་པ་ནི། དེ་ལ་གཟུང་འཛིན་ལ་དབྱེ་བ་གསུམ་དུ་བྱས་པ་ལ། དང་པོ་ཕྱིའི་གཟུང་འཛིན་ནི་ངར་འཛིན་ལ་འཛིན་པ་སེམས་དང་། ཡུལ་ཕ་གི་བ་ལ་གཟུང་བ་ཡུལ་དུ་བརྟན་པ་ལ་བྱའོ། །གཉིས་པ་ནང་གི་གཟུང་འཛིན་ནི། ཉོན་ཡིད་དང་དེའི་མཆེད་པ་ལ་གཟུང་བ་ཡུལ་དང་། ཡིད་དང་ཡིད་ཤེས་ལ་འཛིན་པ་སེམས་ཞེས་བྱ་བའོ། །གསུམ་པ་གསང་བའི་གཟུང་འཛིན་ནི། རྣམ་ཤེས་ཀྱི་སྣང་བ་གློ་བུར་བ་ལ་གཟུང་བ་ཡུལ་དང་། ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ལ་འཛིན་པ་སེམས་ཞེས་བྱ་བ་ཡིན་ནོ། །གཉིས་པ་དག་པ་གཞིའི་མཚན་ཉིད་བསྟན་པ་ལ། གཞིའི་མཚན་ཉིད་དངོས་བཤད་པ་དང་། ཐབས་དང་ཤེས་རབ་ཀྱི་གྱེས་མདོ་བསྟན་པ། མིང་གི་འཇུག་ཚུལ་བཤད་པ་དང་གསུམ་ལས། དང་པོ་བཟང་ངན་གྱི་བསྒྱུར་དུ་མི་བཏུབ་པ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བ། རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ། སྐུ་ལྔ་སོགས་ལྔ་ཚན་བཞིའི་ཡོན་ཏན་ལྡན་ཚུལ་དང་བཞི་ལས། དང་པོ་གཞི་བདེ་གཤེགས་སྙིང་པོ་འདི་ཁྱབ་བརྡལ་ནམ་མཁའ་ལྟ་བུ་ཡུལ་མེད་པ་ཞིག་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་ཕན་མ་བཏགས་མི་ཐོགས་ཐོགས་པར་མི་འགྱུར་རོ། །སེམས་ཅན་གྱི་ཁམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཀྱིས་གནོད་པར་མ་བྱས་མི་བྱེད་བྱེད་པར་མི་འགྱུར་རོ། །དེ་ཡང་ཡུལ་མེད་པའི་ཕྱིར་རོ། །གཉིས་པ་ནི། གཞི་བདེ་གཤེགས་སྙིང་པོ་འདི་ཐོག་མཐའ་བར་གསུམ་དུ་མ་སྐྱེས་ཤིང་མི་སྐྱེ་སྐྱེ་བར་མི་འགྱུར་བའི་ཕྱིར་སྐྱེས་པའི་མཐའ་དང་བྲལ་བ། ནམ་ཡང་མེད་དུ་མི་འགྲོ་བའི་ཕྱིར་འགགས་པའི་མཐའ་དང་བྲལ་བ། ཡོད་པ་དངོས་པོའི་ཕྱོགས་སུ་མ་ལྷུང་པའི་ཕྱིར་རྒྱལ་བའི་སྤྱན་གྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བའི་ཕྱིར་རྟག་པའི་མཐའ་དང་བྲལ་བ། མེད་པ་ཅང་མེད་ཀྱི་ཕྱོགས་སུ་མ་ལྷུང་བ་འཁོར་འདས་གཉིས་ཀྱི་གཞི་རུ་གྲུབ་པའི་ཕྱིར་ཆད་པའི་མཐའ་དང་བྲལ་བ། དང་པོ་འོང་བའི་གནས་ཡུལ་བདག་པོ་མ་གྲུབ་པའི་ཕྱིར་འོང་བའི་མཐའ་དང་བྲལ་བ། དུས་གསུམ་དུ་འགྲོ་བའི