TTDL-ZABTER-18-TSHA-079: Difference between revisions

From Dudjom Wiki
TTDL-ZABTER-18-TSHA-079
m (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")
No edit summary
 
(One intermediate revision by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ལྟ་སྒོམ་སྤྱོད་པའི་མགུར་མ།
|fulltitle=lta sgom spyod pa'i mgur ma
|citation=Khrag 'thung [[Bdud 'joms gling pa]]. ''Lta sgom spyod pa'i mgur ma''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: 287-288. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|tibgenre=Advice - zhal gdams, Songs - mgur - glu dbyangs
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|terma=No
|language=Tibetan
|pagestatus=Temporary stub only
|volumenumber=18
|volumenumber=18
|volumeLetter=TSHA
|volnumtib=༡༨
|volyigtib=ཚ
|totalvolumes=21
|textnuminvol=079
|textnuminvol=079
|pagenumbers=287-288
|totalpages=2
|beginfolioline=144a1
|endfolioline=144b6
|totalfolios=1
|multivolumework=No
|rectonotes=zhal gdams
|versonotes=bdud 'joms gsung mgur skor
|colophontib=རིག་འཛིན་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ།།
|colophonwylie=rig 'dzin bdud 'joms pas so/_/dge'o/_/dge'o/_/dge'o//
|pdflink=File:TTDL-ZABTER-18-TSHA-079.pdf
|pdflink=File:TTDL-ZABTER-18-TSHA-079.pdf
|authortib=བདུད་འཇོམས་གླིང་པ་
|volumeLetter=TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
|InitCategories=Dudjom Tersar Project; TTDL-ZABTER-Volume-18-TSHA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ལྟ་སྒོམ་སྤྱོད་པའི་མགུར་མ་བཞུགས།ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །མཉམ་བཞག་གི་ངོ་བོར་གཅིག་ཏུ་རྫོགས། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །རང་སྣང་ལས་མི་གཞན་ཚུལ་ཤེས་ནས། །བདེན་ཞེན་གྱི་འཛིན་པ་ཧར་སངས་ཏེ། །ལྟ་བ་ནི་ཁྱབ་བརྡལ་ལྷུན་འབྱམས་ཡིན། །ཡེ་གནས་ཀྱི་ཡེ་ཤེས་ངོ་འཕྲོད་ཅིང་། །གནས་ལུགས་ཀྱི་རང་ཞལ་གསལ་བ་ལ། །འཛིན་ཞེན་དང་བྲལ་བར་ཅོག