༄༅། །སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེའི་གླེགས་བམ་བཅུ་དྲུག་པ། མ · 33 Texts

From Dudjom Wiki
TTDL-ZABTER-Volume-16-MA



Karchag

Karchag PDF
༄༅། །ཨོཾ་སྭསྟི། སྤྲུལ་པའི་གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་གསང་བའི་ཆོས་སྡེ་དག་སྣང་ཡེ་ཤེས་དྲྭ་བའི་སྐོར་གྱི་སྨད་ཆ་གླེགས་བམ ༼མ༽ པ་འདིར། དབུ་ཤོག་ལྡེབ་གཅིག་གིས་ཐོག་དྲངས་ཏེ། སྐོར་ཚོ་བཞི་ལས།དང་པོ་གནས་ཀྱི་དཀར་ཆག་སོགས་སྣ་ཚོགས་སྐོར་ལ། ཚོགས་ཀྱི་འཁོར་ལོར་འདུ་བའི་གནས་ལྐོག་གྱུར་རིན་ཆེན་གླིང་གི་ཆགས་ཚུལ་དང་། ཡང་སྐབས་འགའ་ཞིག་ཏུ་བུ་སྣོད་ལྡན་འཇམ་དཔལ་རྡོ་རྗེ་སོགས་བཅས་ཚན་པ་གཉིས་ལ་ལྡེབ ༣ ངང་བ་རི་ལྷ་མོའི་ལྟོ་བའི་གནས་བདུད་འདུལ་མཆོད་རྟེན་གྱི་དཀར་ཆག་ལྡེབ ༢ ལེགས་ལྡན་ཞྭ་ཡི་རྒྱང་གླུ་ལྡེབ ༡ སྐྱི་སྔོན་བཟོ་ཐབས་ནུབ་གཅིག་གི་རྨི་ལམ་ན་སོགས་ལྡེབ ༡ བསྐལ་པ་ལྕགས་རྟའི་ལོ་ཧོར་ཟླ་བཅུ་པའི་སོགས་ཉམས་སྣང་དུ་ཤར་བ་ལྡེབ ༡ ཡང་བསྐལ་པ་ལྕགས་རྟའི་ལོ་ཧོར་ཟླ་དྲུག་པའི་ཉེར་གཅིག་སོགས་ལྡེབ ༡ ཨེ་ཨེ།འོད་ཀྱི་གསལ་སྒྲོན་ཉི་མ་སོགས་ལྡེབ ༡ རྔ་ཡི་དག་སྦྱོར་མ་རིག་གཉིད་སློང་རྒྱལ་བ་དགྱེས་པའི་སྒྲ་བརྒྱ་བ་ལྡེབ ༨ ལམ་དང་འབྲས་བུའི་བསྡུས་དོན་གསལ་བའི་མེ་ལོང་ལྡེབ ༢ མཁའ་འགྲོ་བདེ་ཆེན་མཚོ་རྒྱལ་མས་དབྱིངས་དང་ཡེ་ཤེས་སོགས་ལྡེབ ༡ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས་སྐྱབས་གནས་དཀོན་མཆོག་སོགས་ལྡེབ ༡ གཞི་ལམ་འབྲས་བུ་གཅིག་རྫོགས་ཀྱི་གདམས་པ་ཨཻ༔ འཁོར་འདས་ཀྱི་ཆོས་ཀུན་སོགས་ལྡེབ ༡ བརྒྱུད་པ་དགུ་པོ་གཅིག་རྫོགས་ཀྱི་འཆད་ཚུལ་ལྡེབ ༡ སྤྲོས་མེད་པོ་ཏིའི་ལུང་དབང་ལྡེབ ༡ བཅས། ༈ གཉིས་པ་སྨོན་ལམ་སྣ་ཚོགས་ཀྱི་སྐོར་ལ།རྣམ་དག་སྨོན་ལམ་ཐར་བའི་ཤིང་རྟ་ལྡེབ ༣ སྨོན་ལམ་རྣམ་དག་བདུད་རྩིའི་ཐིག་པ་ལྡེབ ༡ སྨོན་ལམ་རྣམ་དག་ཆོས་ཉིད་ལམ་བཟང་ལྡེབ ༢ སྨོན་ལམ་རྣམ་དག་ཐར་པའི་ཐེམ་སྐས་ལྡེབ ༢ རྣམ་དག་སྨོན་ལམ་ཐར་པའི་གྲུ་གཟིངས་ལྡེབ ༡ ཡང་སྨོན་ལམ་ཨེ་མ་ཧོཿ ཆོས་ཉིད་རྣམ་པར་དག་པའི་སོགས་ལྡེབ ༡ བདེ་ཆེན་སྨོན་ལམ་ཐར་བའི་སྒོ་འབྱེད་ལྡེབ ༡ སྣང་མཐས་མངོན་སུམ་གསུངས་པའི་སྨོན་ལམ་དང་། ཕྱི་ནང་གསང་བའི་སྐྱབས་འགྲོ། ལུས་སྦྱིན་བསྡུས་པ་ཕཊ༔ རང་རིག་ཡེ་ཤེས་སོགས། བདེ་ཆེན་ཞིང་གི་གསོལ་འདེབས་སྨོན་ལམ། ནམ་ཡང་ཀུན་གྱིས་སྨོན་ལམ་གདབ་པ་དུས་གསུམ་རྒྱལ་བ་རྒྱ་མཚོ་སོགས། སྔོན་ཚེ་ཨོ་རྒྱན་ཆེན་པོའི་སོགས། སྐྱབས་གནས་མཆོག་གསུམ་སོགས་གསོལ་འདེབས་སྨོན་ལམ་བརྟན་བཞུགས་བཅས་འདྲེས་མ་ནང་གསེས་ཚན་པ་བརྒྱད་ཅན་ལ་ལྡེབ ༢ བདེ་ཆེན་ཞིང་སྨོན་ཐར་བའི་གྲོང་འཇུག་ལྡེབ ༡ ཟངས་མདོག་དཔལ་རིའི་སྨོན་ལམ་ཐར་བའི་སྒོ་འབྱེད་ལྡེབ ༤ ཡང་དཔལ་རིའི་སྨོན་ལམ་ཐར་བའི་གྲོང་འཇུག་ལྡེབ ༡ བདེན་ཚིག་གྲུབ་པ་དྲང་སྲོང་རིག་སྔགས་ནུས་མཐུ་ལྡེབ ༢ སྨོན་ལམ་རྣམ་དག་བདུད་རྩིའི་ཐིག་པ་ལྡེབ ༡ བཅས། ༈ གསུམ་པ་ཟབ་གཏེར་ཀུན་གྱི་རྒྱབ་ཆོས་ཁྲིད་ཡིག་གི་སྐོར་ལ། ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ངང་འདོན་དང་མཐུན་པའི་ཁྲིད་དག་སྣང་ཡེ་ཤེས་དྲྭ་བ་དང་འཁྲེལ་བའི་ཡན་ལག་བཅུ་པ་བྱིན་རླབས་དངོས་གྲུབ་ཀྱི་བང་མཛོད་ལྡེབ ༥༡ བསྐྱེད་རིམ་གསལ་བྱེད་མེ་ལོང་དཀྱིལ་འཁོར་ཀུན་གྱི་ལྡེ་མིག་ནམ་མཁའི་བཅུད་ཡིག་ཡིག་མེད་མཁའ་འགྲོའི་ཀློང་བྱང་འོད་གསལ་གསང་བའི་གབ་ཐིག་ལྡེབ ༤༧ སྣང་སྦྱང་ རང་བཞིན་རྫོགས་པ་ཆེན་པོའི་རང་ཞལ་མངོན་དུ་བྱེད་པའི་གདམས་པ་མ་བསྒོམ་སངས་རྒྱས་ལྡེབ ༣༤ རང་བཞིན་རྫོགས་པ་ཆེན་པོའི་རང་ཞལ་མངོན་དུ་བྱེད་པའི་གདམས་པ་ཟབ་ སྣང་སྦྱངས་ས་བཅད་མ། གསང་སྙིང་པོ་ལྡེབ ༤༣ འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ཟབ་མོ་བཅུད་དུ་དྲིལ་བའི་མན་ངག་ལྡེབ ༧ རྨོངས་པའི་བླུན་ཆོས་འདག་གོས་བྱ་སྤུ་ཅན་ལྡེབ ༡༨ བཅས།པོད་འདིར་ཆོས་ཚན་སུམ་ཅུ་སོ་གསུམ་ལ་ལྡེབ ༢༤༨ དང་། གླེགས་བམ་གྱི་དཀར་ཆག་རང་ཉིད་ལྡེབ ༢ བཅས་བསྡོམས་ལྡེབ་གྲངས ༢༥༠ བཞུགས། ༈ གྲུབ་པའི་འཁོར་སྒྱུར་བདུད་འཇོམས་གླིང་པ་ཡི། །ཟབ་གཏེར་གསང་བའི་ཆོས་མཛོད་ཡིད་བཞིན་ནོར། །ཀུན་བཟང་མིང་གིས་སྤར་དུ་བཏབ་སྤེལ་དགེས། །ཟབ་ཆོས་ཕྲིན་ལས་མི་ནུབ་རྟག་ཁྱབ་ཤོག། ༈ པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །དགེའོ།།