་ཡུལ་དང་བདག་པོ་ལས་འདས་པའི་ཕྱིར་འགྲོ་བའི་མཐའ་དང་བྲལ་བ། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་སོ་སོར་ཤར་བའི་ཕྱིར་དོན་གཅིག་པའི་མཐའ་དང་བྲལ་བ། འཁོར་འདས་ཐམས་ཅད་ངོ་བོ་ཉིད་དུ་རོ་གཅིག་པས་ན་ཐ་དད་པའི་མཐའ་དང་བྲལ་བའོ། །གསུམ་པ་ནི་གཞི་བདེ་གཤེགས་སྙིང་པོ་འདི་ཕྱོགས་གང་དུ་མ་ངེས་མཐའ་གང་དུ་མ་ལྷུང་བའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། ཕྱི་སྣང་བ་ལ་དངོས་མཚན་བདེན་གྲུབ་མ་མཆིས་པས་ཕྱི་སྟོང་པ་ཉིད། ནང་རང་སེམས་ལ་གཞི་རྩ་བྲལ་བས་ནང་སྟོང་པ་ཉིད། བར་གཟུང་འཛིན་གཉིས་སུ་མི་ཕྱེད་པས་དོར་བ་མེད་པའི་སྟོང་པ་ཉིད། ཚིག་དཔེ་དོན་གསུམ་གྱིས་མི་མཚོན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །རང་ལ་རང་གདིང་ཐོབ་ནས་རང་གྲོལ་བ་ལས་རྒྱུ་གཞན་སྟོབས་ཀྱིས་འབྲས་བུ་གཞན་ཡུལ་དུ་གྲོལ་བ་ལ་ཡིད་སྨོན་ཙམ་ཡང་མེད་པའི་ཕྱིར་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པའོ། །བཞི་པ་སྐུ་ལྔ་སོགས་བྱེ་བྲག་ཏུ་བཤད་པ་དང་། དེ་དག་བདེན་པ་གཉིས་སུ་བསྡུས་ཏེ་མཇུག་བསྡུ་བ་གཉིས་ལས། དང་པོ་ལ་བཞི་ལས། དང་པོ་སྐུ་ལྔ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་བདེ་གཤེགས་སྙིང་པོའི་ངང་དུ་མ་བཅོས་རང་ཆས་སུ་ཡོད་པས་ན་ཆོས། ཡེ་ཤེས་ཡོན་ཏན་ཐམས་ཅད་ཚོགས་པའམ་སྤུངས་པ་ལྟ་བུ་ཡོད་པས་ན་སྐུ། ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལོངས་སྤྱོད་དུ་རང་རྫོགས་པས་ན་ལོངས་སྤྱོད་རྫོགས་སྐུ། ངང་ལས་མ་གཡོས་ཤིང་མ་སྤྲུལ། ཉིད་ལས་མི་གཞན་པའི་སྤྲུལ་པ་སྣ་ཚོགས་རང་ཆས་སུ་ཡོད་པས་ན་སྤྲུལ་སྐུ། སྐུ་གསུམ་ངོ་བོ་ཉིད་དུ་རོ་གཅིག་ཅིང་རང་བྱུང་བས་ན་ངོ་བོ་ཉིད་སྐུ། དུས་གསུམ་འཕོ་འགྱུར་མེད་པས་མི་འགྱུར་བ། ཉོན་མོངས་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ། ཡུལ་དང་རྐྱེན་རྣམས་ཐམས་ཅད་ཀྱིས་མི་ཤིགས་པ། རང་ངོ་ཀ་ནས་དག་པའི་བདེན་པ། སྐྱོན་ཡོན་བཟང་ངན་གྱིས་བསླད་མི་འཇུག་པས་སྲ་བ། དུས་གསུམ་འཕོ་འགྱུར་བྲལ་བས་བརྟན་པ། ཤེས་སྒྲིབ་ཕྲ་བ་ཡན་ཆད་འབིག་ནུས་པས་ཐོགས་པ་མེད་པའོ། །གང་གིས་བསྒྱུར་དུ་མི་བཏུབ་པས་ཐམས་ཅད་ལས་མ་ཕམ་པ་སྟེ་རྡོ་རྗེའོ། །ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་སྐུ་རང་ཆས་སུ་རྫོགས་པའོ། །གཉིས་པ་རིགས་ལྔ་ནི། གཞི་ཀ་ནས་དག་པས་སངས་རྒྱས། གཞི་གཞོམ་གཞིག་བྲལ་བས་རྡོ་རྗེ། གཞི་ལ་ཡེ་ཤེས་ཐམས་ཅད་རྫོགས་པས་རིན་པོ་ཆེ། གཞི་བདེ་བ་ཆེན་པོའི་པདྨ། གཞི་ལྷུན་གྲུབ་རྫོགས་པ་ལས་ཀྱི་རིགས་དང་ལྔའོ། །གསུམ་པ་ཡེ་ཤེས་ལྔ་ནི། གཞི་ངོ་བོ་སྟོང་པ་ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རང་བཞིན་གསལ་བའི་ཆ་ལ་མེ་ལོང་ཡེ་ཤེས། གཞི་འཁོར་འདས་དག་མཉམ་གྱི་ཆ་ལ་མཉམ་ཉིད་ཡེ་ཤེས། ཡོན་ཏན་གྱི་གསལ་སྒོ་གོ་མ་འགགས་པའི་ཆ་ལ་སོར་རྟོག་ཡེ་ཤེས། གདོད་ནས་ཡེ་གྲོལ་གྱི་ཆ་ལ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །བཞི་པ་མཁའ་འགྲོ་ལྔ་ནི། སྟོང་པ་ཉིད་ཀྱི་ཆ་ལ་སངས་རྒྱས་མཁའ་འགྲོ། སྐྱོན་བྲལ་གྱི་ཆ་ལ་རྡོ་རྗེ་མཁའ་འགྲོ། ཡོན་ཏན་ལྷུན་འཐུག་གི་ཆ་ལ་རིན་ཆེན་མཁའ་འགྲོ། ཆགས་པ་བྲལ་བའི་ཆ་ལ་པདྨ་མཁའ་འགྲོ། ལྷུན་གྲུབ་རྫོགས་པའི་ཆ་ལ་ལས་ཀྱི་མཁའ་འགྲོའོ། །གཉིས་པ་དེ་དག་གཞི་རང་ལ་རྫོགས་པ་དོན་དམ་གཞིའི་མཚན་ཉིད་དང་། སྐུ་ལྔ་སོགས་ལྔ་ཚན་བཞི་ཐ་སྙད་དུ་བརྗོད་པ་ཐབས་ཀྱི་ལམ་དུ་བཅོས་པ་སྟེ་ཀུན་རྫོབ་བོ། །དོན་དམ་པར་གཞིའི་རང་མདངས་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ཐབས་ཤེས་གྱེས་མདོ་ནི། དོན་དམ་པར་ཞལ་ཕྱག་མཚན་མ་མ་གྲུབ་ཅིང་མིང་གི་འཇུག་པ་མེད་པ་ཆོས་སྐུ་མཚན་མ་དང་བྲལ་བ་ལགས་ཏེ། གདུལ་བྱ་རྟག་འཛིན་ཅན་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་ཆོས་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་དྲང་བའི་ཐབས་སུ་འཁོར་བའི་སྒོ་དང་བསྟུན་ནས་རྟེན་དང་བརྟེན་པའི་རང་བཞིན་དཀྱིལ་འཁོར་གྱི་རོལ་པར་མིང་དང་དངོས་པོ་མཚན་མ་ཅན་དུ་བསྟན་ནས། གསལ་བ་དང་། དག་པ་དྲན་པ་དང་། སྟོང་པ་གསུམ་གྱིས་འབྲས་བུ་བླ་ན་མེད་པའི་དབྱིངས་སུ་འདྲོངས་པ་ཡིན་ཏེ་དེ་ནི་རཱུ་ཏྲ་རྣམ་གསུམ་གྱི་གཉེན་པོར་བཞག་པ་ཡིན་ནོ། །གསུམ་པ་མིང་གི་འཇུག་ཚུལ་ལ་ལྔ་ལས། དང་པོ་གསང་སྔགས་རྡོ་རྗེ་ཐེག་པ་ནི་ལམ་འདི་གསང་ཆེན་གཉིས་ལྡན་གྱི་ཕྱིར་གསང་། ཐེག་པ་ཐམས་ཅད་ཀྱི་གྲོལ་སར་གྱུར་པས་སྔགས། ཆོས་སྐུ་གཞིར་གནས་ཀྱི་རིག་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ། འཁོར་འདས་ཀྱིས་བཅོས་བསྒྱུར་དུ་མ་གྱུར་པར་རང་ཐེག་པའོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ནི། །འདི་ཡང་དག་པའི་དོན་ཡིན་པས་དོན། ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས་དམ་པར་གྱུར་པས་དམ་པ། སྐྱོན་དང་དྲི་མ་མེད་པས་བྱང་བ། ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པ། འཁོར་འདས་མཉམ་པར་སྒྲོལ་བས་སེམས་ཉིད་དོ། །གསུམ་པ་རྫོགས་པ་ཆེན་པོ་ནི་ཐེག་དགུའི་དགོངས་དོན་རྫོགས་པས་རྫོགས་པ། ཐེག་པ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་ཆེན་པོའོ། །བཞི་པ་ཐིག་ལེ་ཉག་གཅིག་ནི། རྟོག་པའི་གྲྭ་ཟུར་ལས་འདས་པས་ཐིག་ལེ། འཁོར་འདས་ཐམས་ཅད་ངོ་བོའི་ངང་དུ་རོ་གཅིག་པས་ཉག་གཅིག་གོ། ལྔ་པ་གཞོན་ནུ་བུམ་སྐུ་ནི། སྐྱེ་འཆི་བསྒྲེས་རྒུད་བྲལ་བས་གཞོན་ནུ། ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བས་བུམ་པ། ཡེ་ཤེས་ཡོན་ཏན་རྫོགས་པས་སྐུ་ཞེས་བྱའོ། །དོན་གཉིས་པ་ལམ་ཉམས་སུ་ལེན་པ་ལ། ལམ་དངོས་བཤད་པ་དང་། གོལ་འཆུག་གི་འཛོལ་བཀག་པ། ལྟ་སྒོམ་སྤྱོད་གསུམ་གྱི་གནད་བསྟན་པ་དང་གསུམ་ལས། དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུ་བདེ་གཤེགས་སྙིང་པོས་ཁྱབ་པ་མངོན་དུ་མ་གྱུར་བས་འཁྲུལ་པ་སྟེ། དེ་ལ་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་ཏེ་རང་ཐོག་ཏུ་རང་གྲོལ་པ་སྨྲ་བསམ་བརྗོད་བྲལ་གྱི་ཆོས་ཉིད་ངང་བཞག་ཆེན་པོའི་དབྱིངས་སུ་གནད་གཉིས་ལ་བརྟེན་ནས་གྲོལ་བའི་ས་ལ་བསྐྱལ་བར་བྱ་བ་ལམ་ཡང་དག་པའོ། །གཉིས་པ་ནི། ཉམས་བདེ་བ་དང་གསལ་བ་དང་མི་རྟོག་པ་གསུམ་ནི་གོལ་ས་གསུམ་ཡིན་ཏེ། དེ་དག་ལ་ཆགས་ཞེན་དགག་སྒྲུབ་མེད་པར་ཉམས་སུ་ངོ་ཤེས