་བཞག་ན། །སྒོམ་པ་ནི་རང་བྱུང་རྒྱ་ཡན་ཡིན། །རང་བྱུང་གི་ཡེ་ཤེས་ཡེ་ཡིན་ལ། །བཅོས་བསྒྱུར་དང་སྤང་ལེན་བྱ་རྩོལ་དང་། །གཟའ་གཏད་ཀུན་བྲལ་བ་ཤུགས་འབྱུང་ངང་། །སྤྱོད་པ་ནི་མ་བཅོས་བྱུང་རྒྱལ་ཡིན། །ཁྲེགས་ཆོད་ཀྱི་གདམས་པ་ཉམས་ལེན་ཚེ། །འདི་མེད་ཀུན་མུན་པའི་ནགས་ན་དགོན། །ཐོད་རྒལ་གྱི་གདམས་པ་ཉམས་ལེན་ཚེ། །སྣང་བ་ཡི་འོད་གསལ་འཕེལ་སྨིན་ཀུན། །རང་སྣང་ལས་གཞན་མིན་ཐག་ཆོད་དེ། །རང་རིག་གིས་རང་ཞལ་གཟིགས་མོ་རུ། །རང་ཤེས་པ་ལྟ་བ་མཐའ་གྲོལ་ཡིན། །དབྱིངས་ཐིག་གི་རོལ་པ་ལྷུན་གྲུབ་གདངས། །ཤེས་རབ་ཀྱི་མིག་གིས་མཐོང་བ་ཡི། །རང་བབས་སུ་རང་གྲོལ་རང་བྱུང་བ། །སྒོམ་པ་ནི་ཀློང་གྲོལ་ཆེན་པོ་ཡིན། །ཐོབ་ཤོར་དང་བྲལ་བའི་སྣང་ཉམས་ལ། །རེ་དོགས་ཀྱི་དགག་སྒྲུབ་དང་བྲལ་ནས། །རང་བབས་སུ་རྩོལ་མེད་བཞག་པ་ན། །སྤྱོད་པ་ནི་རྩོལ་མེད་བྱུང་རྒྱལ་ཡིན། །དེང་སང་གི་སྒོམ་ཆེན་ཅེར་ལོང་འགས། །གནད་དེ་གསུམ་མ་རྟོགས་ལོག་འཁྲུལ་ནས། །ལྟ་བ་དང་སྒོམ་པ་གཅིག་ཏུ་ལྟ། །སྤྱོད་པ་ནི་ལུས་དང་ངག་ལ་འཁྲུལ། །བྱུང་རྒྱལ་ཞེས་འབྱོར་ཉོག་བག་མེད་སྤྱོད། །དེ་བདེན་ན་ལྟ་སྒོམ་སྤྱོད་པ་གསུམ། །ཡ་བྲལ་བའི་མཁན་པོ་རྣམ་པ་གསུམ། །ཅིས་ཀྱང་ནི་མེད་ཐབས་ཅི་ལ་ཡོད། །དེ་ལྟ་བུའི་བླུན་པོའི་འུར་སྐད་དེ། །ཡུལ་མཁས་པས་ཐོས་ན་ག་ཞ་བྱེད། །བག་མེད་ཀྱི་སྤྱོད་པ་འབྱོར་ཉོག་དེ། །སྤྱིར་སེམས་ཅན་ཀུན་གྱི་ཐུན་མོང་ཡིན། །དེ་ཆོས་པའི་ལམ་དུ་ངས་མི་འདོད། །ཡུལ་མོ་བཙུན་ཆགས་པས་འགུགས་པ་འདི། །སྔགས་བླ་མེད་ཐབས་ལམ་ཞིག་ཡིན་ན། །སྲོག་ཆགས་པའི་སྲིན་བུ་ཡན་ཆད་ཀྱང་། །སྔགས་བླ་མེད་སྤྱོད་པ་ཨ་ལ་ལ། །ངས་བསམ་ཞིང་བསམ་ན་དགོད་རེ་བྲོ། །ངས་བདག་གི་སྤྱོད་ངན་ཆགས་སྦྱོར་འདི། །ཆོས་གསང་སྔགས་ཡིན་སྙམ་ཡོད་རེ་ཀན། །རིག་འཛིན་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ། །། }}
{{TibP|༄༅།  །ལྟ་སྒོམ་སྤྱོད་པའི་མགུར་མ་བཞུགས།  ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །མཉམ་བཞག་གི་ངོ་བོར་གཅིག་ཏུ་རྫོགས། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །རང་སྣང་ལས་མི་གཞན་ཚུལ་ཤེས་ནས། །བདེན་ཞེན་གྱི་འཛིན་པ་ཧར་སངས་ཏེ། །ལྟ་བ་ནི་ཁྱབ་བརྡལ་ལྷུན་འབྱམས་ཡིན། །ཡེ་གནས་ཀྱི་ཡེ་ཤེས་ངོ་འཕྲོད་ཅིང་། །གནས་ལུགས་ཀྱི་རང་ཞལ་གསལ་བ་ལ། །འཛིན་ཞེན་དང་བྲལ་བར་ཅོག་བཞག་ན། །སྒོམ་པ་ནི་རང་བྱུང་རྒྱ་ཡན་ཡིན། །རང་བྱུང་གི་ཡེ་ཤེས་ཡེ་ཡིན་ལ། །བཅོས་བསྒྱུར་དང་སྤང་ལེན་བྱ་རྩོལ་དང་། །གཟའ་གཏད་ཀུན་བྲལ་བ་ཤུགས་འབྱུང་ངང་། །སྤྱོད་པ་ནི་མ་བཅོས་བྱུང་རྒྱལ་ཡིན། །ཁྲེགས་ཆོད་ཀྱི་གདམས་པ་ཉམས་ལེན་ཚེ། །འདི་མེད་ཀུན་མུན་པའི་ནགས་ན་དགོན། །ཐོད་རྒལ་གྱི་གདམས་པ་ཉམས་ལེན་ཚེ། །སྣང་བ་ཡི་འོད་གསལ་འཕེལ་སྨིན་ཀུན། །རང་སྣང་ལས་གཞན་མིན་ཐག་ཆོད་དེ། །རང་རིག་གིས་རང་ཞལ་གཟིགས་མོ་རུ། །རང་ཤེས་པ་ལྟ་བ་མཐའ་གྲོལ་ཡིན། །དབྱིངས་ཐིག་གི་རོལ་པ་ལྷུན་གྲུབ་གདངས། །ཤེས་རབ་ཀྱི་མིག་གིས་མཐོང་བ་ཡི། །རང་བབས་སུ་རང་གྲོལ་རང་བྱུང་བ། །སྒོམ་པ་ནི་ཀློང་གྲོལ་ཆེན་པོ་ཡིན། །ཐོབ་ཤོར་དང་བྲལ་བའི་སྣང་ཉམས་ལ། །རེ་དོགས་ཀྱི་དགག་སྒྲུབ་དང་བྲལ་ནས། །རང་བབས་སུ་རྩོལ་མེད་བཞག་པ་ན། །སྤྱོད་པ་ནི་རྩོལ་མེད་བྱུང་རྒྱལ་ཡིན། །དེང་སང་གི་སྒོམ་ཆེན་ཅེར་ལོང་འགས། །གནད་དེ་གསུམ་མ་རྟོགས་ལོག་འཁྲུལ་ནས། །ལྟ་བ་དང་སྒོམ་པ་གཅིག་ཏུ་ལྟ། །སྤྱོད་པ་ནི་ལུས་དང་ངག་ལ་འཁྲུལ། །བྱུང་རྒྱལ་ཞེས་འབྱོར་ཉོག་བག་མེད་སྤྱོད། །དེ་བདེན་ན་ལྟ་སྒོམ་སྤྱོད་པ་གསུམ། །ཡ་བྲལ་བའི་མཁན་པོ་རྣམ་པ་གསུམ། །ཅིས་ཀྱང་ནི་མེད་ཐབས་ཅི་ལ་ཡོད། །དེ་ལྟ་བུའི་བླུན་པོའི་འུར་སྐད་དེ། །ཡུལ་མཁས་པས་ཐོས་ན་ག་ཞ་བྱེད། །བག་མེད་ཀྱི་སྤྱོད་པ་འབྱོར་ཉོག་དེ། །སྤྱིར་སེམས་ཅན་ཀུན་གྱི་ཐུན་མོང་ཡིན། །དེ་ཆོས་པའི་ལམ་དུ་ངས་མི་འདོད། །ཡུལ་མོ་བཙུན་ཆགས་པས་འགུགས་པ་འདི། །སྔགས་བླ་མེད་ཐབས་ལམ་ཞིག་ཡིན་ན། །སྲོག་ཆགས་པའི་སྲིན་བུ་ཡན་ཆད་ཀྱང་། །སྔགས་བླ་མེད་སྤྱོད་པ་ཨ་ལ་ལ། །ངས་བསམ་ཞིང་བསམ་ན་དགོད་རེ་བྲོ། །ངས་བདག་གི་སྤྱོད་ངན་ཆགས་སྦྱོར་འདི། །ཆོས་གསང་སྔགས་ཡིན་སྙམ་ཡོད་རེ་ཀན། །རིག་འཛིན་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 08:38, 10 September 2024

Wylie title lta sgom spyod pa'i mgur ma TTDL-ZABTER-18-TSHA-079.pdf
Location bdud 'joms gling pa zab gter
Volume 18, Text 79, Pages 287-288 (Folios 144a1 to 144b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Lta sgom spyod pa'i mgur ma. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 287-288. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams  ·  Songs - mgur - glu dbyangs
Colophon

རིག་འཛིན་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ།།

