TTDL-ZABTER-08-NYA-032: Difference between revisions

From Dudjom Wiki
TTDL-ZABTER-08-NYA-032
No edit summary
No edit summary
 
(4 intermediate revisions by the same user not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་སྒྲུབ་པའི་གབ་གསང་༔
|fulltitle=zab gsang mkha' 'gro'i snying thig las: lha chen tshogs kyi bdag po'i sgrub pa'i gab gsang:
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las lha chen tshogs kyi bdag po'i sgrub pa'i gab gsang''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 8: 291-295. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|sourcerevealer=bdud 'joms gling pa
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|cycle=zab gsang mkha' 'gro'i snying thig
|cycletib=ཟབ་གསང་མཁའ་འགྲོའི་སྙིང་ཐིག་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=08
|volumenumber=08
|volumeLetter=NYA
|volnumtib=
|volyigtib=ཉ
|totalvolumes=21
|textnuminvol=032
|textnuminvol=032
|pagenumbers=291-295
|totalpages=5
|beginfolioline=1a1
|endfolioline=3a4
|totalfolios=3
|multivolumework=No
|rectonotes=gab gsang
|versonotes=bdud 'joms bka' srung tshogs bdag
|colophontib=ཞེས་པ་འདི་ཉིད་སྟོང་ཉིད་རྡོ་རྗེས་ནན་ཏན་ཆེན་པོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་བོ། །དགེའོ། །དགེའོ། །དགེའོ།།
|colophonwylie=zhes pa 'di nyid stong nyid rdo rjes nan tan chen pos bskul ngor bdud 'joms rdo rjes gtan la phab bo/_/dge'o/_/dge'o/_/dge'o//
|pdflink=File:TTDL-ZABTER-08-NYA-032.pdf
|pdflink=File:TTDL-ZABTER-08-NYA-032.pdf
|authortib=བདུད་འཇོམས་གླིང་པ་
|sourcerevealertib=བདུད་འཇོམས་གླིང་པ་
|volumeLetter=NYA
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA
|InitCategories=Dudjom Tersar Project; TTDL-ZABTER-Volume-08-NYA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་རྩ་སྒྲུབ་ཟླ་བའི་འོད་ཕྲེང་བཞུགས་སོ༔
{{TibP|ཐྂ༎༔    {{TibChung|ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་སྒྲུབ་པའི་གབ་གསང་བཞུགས་སོ༔}} ན་མོ་གུ་རུ་པདྨ་ཀ་ར་ཡེ༔ {{TibChung|ལྷ་ཆེན་དབང་ཕྱུག་བསྒྲུབ་པའི་ཚེ༔ གབ་པའི་གསང་བ་ལྷན་ཐབས་གནད༔ སྒྲུབ་རྫས་ཙནྡན་དཀར་དམར་གྱི༔ ཕུར་པ་དར་ཚོགས་ལྔ་ཡིས་བསྟུམ༔ སྨན་དང་རིན་ཆེན་སྣ་ཚོགས་དང་༔ གནས་བཟང་བྱིན་ལྡན་ས་སྣ་སོགས༔ ལེགས་པའི་རྫས་སྣ་བཟང་པོ་རྣམས༔ དར་གྱིས་འཐུམས་བྱས་ལྷན་དུ་དྲིལ༔ བླ་རྡོ་ཙཀྲ་དང་བཅས་པ༔ ཟངས་ཀྱི་ལིང་གའི་ཁོངས་སུ་གཞུག༔ བསྒྲུབ་དུས་དཀྱིལ་འཁོར་དབུས་སུ་བཙུགས༔ དེ་མིན་རྟག་ཏུ་འབྲལ་མེད་འཆང་༔ སུ་ཡིས་མི་མཐོང་གསང་རྒྱས་གདབ༔ ནོར་ཟས་ཅི་རིགས་མཛོད་དུ་གདབ༔ མཚལ་དང་ལི་ཁྲི་ཟངས་བྱུ་རུ༔ པདྨ་རཱ་ག་ལ་སོགས་པ༔ རིགས་དང་མཐུན་པའི་རྟེན་རྫས་སོ༔ ས་མ་ཡ༔}} རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་བ་སྟོང་གསུམ་གྱི་ཁྱོན་ལ་སྙེགས་པ་ཁོད་སྙོམས་ཤིང་བཀོད་ལེགས་པ༔ ཉམས་དགའ་ཞིང་བྱིན་ཆགས་པ༔ དབྱིབས་ཟླ་གམ་ལ་སྒོ་གཅིག་པ༔ དཔངས་མཐོ་ཞིང་གསེར་གྱི་ཡ་ཕུབ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཏོག་གིས་མཛེས་པ༔ ནོར་བུ་འདོད་འབྱུང་དང་དབང་རྒྱལ་དང་ཕ་རོལ་དཔུང་འཇོམས་ཀྱི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ རིན་པོ་ཆེའི་དྲིལ་གཡེར་གྱི་མདོ་འཛིན་ལ་སྙན་པའི་སྒྲ་གྲགས་པ༔ ཤར་ནས་ཉི་མ་དང་ནུབ་ནས་ཟླ་བའི་གསལ་སྒྲོན་བྱས་པའོ༔ གཞལ་ཡས་ཁང་དེ་ལ་མཛེས་པའི་གཟུགས་སྣ་ཚོགས་དང་༔ སྙན་པའི་རོལ་མོ་དང་གླུ་སོགས་སྒྲ་སྣ་ཚོགས་པས་ཡིད་འགུགས་ཤིང་འཕྲོག་པ༔ དྲི་བཟང་སྣ་ཚོགས་ཀྱི་ན་བུན་འཐུལ་ཞིང་ལྗགས་ལ་འདའ་བའི་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ཞལ་ཟས་སྣ་ཚོགས་རི་ལྟར་སྤུང་ཞིང་མཚོ་ལྟར་འཁྱིལ་བ༔ སྨན་གྱི་སྤང་རི་ལ་མཛེས་པའི་མེ་ཏོག་སྣ་ཚོགས་བཞད་ཅིང་དཔག་བསམ་གྱི་ཤིང་ལས་དགོས་འདོད་འབྱུང་བ༔ ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩི་ཆུ་མིག་དང་༔ ལྷ་ཡི་བྱ་རིགས་སྣ་ཚོགས་པའི་གཟུགས་ཀྱི་རྣམ་འགྱུར་ངོམས་ཤིང་སྙན་པའི་སྒྲ་སྒྲོགས་པའོ༔ དཔངས་མཐོ་བ་སྲིད་པའི་རྩེ་རུ་སྙེགས་པ་དར་སྣ་ཚོགས་ཀྱི་རྒྱལ་མཚན་དང་འཕན་གདུགས་བླ་བྲེ་གནམ་ཡོལ་ལྡ་ལྡི་རྣམས་དྲི་བཟང་གི་རླུང་གིས་གཡེང་བའོ༔ ཕོ་བྲང་དེ་ཡི་ནང་དུ་མཆོད་པའི་ལྷ་མོ་མཛེས་སྒེག་མཚན་དཔེའི་ལང་ཚོས་སྤྲས་པ་དཔག་ཏུ་མེད་པས་བཀུར་སྟི་བྱེད་པའི་དབུས་སུ༔ ({{TibChung|བརྡ་ཡིག་}}) ཤར་དུ་ལྷ་མོ་འགུགས་བྱེད་ཆེན་མོ་དམར༔ ཕྱག་གཉིས་ལྕགས་ཀྱུ་དུང་གི་ཕྲེང་བ་འདྲེན༔ ལྷོ་རུ་ལྷ་མོ་འཆིང་བྱེད་ཆེན་མོ་དམར༔ ཕྱག་གཉིས་ཉི་ཟེར་ཞགས་པ་གཏེར་བུམ་བསྣམས༔ ནུབ་ཏུ་ལྷ་མོ་སྡོམ་བྱེད་ཆེན་མོ་དམར༔ ཕྱག་གཉིས་ལྕགས་སྒྲོག་ནོར་བུ་དབང་རྒྱལ་བསྣམས༔ བྱང་དུ་ལྷ་མོ་འབེབས་བྱེད་ཆེན་མོ་དམར༔ ཕྱག་གཉིས་དྲིལ་བུ་ཕ་རོལ་དཔུང་འཇོམས་ནོར༔ ཀུན་ཀྱང་མཚན་དཔེས་རབ་མཛེས་དར་སྣས་ཀླུབས༔ རིན་ཆེན་རྒྱན་རྫོགས་གཟི་བརྗིད་འོད་ཕུང་འབར༔ ({{TibChung|བརྡ་ཡིག་}}) ལྷ་ཆེན་ཚོགས་ཀྱི་བདག་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿཡིག་དམར་པོ་ལ་སྔགས་ཀྱིས་བསྐོར་བར་བསྒོམ༔ བཟླས་པ་ཙམ་གྱིས་ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པས་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་སྐད་ཅིག་གིས་བྱོན་ནས་ཐིམ་པས་གཟི་བྱིན་ནུས་སྟོབས་འབར་བར་{{TibChung|བསམ༔ དང་པོ་འབོད་པའི་སྔགས་ནི༔}} ཧྲཱིཿམ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ས་མ་ཡ་ཛ་ཛཿ {{TibChung|དེ་ནས་བསྙེན་པ་ནི༔}} ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿ ཨུ་མ་དཱེ་ཝི་ཧྲཱིང་ཛཿ ཧཱུྃ་བྃ་ཧོཿ  {{TibChung|དེ་ནས་སྒྲུབ་པའི་བསྒོམ་བཟླས་ནི༔}} བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷ་ཆེན་འཁོར་དང་བཅས་པའི་ཐུགས་ཀར་ཕོག་སྟེ་ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་སྲིད་པ་གསུམ་ཁྱབ་པར་འཕྲོས་ཏེ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་བློ་ཡིད་སེམས་གསུམ་ཐམས་ཅད་ཐུགས་ཀྱིས་དབང་དུ་བསྒྱུར་ནས་བདག་གི་མངའ་འོག་ཏུ་སྡུད་པར་བསམ༔ འདོད་རྒུ་ཡིད་བཞིན་གྱི་ཆར་ཆེན་པོ་བབས་ནས་གནས་ཁང་བང་མཛོད་ཐམས་ཅད་མེར་མེར་ཏིང་ཏིང་གང་བར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིང་ཛཿ ཧཱུྃ་བཾ་ཧོཿ  ཨཿ ནྲྀཿ ནཿ ཨ་ཀཪྵ་ཡ་ཛ་ཛཿཔཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ {{TibChung|དབང་དུ་བསྡུས་པའི་ཤམ་བུ་ནི༔}} ཨཿནྲྀཿནཿག་ཏྲི་འགུལ་འགུལ་རྒྱུག་རྒྱུག་བྲེང་བྲེང་དུང་དུང་བ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ {{TibChung|དེ་ནས་ལས་སྦྱོར་གྱི་སྔགས་ལ༔}} ལྷ་ཆེན་ཡབ་ཡུམ་གྱི་ཐུགས་ཀ་ནས་དབང་གི་འོད་ཟེར་དམར་པོ་འཕྲོས་པས་སྣང་སྲིད་ཁམས་ཀྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་ནས༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་དབང་དུ་བསྡུས་ཏེ་བདག་གི་གནས་ཁང་བང་མཛོད་ཐམས་ཅད་གང་ནས་ཟག་པ་མེད་པའི་གཏེར་དུ་སྤེལ་བར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿ ཨུ་མ་དཱེ་ཝི་ཧྲིང་ཛཿ ཧཱུྃ་བཾ་ཧོཿ  ཏདྱ་ཐཱ༔ ན་མ་སྟུ་ཡེ༔ ག་ཎ་པ་ཏི༔ ས་མ་ཡ༔ མ་ནུ་སྨ་ར༔ རུ་ཏྲ་བཱ་ཏྲ་ན་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་དྷ་རི་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ༔ བ་སུ་ཀྵི་ཀུ་རུ་ཡེ་སྭཱ་ཧཱ༔ {{TibChung|རྣོ་ལ་ངར་གྱིས་གདབ་པ་བཞིན༔ ལས་སྦྱོར་གནད་ཀྱི་མན་ངག་བསྟན༔ ཕྲིན་ལས་བཞི་པོ་གང་ལ་ཡང་༔ དམིགས་པའི་ལྡེ་ཁ་བསྒྱུར་བ་གནད༔ གསེར་དངུལ་བཏུལ་ལ་ཚ་ལ་བཞིན༔ མེད་ཐབས་མེད་པའི་གདམས་པ་ཡིན༔ ཤིན་ཏུ་གཅེས་ཕྱིར་སྙིང་ལ་འཆོང་༔ གཅིག་བརྒྱུད་ལས་ནི་སྤེལ་མི་རུང་༔ གསང་རྒྱ་གང་ཐུབ་རྣོ་ནུས་མྱུར༔ གདམས་ངག་འཆལ་ལ་བྱིན་དྲོད་ཡལ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ བཀའ་སྲུང་ཤན་དམར་རཱ་ཧུ་ལ༔ སྡེ་བརྒྱད་དྲེགས་པའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྟོང་ཉིད་རྡོ་རྗེས་ནན་ཏན་ཆེན་པོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་བོ། །དགེའོ། །དགེའོ། །དགེའོ།། །།}} }}
བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༢༨༠༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ རྩ་སྒྲུབ་ཟླ་བའི་འོད་ཕྲེང་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ རབ་དབེན་གཙང་མའི་གནས་མཆོག་ཏུ༔ དཀྱིལ་འཁོར་བཀོད་ལེགས་ཟླ་གམ་སྟེང་༔ ཙནྡན་དམར་པོའི་ཕྱེ་མ་བརྡལ༔ དེ་སྟེང་ཟངས་སྣོད་ཡངས་པ་ནི༔ ཆག་གྲུམ་མེད་ཅིང་ངོས་འཇམ་ནང་༔ རི་རབ་བང་རིམ་གསུམ་པའི་སྟེང་༔ བཤོས་ཟླུམ་ནོར་བུ་དབང་རྒྱལ་དབྱིབས༔ མཚལ་དང་ལི་ཁྲིའི་ཁུ་བས་བྱུགས༔ མེ་ཏོག་དམར་པོའི་རྒྱན་མཛེས་བྱ༔ མདུན་དུ་སྒྲུབ་རྟེན་སྲོག་འཁོར་བཞག༔ གཡས་སུ་སྙིང་འདྲའི་བཤོས་བྲན་དང་༔ གཡོན་དུ་ལྷ་བཤོས་དམར་པོ་བཞག༔ དེ་མཐར་བཤོས་ཕྲན་བཅུ་ཡིས་བསྐོར༔ ལེ་རྒན་དམར་པོའི་ལྡིང་གུར་ཕུབ༔ ས་མ་ཡ༔ མཆོད་པའི་ཡོ་བྱད་འབྱོར་ཚོགས་བཤམས༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ ངང་ནས་མདུན་བསྐྱེད་རིམ་པ་ནི༔ སྣང་སྲིད་ཐམས་ཅད་སྟོང་པ་ཉིད་ཀྱི་རོལ་པར་གྱུར༔ སྟོང་པའི་ངང་ལས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལག་པའི་མཐིལ་དུ་བཀྲམ་པ་ལྟ་བུའི་དབུས་སུ་རི་རབ་བང་རིམ་གསུམ་དང་ལྡན་པའི་སྟེང་དུ་པདྨ་རཱ་གའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བ་དབྱིབས་ཟླ་གམ་པ་གསེར་གྱི་བྲག་ལ་ལོགས་གཏད་པའི་སྟེང་དུ༔ ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་པོ་འོད་འབར་བ་གཅིག་བབ་པ་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་གྱི་སྲོག་སྙིང་ནུས་བཅུད་ཐམས་ཅད་བསྡུས་ཏེ་ཧྲཱིཿལ་བསྟིམ༔ ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ཀྱི་སྲོག་སྙིང་ནུས་མཐུ་ཐམས་ཅད་བསྡུས་ཏེ་བསྟིམ་པས༔ ཧྲཱིཿལས་ལྷ་ཆེན་དབང་ཕྱུག་ཚོགས་ཀྱི་བདག༔ སྐུ་མདོག་དམར་གསལ་གཅེར་བུ་འོད་ཕུང་འབར༔ ཞལ་གཅིག་ཕྱག་གཉིས་སྟོབས་ལྡན་གླང་པོའི་གདོང་༔ ཕྱག་གཡས་ལྕགས་ཀྱུས་སྐྱེ་འགྲོའི་བློ་ཡིད་བཀུག༔ རིན་ཆེན་གཏེར་གྱི་བུམ་པ་མཆན་དུ་བརྟེན༔ ཕྱག་གཡོན་ཞགས་པས་སྣང་བྱེད་འབངས་སུ་བསྟིམ༔ སྤྱི་བོར་ཟླ་ཕྱེད་ནོར་བུའི་ཏོག་གིས་མཛེས༔ ཞབས་གཉིས་འདོར་སྟབས་བག་དྲོ་ལྷུན་ཆགས་བརྗིད༔ ལིང་ག་བསྒྲེངས་ཤིང་ཆགས་པའི་ཟིལ་པ་འཁྲིགས༔ གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་ནི༔ སྤྲེའུའི་གཟུགས་ངོམས་ཕྱག་གཡས་ནོར་བུ་འཛིན༔ གཡོན་པས་བཅུད་ལྡན་སྨན་གྱི་རིལ་བུ་སྟོབ༔ དགྱེས་ཆགས་འབར་བས་ཡབ་ཀྱི་སྐུ་ལ་བཏུད༔ གཡས་སུ་སྲས་མཆོག་བྷི་རྣུ་ར་ཙ་ནི༔ དམར་གསལ་ཕྱག་གཉིས་ལྕགས་ཀྱུ་འཁོར་ལོ་བསྣམས༔ རིན་ཆེན་རྒྱན་དང་དར་དཔྱངས་དམར་པོས་སྤྲས༔ མཐའ་བསྐོར་རི་རབ་བང་རིམ་དང་པོ་ལ༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་འཇིགས་བྱེད་དགུ༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་སྡེ་བཞི་དང་༔ རྒྱུ་སྐར་ཆེན་པོ་ཉེར་བརྒྱད་ལ་སོགས་པ༔ གཙང་རིས་མགོན་པོ་འཁོར་དང་བཅས་པས་བསྐོར༔ དེ་འོག་རི་རབ་བང་རིམ་གཉིས་པ་ལ༔ འཇིག་རྟེན་དྲེགས་པ་ལྷ་མིན་སྡེ་བརྒྱད་བསྐོར༔ དེ་འོག་རི་རབ་བང་རིམ་གསུམ་པ་ལ༔ མི་དང་དུད་འགྲོ་ཡི་དྭགས་དམྱལ་བ་དང་༔ སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར༔ ཀུན་ཀྱང་གཙོ་ལ་རབ་གུས་བཀའ་ཉན་ཅིང་༔ ཕྲིན་ལས་ལས་ཀྱི་ཕོ་ཉར་ཁོལ་བར་བསྐྱེད༔ ཀུན་སྲོག་སྙིང་པོ་ལས་ནི་འོད་འཕྲོས་པས༔ ལྷ་ཆེན་འཁོར་དང་བཅས་པ་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿསྟོང་གསུམ་སྟོང་གི་འཇིག་རྟེན་ཆེན་པོ་རུ༔ དབང་མཛད་བདག་པོ་ལྷ་ཆེན་ཚོགས་ཀྱི་བདག༔ སུམ་ཅུ་རྩ་གསུམ་གནས་ནས་སྐུ་བསྐྱོད་ལ༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿརི་རབ་ལྷུན་པོའི་ནུབ་ཕྱོགས་དགའ་བའི་ཚལ༔ འོད་འབར་རིན་ཆེན་གསེར་གྱི་བྲག་སྐྱིབ་ནས༔ ལྷ་ཆེན་གཙུག་ན་ཟླ་བ་ཡབ་ཡུམ་འཁོར༔ དད་དང་དམ་ཚིག་གཉན་པོས་སྤྱན་འདྲེན་ནོ༔ ཧཱུྃ་ཧྲཱིཿརྩུབ་འགྱུར་འཇིགས་བྱེད་ཚལ་གྱི་དུར་ཁྲོད་ནས༔ དྲེགས་པ་བྲན་བཀོལ་བསྟན་དགྲའི་དཔུང་འཇོམས་པའི༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལྕམ་དྲལ་ཚོགས༔ དད་དང་དམ་ཚིག་གཉན་པོས་སྤྱན་འདྲེན་ནོ༔ མ་འགྱངས་མ་གཡེལ་དམ་ཚིག་རྗེས་དགོངས་ལ༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་བུ་བཞིན་སྐྱོང་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་བསྡུས་ཕྱིར་གཤེགས་སུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ དུས་ངན་གཡོ་འཁྲུགས་བཟློག་ཕྱིར་གཤེགས་སུ་གསོལ༔ དབུལ་ཕོངས་འབྱོར་རྒུད་སྐྱོབ་ཕྱིར་གཤེགས་སུ་གསོལ༔ ལོངས་སྤྱོད་ཆར་ལྟར་འབེབ་ཕྱིར་གཤེགས་སུ་གསོལ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཡུམ་མཆོག་ཨུ་མ་དཱེ་ཝ་གཤེགས་སུ་གསོལ༔ སྲས་མཆོག་བྷི་རྣུ་ར་ཛ་གཤེགས་སུ་གསོལ༔ དཔལ་མགོན་བདུན་ཅུ་རྩ་ལྔ་གཤེགས་སུ་གསོལ༔ བཀའ་སྡོད་དྲེགས་པ་འཁོར་བཅས་གཤེགས་སུ་གསོལ༔ འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་བཅས༔ མ་ལུས་སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིང་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿསྣང་སྲིད་དབང་བསྒྱུར་སྒྲུབ་ལ་དངོས་གྲུབ་སྟེར༔ འཇིག་རྟེན་གསུམ་གྱི་གཙུག་ན་མངོན་མཐོ་བ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས༔ བསྒྲུབ་ཅིང་བསྟེན་པའི་གནས་མཆོག་དམ་པ་འདིར༔ རབ་ཏུ་དགྱེས་ཤིང་མི་འབྲལ་བརྟན་བཞུགས་ནས༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་ཆར་དུ་ཕོབས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་གི༔ ཁམས་གསུམ་འཁོར་ལོས་སྒྱུར་བའི་གར་མཁན་མཆོག༔ ལྷ་ཆེན་ཚོགས་བདག་ལྕམ་དྲལ་བཅས་པ་ལ༔ གུས་པས་ཕྱག་འཚལ་མི་འབྲལ་གྲོགས་མཛོད་ཅིག༔ ན་མོ་ས་མ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཧྲཱིཿལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་བཅས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ༔ སྨན་གཏོར་རཀྟའི་མཆོད་རྫས་དམ་པ་འབུལ༔ སྐད་ཅིག་འབྲལ་བ་མེད་པའི་གྲོགས་མཛོད་ཅིག༔ དར་ཟབ་སྣ་ཚོགས་གོ་མཚོན་གཅན་གཟན་དང་༔ གསེར་དངུལ་གཡུ་སོགས་རིན་པོ་ཆེ་ཡི་རིགས༔ ཛ་ཏི་སྨན་རྒྱལ་ལ་སོགས་སྨན་གྱི་ཚོགས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་དལ་དུ་འབུལ༔ སྐད་ཅིག་མི་འབྲལ་བརྩེ་བའི་གྲོགས་མཛོད་ཅིག༔ རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས༔ གཟུགས་འགྲོས་སྣ་ཚོགས་དཀོར་གྱི་མཆོད་པ་འབུལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ལ་སོགས་པའི༔ ལོངས་སྤྱོད་མི་ཟད་གཏེར་གྱི་མཆོད་པ་འབུལ༔ མཆོད་རྫས་སྒྲུབ་རྫས་བསྐང་རྫས་བརྟེན་རྫས་སོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་གུས་པས་མཆོད༔ སྣང་སྲིད་སྐྱེ་འགྲོ་ཕོ་མོའི་བློ་ཡིད་སེམས༔ རང་དབང་མེད་པར་བདག་གིས་དབང་དུ་སྡུས༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་ཆར་ལྟར་ཕོབས༔ རི་ལྟར་བརྟན་ཅིང་མཚོ་ལྟར་འཁྱིལ་བ་ཡི༔ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་དུ་སྤེལ༔ སྔོན་གྱི་བཀའ་དང་དམ་ཚིག་དྲན་མཛོད་ལ༔ མ་གཡེལ་མ་འགྱངས་སྐད་ཅིག་ཡུད་ཙམ་དུ༔ གྲུབ་རྟགས་དངོས་གྲུབ་མཚན་བཟང་མྱུར་དུ་སྟོན༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་ཨརྒྷཾ་སོགས་ནས་ཤཔྟ་རཱུ་པ་ཤཔྟ་སོགས་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་ག་ཎ་མ་ཧཱ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿཐུགས་རྗེའི་མངའ་བདག་འཕགས་མཆོག་སྤྱན་རས་གཟིགས༔ འགྲོ་ཀུན་ཐུགས་རྗེས་མི་དོར་ཆགས་པ་ཆེས༔ ཁམས་གསུམ་བློ་ཡིད་འགུགས་པའི་ཕོ་ཉ་རུ༔ ཆགས་པའི་རྒྱལ་པོ་སྟོབས་ལྡན་དབང་པོར་བཞེངས༔ དབང་གི་བདག་ཉིད་དམར་གསལ་རཱ་གའི་མདོག༔ སྟོབས་རྩལ་འགྲན་ཟླ་བྲལ་ཕྱིར་གླང་པོའི་གདོང་༔ ཁམས་གསུམ་དབང་དུ་བསྡུས་པའི་ལྕགས་ཀྱུ་དང་༔ སྐྱེ་འགྲོ་བྲན་དུ་བཅིང་བའི་ཞགས་པ་སྡོམ༔ རྣལ་འབྱོར་བུ་ལྟར་སྐྱོང་ཕྱིར་བུམ་བཟང་བརྟེན༔ འདོད་པའི་རྒྱལ་པོ་བདེ་ཆེན་རོལ་པ་ཆེས༔ གོས་རྒྱན་སྤང་ནས་གསང་བའི་རྡོ་རྗེ་བསྒྲེང་༔ འགྲོ་ལ་རབ་བརྩེ་ཆགས་པའི་ཟིལ་པ་འཁྲིགས༔ མཐོང་བས་ཡིད་འཕྲོག་དྲན་པས་བདེ་ཆེན་སྟེར༔ བསྟེན་པས་འགྲོ་འདུད་བསྒྲུབ་པས་དངོས་གྲུབ་འབྱུང་༔ ཡིད་བཞིན་དཔལ་སྟེར་ཁྱེད་ལ་ཕྱག་འཚལ་བསྟོད༔ ཕྱི་ལྟར་འདོད་ཁམས་དྲེགས་པ་ཀུན་གྱི་གཞི༔ ནང་ལྟར་ལྷའི་བུ་གཙུག་ན་ཟླ་བ་སྟེ༔ གསང་བ་འགྲོ་ཁམས་དགྱེས་ཆགས་ངོམས་པའི་སྟོབས༔ ཐབས་ཀྱི་རྡོ་རྗེ་བསྐྱོད་པའི་རླབས་ཆེན་གྱིས༔ ཤེས་རབ་ཨུ་མའི་མཁའ་གསང་བདེ་ཆེན་བསླང་༔ ཁམས་གསུམ་ཆགས་བདེ་བསྡུས་དྲིལ་རྒྱས་བཏབ་པས༔ བདེ་བའི་རོ་ལ་རྟག་པར་རོལ་པ་ལས༔ ལང་ཚོའི་སྟོབས་རྒྱས་ཆགས་པའི་ཟིལ་པ་འཁྲིགས༔ འགྲོ་ཁམས་རྒྱ་མཚོའི་སེམས་སྣང་དབང་དུ་བྱེད༔ བདེ་ཆེན་འདོད་པའི་རྒྱལ་པོ་ཁྱེད་ལ་བསྟོད༔ རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་རོལ་གར༔ དཔའ་བོའི་སྟོབས་རྩལ་བསྐྱེད་པའི་མཛའ་ན་མོ༔ ཆགས་དང་བདེ་སྟོང་མི་ཟད་གཏེར་མཛོད་ཆེ༔ ཨུ་མ་དཱེ་ཝི་ཡུམ་ལ་ཕྱག་འཚལ་བསྟོད༔ སྣང་སྲིད་དབང་བསྒྱུར་དྲེགས་པ་བྲན་དུ་བཀོལ༔ ཕྲིན་ལས་རབ་འབྱམས་བསྒྲུབ་པའི་སྟོབས་མངའ་ཞིང་༔ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་སྲུང་ཆེ༔ སྲས་མཆོག་བྷི་རྣུ་ར་ཛའི་སྐུ་ལ་བསྟོད༔ སྲིད་གསུམ་འགྲན་ཟླ་བྲལ་བའི་དབང་ཕྱུག་ཆེར༔ རབ་འདུད་བཀའ་ཉན་ལས་ཀྱི་ཕོ་ཉ་བྲན༔ དཔལ་མགོན་སྣང་སྲིད་དྲེགས་པ་ཐམས་ཅད་དང་༔ འཇིག་རྟེན་འཁོར་གྱི་རོལ་པར་བཅས་ལ་བསྟོད༔ བསྐྱེད་རིམ་དམིགས་གསལ་གནད་ལྡན་པ༔ བསྒྲུབ་པའི་གནད་ཀྱི་ཡང་ཞུན་ཡིན༔ གནད་དེ་ལྡན་ན་མི་རིང་འགྲུབ༔ མི་ལྡན་བསྐལ་པར་བསྒྲུབ་ཀྱང་མིན༔ དེ་ཕྱིར་གནད་དེ་གནད་དུ་ཟུངས༔ ས་མ་ཡ༔ སླར་ཡང་འཛབ་དམིགས་རིམ་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་གསལ་བ་ལས༔ གཙོ་བོའི་ཐུགས་ཀར་སྲོག་གི་ཡི་གེ་ཧྲཱིཿདམར་པོ་ཚེགས་དྲག་དང་བཅས་པ་གསལ་བའི་མཐར་སྔགས་ཀྱིས་གཡས་སུ་བསྐོར་བ༔ ཡུམ་གྱི་ཐུགས་ཀར་སྲོག་ཡིག་ཧྲཱིཿདམར་པོ་ལ་སྔགས་ཀྱིས་གཡོན་དུ་འཁོར་བ་དང་༔ འཁོར་རྣམས་ཀྱི་ཐུགས་ཀར་རང་རང་རིགས་ཀྱི་སྲོག་ཡིག་ཕྲ་མོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ བདག་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་བསྟན་སྲུང་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་དེ་རྣམས་ཀྱི་གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཐམས་ཅད་ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཞེས་སྔགས་དེ་ཁོ་ནར་གྱུར་ནས་བདག་གིས་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིང་༔ ས་མ་ཡ་ཕེཾ་ཛཿའབོད་སྔགས་སྲོག་འདྲེན་བཟླ་བའི་ཚེ༔ དམིགས་པ་གཞན་དུ་མི་ཡེངས་པར༔ རྩེ་གཅིག་གསལ་བའི་གཟེར་གྱིས་གདབ༔ མི་ཚིག་དག་གིས་བར་མི་གཅོད༔ གདན་གྱི་དྲོད་མ་ཡལ་བར་སྒྲུབ༔ དེ་ནི་གནད་ཀྱི་དམ་པའོ༔ ས་མ་ཡ༔ མེ་ཏོག་དམར་པོའི་ཚལ་མཐོང་ཞིང་༔ སྐྱེས་པ་དག་གིས་བསྐུར་སྟི་དང་༔ བུད་མེད་མཛེས་མས་དགའ་གདུང་དང་༔ རབ་གསལ་ཟླ་བ་ཤར་བ་དང་༔ ནོར་བུ་གཏེར་བུམ་རྙེད་པ་དང་༔ ཉེ་འཁོར་མང་པོས་རྗེ་བོར་བཀུར༔ ཁྲོམ་མང་དག་ལ་དབང་བསྐུར་སོགས༔ གྲུབ་པའི་ལྟས་སུ་ལེགས་པ་ཡིན༔ བསྒྲུབ་པའི་མན་ངག་རིན་ཆེན་འདི༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུང་༔ དམ་ཉམས་བཀའ་ལོག་དབང་པོ་སྣུབས༔ སྣོད་ལྡན་སྐྱེས་བུའི་འདོད་དོན་སྒྲུབས༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཚོགས་མཆོག་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:53, 7 January 2026

Wylie title zab gsang mkha' 'gro'i snying thig las: lha chen tshogs kyi bdag po'i sgrub pa'i gab gsang: TTDL-ZABTER-08-NYA-032.pdf
Location bdud 'joms gling pa zab gter
Volume 8, Text 32, Pages 291-295 (Folios 1a1 to 3a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen tshogs kyi bdag po'i sgrub pa'i gab gsang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 291-295. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gab gsang   Verso: bdud 'joms bka' srung tshogs bdag
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཉིད་སྟོང་ཉིད་རྡོ་རྗེས་ནན་ཏན་ཆེན་པོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་བོ། །དགེའོ། །དགེའོ། །དགེའོ།།

zhes pa 'di nyid stong nyid rdo rjes nan tan chen pos bskul ngor bdud 'joms rdo rjes gtan la phab bo/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་སྒྲུབ་པའི་གབ་གསང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལྷ་ཆེན་དབང་ཕྱུག་བསྒྲུབ་པའི་ཚེ༔ གབ་པའི་གསང་བ་ལྷན་ཐབས་གནད༔ སྒྲུབ་རྫས་ཙནྡན་དཀར་དམར་གྱི༔ ཕུར་པ་དར་ཚོགས་ལྔ་ཡིས་བསྟུམ༔ སྨན་དང་རིན་ཆེན་སྣ་ཚོགས་དང་༔ གནས་བཟང་བྱིན་ལྡན་ས་སྣ་སོགས༔ ལེགས་པའི་རྫས་སྣ་བཟང་པོ་རྣམས༔ དར་གྱིས་འཐུམས་བྱས་ལྷན་དུ་དྲིལ༔ བླ་རྡོ་ཙཀྲ་དང་བཅས་པ༔ ཟངས་ཀྱི་ལིང་གའི་ཁོངས་སུ་གཞུག༔ བསྒྲུབ་དུས་དཀྱིལ་འཁོར་དབུས་སུ་བཙུགས༔ དེ་མིན་རྟག་ཏུ་འབྲལ་མེད་འཆང་༔ སུ་ཡིས་མི་མཐོང་གསང་རྒྱས་གདབ༔ ནོར་ཟས་ཅི་རིགས་མཛོད་དུ་གདབ༔ མཚལ་དང་ལི་ཁྲི་ཟངས་བྱུ་རུ༔ པདྨ་རཱ་ག་ལ་སོགས་པ༔ རིགས་དང་མཐུན་པའི་རྟེན་རྫས་སོ༔ ས་མ་ཡ༔ རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་བ་སྟོང་གསུམ་གྱི་ཁྱོན་ལ་སྙེགས་པ་ཁོད་སྙོམས་ཤིང་བཀོད་ལེགས་པ༔ ཉམས་དགའ་ཞིང་བྱིན་ཆགས་པ༔ དབྱིབས་ཟླ་གམ་ལ་སྒོ་གཅིག་པ༔ དཔངས་མཐོ་ཞིང་གསེར་གྱི་ཡ་ཕུབ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཏོག་གིས་མཛེས་པ༔ ནོར་བུ་འདོད་འབྱུང་དང་དབང་རྒྱལ་དང་ཕ་རོལ་དཔུང་འཇོམས་ཀྱི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ༔ རིན་པོ་ཆེའི་དྲིལ་གཡེར་གྱི་མདོ་འཛིན་ལ་སྙན་པའི་སྒྲ་གྲགས་པ༔ ཤར་ནས་ཉི་མ་དང་ནུབ་ནས་ཟླ་བའི་གསལ་སྒྲོན་བྱས་པའོ༔ གཞལ་ཡས་ཁང་དེ་ལ་མཛེས་པའི་གཟུགས་སྣ་ཚོགས་དང་༔ སྙན་པའི་རོལ་མོ་དང་གླུ་སོགས་སྒྲ་སྣ་ཚོགས་པས་ཡིད་འགུགས་ཤིང་འཕྲོག་པ༔ དྲི་བཟང་སྣ་ཚོགས་ཀྱི་ན་བུན་འཐུལ་ཞིང་ལྗགས་ལ་འདའ་བའི་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ཞལ་ཟས་སྣ་ཚོགས་རི་ལྟར་སྤུང་ཞིང་མཚོ་ལྟར་འཁྱིལ་བ༔ སྨན་གྱི་སྤང་རི་ལ་མཛེས་པའི་མེ་ཏོག་སྣ་ཚོགས་བཞད་ཅིང་དཔག་བསམ་གྱི་ཤིང་ལས་དགོས་འདོད་འབྱུང་བ༔ ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩི་ཆུ་མིག་དང་༔ ལྷ་ཡི་བྱ་རིགས་སྣ་ཚོགས་པའི་གཟུགས་ཀྱི་རྣམ་འགྱུར་ངོམས་ཤིང་སྙན་པའི་སྒྲ་སྒྲོགས་པའོ༔ དཔངས་མཐོ་བ་སྲིད་པའི་རྩེ་རུ་སྙེགས་པ་དར་སྣ་ཚོགས་ཀྱི་རྒྱལ་མཚན་དང་འཕན་གདུགས་བླ་བྲེ་གནམ་ཡོལ་ལྡ་ལྡི་རྣམས་དྲི་བཟང་གི་རླུང་གིས་གཡེང་བའོ༔ ཕོ་བྲང་དེ་ཡི་ནང་དུ་མཆོད་པའི་ལྷ་མོ་མཛེས་སྒེག་མཚན་དཔེའི་ལང་ཚོས་སྤྲས་པ་དཔག་ཏུ་མེད་པས་བཀུར་སྟི་བྱེད་པའི་དབུས་སུ༔ (བརྡ་ཡིག་) ཤར་དུ་ལྷ་མོ་འགུགས་བྱེད་ཆེན་མོ་དམར༔ ཕྱག་གཉིས་ལྕགས་ཀྱུ་དུང་གི་ཕྲེང་བ་འདྲེན༔ ལྷོ་རུ་ལྷ་མོ་འཆིང་བྱེད་ཆེན་མོ་དམར༔ ཕྱག་གཉིས་ཉི་ཟེར་ཞགས་པ་གཏེར་བུམ་བསྣམས༔ ནུབ་ཏུ་ལྷ་མོ་སྡོམ་བྱེད་ཆེན་མོ་དམར༔ ཕྱག་གཉིས་ལྕགས་སྒྲོག་ནོར་བུ་དབང་རྒྱལ་བསྣམས༔ བྱང་དུ་ལྷ་མོ་འབེབས་བྱེད་ཆེན་མོ་དམར༔ ཕྱག་གཉིས་དྲིལ་བུ་ཕ་རོལ་དཔུང་འཇོམས་ནོར༔ ཀུན་ཀྱང་མཚན་དཔེས་རབ་མཛེས་དར་སྣས་ཀླུབས༔ རིན་ཆེན་རྒྱན་རྫོགས་གཟི་བརྗིད་འོད་ཕུང་འབར༔ (བརྡ་ཡིག་) ལྷ་ཆེན་ཚོགས་ཀྱི་བདག་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿཡིག་དམར་པོ་ལ་སྔགས་ཀྱིས་བསྐོར་བར་བསྒོམ༔ བཟླས་པ་ཙམ་གྱིས་ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པས་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་སྐད་ཅིག་གིས་བྱོན་ནས་ཐིམ་པས་གཟི་བྱིན་ནུས་སྟོབས་འབར་བར་བསམ༔ དང་པོ་འབོད་པའི་སྔགས་ནི༔ ཧྲཱིཿམ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ས་མ་ཡ་ཛ་ཛཿ དེ་ནས་བསྙེན་པ་ནི༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿ ཨུ་མ་དཱེ་ཝི་ཧྲཱིང་ཛཿ ཧཱུྃ་བྃ་ཧོཿ དེ་ནས་སྒྲུབ་པའི་བསྒོམ་བཟླས་ནི༔ བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷ་ཆེན་འཁོར་དང་བཅས་པའི་ཐུགས་ཀར་ཕོག་སྟེ་ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དམར་པོ་སྲིད་པ་གསུམ་ཁྱབ་པར་འཕྲོས་ཏེ་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་བློ་ཡིད་སེམས་གསུམ་ཐམས་ཅད་ཐུགས་ཀྱིས་དབང་དུ་བསྒྱུར་ནས་བདག་གི་མངའ་འོག་ཏུ་སྡུད་པར་བསམ༔ འདོད་རྒུ་ཡིད་བཞིན་གྱི་ཆར་ཆེན་པོ་བབས་ནས་གནས་ཁང་བང་མཛོད་ཐམས་ཅད་མེར་མེར་ཏིང་ཏིང་གང་བར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿཨུ་མ་དཱེ་ཝི་ཧྲཱིང་ཛཿ ཧཱུྃ་བཾ་ཧོཿ ཨཿ ནྲྀཿ ནཿ ཨ་ཀཪྵ་ཡ་ཛ་ཛཿཔཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་དུ་བསྡུས་པའི་ཤམ་བུ་ནི༔ ཨཿནྲྀཿནཿག་ཏྲི་འགུལ་འགུལ་རྒྱུག་རྒྱུག་བྲེང་བྲེང་དུང་དུང་བ་སུ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ལས་སྦྱོར་གྱི་སྔགས་ལ༔ ལྷ་ཆེན་ཡབ་ཡུམ་གྱི་ཐུགས་ཀ་ནས་དབང་གི་འོད་ཟེར་དམར་པོ་འཕྲོས་པས་སྣང་སྲིད་ཁམས་ཀྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་བློ་ཡིད་སེམས་གསུམ་ལ་དབང་བསྒྱུར་ནས༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་དབང་དུ་བསྡུས་ཏེ་བདག་གི་གནས་ཁང་བང་མཛོད་ཐམས་ཅད་གང་ནས་ཟག་པ་མེད་པའི་གཏེར་དུ་སྤེལ་བར་བསམ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ག་ཎ་པ་ཏི་ཧྲཱིཿ ཨུ་མ་དཱེ་ཝི་ཧྲིང་ཛཿ ཧཱུྃ་བཾ་ཧོཿ ཏདྱ་ཐཱ༔ ན་མ་སྟུ་ཡེ༔ ག་ཎ་པ་ཏི༔ ས་མ་ཡ༔ མ་ནུ་སྨ་ར༔ རུ་ཏྲ་བཱ་ཏྲ་ན་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་དྷ་རི་ཡེ་སྭཱ་ཧཱ༔ ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ༔ བ་སུ་ཀྵི་ཀུ་རུ་ཡེ་སྭཱ་ཧཱ༔ རྣོ་ལ་ངར་གྱིས་གདབ་པ་བཞིན༔ ལས་སྦྱོར་གནད་ཀྱི་མན་ངག་བསྟན༔ ཕྲིན་ལས་བཞི་པོ་གང་ལ་ཡང་༔ དམིགས་པའི་ལྡེ་ཁ་བསྒྱུར་བ་གནད༔ གསེར་དངུལ་བཏུལ་ལ་ཚ་ལ་བཞིན༔ མེད་ཐབས་མེད་པའི་གདམས་པ་ཡིན༔ ཤིན་ཏུ་གཅེས་ཕྱིར་སྙིང་ལ་འཆོང་༔ གཅིག་བརྒྱུད་ལས་ནི་སྤེལ་མི་རུང་༔ གསང་རྒྱ་གང་ཐུབ་རྣོ་ནུས་མྱུར༔ གདམས་ངག་འཆལ་ལ་བྱིན་དྲོད་ཡལ༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ བཀའ་སྲུང་ཤན་དམར་རཱ་ཧུ་ལ༔ སྡེ་བརྒྱད་དྲེགས་པའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྟོང་ཉིད་རྡོ་རྗེས་ནན་ཏན་ཆེན་པོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་བོ། །དགེའོ། །དགེའོ། །དགེའོ།། །།