་ནས་རང་སར་བཞག་པས་རང་གྲོལ་བར་འགྱུར། གཞན་ཡང་སྒོ་གསུམ་བདེ་སྡུག་གི་སྣང་བ་གང་ཤར་གང་བྱུང་ཐམས་ཅད་བདེ་རྩུབ་ཉམས་ཀྱི་རང་བཞིན་དུ་ངོ་ཤེས་པས་རང་གྲོལ་བ་ཡིན་ནོ། །གསུམ་པ་ནི། གཞི་གཏན་ལ་ཕབ་ནས་འཁོར་འདས་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཤེས་པ་ལྟ་བ་དང་། རིག་པ་རང་གྲོལ་ལ་རང་དབང་བསྒྱུར་བ་ལས་མི་འདའ་བ་སྒོམ་པ། སྤྱོད་པའི་གནད་ཀྱང་ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་བ་ཞི་དུལ་བག་ཡོད་པ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུ་ཞིག་དགོས། སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ་དཔེར་ན་སྡེར་ཆགས་གང་གིས་ཟིལ་གྱིས་མི་ནོན་པ་སེངྒེ་གངས་ལ་འགྱིང་བ་ལྟ་བུ་ཞིག་དགོས་སོ། །གསུམ་པ་ཤན་འབྱེད་ཀྱི་འཕྱོང་བཤད་པ་ལ། དང་པོ་དང་། དོན་བསྡུ་གཉིས། དང་པོ་ལ་གསུམ་ལས། དང་པོ་སེམས་རིག་ཤན་འབྱེད་ནི། ངོ་བོའི་ཁམས་མ་རིག་པ་ལ་སེམས། ངོ་བོའི་ཁམས་ལ་རང་དབང་བསྒྱུར་བ་ལ་རིག་པའོ། །གཉིས་པ་ཡིད་དང་ཤེས་རབ་ཀྱི་དབྱེ་བ་ནི། ཡེ་གནས་ཀྱི་ཤེས་པ་མངོན་དུ་གྱུར་པ་ལ་ཤེས་རབ་དང་། དེ་ལྐོག་ཏུ་གྱུར་པ་ལ་ཡིད་ཅེས་བྱའོ། །གསུམ་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ནི། འཁྲུལ་བ་སེམས་ཀྱིས་རང་དབང་བསྒྱུར་པའི་སྐབས་ཀུན་གཞིའི་རང་བཞིན་དང་། ངོ་རང་ཐོག་ཏུ་འཕྲོད་ཅིང་ཡེ་གྲོལ་གྱི་གཤིས་ཐོག་ཏུ་ཕེབས་པ་ཆོས་སྐུ་གཞིར་གནས་ཀྱི་ཡེ་ཤེས་སོ། །གཉིས་པ་དོན་བསྡུ་བ་ནི། མདོ་ཧྲིལ་གྱིས་དྲིལ་ན། ཤེས་རབ་ཆེན་པོ་མངོན་དུ་གྱུར་པའི་དུས་སུ། ངོ་བོ་ཆོས་སྐུ། གདངས་ཤེས་རབ། རྩལ་ཡེ་ཤེས། རོལ་པ་དོན་དམ་པའོ། །ཤེས་རབ་ཆེན་པོ་མ་རིག་པས་བསྒྲིབས་ཚེ། ངོ་བོ་ཀུན་གཞི། གདངས་འཁོར་བ། རྩལ་སེམས་བྱུང་། རོལ་པ་ཀུན་རྫོབ་བོ། །ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་སྐོར་བླ་མ་ཆོས་བསམ་དང་ངོ་མཚར་གཉིས་ཀྱིས་བསྐུལ་ངོར་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག། དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།