rig 'dzin bdud 'joms pas so/_/dge'o/_/dge'o/_/dge'o//

[edit]
༄༅། །ལྟ་སྒོམ་སྤྱོད་པའི་མགུར་མ་བཞུགས། ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །མཉམ་བཞག་གི་ངོ་བོར་གཅིག་ཏུ་རྫོགས། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །རང་སྣང་ལས་མི་གཞན་ཚུལ་ཤེས་ནས། །བདེན་ཞེན་གྱི་འཛིན་པ་ཧར་སངས་ཏེ། །ལྟ་བ་ནི་ཁྱབ་བརྡལ་ལྷུན་འབྱམས་ཡིན། །ཡེ་གནས་ཀྱི་ཡེ་ཤེས་ངོ་འཕྲོད་ཅིང་། །གནས་ལུགས་ཀྱི་རང་ཞལ་གསལ་བ་ལ། །འཛིན་ཞེན་དང་བྲལ་བར་ཅོག་བཞག་ན། །སྒོམ་པ་ནི་རང་བྱུང་རྒྱ་ཡན་ཡིན། །རང་བྱུང་གི་ཡེ་ཤེས་ཡེ་ཡིན་ལ། །བཅོས་བསྒྱུར་དང་སྤང་ལེན་བྱ་རྩོལ་དང་། །གཟའ་གཏད་ཀུན་བྲལ་བ་ཤུགས་འབྱུང་ངང་། །སྤྱོད་པ་ནི་མ་བཅོས་བྱུང་རྒྱལ་ཡིན། །ཁྲེགས་ཆོད་ཀྱི་གདམས་པ་ཉམས་ལེན་ཚེ། །འདི་མེད་ཀུན་མུན་པའི་ནགས་ན་དགོན། །ཐོད་རྒལ་གྱི་གདམས་པ་ཉམས་ལེན་ཚེ། །སྣང་བ་ཡི་འོད་གསལ་འཕེལ་སྨིན་ཀུན། །རང་སྣང་ལས་གཞན་མིན་ཐག་ཆོད་དེ། །རང་རིག་གིས་རང་ཞལ་གཟིགས་མོ་རུ། །རང་ཤེས་པ་ལྟ་བ་མཐའ་གྲོལ་ཡིན། །དབྱིངས་ཐིག་གི་རོལ་པ་ལྷུན་གྲུབ་གདངས། །ཤེས་རབ་ཀྱི་མིག་གིས་མཐོང་བ་ཡི། །རང་བབས་སུ་རང་གྲོལ་རང་བྱུང་བ། །སྒོམ་པ་ནི་ཀློང་གྲོལ་ཆེན་པོ་ཡིན། །ཐོབ་ཤོར་དང་བྲལ་བའི་སྣང་ཉམས་ལ། །རེ་དོགས་ཀྱི་དགག་སྒྲུབ་དང་བྲལ་ནས། །རང་བབས་སུ་རྩོལ་མེད་བཞག་པ་ན། །སྤྱོད་པ་ནི་རྩོལ་མེད་བྱུང་རྒྱལ་ཡིན། །དེང་སང་གི་སྒོམ་ཆེན་ཅེར་ལོང་འགས། །གནད་དེ་གསུམ་མ་རྟོགས་ལོག་འཁྲུལ་ནས། །ལྟ་བ་དང་སྒོམ་པ་གཅིག་ཏུ་ལྟ། །སྤྱོད་པ་ནི་ལུས་དང་ངག་ལ་འཁྲུལ། །བྱུང་རྒྱལ་ཞེས་འབྱོར་ཉོག་བག་མེད་སྤྱོད། །དེ་བདེན་ན་ལྟ་སྒོམ་སྤྱོད་པ་གསུམ། །ཡ་བྲལ་བའི་མཁན་པོ་རྣམ་པ་གསུམ། །ཅིས་ཀྱང་ནི་མེད་ཐབས་ཅི་ལ་ཡོད། །དེ་ལྟ་བུའི་བླུན་པོའི་འུར་སྐད་དེ། །ཡུལ་མཁས་པས་ཐོས་ན་ག་ཞ་བྱེད། །བག་མེད་ཀྱི་སྤྱོད་པ་འབྱོར་ཉོག་དེ། །སྤྱིར་སེམས་ཅན་ཀུན་གྱི་ཐུན་མོང་ཡིན། །དེ་ཆོས་པའི་ལམ་དུ་ངས་མི་འདོད། །ཡུལ་མོ་བཙུན་ཆགས་པས་འགུགས་པ་འདི། །སྔགས་བླ་མེད་ཐབས་ལམ་ཞིག་ཡིན་ན། །སྲོག་ཆགས་པའི་སྲིན་བུ་ཡན་ཆད་ཀྱང་། །སྔགས་བླ་མེད་སྤྱོད་པ་ཨ་ལ་ལ། །ངས་བསམ་ཞིང་བསམ་ན་དགོད་རེ་བྲོ། །ངས་བདག་གི་སྤྱོད་ངན་ཆགས་སྦྱོར་འདི། །ཆོས་གསང་སྔགས་ཡིན་སྙམ་ཡོད་རེ་ཀན། །རིག་འཛིན་བདུད་འཇོམས་པས་སོ། །དགེའོ། །དགེའོ། །དགེའོ།། །།