TTDL-ZABTER-05-CA-041: Difference between revisions

From Dudjom Wiki
TTDL-ZABTER-05-CA-041
No edit summary
m (Text replacement - "ཨོཾ་ཨཱ༔ ཧཱུྃ" to "ཨོཾ་ཨཱཿཧཱུྃ")
 
Line 43: Line 43:




ཐྂ༎༔  ({{TibChung|བརྡ་ཡིག་}})  བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་ཞལ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་གཙུག་རྒྱན་མཆོག༔ དབང་དང་དངོས་གྲུབ་ཀུན་འདུས་མི་ཟད་གཏེར༔ མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གུས་པས་འདུད༔ ཕུར་པ་སྒྲུབ་པའི་ལས་ཅན་སྐལ་ལྡན་ལ༔ འོད་གསལ་ཡེ་ཤེས་དྲྭ་བ་ཤིན་ཏུ་གཅེས༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ཀུན༔ ཚེ་འདིར་རིག་འཛིན་ས་ལ་ལྷུན་གྱིས་གྲུབ༔ མ་འོངས་ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ དུས་གསུམ་གཡེལ་བ་མེད་པར་ཉམས་སུ་ལོངས༔ འདི་ལ་དཀྱིལ་འཁོར་གཏོར་མ་མི་དགོས་ཏེ༔ དབྱིངས་སྣང་འོད་གསལ་དཀྱིལ་འཁོར་ཀུན་གྱི་མཆོག༔ འོད་སྣང་ཐིག་ལེ་མ་བཙལ་གཞལ་ཡས་ཁང་༔ ཐིག་ལེ་ཉག་གཅིག་མ་བསྒོམ་ལྷ་ཡི་མཆོག༔ རང་རིག་དུས་གསུམ་རྒྱལ་བ་ཡོངས་འདུས་ཞལ༔ ཕྱི་ཡི་གཉིས་འཛིན་ཡུལ་ཕྱིར་མ་སེམས་པར༔ རང་རྩལ་རིག་པའི་དཀྱིལ་འཁོར་རྫོགས་པར་རིག༔ གཟུང་འཛིན་གཉིས་ཀྱིས་འཁོར་བའི་ས་བོན་འདེབས༔ སྔོན་ཡང་ལམ་དེས་འཁོར་བའི་ས་བོན་བྱས༔ སླར་ཡང་འདི་ཡིས་འཁོར་བར་འཁོར་བས་ན༔ གཟུང་དང་འཛིན་པའི་ཡུལ་ལ་མ་ཞེན་པར༔ རང་རིག་རྒྱལ་བའི་དཀྱིལ་འཁོར་རྫོགས་ལ་ལྟོས༔ དུས་གསུམ་སངས་རྒྱས་སྤྱི་ཞལ་མཐོང་བ་ཡིན༔ ཐིག་ལེ་ཉག་གཅིག་དགོངས་པ་མངོན་གྱུར་ཕྱིར༔ ཆོས་སྐུའི་དགོངས་པར་ཡེ་གནས་ཡེ་བཞིན་རིག༔ རིགས་དང་དཀྱིལ་འཁོར་ཀུན་འདུས་ཀུན་རྫོགས་པའི༔ ཡེ་གཞི་གདོད་མའི་དགོངས་ཀློང་ཡངས་པ་རུ༔ རྟག་འཛིན་བཅོས་མའི་ཆོས་ཀུན་སངས་རྒྱས་སོ༔ ཨ༔ རིག་པ་ཡེ་ཤེས་ཆེན་པོ་ཉིད༔ མཆེད་པས་གཟུང་འཛིན་དྲྭ་བ་བཤིག༔ གཞི་དབྱིངས་སྐྱེ་མེད་ཆོས་སྐུའི་མཁར༔ ཁྱབ་བརྡལ་ལྷུན་འབྱམས་ངང་དུ་ལྷུག༔ ཧཱུྃ་ཧཱུྃ་ཧཱུྃ༔ ངོ་བོ་སྤྲོས་པ་བྲལ་བའི་ཁྱིམ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་སུ༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ དཔལ་ཆེན་བཛྲ་ཀུ་མཱ་ར༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་གནམ་ལྕགས་ཕུར་པ་གདེངས༔ གཡོན་པས་སྡིགས་མཛུབ་དཀུ་ལ་བརྟེན༔ སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྨ་ར་སྨིན་མ་མེ་ལྟར་འབར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཆོས་ཁམས་གནས་དག་རྒྱས་འདེབས་མ༔ གཉིས་མེད་དགྱེས་བདེ་རོལ་པའི་ཚུལ༔ ཨུཏྤ་ལ་དང་དུང་འཁྱུད་སྟོབ༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ དབྱེར་མེད་ཆེན་པོར་ལྷུམས་ཞུགས་པས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སྣང་སྟོང་སྦྱོར་བའི་བདེ་ཆེན་གདན༔ སྒྱུ་འཕྲུལ་རོལ་པའི་མཆོད་པ་ཆེ༔ སྣང་སྟོང་ལྷ་ཡི་སྐུར་བསྒོམ་པས༔ འགྱུར་མེད་སྐུ་དང་བུམ་དབང་རྫོགས༔ གྲགས་སྟོང་སྔགས་ཀྱི་སྒྲ་སྒྲོགས་པས༔ འགགས་མེད་རྡོ་རྗེའི་གསང་དབང་རྫོགས༔ རྡོར་ཐིག་ཧཱུྃ་དང་ཆོས་ཉིད་ཀྱིས༔ ཐུགས་ཀྱི་རྡོ་རྗེ་ཤེར་དབང་རྫོགས༔ ལྷན་སྐྱེས་ཡེ་ཤེས་ལྷུན་རྫོགས་རིག༔ ཡོན་ཏན་ཡེ་རྫོགས་ཚིག་དབང་རྫོགས༔ འཁོར་འདས་གཉིས་མེད་མཉམ་སྦྱོར་དུ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོ་དག༔ ཨོཾ་ཨ་དྷརྨ་དྷརྟུ་ཛྙཱ་ན་ས་མ་ཏི་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གསལ་སྟོང་དབྱེར་མེད་ཆེན་པོའི་ངང་༔ ལན་བདུན་བཟླས་མཐར་སླར་ཡང་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿདྷརྨ་ཀཱ་ཡ་ཧཱུྃ་ཨཱ༔ འདི་ཉིད་བྱེ་བ་གསུམ་བཟླས་བྱ༔ མཐར་ཡང་བླ་མ་རང་སེམས་དང་༔ དབྱེར་མེད་ངང་ནས་འདི་བཟླས་སོ༔ ཨོཾ་ཨཱ༔ ཧཱུྃ་གུ་རུ་མ་ཧཱ་བཱིདྱ་སིདྡྷི་ཕ་ལ་ཧཱུྃ་ཕཊ༔ འཁོར་འདས་དབྱེར་མེད་མཉམ་སྦྱོར་དུ༔ ཆོས་དབྱིངས་ཡེ་ཤེས་དགོངས་ཀློང་ངང་༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ སངས་རྒྱས་རིགས་ཀྱི་སྐུ་གསུང་ཐུགས༔ ལམ་ཁྱེར་དྲན་རྟོགས་ཐམས་ཅད་ཀུན༔ རྣམ་པར་སྣང་མཛད་དགོངས་པའི་ཀློང་༔ མ་བཅོས་མི་བསྒོམ་ཡེངས་མེད་ངང་༔ ཞག་བདུན་བར་དུ་མཉམ་པར་བཞག༔ མཉམ་བཞག་དུས་སུ་རྩོལ་མེད་ངང་༔ རྗེས་ཐོབ་དུས་ཀྱང་དེ་བཞིན་ངང་༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་བརྡལ༔ ས་མ་ཡ༔ དེ་ལས་ལངས་ཏེ་ཞག་བདུན་དུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ རྡོ་རྗེ་རིགས་ཀྱི་གསང་བ་མཆོག༔ གང་ཤར་བཅོམ་ལྡན་མི་བསྐྱོད་པའི༔ མེ་ལོང་ཡེ་ཤེས་ཐུགས་ཀྱི་ཀློང་༔ དང་པོ་རྡོ་རྗེའི་ཐུགས་དང་བསྲེ༔ ཁྱབ་བརྡལ་ངང་དུ་མཉམ་པར་བཞག༔ སླར་ཡང་ཤར་གྲོལ་དུས་མཉམ་ངང་༔ རྗེས་ཤེས་དེ་ལྟར་ངང་གནས་བྱ༔ ས་མ་ཡ༔ བདུན་ཕྲག་གཅིག་ནས་དེ་ལས་ལངས༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ རིན་ཆེན་རིགས་ཀྱི་གསང་བ་མཆོག༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་ཀློང་༔ མཉམ་བཞག་བཟང་ངན་ངོ་བོར་གྲོལ༔ རྗེས་ཤེས་ཤར་གྲོལ་དུས་མཉམ་ངང་༔ ཞག་བདུན་བར་དུ་མཉམ་པར་བཞག༔ ས་མ་ཡ༔ དེ་ལས་ལངས་ཏེ་ཞག་བདུན་དུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ པདྨ་རིགས་ཀྱི་གསང་བ་མཆོག༔ གང་ཤར་བཅོམ་ལྡན་སྣང་མཐའ་ཡས༔ སོར་རྟོག་ཡེ་ཤེས་ཆེན་པོའི་ཀློང་༔ དང་པོ་བསྲེ་ཞིང་བདེ་སྟོང་དང་༔ སླར་ཡང་དྲན་རིག་དབྱེར་མེད་ངང་༔ མ་ཡེངས་མི་བསྒོམ་ལྷོད་དེ་བཞག༔ རྗེས་ཤེས་ལ་ཡང་དེ་བཞིན་ངང་༔ ཞག་བདུན་ཡོངས་སུ་མི་འདའོ༔ ས་མ་ཡ༔ དེ་ལས་ལངས་ཏེ་བདུན་ཕྲག་ཏུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ ལས་ཀྱི་རིགས་ཀྱི་ལྷ་སྔགས་ཐུགས༔ ལམ་ཁྱེར་བྱས་ཏེ་ཤེས་པ་ཡང་༔ དོན་ཡོད་གྲུབ་པའི་དགོངས་ཀློང་དུ༔ བསྲེ་ཞིང་ཁྱབ་བརྡལ་ངང་དུ་བཞག༔ མཉམ་བཞག་ཤར་གྲོལ་དུས་མཉམ་ངང་༔ རྗེས་ཤེས་ཞེན་མེད་དྲན་རིག་མཉམ༔ ཡོངས་སུ་མི་འཁྱོལ་སྒོམ་མི་བཅིང་༔ ཐོལ་གྱིས་ཤར་བ་ཅེར་གྱིས་གྲོལ༔ ལྷང་ལྷང་ཤར་བ་རིག་པའི་ངང་༔ དམ་གྱིས་འཆིང་བཤིགས་ལྷོད་ཀྱིས་བཀྲོལ༔ འདིའོ་སྒོམ་འཆོས་སང་ངེ་བཤིགས༔ བཙུག་གིས་ཚུགས་ཅན་མི་གནས་ངང་༔ འཛིན་རྩོལ་རེ་དོགས་ངར་ཚུགས་ཅན༔ ཀློང་ཆེན་ཀུན་ཏུ་བཟང་མོའི་མཁར༔ སད་དོ་སང་ངེ་ལྷོད་དེ་བཤིག༔ གནས་ལུགས་གཡོ་མེད་ཆེན་པོའི་ངང་༔ ཀ་དག་རིག་པའི་བཙན་ས་ཟུངས༔ ས་མ་ཡ༔ དེ་ལས་ལངས་ཏེ་སླར་ཡང་ནི༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཀུན༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡེ་ཡིན་ཡེ་གྲུབ་ཡེ་གནས་པར༔ རིག་སྟེ་ལམ་ཁྱེར་རྣལ་མར་བྱ༔ གཟུགས་སྣང་ཀུན་ཏུ་བཟང་པོ་ཉིད༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ སྒྲ་རུ་གྲགས་པ་ཐམས་ཅད་ཀྱང་༔ གྲགས་སྟོང་རང་བྱུང་ཆོས་ཀྱི་སྒྲ༔ དྲན་དང་རྟོག་པ་ཐམས་ཅད་ཀུན༔ ཆོས་དབྱིངས་སྐྱེ་འགགས་བྲལ་བ་ཡི༔ ཀློང་ཆེན་ཀུན་བཟང་ཆོས་སྐུའི་མཁའ༔ མ་ཡེངས་མི་སྒོམ་ལྷན་ནེར་བཞག༔ མི་བཞག་མི་བསྲེ་མི་གཏོད་པར༔ དམ་གྱིས་མི་འཆིང་ཞེན་མི་བྱ༔ ཧར་གྱིས་མི་བཞག་ཧད་པ་མིན༔ འཛིན་པས་མི་བཅིང་འཇུར་མི་དྲངས༔ ཤར་བ་རང་ཡན་ཞེན་མེད་ངང་༔ ཤར་བ་གྲོལ་བ་དུས་མཉམ་དུ༔ གང་ལ་གཞན་གྱིས་བསྒྱུར་བཅོས་མིན༔ ཉིད་ལ་ཉིད་ཀྱིས་ཁྱེར་འཇོག་མེད༔ ངོ་བོ་ཉིད་དུ་རང་བཞིན་ཞིག༔ མཁའ་ལས་གློག་བྱུང་ནམ་མཁར་ཐིམ༔ ནམ་མཁའ་ལྟ་བུར་ཁྱབ་བརྡལ་བཞག༔ ཆུ་ལས་ལྦུ་བྱུང་རྒྱ་མཚོར་ཐིམ༔ ཁ་གཏིང་མེད་པ་རྒྱ་མཚོའི་ངང་༔ རི་ལས་རྡུལ་བྱུང་རི་བོར་ཐིམ༔ གཡོ་འགུལ་མེད་པའི་སྤྱོད་པ་སྐྱོང་༔ ཁྱབ་ཅིང་སྟོང་ཉིད་ཆོས་དབྱིངས་ལས༔ ས་ལེར་གསལ་བ་མེ་ལོང་སྟེ༔ མཉམ་ཤར་མཉམ་གྲོལ་མཉམ་ཉིད་ངང་༔ སོ་སོར་རྟོག་པ་མིང་ཡང་སྟེ༔ མ་བཙལ་རང་བྱུང་བྱ་བ་གྲུབ༔ གཞི་དབྱིངས་ཀ་དག་ཆོས་སྐུའི་ངོར༔ འདུས་བྱས་ཆོས་ཀྱང་འདིར་བྱུང་འདི༔ ཡེ་ཡིན་ཡིན་ལུགས་རིག་ཙམ་ལས༔ ལྟ་བའི་ཀློང་ལ་བློས་བཞག་བཤིག༔ བསྐྱེད་རིམ་བློས་འཆོས་སྒོམ་པའི་རྒྱལ༔ དེ་ལ་སྦྱོར་བའི་དངོས་གྲུབ་མེད༔ དེ་བཞིན་དབྱེ་ཤན་འབྱེད་པར་རིགས༔ ཀུན་རྫོབ་བདེན་པའི་འབྲས་བུ་ལ༔ ཐོབ་ལེན་སྨིན་པ་ཡོད་སྲིད་ན༔ སྡིག་པའི་འབྲས་ཀྱང་དེ་འདྲར་སྨིན༔ དགེ་ལ་འབྲས་བུ་སྨིན་པར་རློམ༔ སྡིག་ལ་འབྲས་བུ་མེད་པར་འདོམ༔ ལྔ་བརྒྱའི་དུས་ན་དེ་ལྟར་དུ༔ ཁས་ལེན་གཞན་ལ་སྨྲ་བ་འབྱུང་༔ ཁྱོད་ཀྱི་རྒྱུ་འབྲས་མི་ལྟོས་ན༔ འདུས་བྱས་གཟུང་འཛིན་ཡུལ་ཟད་ཅིང་༔ ཀུན་བཟང་དགོངས་པའི་ཀློང་ཆེན་དུ༔ བཙན་ས་ཟིན་ནམ་རང་ལ་ལྟོས༔ ཆོས་ཟད་བློ་འདས་ཆེན་པོ་དེ༔ ཕྱི་ཡི་གཟུང་ཡུལ་ཟད་པ་ཡི༔ ང་ཁྱོད་བྱ་བའི་གཉིས་འཛིན་མེད༔ ནང་གི་འཛིན་པ་རང་སར་ཞིག༔ འཇིག་རྟེན་བྱ་སྤྱོད་རྩོལ་སྒྲུབ་མེད༔ གསང་བ་སེམས་ཀྱི་འཁྲུལ་པ་ཟད༔ ཉོན་མོངས་ཡེ་ཤེས་ངང་དུ་ཞིག༔ ཉོན་མོངས་དུག་ལྔའི་འཁྲུལ་འཁོར་མེད༔ ལུས་ངག་ཡིད་གསུམ་དབྱེར་མེད་དུ༔ འཕོ་ཆེན་བུམ་སྐུར་མངོན་སངས་ནས༔ དགེ་སྡིག་འབྲས་བུ་སྨིན་ཡུལ་མེད༔ དེ་མིན་རང་རྒྱུད་འཁྲུལ་འཁོར་ལ༔ སྤུ་རྩེ་ཙམ་ཡང་མི་ཕན་ན༔ ཁ་ལྟ་མཐོན་པའི་སྟོང་སྐད་ཀྱིས༔ རྒྱུ་འབྲས་ཁྱད་དུ་བསད་ན་ཡང་༔ ཆོས་སྤང་ལས་ངན་བསགས་གྱུར་ན༔ ཚེ་འདིར་སྐྱོན་གྱིས་སྟོན་པ་ནི༔ ཤེས་རབ་ཅན་གྱིས་ངེས་པར་ཤེས༔ ཕྱི་མར་ངན་འགྲོའི་གནས་སུ་འགྲོ༔ དེ་ཕྱིར་མཉམ་བཞག་བརྩོན་འགྲུས་བསྐྱེད༔ བརྩོན་འགྲུས་དྲག་པོ་དང་ལྡན་ཞིང་༔ མཉམ་བཞག་འདི་ལ་ནན་ཏན་བསྐྱེད༔ མཉམ་བཞག་ཉམས་རྟོགས་གོང་འཕེལ་རྒྱུ༔ འདི་མིན་པ་དག་གཡང་སར་ལྷུང་༔ རྣམ་རྟོག་དགྲས་འཁྱེར་གོ་ཐོག་ལུས༔ འཁྲུལ་བའི་སེམས་ལ་ཕན་མི་འགྱུར༔ ཚེ་དུས་བྱས་ཚེ་སྟོང་ལོག་བྱེད༔ རྗེས་ཐོབ་མེད་ཀྱང་འཁྲུལ་རྒྱུན་འབྲེལ༔ མཉམ་བཞག་མེད་པའི་རྗེས་ཐོབ་ཀྱིས༔ ཁྱོད་ཀྱི་རང་རྒྱུད་མི་གྲོལ་ངེས༔ སྔོན་གྱི་རྗེས་ཐོབ་ཁ་ཡན་ལས༔ ཁྱོད་ཉིད་གྲོལ་ལམ་མ་གྲོལ་ལྟོས༔ གྲོལ་ན་ཀུན་བཟང་ཆོས་སྐུར་མཉམ༔ མ་གྲོལ་ཉོན་འཁྲུལ་འདུག་ན་མཚང་༔ རྨི་ལམ་འཁྲུལ་འཁོར་མ་ཟད་ན༔ བར་དོའི་འཁྲུལ་འཁོར་ག་ལ་ཆོད༔ ད་ལྟའི་གཉིས་འཛིན་མ་ཞིག་ན༔ ཕྱི་མར་གྲོལ་བ་ག་ལ་ཐོབ༔ ཉིན་མཚན་འཁྲུལ་འཁོར་མ་ཞིག་ན༔ ཉི་ཟླ་འོད་དུ་གྲུབ་པ་བཞིན༔ སེམས་ཀྱི་གཤིས་ལ་འཁྲུལ་འཁོར་གྲུབ༔ གཟུང་འཛིན་ཡུལ་ཞེན་མ་ཆོད་ན༔ སེམས་ལ་གཟུང་འཛིན་འཁོར་བ་གྲུབ༔ སྔོན་ཡང་འདི་ལྟར་འཁྲུལ་པས་བསླུས༔ སླར་ཡང་དེ་ལྟར་བསླུ་བར་ངེས༔ གྲུབ་མཐའ་གོ་ས་མཐོ་རློམ་ཡང་༔ རང་མཐོང་འགྲོ་ཀུན་རྒྱུ་སྡུག་བསྔལ༔ ལོ་མང་མཚམས་ཀྱི་མིང་བཏགས་ནས༔ རྗེས་ཐོབ་ཡུལ་ཞེན་འཁྲུལ་འཁོར་ཅན༔ ལྟ་བ་མཐོ་རློམ་སྡུག་རེ་བསྔལ༔ དེ་ལྟར་འཁྲུལ་པའི་སྣང་བ་ཡང་༔ མཉམ་རྗེས་གཉིས་སྦྲགས་བསྒོམ་པར་བྱ༔ མིག་གཉིས་ནམ་མཁའི་ཁམས་ལ་བལྟ༔ རིག་པ་དབྱིངས་ཀྱི་མཁའ་ལ་བསྲེ༔ ཁྱབ་བརྡལ་བཟང་པོའི་ཀློང་དུ་བརྡལ༔ ངོ་བོ་ཆོས་སྐུའི་ཞལ་ཡང་མཇལ༔ རང་བཞིན་ལོངས་སྐུའི་རང་ཞལ་མཇལ༔ ཐུགས་རྗེ་སྤྲུལ་སྐུའི་གདིང་ཆེན་ཐོབ༔ ཕྱི་དབྱིངས་ནམ་མཁའ་སྟོང་པ་སྟེ༔ ནང་དབྱིངས་རྒྱ་མཚོ་འཁྱིལ་བ་འདྲ༔ གསང་དབྱིངས་ཀ་ཏིའི་རྩ་སྦུབས་ལམ༔ དབྱིངས་གསུམ་འབྲེལ་བའི་ཆམ་བརྡལ་ངང་༔ མ་བཅོས་རང་བབས་རྒྱ་འབྱམས་ལྷུག༔ འདིས་ནི་ཀུན་བཟང་དགོངས་ཉམས་ལོན༔ བར་དོའི་འཁྲུལ་སྣང་རང་སར་གྲོལ༔ ས་མ་ཡ༔ གུ་ཧྱ༔ འདི་ལྟར་གང་ཟག་སྣོད་ལྡན་གདམས་པ་འདི༔ བག་ཆགས་གཉིས་པ་སྔོན་སྦྱངས་ས་རུ་སད༔ དེ་ནས་དང་པོར་འཇུག་པའི་རིགས་ཅན་ལ༔ ཞི་གནས་ཉམས་ཀྱི་རྒྱ་མཚོ་ངེས་པར་ཐོབ༔ བདེ་བ་བརྗོད་མེད་འཆར་ཞིང་སྡུག་བསྔལ་མེད༔ ཉོན་མོངས་རང་ལས་རང་ཉིད་ཞི་བ་དང་༔ གར་བཞག་རང་དབང་འབྱོར་བར་ལྷན་ནེར་གནས༔ གསལ་ལ་མ་འགགས་རྟོག་པ་ལྷང་ལྷང་གསལ༔ རྣམ་རྟོག་ཁ་ཡན་མི་སྐྱེད་མི་རྟོག་པ༔ འདི་དག་སྒོམ་གྱི་རྩ་བ་ཟུག་པ་ཡི༔ ལམ་རྟགས་ཙམ་ལས་ས་ཟིན་མེད་པའི་ཕྱིར༔ དེ་རུ་ལུས་དེ་མཆོག་འཛིན་བྱེད་འགའ་བསླུ༔ དེ་ཉིད་འགོག་དག་རེ་དོགས་ཁས་ལེན་པ༔ མ་འོངས་དུས་ན་འབྱུང་སྟེ་མགོ་རྨོངས་ཟད༔ འདི་ཉིད་རྟོགས་པའི་མ་སྟེ་ཉམས་ཀྱི་གཞི༔ ཆོས་ཟད་བློ་འདས་ཆེན་པོར་མ་གྲོལ་བར༔ བདེ་གསལ་མི་རྟོག་ཉམས་ཀྱི་གསོ་ཞིང་སྐྱོངས༔ ཞེན་གོལ་མཆོག་ཏུ་འཛིན་པ་འཁོར་བར་འཁོར༔ གོ་ལོག་འགོག་བདག་འཛིན་ཞིང་མ་རིག་བདག༔ འདི་ཙམ་འཁོར་འདས་གཉིས་ཀྱི་ས་མཚམས་སོ༔ ཕྱི་རོལ་ལྟ་ལོག་པ་ཡང་འདི་རུ་ལུས༔ འདི་མེད་ཉམས་རྟོགས་ལྟ་སྒོམ་ཐམས་ཅད་ཀུན༔ མཆོག་གི་གོ་ས་གོ་བས་སྙོམས་རློམ་ཡང་༔ དོན་མེད་ཁ་ལྟ་འདི་ལ་འབྲས་འབྱིན་ན༔ ཇི་ལྟར་བྱེ་མ་བཙིར་བའི་མར་ཡང་སྲིད༔ ཉམས་ཀྱི་རྟོགས་པ་གོང་འཕེལ་བྱེད་པ་ཡིན༔ ལྷག་མཐོང་རྟོགས་པའི་སྒོམ་གྱི་མ་རྙེད་ཙམ༔ ཉམས་མྱོང་སྣ་ཚོགས་སེམས་ཀྱི་དགའ་སྡུག་སྟེ༔ བརྟགས་དཔྱོད་བཅོས་བསྒྱུར་ཞེན་གོལ་མེད་པ་ཡིས༔ རང་རིག་སྐྱོན་བྲལ་མ་བཅོས་ལྷང་ངེར་ཞོག༔ གཞི་ཉིད་བཟང་ངན་མེད་པའི་ཁྱབ་བདག་པོ༔ འཁྲུལ་ཡང་འཁྲུལ་རྟོག་ཀུན་གྱི་གཞི་བྱེད་ཅིང་༔ རིག་པའི་ངང་ལས་ཆོས་སྐུ་ཆོས་ཉིད་གཞི༔ གཞི་འདི་བཟང་ངན་མེད་པའི་ཀ་དག་གོ༔ རྟོག་ཚོགས་གཞི་ཡི་ལྷུམས་སུ་ཞུགས་པ་དེ༔ ཀ་དག་ཁྱབ་གདལ་ཆོས་སྐུར་རྫོགས་སངས་རྒྱས༔ ལམ་ཡང་བཅོས་བསྒྱུར་སྦྱངས་བསྒྲོད་བྱེད་པ་མིན༔ རང་རིག་རང་ལ་རང་ཉིིད་ལྷུམས་ཞུགས་ཏེ༔ འདི་བསྒོམ་མེད་ཅིང་འཁྲུལ་བར་མ་ཤོར་ལམ༔ འབྲས་བུ་ཐོབ་ལེན་འབྱུང་བ་གང་མེད་དེ༔ ང་རྒྱལ་བདག་འཛིན་ཞེན་གོལ་གང་ཡིན་ཅིང་༔ རང་མཐོང་མིན་ཏེ་གོ་བ་ཡང་མིན་པའི༔ ངང་གནས་ཡེ་ཤེས་རྒྱ་མ་ཆད་པ་ལ༔ རིག་པ་རང་ལ་གཞི་ལམ་འབྲས་བུ་གསུམ༔ དུས་གཅིག་རྫོགས་ཏེ་ཁྱད་པར་འབྲས་བུ་ཡང་༔ འཁྲུལ་པའི་རྟོག་ཚོགས་རིག་པ་ཉིད་དུ་ཐིམ༔ རིག་པ་འཛིན་པ་འཛིན་མེད་ངང་དུ་ཐིམ༔ འཛིན་མེད་རིག་པ་གཞི་ཡི་ལྷུམས་སུ་ཞུགས༔ འཁོར་བར་མི་འཇུག་འཁྲུལ་པའི་ས་བོན་ཟད༔ བྱ་བྱེད་མེད་ཅིང་བློ་ཡིས་ཡུལ་རྐྱེན་ཟད༔ མར་ལ་མ་དོགས་སྡུག་བསྔལ་ས་བོན་ཟད༔ ཡར་ལ་མི་རེ་མྱང་འདས་ཉིད་ལས་ཟད༔ འདུས་བྱས་བྱ་བྱེད་བློ་ཟད་རྩོལ་ཡང་ཟད༔ ཆོས་ཉིད་རང་ལ་མྱང་ངན་འདས་པ་རང་༔ ཕྱིས་ནས་རྩོལ་སྒྲུབ་བྱེད་པ་ཀུན་ཀྱང་མེད༔ འབྲས་བུ་འབྱུང་ཐོབ་མེད་པར་རྫོགས་སངས་རྒྱས༔ འབྲས་བུ་ང་ནི་ཀུན་ཏུ་བཟང་པོའོ༔ ཉམས་མྱོང་མེད་པས་ང་ཉིད་ག་ལ་མཐོང་༔ གོ་བ་མཆོག་འཛིན་བྱེད་ཀྱང་ང་མི་མཐོང་༔ སྒོམ་པ་འཛིན་འཆིང་དམ་པོས་ང་མི་མཐོང་༔ མ་བསྒོམ་རང་ཁར་འཁྱོལ་ཡང་ང་མི་མཐོང་༔ ཞེན་ཆགས་རྩོལ་བ་བྱས་ཀྱང་ང་མི་འགྲུབ༔ རེ་ཞིང་ཆེད་དུ་བསྒོམ་ཀྱང་ང་མི་འགྲུབ༔ དོགས་ཤིང་འཇུར་བུས་བཅིང་ཡང་ང་མི་མཐོང་༔ རང་མཐོང་ང་རྒྱལ་མཐོན་པོས་ང་མི་འགྲུབ༔ བསྒོམ་པའི་མཁར་བརྩིགས་མི་སྒོམ་ངང་བཤིགས་ང་༔ བརྩོན་འགྲུས་ཤུགས་བསྐྱེད་མི་བཙོན་ཆེན་པོ་ང་༔ མཉམ་བཞག་ཚུགས་འཛིན་ལྷུག་པར་ཞིག་པ་དང་༔ རྗེས་ཐོབ་ངང་སྐྱོང་མཉམ་རྗེས་འདྲེས་པ་དང་༔ ང་ཉིད་མཐོང་དུ་རློམས་ཀྱང་རློམས་པས་བསྒྲིབ༔ ང་ཉིད་བཟང་པོར་མཐོང་འཛིན་མཐོང་འཛིན་བསྒྲིབ༔ ང་ལ་ཁས་ལེན་བྱུང་ན་སྐྱོན་དེས་བསྒྲིབ༔ ང་མཐོང་འདྲ་ཡང་མཐོང་ཉམས་ཁོ་རང་བསྒྲིབ༔ ང་ཉིད་མཐོང་བའི་ངེས་ཤེས་ལང་སྟེ་བསྒྲིབ༔ ང་ཉིད་སྤྲོས་པ་བྲལ་བས་ཆོས་སྐུ་སྟེ༔ ཁས་ལེན་དགག་སྒྲུབ་བྲལ་བའི་ཡེ་སངས་རྒྱས༔ ང་མི་མཐོང་བའི་མཐོང་དུ་རེ་རློམ་ཅན༔ ཁྱོད་ཀྱི་མི་མཐོང་སྒྲིབ་པ་གསལ་བའི་མཐར༔ བག་ལ་ཉལ་བའི་སྒྲིབ་པ་རྔམས་པོ་ཆེ༔ འདི་ཉིད་མ་སངས་ང་ཉིད་མཐོང་མི་འགྱུར༔ ང་ལ་ཡིན་མིན་དགག་སྒྲུབ་གང་ཡང་མེད༔ སྤྲོས་པ་མེད་ཅིང་བཟང་ངན་ཡིན་མིན་མེད༔ གང་ནས་མ་བྱུང་ཁྱོད་ཀྱི་ངོ་བོ་སྟེ༔ གང་དུ་མི་འགྲོ་ཁྱོད་དང་ལྷན་ཅིག་གོ༔ ཕྱི་རུ་མ་ཚོལ་ནང་དུ་ཡེ་གཞི་ཉིད༔ ང་མི་མཐོང་བའི་མྱང་འདས་གང་ནས་རྙེད༔ ང་ནི་རིགས་ཀུན་ཁྱབ་བདག་ཆེན་པོའོ༔ གནས་ནི་ཙིཏྟའི་རྩ་མཆོག་ཤེལ་སྦུབས་སུ༔ ང་ཉིད་སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ༔ འོད་དང་ཟེར་དང་གསལ་འཚེར་ཁ་མིག་ཅན༔ ཉིད་ལས་མི་གཞན་རྩལ་དང་རང་མདངས་ལས༔ ཞི་བ་རིགས་ལྔ་ཡབ་ཡུམ་ཁྲག་འཐུང་ལྔ༔ སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ང་ཉིད་དོ༔ ཚེ་དང་བསྒྲུབ་པ་ཉམས་སུ་ལྷུར་ལེན་མཛོད༔ རང་སྣང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེ༔ རང་རིག་ཆོས་སྐུའི་ཀློང་དུ་བཙན་ས་ཟུངས༔ གཞན་དུ་རྩོལ་སྒྲུབ་མ་བྱེད་ང་ཉིད་དོ༔ ལྷ་དང་ཞིང་ཁམས་བཀོད་པ་ང་ལ་རྫོགས༔ ས་མ་ཡ༔ ལྷན་སྐྱེས་ཡེ་ཤེས་ཀུན་ཏུ་བཟང་པོ་དང་༔ ང་མེད་ང་ཡིས་འཁོར་འདས་ཡོངས་ལ་བརྡལ༔ ང་མཐོང་བ་ནི་ཉིན་མོའི་སྐར་མ་ཙམ༔ ང་དང་མཇལ་འདོད་སྐལ་བ་ཡར་གྲབ་ཅན༔ ཕྱི་རུ་མ་ཚོལ་རང་རིག་འདི་ཀའོ༔ སེམས་ཉིད་གནས་དག་རིག་པའི་ངོ་བོ་ང་༔ མ་བཙལ་ངང་ནས་མི་རིང་ཉིད་དུ་མཇལ༔ ལྷ་དང་བསྒྲུབ་བྱ་སྒྲུབ་བྱེད་དཀྱིལ་འཁོར་དང་༔ དམ་ཚིག་སྡོམ་པ་བསྲུང་བྱ་སྲུང་བྱེད་ཀུན༔ གཅིག་ཆར་རྫོགས་པའི་སངས་རྒྱས་ང་ཉིད་ཡིན༔ ནམ་མཁར་ཙནྡྲ་གཅིག་པུ་ཤར་བའི་ཚེ༔ ཆུ་སྣོད་ཐམས་ཅད་ཟླ་གཟུགས་བཀྲ་བ་དེ༔ ཆུ་ལས་མ་བྱུང་ཟླ་བས་མ་བྱས་བཞིན༔ འཁོར་འདས་ཁྱབ་བདག་ཀུན་བཟང་ཀློང་གྲོལ་བའི༔ གདུལ་བྱ་ཐབས་ཀྱིས་འདུལ་པའི་སྒྱུ་འཕྲུལ་གར༔ མ་བྱུང་མ་བྱས་སྣ་ཚོགས་སྣང་པའོ༔ དོན་གཉིས་ལྷུན་གྲུབ་རྫོགས་པའི་བྱ་བྲལ་ང་༔ སེམས་ཅན་ཀུན་དང་ལྷན་ཅིག་འགྲོགས་པ་ལ༔ བཟང་ངན་མེད་པའི་ངང་དུ་ཀ་དག་གོ༔ འཁྲུལ་པའི་གཉིད་སད་ང་ཡི་ལྷུམས་སུ་ཞུགས༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་དེ་ཀའོ༔ ལྟ་སྒོམ་སྤྱོད་པར་སྟོན་པ་ངེས་པའི་ལམ༔ ཀུན་རྫོབ་དོན་དམ་བསྒྱུར་བ་ཐབས་ཀྱི་ལམ༔ གང་ལྟར་བྱས་ཀྱང་ང་དང་མཇལ་བ་གཙོ༔ སངས་རྒྱས་ལག་འཆང་བྱ་བ་ང་ཉིད་དོ༔ བྱ་རྩོལ་བྲལ་བའི་ངང་དུ་མཉམ་བཞག་གོ༔ མངོན་རྫོགས་སངས་རྒྱས་ཐོབ་ལ་ཚེགས་མེད་དོ༔ ས་མ་ཡ༔ ཐེག་མཆོག་རྒྱལ་པོ་འོད་གསལ་རྫོགས་པ་ཆེ༔ གཅིག་ཆར་རྟོགས་ཕྱིར་ངེས་གསང་སྙིང་པོར་སྤྱོད༔ སྐུ་གསུམ་བཞུགས་སྟངས་ལུས་ཀྱི་ཆིངས་སུ་བྱ༔ གཟིགས་སྟངས་གསུམ་གྱིས་ནམ་མཁའ་སྒོ་འབྱེད་ཅིང་༔ སྨྲ་བཅད་དབུགས་ཀྱང་ཁ་རུ་འབྱུང་འཇུག་དལ༔ སྒོ་གསུམ་གནད་བསྣུན་ཆོས་ཀྱི་དེ་ཉིད་རྟོགས༔ ཙིཏྟའི་དབུས་སུ་གསང་བའི་ལམ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ སྙིགས་མའི་འབྲེལ་པ་ནང་གི་མཁའ༔ ཉི་མ་དང་ནི་འོད་བཞིན་དུ༔ ཕྱི་རུ་རྒྱལ་བའི་ཡེ་ཤེས་ནི༔ འོད་ཐིག་ལུ་གུ་རྒྱུད་དུ་སྣང་༔ འོད་ནི་དབྱིངས་ལ་དྭངས་མ་ཐིག༔ རིག་ཆ་རྡོ་རྗེ་ལུ་གུ་རྒྱུད༔ ནང་གདངས་དབྱིངས་སུ་བསྲེ་ཞིང་ལྷོད༔ བྱ་རྩོལ་རེ་དོགས་བརྟག་དཔྱད་དང་༔ བཅོས་བསྒྱུར་དངོས་ཞེན་རྟག་འཛིན་སོགས༔ གང་ཡང་མི་བྱེད་གོལ་སྒྲིབ་བསལ༔ སུན་པ་མེད་པར་ཉམས་ལེན་ལ༔ སྒོ་ཡུལ་འོད་སྣང་བརྟན་པ་མངོན་སུམ་ལ༔ འོད་ཐིག་གསལ་བརྟན་ཡར་འཕེལ་ཉམས་གོང་འཕེལ༔ འོད་ཐིག་ལྷ་སྐུར་སྨིན་པ་ཚད་དུ་ཕོབ༔ སྒོ་ཡུལ་འཛིན་ཞེན་ཟད་པ་བློ་འདས་སོ༔ ཡང་དག་རྫོགས་པའི་སངས་རྒྱས་ངེས་ཐོབ་བོ༔ ས་མ་ཡ༔ གུ་ཧྱ༔ མ་འོངས་དུས་ཀྱི་མར་གཤམ་སྙིགས་མའི་དུས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྗེས་འཇུག་རྣམས༔ ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན༔ མི་ལུས་རིན་ཆེན་ཡིད་བཞིན་ནོར་བུ་འདྲ༔ ཡང་ཡང་རྙེད་དཀའ་ཐོབ་འདི་སྟོན་ཀའི་སྤྲིན༔ དཔེ་འདི་གོ་བར་གྱིས་ཤིག་སྐལ་ལྡན་རྣམས༔ བཀའ་འདི་གནོད་སྦྱིན་ཤན་དམར་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ། །ཤུ་བྷཾ།།}}
ཐྂ༎༔  ({{TibChung|བརྡ་ཡིག་}})  བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་ཞལ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་གཙུག་རྒྱན་མཆོག༔ དབང་དང་དངོས་གྲུབ་ཀུན་འདུས་མི་ཟད་གཏེར༔ མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གུས་པས་འདུད༔ ཕུར་པ་སྒྲུབ་པའི་ལས་ཅན་སྐལ་ལྡན་ལ༔ འོད་གསལ་ཡེ་ཤེས་དྲྭ་བ་ཤིན་ཏུ་གཅེས༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ཀུན༔ ཚེ་འདིར་རིག་འཛིན་ས་ལ་ལྷུན་གྱིས་གྲུབ༔ མ་འོངས་ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ དུས་གསུམ་གཡེལ་བ་མེད་པར་ཉམས་སུ་ལོངས༔ འདི་ལ་དཀྱིལ་འཁོར་གཏོར་མ་མི་དགོས་ཏེ༔ དབྱིངས་སྣང་འོད་གསལ་དཀྱིལ་འཁོར་ཀུན་གྱི་མཆོག༔ འོད་སྣང་ཐིག་ལེ་མ་བཙལ་གཞལ་ཡས་ཁང་༔ ཐིག་ལེ་ཉག་གཅིག་མ་བསྒོམ་ལྷ་ཡི་མཆོག༔ རང་རིག་དུས་གསུམ་རྒྱལ་བ་ཡོངས་འདུས་ཞལ༔ ཕྱི་ཡི་གཉིས་འཛིན་ཡུལ་ཕྱིར་མ་སེམས་པར༔ རང་རྩལ་རིག་པའི་དཀྱིལ་འཁོར་རྫོགས་པར་རིག༔ གཟུང་འཛིན་གཉིས་ཀྱིས་འཁོར་བའི་ས་བོན་འདེབས༔ སྔོན་ཡང་ལམ་དེས་འཁོར་བའི་ས་བོན་བྱས༔ སླར་ཡང་འདི་ཡིས་འཁོར་བར་འཁོར་བས་ན༔ གཟུང་དང་འཛིན་པའི་ཡུལ་ལ་མ་ཞེན་པར༔ རང་རིག་རྒྱལ་བའི་དཀྱིལ་འཁོར་རྫོགས་ལ་ལྟོས༔ དུས་གསུམ་སངས་རྒྱས་སྤྱི་ཞལ་མཐོང་བ་ཡིན༔ ཐིག་ལེ་ཉག་གཅིག་དགོངས་པ་མངོན་གྱུར་ཕྱིར༔ ཆོས་སྐུའི་དགོངས་པར་ཡེ་གནས་ཡེ་བཞིན་རིག༔ རིགས་དང་དཀྱིལ་འཁོར་ཀུན་འདུས་ཀུན་རྫོགས་པའི༔ ཡེ་གཞི་གདོད་མའི་དགོངས་ཀློང་ཡངས་པ་རུ༔ རྟག་འཛིན་བཅོས་མའི་ཆོས་ཀུན་སངས་རྒྱས་སོ༔ ཨ༔ རིག་པ་ཡེ་ཤེས་ཆེན་པོ་ཉིད༔ མཆེད་པས་གཟུང་འཛིན་དྲྭ་བ་བཤིག༔ གཞི་དབྱིངས་སྐྱེ་མེད་ཆོས་སྐུའི་མཁར༔ ཁྱབ་བརྡལ་ལྷུན་འབྱམས་ངང་དུ་ལྷུག༔ ཧཱུྃ་ཧཱུྃ་ཧཱུྃ༔ ངོ་བོ་སྤྲོས་པ་བྲལ་བའི་ཁྱིམ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་སུ༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ དཔལ་ཆེན་བཛྲ་ཀུ་མཱ་ར༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་གནམ་ལྕགས་ཕུར་པ་གདེངས༔ གཡོན་པས་སྡིགས་མཛུབ་དཀུ་ལ་བརྟེན༔ སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྨ་ར་སྨིན་མ་མེ་ལྟར་འབར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཆོས་ཁམས་གནས་དག་རྒྱས་འདེབས་མ༔ གཉིས་མེད་དགྱེས་བདེ་རོལ་པའི་ཚུལ༔ ཨུཏྤ་ལ་དང་དུང་འཁྱུད་སྟོབ༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ དབྱེར་མེད་ཆེན་པོར་ལྷུམས་ཞུགས་པས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སྣང་སྟོང་སྦྱོར་བའི་བདེ་ཆེན་གདན༔ སྒྱུ་འཕྲུལ་རོལ་པའི་མཆོད་པ་ཆེ༔ སྣང་སྟོང་ལྷ་ཡི་སྐུར་བསྒོམ་པས༔ འགྱུར་མེད་སྐུ་དང་བུམ་དབང་རྫོགས༔ གྲགས་སྟོང་སྔགས་ཀྱི་སྒྲ་སྒྲོགས་པས༔ འགགས་མེད་རྡོ་རྗེའི་གསང་དབང་རྫོགས༔ རྡོར་ཐིག་ཧཱུྃ་དང་ཆོས་ཉིད་ཀྱིས༔ ཐུགས་ཀྱི་རྡོ་རྗེ་ཤེར་དབང་རྫོགས༔ ལྷན་སྐྱེས་ཡེ་ཤེས་ལྷུན་རྫོགས་རིག༔ ཡོན་ཏན་ཡེ་རྫོགས་ཚིག་དབང་རྫོགས༔ འཁོར་འདས་གཉིས་མེད་མཉམ་སྦྱོར་དུ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོ་དག༔ ཨོཾ་ཨ་དྷརྨ་དྷརྟུ་ཛྙཱ་ན་ས་མ་ཏི་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གསལ་སྟོང་དབྱེར་མེད་ཆེན་པོའི་ངང་༔ ལན་བདུན་བཟླས་མཐར་སླར་ཡང་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿདྷརྨ་ཀཱ་ཡ་ཧཱུྃ་ཨཱ༔ འདི་ཉིད་བྱེ་བ་གསུམ་བཟླས་བྱ༔ མཐར་ཡང་བླ་མ་རང་སེམས་དང་༔ དབྱེར་མེད་ངང་ནས་འདི་བཟླས་སོ༔ ཨོཾ་ཨཱཿཧཱུྃ་གུ་རུ་མ་ཧཱ་བཱིདྱ་སིདྡྷི་ཕ་ལ་ཧཱུྃ་ཕཊ༔ འཁོར་འདས་དབྱེར་མེད་མཉམ་སྦྱོར་དུ༔ ཆོས་དབྱིངས་ཡེ་ཤེས་དགོངས་ཀློང་ངང་༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ སངས་རྒྱས་རིགས་ཀྱི་སྐུ་གསུང་ཐུགས༔ ལམ་ཁྱེར་དྲན་རྟོགས་ཐམས་ཅད་ཀུན༔ རྣམ་པར་སྣང་མཛད་དགོངས་པའི་ཀློང་༔ མ་བཅོས་མི་བསྒོམ་ཡེངས་མེད་ངང་༔ ཞག་བདུན་བར་དུ་མཉམ་པར་བཞག༔ མཉམ་བཞག་དུས་སུ་རྩོལ་མེད་ངང་༔ རྗེས་ཐོབ་དུས་ཀྱང་དེ་བཞིན་ངང་༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་བརྡལ༔ ས་མ་ཡ༔ དེ་ལས་ལངས་ཏེ་ཞག་བདུན་དུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ རྡོ་རྗེ་རིགས་ཀྱི་གསང་བ་མཆོག༔ གང་ཤར་བཅོམ་ལྡན་མི་བསྐྱོད་པའི༔ མེ་ལོང་ཡེ་ཤེས་ཐུགས་ཀྱི་ཀློང་༔ དང་པོ་རྡོ་རྗེའི་ཐུགས་དང་བསྲེ༔ ཁྱབ་བརྡལ་ངང་དུ་མཉམ་པར་བཞག༔ སླར་ཡང་ཤར་གྲོལ་དུས་མཉམ་ངང་༔ རྗེས་ཤེས་དེ་ལྟར་ངང་གནས་བྱ༔ ས་མ་ཡ༔ བདུན་ཕྲག་གཅིག་ནས་དེ་ལས་ལངས༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ རིན་ཆེན་རིགས་ཀྱི་གསང་བ་མཆོག༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་ཀློང་༔ མཉམ་བཞག་བཟང་ངན་ངོ་བོར་གྲོལ༔ རྗེས་ཤེས་ཤར་གྲོལ་དུས་མཉམ་ངང་༔ ཞག་བདུན་བར་དུ་མཉམ་པར་བཞག༔ ས་མ་ཡ༔ དེ་ལས་ལངས་ཏེ་ཞག་བདུན་དུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ པདྨ་རིགས་ཀྱི་གསང་བ་མཆོག༔ གང་ཤར་བཅོམ་ལྡན་སྣང་མཐའ་ཡས༔ སོར་རྟོག་ཡེ་ཤེས་ཆེན་པོའི་ཀློང་༔ དང་པོ་བསྲེ་ཞིང་བདེ་སྟོང་དང་༔ སླར་ཡང་དྲན་རིག་དབྱེར་མེད་ངང་༔ མ་ཡེངས་མི་བསྒོམ་ལྷོད་དེ་བཞག༔ རྗེས་ཤེས་ལ་ཡང་དེ་བཞིན་ངང་༔ ཞག་བདུན་ཡོངས་སུ་མི་འདའོ༔ ས་མ་ཡ༔ དེ་ལས་ལངས་ཏེ་བདུན་ཕྲག་ཏུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ ལས་ཀྱི་རིགས་ཀྱི་ལྷ་སྔགས་ཐུགས༔ ལམ་ཁྱེར་བྱས་ཏེ་ཤེས་པ་ཡང་༔ དོན་ཡོད་གྲུབ་པའི་དགོངས་ཀློང་དུ༔ བསྲེ་ཞིང་ཁྱབ་བརྡལ་ངང་དུ་བཞག༔ མཉམ་བཞག་ཤར་གྲོལ་དུས་མཉམ་ངང་༔ རྗེས་ཤེས་ཞེན་མེད་དྲན་རིག་མཉམ༔ ཡོངས་སུ་མི་འཁྱོལ་སྒོམ་མི་བཅིང་༔ ཐོལ་གྱིས་ཤར་བ་ཅེར་གྱིས་གྲོལ༔ ལྷང་ལྷང་ཤར་བ་རིག་པའི་ངང་༔ དམ་གྱིས་འཆིང་བཤིགས་ལྷོད་ཀྱིས་བཀྲོལ༔ འདིའོ་སྒོམ་འཆོས་སང་ངེ་བཤིགས༔ བཙུག་གིས་ཚུགས་ཅན་མི་གནས་ངང་༔ འཛིན་རྩོལ་རེ་དོགས་ངར་ཚུགས་ཅན༔ ཀློང་ཆེན་ཀུན་ཏུ་བཟང་མོའི་མཁར༔ སད་དོ་སང་ངེ་ལྷོད་དེ་བཤིག༔ གནས་ལུགས་གཡོ་མེད་ཆེན་པོའི་ངང་༔ ཀ་དག་རིག་པའི་བཙན་ས་ཟུངས༔ ས་མ་ཡ༔ དེ་ལས་ལངས་ཏེ་སླར་ཡང་ནི༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཀུན༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡེ་ཡིན་ཡེ་གྲུབ་ཡེ་གནས་པར༔ རིག་སྟེ་ལམ་ཁྱེར་རྣལ་མར་བྱ༔ གཟུགས་སྣང་ཀུན་ཏུ་བཟང་པོ་ཉིད༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ སྒྲ་རུ་གྲགས་པ་ཐམས་ཅད་ཀྱང་༔ གྲགས་སྟོང་རང་བྱུང་ཆོས་ཀྱི་སྒྲ༔ དྲན་དང་རྟོག་པ་ཐམས་ཅད་ཀུན༔ ཆོས་དབྱིངས་སྐྱེ་འགགས་བྲལ་བ་ཡི༔ ཀློང་ཆེན་ཀུན་བཟང་ཆོས་སྐུའི་མཁའ༔ མ་ཡེངས་མི་སྒོམ་ལྷན་ནེར་བཞག༔ མི་བཞག་མི་བསྲེ་མི་གཏོད་པར༔ དམ་གྱིས་མི་འཆིང་ཞེན་མི་བྱ༔ ཧར་གྱིས་མི་བཞག་ཧད་པ་མིན༔ འཛིན་པས་མི་བཅིང་འཇུར་མི་དྲངས༔ ཤར་བ་རང་ཡན་ཞེན་མེད་ངང་༔ ཤར་བ་གྲོལ་བ་དུས་མཉམ་དུ༔ གང་ལ་གཞན་གྱིས་བསྒྱུར་བཅོས་མིན༔ ཉིད་ལ་ཉིད་ཀྱིས་ཁྱེར་འཇོག་མེད༔ ངོ་བོ་ཉིད་དུ་རང་བཞིན་ཞིག༔ མཁའ་ལས་གློག་བྱུང་ནམ་མཁར་ཐིམ༔ ནམ་མཁའ་ལྟ་བུར་ཁྱབ་བརྡལ་བཞག༔ ཆུ་ལས་ལྦུ་བྱུང་རྒྱ་མཚོར་ཐིམ༔ ཁ་གཏིང་མེད་པ་རྒྱ་མཚོའི་ངང་༔ རི་ལས་རྡུལ་བྱུང་རི་བོར་ཐིམ༔ གཡོ་འགུལ་མེད་པའི་སྤྱོད་པ་སྐྱོང་༔ ཁྱབ་ཅིང་སྟོང་ཉིད་ཆོས་དབྱིངས་ལས༔ ས་ལེར་གསལ་བ་མེ་ལོང་སྟེ༔ མཉམ་ཤར་མཉམ་གྲོལ་མཉམ་ཉིད་ངང་༔ སོ་སོར་རྟོག་པ་མིང་ཡང་སྟེ༔ མ་བཙལ་རང་བྱུང་བྱ་བ་གྲུབ༔ གཞི་དབྱིངས་ཀ་དག་ཆོས་སྐུའི་ངོར༔ འདུས་བྱས་ཆོས་ཀྱང་འདིར་བྱུང་འདི༔ ཡེ་ཡིན་ཡིན་ལུགས་རིག་ཙམ་ལས༔ ལྟ་བའི་ཀློང་ལ་བློས་བཞག་བཤིག༔ བསྐྱེད་རིམ་བློས་འཆོས་སྒོམ་པའི་རྒྱལ༔ དེ་ལ་སྦྱོར་བའི་དངོས་གྲུབ་མེད༔ དེ་བཞིན་དབྱེ་ཤན་འབྱེད་པར་རིགས༔ ཀུན་རྫོབ་བདེན་པའི་འབྲས་བུ་ལ༔ ཐོབ་ལེན་སྨིན་པ་ཡོད་སྲིད་ན༔ སྡིག་པའི་འབྲས་ཀྱང་དེ་འདྲར་སྨིན༔ དགེ་ལ་འབྲས་བུ་སྨིན་པར་རློམ༔ སྡིག་ལ་འབྲས་བུ་མེད་པར་འདོམ༔ ལྔ་བརྒྱའི་དུས་ན་དེ་ལྟར་དུ༔ ཁས་ལེན་གཞན་ལ་སྨྲ་བ་འབྱུང་༔ ཁྱོད་ཀྱི་རྒྱུ་འབྲས་མི་ལྟོས་ན༔ འདུས་བྱས་གཟུང་འཛིན་ཡུལ་ཟད་ཅིང་༔ ཀུན་བཟང་དགོངས་པའི་ཀློང་ཆེན་དུ༔ བཙན་ས་ཟིན་ནམ་རང་ལ་ལྟོས༔ ཆོས་ཟད་བློ་འདས་ཆེན་པོ་དེ༔ ཕྱི་ཡི་གཟུང་ཡུལ་ཟད་པ་ཡི༔ ང་ཁྱོད་བྱ་བའི་གཉིས་འཛིན་མེད༔ ནང་གི་འཛིན་པ་རང་སར་ཞིག༔ འཇིག་རྟེན་བྱ་སྤྱོད་རྩོལ་སྒྲུབ་མེད༔ གསང་བ་སེམས་ཀྱི་འཁྲུལ་པ་ཟད༔ ཉོན་མོངས་ཡེ་ཤེས་ངང་དུ་ཞིག༔ ཉོན་མོངས་དུག་ལྔའི་འཁྲུལ་འཁོར་མེད༔ ལུས་ངག་ཡིད་གསུམ་དབྱེར་མེད་དུ༔ འཕོ་ཆེན་བུམ་སྐུར་མངོན་སངས་ནས༔ དགེ་སྡིག་འབྲས་བུ་སྨིན་ཡུལ་མེད༔ དེ་མིན་རང་རྒྱུད་འཁྲུལ་འཁོར་ལ༔ སྤུ་རྩེ་ཙམ་ཡང་མི་ཕན་ན༔ ཁ་ལྟ་མཐོན་པའི་སྟོང་སྐད་ཀྱིས༔ རྒྱུ་འབྲས་ཁྱད་དུ་བསད་ན་ཡང་༔ ཆོས་སྤང་ལས་ངན་བསགས་གྱུར་ན༔ ཚེ་འདིར་སྐྱོན་གྱིས་སྟོན་པ་ནི༔ ཤེས་རབ་ཅན་གྱིས་ངེས་པར་ཤེས༔ ཕྱི་མར་ངན་འགྲོའི་གནས་སུ་འགྲོ༔ དེ་ཕྱིར་མཉམ་བཞག་བརྩོན་འགྲུས་བསྐྱེད༔ བརྩོན་འགྲུས་དྲག་པོ་དང་ལྡན་ཞིང་༔ མཉམ་བཞག་འདི་ལ་ནན་ཏན་བསྐྱེད༔ མཉམ་བཞག་ཉམས་རྟོགས་གོང་འཕེལ་རྒྱུ༔ འདི་མིན་པ་དག་གཡང་སར་ལྷུང་༔ རྣམ་རྟོག་དགྲས་འཁྱེར་གོ་ཐོག་ལུས༔ འཁྲུལ་བའི་སེམས་ལ་ཕན་མི་འགྱུར༔ ཚེ་དུས་བྱས་ཚེ་སྟོང་ལོག་བྱེད༔ རྗེས་ཐོབ་མེད་ཀྱང་འཁྲུལ་རྒྱུན་འབྲེལ༔ མཉམ་བཞག་མེད་པའི་རྗེས་ཐོབ་ཀྱིས༔ ཁྱོད་ཀྱི་རང་རྒྱུད་མི་གྲོལ་ངེས༔ སྔོན་གྱི་རྗེས་ཐོབ་ཁ་ཡན་ལས༔ ཁྱོད་ཉིད་གྲོལ་ལམ་མ་གྲོལ་ལྟོས༔ གྲོལ་ན་ཀུན་བཟང་ཆོས་སྐུར་མཉམ༔ མ་གྲོལ་ཉོན་འཁྲུལ་འདུག་ན་མཚང་༔ རྨི་ལམ་འཁྲུལ་འཁོར་མ་ཟད་ན༔ བར་དོའི་འཁྲུལ་འཁོར་ག་ལ་ཆོད༔ ད་ལྟའི་གཉིས་འཛིན་མ་ཞིག་ན༔ ཕྱི་མར་གྲོལ་བ་ག་ལ་ཐོབ༔ ཉིན་མཚན་འཁྲུལ་འཁོར་མ་ཞིག་ན༔ ཉི་ཟླ་འོད་དུ་གྲུབ་པ་བཞིན༔ སེམས་ཀྱི་གཤིས་ལ་འཁྲུལ་འཁོར་གྲུབ༔ གཟུང་འཛིན་ཡུལ་ཞེན་མ་ཆོད་ན༔ སེམས་ལ་གཟུང་འཛིན་འཁོར་བ་གྲུབ༔ སྔོན་ཡང་འདི་ལྟར་འཁྲུལ་པས་བསླུས༔ སླར་ཡང་དེ་ལྟར་བསླུ་བར་ངེས༔ གྲུབ་མཐའ་གོ་ས་མཐོ་རློམ་ཡང་༔ རང་མཐོང་འགྲོ་ཀུན་རྒྱུ་སྡུག་བསྔལ༔ ལོ་མང་མཚམས་ཀྱི་མིང་བཏགས་ནས༔ རྗེས་ཐོབ་ཡུལ་ཞེན་འཁྲུལ་འཁོར་ཅན༔ ལྟ་བ་མཐོ་རློམ་སྡུག་རེ་བསྔལ༔ དེ་ལྟར་འཁྲུལ་པའི་སྣང་བ་ཡང་༔ མཉམ་རྗེས་གཉིས་སྦྲགས་བསྒོམ་པར་བྱ༔ མིག་གཉིས་ནམ་མཁའི་ཁམས་ལ་བལྟ༔ རིག་པ་དབྱིངས་ཀྱི་མཁའ་ལ་བསྲེ༔ ཁྱབ་བརྡལ་བཟང་པོའི་ཀློང་དུ་བརྡལ༔ ངོ་བོ་ཆོས་སྐུའི་ཞལ་ཡང་མཇལ༔ རང་བཞིན་ལོངས་སྐུའི་རང་ཞལ་མཇལ༔ ཐུགས་རྗེ་སྤྲུལ་སྐུའི་གདིང་ཆེན་ཐོབ༔ ཕྱི་དབྱིངས་ནམ་མཁའ་སྟོང་པ་སྟེ༔ ནང་དབྱིངས་རྒྱ་མཚོ་འཁྱིལ་བ་འདྲ༔ གསང་དབྱིངས་ཀ་ཏིའི་རྩ་སྦུབས་ལམ༔ དབྱིངས་གསུམ་འབྲེལ་བའི་ཆམ་བརྡལ་ངང་༔ མ་བཅོས་རང་བབས་རྒྱ་འབྱམས་ལྷུག༔ འདིས་ནི་ཀུན་བཟང་དགོངས་ཉམས་ལོན༔ བར་དོའི་འཁྲུལ་སྣང་རང་སར་གྲོལ༔ ས་མ་ཡ༔ གུ་ཧྱ༔ འདི་ལྟར་གང་ཟག་སྣོད་ལྡན་གདམས་པ་འདི༔ བག་ཆགས་གཉིས་པ་སྔོན་སྦྱངས་ས་རུ་སད༔ དེ་ནས་དང་པོར་འཇུག་པའི་རིགས་ཅན་ལ༔ ཞི་གནས་ཉམས་ཀྱི་རྒྱ་མཚོ་ངེས་པར་ཐོབ༔ བདེ་བ་བརྗོད་མེད་འཆར་ཞིང་སྡུག་བསྔལ་མེད༔ ཉོན་མོངས་རང་ལས་རང་ཉིད་ཞི་བ་དང་༔ གར་བཞག་རང་དབང་འབྱོར་བར་ལྷན་ནེར་གནས༔ གསལ་ལ་མ་འགགས་རྟོག་པ་ལྷང་ལྷང་གསལ༔ རྣམ་རྟོག་ཁ་ཡན་མི་སྐྱེད་མི་རྟོག་པ༔ འདི་དག་སྒོམ་གྱི་རྩ་བ་ཟུག་པ་ཡི༔ ལམ་རྟགས་ཙམ་ལས་ས་ཟིན་མེད་པའི་ཕྱིར༔ དེ་རུ་ལུས་དེ་མཆོག་འཛིན་བྱེད་འགའ་བསླུ༔ དེ་ཉིད་འགོག་དག་རེ་དོགས་ཁས་ལེན་པ༔ མ་འོངས་དུས་ན་འབྱུང་སྟེ་མགོ་རྨོངས་ཟད༔ འདི་ཉིད་རྟོགས་པའི་མ་སྟེ་ཉམས་ཀྱི་གཞི༔ ཆོས་ཟད་བློ་འདས་ཆེན་པོར་མ་གྲོལ་བར༔ བདེ་གསལ་མི་རྟོག་ཉམས་ཀྱི་གསོ་ཞིང་སྐྱོངས༔ ཞེན་གོལ་མཆོག་ཏུ་འཛིན་པ་འཁོར་བར་འཁོར༔ གོ་ལོག་འགོག་བདག་འཛིན་ཞིང་མ་རིག་བདག༔ འདི་ཙམ་འཁོར་འདས་གཉིས་ཀྱི་ས་མཚམས་སོ༔ ཕྱི་རོལ་ལྟ་ལོག་པ་ཡང་འདི་རུ་ལུས༔ འདི་མེད་ཉམས་རྟོགས་ལྟ་སྒོམ་ཐམས་ཅད་ཀུན༔ མཆོག་གི་གོ་ས་གོ་བས་སྙོམས་རློམ་ཡང་༔ དོན་མེད་ཁ་ལྟ་འདི་ལ་འབྲས་འབྱིན་ན༔ ཇི་ལྟར་བྱེ་མ་བཙིར་བའི་མར་ཡང་སྲིད༔ ཉམས་ཀྱི་རྟོགས་པ་གོང་འཕེལ་བྱེད་པ་ཡིན༔ ལྷག་མཐོང་རྟོགས་པའི་སྒོམ་གྱི་མ་རྙེད་ཙམ༔ ཉམས་མྱོང་སྣ་ཚོགས་སེམས་ཀྱི་དགའ་སྡུག་སྟེ༔ བརྟགས་དཔྱོད་བཅོས་བསྒྱུར་ཞེན་གོལ་མེད་པ་ཡིས༔ རང་རིག་སྐྱོན་བྲལ་མ་བཅོས་ལྷང་ངེར་ཞོག༔ གཞི་ཉིད་བཟང་ངན་མེད་པའི་ཁྱབ་བདག་པོ༔ འཁྲུལ་ཡང་འཁྲུལ་རྟོག་ཀུན་གྱི་གཞི་བྱེད་ཅིང་༔ རིག་པའི་ངང་ལས་ཆོས་སྐུ་ཆོས་ཉིད་གཞི༔ གཞི་འདི་བཟང་ངན་མེད་པའི་ཀ་དག་གོ༔ རྟོག་ཚོགས་གཞི་ཡི་ལྷུམས་སུ་ཞུགས་པ་དེ༔ ཀ་དག་ཁྱབ་གདལ་ཆོས་སྐུར་རྫོགས་སངས་རྒྱས༔ ལམ་ཡང་བཅོས་བསྒྱུར་སྦྱངས་བསྒྲོད་བྱེད་པ་མིན༔ རང་རིག་རང་ལ་རང་ཉིིད་ལྷུམས་ཞུགས་ཏེ༔ འདི་བསྒོམ་མེད་ཅིང་འཁྲུལ་བར་མ་ཤོར་ལམ༔ འབྲས་བུ་ཐོབ་ལེན་འབྱུང་བ་གང་མེད་དེ༔ ང་རྒྱལ་བདག་འཛིན་ཞེན་གོལ་གང་ཡིན་ཅིང་༔ རང་མཐོང་མིན་ཏེ་གོ་བ་ཡང་མིན་པའི༔ ངང་གནས་ཡེ་ཤེས་རྒྱ་མ་ཆད་པ་ལ༔ རིག་པ་རང་ལ་གཞི་ལམ་འབྲས་བུ་གསུམ༔ དུས་གཅིག་རྫོགས་ཏེ་ཁྱད་པར་འབྲས་བུ་ཡང་༔ འཁྲུལ་པའི་རྟོག་ཚོགས་རིག་པ་ཉིད་དུ་ཐིམ༔ རིག་པ་འཛིན་པ་འཛིན་མེད་ངང་དུ་ཐིམ༔ འཛིན་མེད་རིག་པ་གཞི་ཡི་ལྷུམས་སུ་ཞུགས༔ འཁོར་བར་མི་འཇུག་འཁྲུལ་པའི་ས་བོན་ཟད༔ བྱ་བྱེད་མེད་ཅིང་བློ་ཡིས་ཡུལ་རྐྱེན་ཟད༔ མར་ལ་མ་དོགས་སྡུག་བསྔལ་ས་བོན་ཟད༔ ཡར་ལ་མི་རེ་མྱང་འདས་ཉིད་ལས་ཟད༔ འདུས་བྱས་བྱ་བྱེད་བློ་ཟད་རྩོལ་ཡང་ཟད༔ ཆོས་ཉིད་རང་ལ་མྱང་ངན་འདས་པ་རང་༔ ཕྱིས་ནས་རྩོལ་སྒྲུབ་བྱེད་པ་ཀུན་ཀྱང་མེད༔ འབྲས་བུ་འབྱུང་ཐོབ་མེད་པར་རྫོགས་སངས་རྒྱས༔ འབྲས་བུ་ང་ནི་ཀུན་ཏུ་བཟང་པོའོ༔ ཉམས་མྱོང་མེད་པས་ང་ཉིད་ག་ལ་མཐོང་༔ གོ་བ་མཆོག་འཛིན་བྱེད་ཀྱང་ང་མི་མཐོང་༔ སྒོམ་པ་འཛིན་འཆིང་དམ་པོས་ང་མི་མཐོང་༔ མ་བསྒོམ་རང་ཁར་འཁྱོལ་ཡང་ང་མི་མཐོང་༔ ཞེན་ཆགས་རྩོལ་བ་བྱས་ཀྱང་ང་མི་འགྲུབ༔ རེ་ཞིང་ཆེད་དུ་བསྒོམ་ཀྱང་ང་མི་འགྲུབ༔ དོགས་ཤིང་འཇུར་བུས་བཅིང་ཡང་ང་མི་མཐོང་༔ རང་མཐོང་ང་རྒྱལ་མཐོན་པོས་ང་མི་འགྲུབ༔ བསྒོམ་པའི་མཁར་བརྩིགས་མི་སྒོམ་ངང་བཤིགས་ང་༔ བརྩོན་འགྲུས་ཤུགས་བསྐྱེད་མི་བཙོན་ཆེན་པོ་ང་༔ མཉམ་བཞག་ཚུགས་འཛིན་ལྷུག་པར་ཞིག་པ་དང་༔ རྗེས་ཐོབ་ངང་སྐྱོང་མཉམ་རྗེས་འདྲེས་པ་དང་༔ ང་ཉིད་མཐོང་དུ་རློམས་ཀྱང་རློམས་པས་བསྒྲིབ༔ ང་ཉིད་བཟང་པོར་མཐོང་འཛིན་མཐོང་འཛིན་བསྒྲིབ༔ ང་ལ་ཁས་ལེན་བྱུང་ན་སྐྱོན་དེས་བསྒྲིབ༔ ང་མཐོང་འདྲ་ཡང་མཐོང་ཉམས་ཁོ་རང་བསྒྲིབ༔ ང་ཉིད་མཐོང་བའི་ངེས་ཤེས་ལང་སྟེ་བསྒྲིབ༔ ང་ཉིད་སྤྲོས་པ་བྲལ་བས་ཆོས་སྐུ་སྟེ༔ ཁས་ལེན་དགག་སྒྲུབ་བྲལ་བའི་ཡེ་སངས་རྒྱས༔ ང་མི་མཐོང་བའི་མཐོང་དུ་རེ་རློམ་ཅན༔ ཁྱོད་ཀྱི་མི་མཐོང་སྒྲིབ་པ་གསལ་བའི་མཐར༔ བག་ལ་ཉལ་བའི་སྒྲིབ་པ་རྔམས་པོ་ཆེ༔ འདི་ཉིད་མ་སངས་ང་ཉིད་མཐོང་མི་འགྱུར༔ ང་ལ་ཡིན་མིན་དགག་སྒྲུབ་གང་ཡང་མེད༔ སྤྲོས་པ་མེད་ཅིང་བཟང་ངན་ཡིན་མིན་མེད༔ གང་ནས་མ་བྱུང་ཁྱོད་ཀྱི་ངོ་བོ་སྟེ༔ གང་དུ་མི་འགྲོ་ཁྱོད་དང་ལྷན་ཅིག་གོ༔ ཕྱི་རུ་མ་ཚོལ་ནང་དུ་ཡེ་གཞི་ཉིད༔ ང་མི་མཐོང་བའི་མྱང་འདས་གང་ནས་རྙེད༔ ང་ནི་རིགས་ཀུན་ཁྱབ་བདག་ཆེན་པོའོ༔ གནས་ནི་ཙིཏྟའི་རྩ་མཆོག་ཤེལ་སྦུབས་སུ༔ ང་ཉིད་སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ༔ འོད་དང་ཟེར་དང་གསལ་འཚེར་ཁ་མིག་ཅན༔ ཉིད་ལས་མི་གཞན་རྩལ་དང་རང་མདངས་ལས༔ ཞི་བ་རིགས་ལྔ་ཡབ་ཡུམ་ཁྲག་འཐུང་ལྔ༔ སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ང་ཉིད་དོ༔ ཚེ་དང་བསྒྲུབ་པ་ཉམས་སུ་ལྷུར་ལེན་མཛོད༔ རང་སྣང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེ༔ རང་རིག་ཆོས་སྐུའི་ཀློང་དུ་བཙན་ས་ཟུངས༔ གཞན་དུ་རྩོལ་སྒྲུབ་མ་བྱེད་ང་ཉིད་དོ༔ ལྷ་དང་ཞིང་ཁམས་བཀོད་པ་ང་ལ་རྫོགས༔ ས་མ་ཡ༔ ལྷན་སྐྱེས་ཡེ་ཤེས་ཀུན་ཏུ་བཟང་པོ་དང་༔ ང་མེད་ང་ཡིས་འཁོར་འདས་ཡོངས་ལ་བརྡལ༔ ང་མཐོང་བ་ནི་ཉིན་མོའི་སྐར་མ་ཙམ༔ ང་དང་མཇལ་འདོད་སྐལ་བ་ཡར་གྲབ་ཅན༔ ཕྱི་རུ་མ་ཚོལ་རང་རིག་འདི་ཀའོ༔ སེམས་ཉིད་གནས་དག་རིག་པའི་ངོ་བོ་ང་༔ མ་བཙལ་ངང་ནས་མི་རིང་ཉིད་དུ་མཇལ༔ ལྷ་དང་བསྒྲུབ་བྱ་སྒྲུབ་བྱེད་དཀྱིལ་འཁོར་དང་༔ དམ་ཚིག་སྡོམ་པ་བསྲུང་བྱ་སྲུང་བྱེད་ཀུན༔ གཅིག་ཆར་རྫོགས་པའི་སངས་རྒྱས་ང་ཉིད་ཡིན༔ ནམ་མཁར་ཙནྡྲ་གཅིག་པུ་ཤར་བའི་ཚེ༔ ཆུ་སྣོད་ཐམས་ཅད་ཟླ་གཟུགས་བཀྲ་བ་དེ༔ ཆུ་ལས་མ་བྱུང་ཟླ་བས་མ་བྱས་བཞིན༔ འཁོར་འདས་ཁྱབ་བདག་ཀུན་བཟང་ཀློང་གྲོལ་བའི༔ གདུལ་བྱ་ཐབས་ཀྱིས་འདུལ་པའི་སྒྱུ་འཕྲུལ་གར༔ མ་བྱུང་མ་བྱས་སྣ་ཚོགས་སྣང་པའོ༔ དོན་གཉིས་ལྷུན་གྲུབ་རྫོགས་པའི་བྱ་བྲལ་ང་༔ སེམས་ཅན་ཀུན་དང་ལྷན་ཅིག་འགྲོགས་པ་ལ༔ བཟང་ངན་མེད་པའི་ངང་དུ་ཀ་དག་གོ༔ འཁྲུལ་པའི་གཉིད་སད་ང་ཡི་ལྷུམས་སུ་ཞུགས༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་དེ་ཀའོ༔ ལྟ་སྒོམ་སྤྱོད་པར་སྟོན་པ་ངེས་པའི་ལམ༔ ཀུན་རྫོབ་དོན་དམ་བསྒྱུར་བ་ཐབས་ཀྱི་ལམ༔ གང་ལྟར་བྱས་ཀྱང་ང་དང་མཇལ་བ་གཙོ༔ སངས་རྒྱས་ལག་འཆང་བྱ་བ་ང་ཉིད་དོ༔ བྱ་རྩོལ་བྲལ་བའི་ངང་དུ་མཉམ་བཞག་གོ༔ མངོན་རྫོགས་སངས་རྒྱས་ཐོབ་ལ་ཚེགས་མེད་དོ༔ ས་མ་ཡ༔ ཐེག་མཆོག་རྒྱལ་པོ་འོད་གསལ་རྫོགས་པ་ཆེ༔ གཅིག་ཆར་རྟོགས་ཕྱིར་ངེས་གསང་སྙིང་པོར་སྤྱོད༔ སྐུ་གསུམ་བཞུགས་སྟངས་ལུས་ཀྱི་ཆིངས་སུ་བྱ༔ གཟིགས་སྟངས་གསུམ་གྱིས་ནམ་མཁའ་སྒོ་འབྱེད་ཅིང་༔ སྨྲ་བཅད་དབུགས་ཀྱང་ཁ་རུ་འབྱུང་འཇུག་དལ༔ སྒོ་གསུམ་གནད་བསྣུན་ཆོས་ཀྱི་དེ་ཉིད་རྟོགས༔ ཙིཏྟའི་དབུས་སུ་གསང་བའི་ལམ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ སྙིགས་མའི་འབྲེལ་པ་ནང་གི་མཁའ༔ ཉི་མ་དང་ནི་འོད་བཞིན་དུ༔ ཕྱི་རུ་རྒྱལ་བའི་ཡེ་ཤེས་ནི༔ འོད་ཐིག་ལུ་གུ་རྒྱུད་དུ་སྣང་༔ འོད་ནི་དབྱིངས་ལ་དྭངས་མ་ཐིག༔ རིག་ཆ་རྡོ་རྗེ་ལུ་གུ་རྒྱུད༔ ནང་གདངས་དབྱིངས་སུ་བསྲེ་ཞིང་ལྷོད༔ བྱ་རྩོལ་རེ་དོགས་བརྟག་དཔྱད་དང་༔ བཅོས་བསྒྱུར་དངོས་ཞེན་རྟག་འཛིན་སོགས༔ གང་ཡང་མི་བྱེད་གོལ་སྒྲིབ་བསལ༔ སུན་པ་མེད་པར་ཉམས་ལེན་ལ༔ སྒོ་ཡུལ་འོད་སྣང་བརྟན་པ་མངོན་སུམ་ལ༔ འོད་ཐིག་གསལ་བརྟན་ཡར་འཕེལ་ཉམས་གོང་འཕེལ༔ འོད་ཐིག་ལྷ་སྐུར་སྨིན་པ་ཚད་དུ་ཕོབ༔ སྒོ་ཡུལ་འཛིན་ཞེན་ཟད་པ་བློ་འདས་སོ༔ ཡང་དག་རྫོགས་པའི་སངས་རྒྱས་ངེས་ཐོབ་བོ༔ ས་མ་ཡ༔ གུ་ཧྱ༔ མ་འོངས་དུས་ཀྱི་མར་གཤམ་སྙིགས་མའི་དུས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྗེས་འཇུག་རྣམས༔ ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན༔ མི་ལུས་རིན་ཆེན་ཡིད་བཞིན་ནོར་བུ་འདྲ༔ ཡང་ཡང་རྙེད་དཀའ་ཐོབ་འདི་སྟོན་ཀའི་སྤྲིན༔ དཔེ་འདི་གོ་བར་གྱིས་ཤིག་སྐལ་ལྡན་རྣམས༔ བཀའ་འདི་གནོད་སྦྱིན་ཤན་དམར་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ། །ཤུ་བྷཾ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 15:50, 4 September 2025

Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can skor: ka dag bum sku'i thugs thig: 'od gsal ye shes kyi drwa ba brda thim: TTDL-ZABTER-05-CA-041.pdf
Location bdud 'joms gling pa zab gter
Volume 5, Text 41, Pages 381-398 (Folios 1a1 to 9b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can skor ka dag bum sku'i thugs thig 'od gsal ye shes kyi drwa ba brda thim. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 381-398. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: rdzogs chen   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Dzogchen - rdzogs pa chen po
Cycle ཐུགས་སྒྲུབ་གསང་བའི་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཡང་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ། །ཤུ་བྷཾ།།

zhes pa 'di yang sprang smyon bdud 'joms rdo rjes yang gsang mkha' 'gro'i brda ris las zhal bshus te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/sarba mang+ga laM/_/shu b+haM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་སྐོར༔ ཀ་དག་བུམ་སྐུའི་ཐུགས་ཐིག༔ འོད་གསལ་ཡེ་ཤེས་ཀྱི་དྲྭ་བ་བརྡ་ཐིམ༔


ཐྂ༎༔ (བརྡ་ཡིག་) བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་ཞལ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་གཙུག་རྒྱན་མཆོག༔ དབང་དང་དངོས་གྲུབ་ཀུན་འདུས་མི་ཟད་གཏེར༔ མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གུས་པས་འདུད༔ ཕུར་པ་སྒྲུབ་པའི་ལས་ཅན་སྐལ་ལྡན་ལ༔ འོད་གསལ་ཡེ་ཤེས་དྲྭ་བ་ཤིན་ཏུ་གཅེས༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ཀུན༔ ཚེ་འདིར་རིག་འཛིན་ས་ལ་ལྷུན་གྱིས་གྲུབ༔ མ་འོངས་ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ དུས་གསུམ་གཡེལ་བ་མེད་པར་ཉམས་སུ་ལོངས༔ འདི་ལ་དཀྱིལ་འཁོར་གཏོར་མ་མི་དགོས་ཏེ༔ དབྱིངས་སྣང་འོད་གསལ་དཀྱིལ་འཁོར་ཀུན་གྱི་མཆོག༔ འོད་སྣང་ཐིག་ལེ་མ་བཙལ་གཞལ་ཡས་ཁང་༔ ཐིག་ལེ་ཉག་གཅིག་མ་བསྒོམ་ལྷ་ཡི་མཆོག༔ རང་རིག་དུས་གསུམ་རྒྱལ་བ་ཡོངས་འདུས་ཞལ༔ ཕྱི་ཡི་གཉིས་འཛིན་ཡུལ་ཕྱིར་མ་སེམས་པར༔ རང་རྩལ་རིག་པའི་དཀྱིལ་འཁོར་རྫོགས་པར་རིག༔ གཟུང་འཛིན་གཉིས་ཀྱིས་འཁོར་བའི་ས་བོན་འདེབས༔ སྔོན་ཡང་ལམ་དེས་འཁོར་བའི་ས་བོན་བྱས༔ སླར་ཡང་འདི་ཡིས་འཁོར་བར་འཁོར་བས་ན༔ གཟུང་དང་འཛིན་པའི་ཡུལ་ལ་མ་ཞེན་པར༔ རང་རིག་རྒྱལ་བའི་དཀྱིལ་འཁོར་རྫོགས་ལ་ལྟོས༔ དུས་གསུམ་སངས་རྒྱས་སྤྱི་ཞལ་མཐོང་བ་ཡིན༔ ཐིག་ལེ་ཉག་གཅིག་དགོངས་པ་མངོན་གྱུར་ཕྱིར༔ ཆོས་སྐུའི་དགོངས་པར་ཡེ་གནས་ཡེ་བཞིན་རིག༔ རིགས་དང་དཀྱིལ་འཁོར་ཀུན་འདུས་ཀུན་རྫོགས་པའི༔ ཡེ་གཞི་གདོད་མའི་དགོངས་ཀློང་ཡངས་པ་རུ༔ རྟག་འཛིན་བཅོས་མའི་ཆོས་ཀུན་སངས་རྒྱས་སོ༔ ཨ༔ རིག་པ་ཡེ་ཤེས་ཆེན་པོ་ཉིད༔ མཆེད་པས་གཟུང་འཛིན་དྲྭ་བ་བཤིག༔ གཞི་དབྱིངས་སྐྱེ་མེད་ཆོས་སྐུའི་མཁར༔ ཁྱབ་བརྡལ་ལྷུན་འབྱམས་ངང་དུ་ལྷུག༔ ཧཱུྃ་ཧཱུྃ་ཧཱུྃ༔ ངོ་བོ་སྤྲོས་པ་བྲལ་བའི་ཁྱིམ༔ ཆོས་དབྱིངས་སྐྱེ་མེད་གཞལ་ཡས་སུ༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ དཔལ་ཆེན་བཛྲ་ཀུ་མཱ་ར༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་གནམ་ལྕགས་ཕུར་པ་གདེངས༔ གཡོན་པས་སྡིགས་མཛུབ་དཀུ་ལ་བརྟེན༔ སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྨ་ར་སྨིན་མ་མེ་ལྟར་འབར༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཆོས་ཁམས་གནས་དག་རྒྱས་འདེབས་མ༔ གཉིས་མེད་དགྱེས་བདེ་རོལ་པའི་ཚུལ༔ ཨུཏྤ་ལ་དང་དུང་འཁྱུད་སྟོབ༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ དབྱེར་མེད་ཆེན་པོར་ལྷུམས་ཞུགས་པས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སྣང་སྟོང་སྦྱོར་བའི་བདེ་ཆེན་གདན༔ སྒྱུ་འཕྲུལ་རོལ་པའི་མཆོད་པ་ཆེ༔ སྣང་སྟོང་ལྷ་ཡི་སྐུར་བསྒོམ་པས༔ འགྱུར་མེད་སྐུ་དང་བུམ་དབང་རྫོགས༔ གྲགས་སྟོང་སྔགས་ཀྱི་སྒྲ་སྒྲོགས་པས༔ འགགས་མེད་རྡོ་རྗེའི་གསང་དབང་རྫོགས༔ རྡོར་ཐིག་ཧཱུྃ་དང་ཆོས་ཉིད་ཀྱིས༔ ཐུགས་ཀྱི་རྡོ་རྗེ་ཤེར་དབང་རྫོགས༔ ལྷན་སྐྱེས་ཡེ་ཤེས་ལྷུན་རྫོགས་རིག༔ ཡོན་ཏན་ཡེ་རྫོགས་ཚིག་དབང་རྫོགས༔ འཁོར་འདས་གཉིས་མེད་མཉམ་སྦྱོར་དུ༔ ཆོས་དབྱིངས་ཡེ་ཤེས་ཆེན་པོ་དག༔ ཨོཾ་ཨ་དྷརྨ་དྷརྟུ་ཛྙཱ་ན་ས་མ་ཏི་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གསལ་སྟོང་དབྱེར་མེད་ཆེན་པོའི་ངང་༔ ལན་བདུན་བཟླས་མཐར་སླར་ཡང་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿདྷརྨ་ཀཱ་ཡ་ཧཱུྃ་ཨཱ༔ འདི་ཉིད་བྱེ་བ་གསུམ་བཟླས་བྱ༔ མཐར་ཡང་བླ་མ་རང་སེམས་དང་༔ དབྱེར་མེད་ངང་ནས་འདི་བཟླས་སོ༔ ཨོཾ་ཨཱཿཧཱུྃ་གུ་རུ་མ་ཧཱ་བཱིདྱ་སིདྡྷི་ཕ་ལ་ཧཱུྃ་ཕཊ༔ འཁོར་འདས་དབྱེར་མེད་མཉམ་སྦྱོར་དུ༔ ཆོས་དབྱིངས་ཡེ་ཤེས་དགོངས་ཀློང་ངང་༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ སངས་རྒྱས་རིགས་ཀྱི་སྐུ་གསུང་ཐུགས༔ ལམ་ཁྱེར་དྲན་རྟོགས་ཐམས་ཅད་ཀུན༔ རྣམ་པར་སྣང་མཛད་དགོངས་པའི་ཀློང་༔ མ་བཅོས་མི་བསྒོམ་ཡེངས་མེད་ངང་༔ ཞག་བདུན་བར་དུ་མཉམ་པར་བཞག༔ མཉམ་བཞག་དུས་སུ་རྩོལ་མེད་ངང་༔ རྗེས་ཐོབ་དུས་ཀྱང་དེ་བཞིན་ངང་༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་བརྡལ༔ ས་མ་ཡ༔ དེ་ལས་ལངས་ཏེ་ཞག་བདུན་དུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ རྡོ་རྗེ་རིགས་ཀྱི་གསང་བ་མཆོག༔ གང་ཤར་བཅོམ་ལྡན་མི་བསྐྱོད་པའི༔ མེ་ལོང་ཡེ་ཤེས་ཐུགས་ཀྱི་ཀློང་༔ དང་པོ་རྡོ་རྗེའི་ཐུགས་དང་བསྲེ༔ ཁྱབ་བརྡལ་ངང་དུ་མཉམ་པར་བཞག༔ སླར་ཡང་ཤར་གྲོལ་དུས་མཉམ་ངང་༔ རྗེས་ཤེས་དེ་ལྟར་ངང་གནས་བྱ༔ ས་མ་ཡ༔ བདུན་ཕྲག་གཅིག་ནས་དེ་ལས་ལངས༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ རིན་ཆེན་རིགས་ཀྱི་གསང་བ་མཆོག༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་ཀློང་༔ མཉམ་བཞག་བཟང་ངན་ངོ་བོར་གྲོལ༔ རྗེས་ཤེས་ཤར་གྲོལ་དུས་མཉམ་ངང་༔ ཞག་བདུན་བར་དུ་མཉམ་པར་བཞག༔ ས་མ་ཡ༔ དེ་ལས་ལངས་ཏེ་ཞག་བདུན་དུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ པདྨ་རིགས་ཀྱི་གསང་བ་མཆོག༔ གང་ཤར་བཅོམ་ལྡན་སྣང་མཐའ་ཡས༔ སོར་རྟོག་ཡེ་ཤེས་ཆེན་པོའི་ཀློང་༔ དང་པོ་བསྲེ་ཞིང་བདེ་སྟོང་དང་༔ སླར་ཡང་དྲན་རིག་དབྱེར་མེད་ངང་༔ མ་ཡེངས་མི་བསྒོམ་ལྷོད་དེ་བཞག༔ རྗེས་ཤེས་ལ་ཡང་དེ་བཞིན་ངང་༔ ཞག་བདུན་ཡོངས་སུ་མི་འདའོ༔ ས་མ་ཡ༔ དེ་ལས་ལངས་ཏེ་བདུན་ཕྲག་ཏུ༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ ལས་ཀྱི་རིགས་ཀྱི་ལྷ་སྔགས་ཐུགས༔ ལམ་ཁྱེར་བྱས་ཏེ་ཤེས་པ་ཡང་༔ དོན་ཡོད་གྲུབ་པའི་དགོངས་ཀློང་དུ༔ བསྲེ་ཞིང་ཁྱབ་བརྡལ་ངང་དུ་བཞག༔ མཉམ་བཞག་ཤར་གྲོལ་དུས་མཉམ་ངང་༔ རྗེས་ཤེས་ཞེན་མེད་དྲན་རིག་མཉམ༔ ཡོངས་སུ་མི་འཁྱོལ་སྒོམ་མི་བཅིང་༔ ཐོལ་གྱིས་ཤར་བ་ཅེར་གྱིས་གྲོལ༔ ལྷང་ལྷང་ཤར་བ་རིག་པའི་ངང་༔ དམ་གྱིས་འཆིང་བཤིགས་ལྷོད་ཀྱིས་བཀྲོལ༔ འདིའོ་སྒོམ་འཆོས་སང་ངེ་བཤིགས༔ བཙུག་གིས་ཚུགས་ཅན་མི་གནས་ངང་༔ འཛིན་རྩོལ་རེ་དོགས་ངར་ཚུགས་ཅན༔ ཀློང་ཆེན་ཀུན་ཏུ་བཟང་མོའི་མཁར༔ སད་དོ་སང་ངེ་ལྷོད་དེ་བཤིག༔ གནས་ལུགས་གཡོ་མེད་ཆེན་པོའི་ངང་༔ ཀ་དག་རིག་པའི་བཙན་ས་ཟུངས༔ ས་མ་ཡ༔ དེ་ལས་ལངས་ཏེ་སླར་ཡང་ནི༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་ཀུན༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡེ་ཡིན་ཡེ་གྲུབ་ཡེ་གནས་པར༔ རིག་སྟེ་ལམ་ཁྱེར་རྣལ་མར་བྱ༔ གཟུགས་སྣང་ཀུན་ཏུ་བཟང་པོ་ཉིད༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ སྒྲ་རུ་གྲགས་པ་ཐམས་ཅད་ཀྱང་༔ གྲགས་སྟོང་རང་བྱུང་ཆོས་ཀྱི་སྒྲ༔ དྲན་དང་རྟོག་པ་ཐམས་ཅད་ཀུན༔ ཆོས་དབྱིངས་སྐྱེ་འགགས་བྲལ་བ་ཡི༔ ཀློང་ཆེན་ཀུན་བཟང་ཆོས་སྐུའི་མཁའ༔ མ་ཡེངས་མི་སྒོམ་ལྷན་ནེར་བཞག༔ མི་བཞག་མི་བསྲེ་མི་གཏོད་པར༔ དམ་གྱིས་མི་འཆིང་ཞེན་མི་བྱ༔ ཧར་གྱིས་མི་བཞག་ཧད་པ་མིན༔ འཛིན་པས་མི་བཅིང་འཇུར་མི་དྲངས༔ ཤར་བ་རང་ཡན་ཞེན་མེད་ངང་༔ ཤར་བ་གྲོལ་བ་དུས་མཉམ་དུ༔ གང་ལ་གཞན་གྱིས་བསྒྱུར་བཅོས་མིན༔ ཉིད་ལ་ཉིད་ཀྱིས་ཁྱེར་འཇོག་མེད༔ ངོ་བོ་ཉིད་དུ་རང་བཞིན་ཞིག༔ མཁའ་ལས་གློག་བྱུང་ནམ་མཁར་ཐིམ༔ ནམ་མཁའ་ལྟ་བུར་ཁྱབ་བརྡལ་བཞག༔ ཆུ་ལས་ལྦུ་བྱུང་རྒྱ་མཚོར་ཐིམ༔ ཁ་གཏིང་མེད་པ་རྒྱ་མཚོའི་ངང་༔ རི་ལས་རྡུལ་བྱུང་རི་བོར་ཐིམ༔ གཡོ་འགུལ་མེད་པའི་སྤྱོད་པ་སྐྱོང་༔ ཁྱབ་ཅིང་སྟོང་ཉིད་ཆོས་དབྱིངས་ལས༔ ས་ལེར་གསལ་བ་མེ་ལོང་སྟེ༔ མཉམ་ཤར་མཉམ་གྲོལ་མཉམ་ཉིད་ངང་༔ སོ་སོར་རྟོག་པ་མིང་ཡང་སྟེ༔ མ་བཙལ་རང་བྱུང་བྱ་བ་གྲུབ༔ གཞི་དབྱིངས་ཀ་དག་ཆོས་སྐུའི་ངོར༔ འདུས་བྱས་ཆོས་ཀྱང་འདིར་བྱུང་འདི༔ ཡེ་ཡིན་ཡིན་ལུགས་རིག་ཙམ་ལས༔ ལྟ་བའི་ཀློང་ལ་བློས་བཞག་བཤིག༔ བསྐྱེད་རིམ་བློས་འཆོས་སྒོམ་པའི་རྒྱལ༔ དེ་ལ་སྦྱོར་བའི་དངོས་གྲུབ་མེད༔ དེ་བཞིན་དབྱེ་ཤན་འབྱེད་པར་རིགས༔ ཀུན་རྫོབ་བདེན་པའི་འབྲས་བུ་ལ༔ ཐོབ་ལེན་སྨིན་པ་ཡོད་སྲིད་ན༔ སྡིག་པའི་འབྲས་ཀྱང་དེ་འདྲར་སྨིན༔ དགེ་ལ་འབྲས་བུ་སྨིན་པར་རློམ༔ སྡིག་ལ་འབྲས་བུ་མེད་པར་འདོམ༔ ལྔ་བརྒྱའི་དུས་ན་དེ་ལྟར་དུ༔ ཁས་ལེན་གཞན་ལ་སྨྲ་བ་འབྱུང་༔ ཁྱོད་ཀྱི་རྒྱུ་འབྲས་མི་ལྟོས་ན༔ འདུས་བྱས་གཟུང་འཛིན་ཡུལ་ཟད་ཅིང་༔ ཀུན་བཟང་དགོངས་པའི་ཀློང་ཆེན་དུ༔ བཙན་ས་ཟིན་ནམ་རང་ལ་ལྟོས༔ ཆོས་ཟད་བློ་འདས་ཆེན་པོ་དེ༔ ཕྱི་ཡི་གཟུང་ཡུལ་ཟད་པ་ཡི༔ ང་ཁྱོད་བྱ་བའི་གཉིས་འཛིན་མེད༔ ནང་གི་འཛིན་པ་རང་སར་ཞིག༔ འཇིག་རྟེན་བྱ་སྤྱོད་རྩོལ་སྒྲུབ་མེད༔ གསང་བ་སེམས་ཀྱི་འཁྲུལ་པ་ཟད༔ ཉོན་མོངས་ཡེ་ཤེས་ངང་དུ་ཞིག༔ ཉོན་མོངས་དུག་ལྔའི་འཁྲུལ་འཁོར་མེད༔ ལུས་ངག་ཡིད་གསུམ་དབྱེར་མེད་དུ༔ འཕོ་ཆེན་བུམ་སྐུར་མངོན་སངས་ནས༔ དགེ་སྡིག་འབྲས་བུ་སྨིན་ཡུལ་མེད༔ དེ་མིན་རང་རྒྱུད་འཁྲུལ་འཁོར་ལ༔ སྤུ་རྩེ་ཙམ་ཡང་མི་ཕན་ན༔ ཁ་ལྟ་མཐོན་པའི་སྟོང་སྐད་ཀྱིས༔ རྒྱུ་འབྲས་ཁྱད་དུ་བསད་ན་ཡང་༔ ཆོས་སྤང་ལས་ངན་བསགས་གྱུར་ན༔ ཚེ་འདིར་སྐྱོན་གྱིས་སྟོན་པ་ནི༔ ཤེས་རབ་ཅན་གྱིས་ངེས་པར་ཤེས༔ ཕྱི་མར་ངན་འགྲོའི་གནས་སུ་འགྲོ༔ དེ་ཕྱིར་མཉམ་བཞག་བརྩོན་འགྲུས་བསྐྱེད༔ བརྩོན་འགྲུས་དྲག་པོ་དང་ལྡན་ཞིང་༔ མཉམ་བཞག་འདི་ལ་ནན་ཏན་བསྐྱེད༔ མཉམ་བཞག་ཉམས་རྟོགས་གོང་འཕེལ་རྒྱུ༔ འདི་མིན་པ་དག་གཡང་སར་ལྷུང་༔ རྣམ་རྟོག་དགྲས་འཁྱེར་གོ་ཐོག་ལུས༔ འཁྲུལ་བའི་སེམས་ལ་ཕན་མི་འགྱུར༔ ཚེ་དུས་བྱས་ཚེ་སྟོང་ལོག་བྱེད༔ རྗེས་ཐོབ་མེད་ཀྱང་འཁྲུལ་རྒྱུན་འབྲེལ༔ མཉམ་བཞག་མེད་པའི་རྗེས་ཐོབ་ཀྱིས༔ ཁྱོད་ཀྱི་རང་རྒྱུད་མི་གྲོལ་ངེས༔ སྔོན་གྱི་རྗེས་ཐོབ་ཁ་ཡན་ལས༔ ཁྱོད་ཉིད་གྲོལ་ལམ་མ་གྲོལ་ལྟོས༔ གྲོལ་ན་ཀུན་བཟང་ཆོས་སྐུར་མཉམ༔ མ་གྲོལ་ཉོན་འཁྲུལ་འདུག་ན་མཚང་༔ རྨི་ལམ་འཁྲུལ་འཁོར་མ་ཟད་ན༔ བར་དོའི་འཁྲུལ་འཁོར་ག་ལ་ཆོད༔ ད་ལྟའི་གཉིས་འཛིན་མ་ཞིག་ན༔ ཕྱི་མར་གྲོལ་བ་ག་ལ་ཐོབ༔ ཉིན་མཚན་འཁྲུལ་འཁོར་མ་ཞིག་ན༔ ཉི་ཟླ་འོད་དུ་གྲུབ་པ་བཞིན༔ སེམས་ཀྱི་གཤིས་ལ་འཁྲུལ་འཁོར་གྲུབ༔ གཟུང་འཛིན་ཡུལ་ཞེན་མ་ཆོད་ན༔ སེམས་ལ་གཟུང་འཛིན་འཁོར་བ་གྲུབ༔ སྔོན་ཡང་འདི་ལྟར་འཁྲུལ་པས་བསླུས༔ སླར་ཡང་དེ་ལྟར་བསླུ་བར་ངེས༔ གྲུབ་མཐའ་གོ་ས་མཐོ་རློམ་ཡང་༔ རང་མཐོང་འགྲོ་ཀུན་རྒྱུ་སྡུག་བསྔལ༔ ལོ་མང་མཚམས་ཀྱི་མིང་བཏགས་ནས༔ རྗེས་ཐོབ་ཡུལ་ཞེན་འཁྲུལ་འཁོར་ཅན༔ ལྟ་བ་མཐོ་རློམ་སྡུག་རེ་བསྔལ༔ དེ་ལྟར་འཁྲུལ་པའི་སྣང་བ་ཡང་༔ མཉམ་རྗེས་གཉིས་སྦྲགས་བསྒོམ་པར་བྱ༔ མིག་གཉིས་ནམ་མཁའི་ཁམས་ལ་བལྟ༔ རིག་པ་དབྱིངས་ཀྱི་མཁའ་ལ་བསྲེ༔ ཁྱབ་བརྡལ་བཟང་པོའི་ཀློང་དུ་བརྡལ༔ ངོ་བོ་ཆོས་སྐུའི་ཞལ་ཡང་མཇལ༔ རང་བཞིན་ལོངས་སྐུའི་རང་ཞལ་མཇལ༔ ཐུགས་རྗེ་སྤྲུལ་སྐུའི་གདིང་ཆེན་ཐོབ༔ ཕྱི་དབྱིངས་ནམ་མཁའ་སྟོང་པ་སྟེ༔ ནང་དབྱིངས་རྒྱ་མཚོ་འཁྱིལ་བ་འདྲ༔ གསང་དབྱིངས་ཀ་ཏིའི་རྩ་སྦུབས་ལམ༔ དབྱིངས་གསུམ་འབྲེལ་བའི་ཆམ་བརྡལ་ངང་༔ མ་བཅོས་རང་བབས་རྒྱ་འབྱམས་ལྷུག༔ འདིས་ནི་ཀུན་བཟང་དགོངས་ཉམས་ལོན༔ བར་དོའི་འཁྲུལ་སྣང་རང་སར་གྲོལ༔ ས་མ་ཡ༔ གུ་ཧྱ༔ འདི་ལྟར་གང་ཟག་སྣོད་ལྡན་གདམས་པ་འདི༔ བག་ཆགས་གཉིས་པ་སྔོན་སྦྱངས་ས་རུ་སད༔ དེ་ནས་དང་པོར་འཇུག་པའི་རིགས་ཅན་ལ༔ ཞི་གནས་ཉམས་ཀྱི་རྒྱ་མཚོ་ངེས་པར་ཐོབ༔ བདེ་བ་བརྗོད་མེད་འཆར་ཞིང་སྡུག་བསྔལ་མེད༔ ཉོན་མོངས་རང་ལས་རང་ཉིད་ཞི་བ་དང་༔ གར་བཞག་རང་དབང་འབྱོར་བར་ལྷན་ནེར་གནས༔ གསལ་ལ་མ་འགགས་རྟོག་པ་ལྷང་ལྷང་གསལ༔ རྣམ་རྟོག་ཁ་ཡན་མི་སྐྱེད་མི་རྟོག་པ༔ འདི་དག་སྒོམ་གྱི་རྩ་བ་ཟུག་པ་ཡི༔ ལམ་རྟགས་ཙམ་ལས་ས་ཟིན་མེད་པའི་ཕྱིར༔ དེ་རུ་ལུས་དེ་མཆོག་འཛིན་བྱེད་འགའ་བསླུ༔ དེ་ཉིད་འགོག་དག་རེ་དོགས་ཁས་ལེན་པ༔ མ་འོངས་དུས་ན་འབྱུང་སྟེ་མགོ་རྨོངས་ཟད༔ འདི་ཉིད་རྟོགས་པའི་མ་སྟེ་ཉམས་ཀྱི་གཞི༔ ཆོས་ཟད་བློ་འདས་ཆེན་པོར་མ་གྲོལ་བར༔ བདེ་གསལ་མི་རྟོག་ཉམས་ཀྱི་གསོ་ཞིང་སྐྱོངས༔ ཞེན་གོལ་མཆོག་ཏུ་འཛིན་པ་འཁོར་བར་འཁོར༔ གོ་ལོག་འགོག་བདག་འཛིན་ཞིང་མ་རིག་བདག༔ འདི་ཙམ་འཁོར་འདས་གཉིས་ཀྱི་ས་མཚམས་སོ༔ ཕྱི་རོལ་ལྟ་ལོག་པ་ཡང་འདི་རུ་ལུས༔ འདི་མེད་ཉམས་རྟོགས་ལྟ་སྒོམ་ཐམས་ཅད་ཀུན༔ མཆོག་གི་གོ་ས་གོ་བས་སྙོམས་རློམ་ཡང་༔ དོན་མེད་ཁ་ལྟ་འདི་ལ་འབྲས་འབྱིན་ན༔ ཇི་ལྟར་བྱེ་མ་བཙིར་བའི་མར་ཡང་སྲིད༔ ཉམས་ཀྱི་རྟོགས་པ་གོང་འཕེལ་བྱེད་པ་ཡིན༔ ལྷག་མཐོང་རྟོགས་པའི་སྒོམ་གྱི་མ་རྙེད་ཙམ༔ ཉམས་མྱོང་སྣ་ཚོགས་སེམས་ཀྱི་དགའ་སྡུག་སྟེ༔ བརྟགས་དཔྱོད་བཅོས་བསྒྱུར་ཞེན་གོལ་མེད་པ་ཡིས༔ རང་རིག་སྐྱོན་བྲལ་མ་བཅོས་ལྷང་ངེར་ཞོག༔ གཞི་ཉིད་བཟང་ངན་མེད་པའི་ཁྱབ་བདག་པོ༔ འཁྲུལ་ཡང་འཁྲུལ་རྟོག་ཀུན་གྱི་གཞི་བྱེད་ཅིང་༔ རིག་པའི་ངང་ལས་ཆོས་སྐུ་ཆོས་ཉིད་གཞི༔ གཞི་འདི་བཟང་ངན་མེད་པའི་ཀ་དག་གོ༔ རྟོག་ཚོགས་གཞི་ཡི་ལྷུམས་སུ་ཞུགས་པ་དེ༔ ཀ་དག་ཁྱབ་གདལ་ཆོས་སྐུར་རྫོགས་སངས་རྒྱས༔ ལམ་ཡང་བཅོས་བསྒྱུར་སྦྱངས་བསྒྲོད་བྱེད་པ་མིན༔ རང་རིག་རང་ལ་རང་ཉིིད་ལྷུམས་ཞུགས་ཏེ༔ འདི་བསྒོམ་མེད་ཅིང་འཁྲུལ་བར་མ་ཤོར་ལམ༔ འབྲས་བུ་ཐོབ་ལེན་འབྱུང་བ་གང་མེད་དེ༔ ང་རྒྱལ་བདག་འཛིན་ཞེན་གོལ་གང་ཡིན་ཅིང་༔ རང་མཐོང་མིན་ཏེ་གོ་བ་ཡང་མིན་པའི༔ ངང་གནས་ཡེ་ཤེས་རྒྱ་མ་ཆད་པ་ལ༔ རིག་པ་རང་ལ་གཞི་ལམ་འབྲས་བུ་གསུམ༔ དུས་གཅིག་རྫོགས་ཏེ་ཁྱད་པར་འབྲས་བུ་ཡང་༔ འཁྲུལ་པའི་རྟོག་ཚོགས་རིག་པ་ཉིད་དུ་ཐིམ༔ རིག་པ་འཛིན་པ་འཛིན་མེད་ངང་དུ་ཐིམ༔ འཛིན་མེད་རིག་པ་གཞི་ཡི་ལྷུམས་སུ་ཞུགས༔ འཁོར་བར་མི་འཇུག་འཁྲུལ་པའི་ས་བོན་ཟད༔ བྱ་བྱེད་མེད་ཅིང་བློ་ཡིས་ཡུལ་རྐྱེན་ཟད༔ མར་ལ་མ་དོགས་སྡུག་བསྔལ་ས་བོན་ཟད༔ ཡར་ལ་མི་རེ་མྱང་འདས་ཉིད་ལས་ཟད༔ འདུས་བྱས་བྱ་བྱེད་བློ་ཟད་རྩོལ་ཡང་ཟད༔ ཆོས་ཉིད་རང་ལ་མྱང་ངན་འདས་པ་རང་༔ ཕྱིས་ནས་རྩོལ་སྒྲུབ་བྱེད་པ་ཀུན་ཀྱང་མེད༔ འབྲས་བུ་འབྱུང་ཐོབ་མེད་པར་རྫོགས་སངས་རྒྱས༔ འབྲས་བུ་ང་ནི་ཀུན་ཏུ་བཟང་པོའོ༔ ཉམས་མྱོང་མེད་པས་ང་ཉིད་ག་ལ་མཐོང་༔ གོ་བ་མཆོག་འཛིན་བྱེད་ཀྱང་ང་མི་མཐོང་༔ སྒོམ་པ་འཛིན་འཆིང་དམ་པོས་ང་མི་མཐོང་༔ མ་བསྒོམ་རང་ཁར་འཁྱོལ་ཡང་ང་མི་མཐོང་༔ ཞེན་ཆགས་རྩོལ་བ་བྱས་ཀྱང་ང་མི་འགྲུབ༔ རེ་ཞིང་ཆེད་དུ་བསྒོམ་ཀྱང་ང་མི་འགྲུབ༔ དོགས་ཤིང་འཇུར་བུས་བཅིང་ཡང་ང་མི་མཐོང་༔ རང་མཐོང་ང་རྒྱལ་མཐོན་པོས་ང་མི་འགྲུབ༔ བསྒོམ་པའི་མཁར་བརྩིགས་མི་སྒོམ་ངང་བཤིགས་ང་༔ བརྩོན་འགྲུས་ཤུགས་བསྐྱེད་མི་བཙོན་ཆེན་པོ་ང་༔ མཉམ་བཞག་ཚུགས་འཛིན་ལྷུག་པར་ཞིག་པ་དང་༔ རྗེས་ཐོབ་ངང་སྐྱོང་མཉམ་རྗེས་འདྲེས་པ་དང་༔ ང་ཉིད་མཐོང་དུ་རློམས་ཀྱང་རློམས་པས་བསྒྲིབ༔ ང་ཉིད་བཟང་པོར་མཐོང་འཛིན་མཐོང་འཛིན་བསྒྲིབ༔ ང་ལ་ཁས་ལེན་བྱུང་ན་སྐྱོན་དེས་བསྒྲིབ༔ ང་མཐོང་འདྲ་ཡང་མཐོང་ཉམས་ཁོ་རང་བསྒྲིབ༔ ང་ཉིད་མཐོང་བའི་ངེས་ཤེས་ལང་སྟེ་བསྒྲིབ༔ ང་ཉིད་སྤྲོས་པ་བྲལ་བས་ཆོས་སྐུ་སྟེ༔ ཁས་ལེན་དགག་སྒྲུབ་བྲལ་བའི་ཡེ་སངས་རྒྱས༔ ང་མི་མཐོང་བའི་མཐོང་དུ་རེ་རློམ་ཅན༔ ཁྱོད་ཀྱི་མི་མཐོང་སྒྲིབ་པ་གསལ་བའི་མཐར༔ བག་ལ་ཉལ་བའི་སྒྲིབ་པ་རྔམས་པོ་ཆེ༔ འདི་ཉིད་མ་སངས་ང་ཉིད་མཐོང་མི་འགྱུར༔ ང་ལ་ཡིན་མིན་དགག་སྒྲུབ་གང་ཡང་མེད༔ སྤྲོས་པ་མེད་ཅིང་བཟང་ངན་ཡིན་མིན་མེད༔ གང་ནས་མ་བྱུང་ཁྱོད་ཀྱི་ངོ་བོ་སྟེ༔ གང་དུ་མི་འགྲོ་ཁྱོད་དང་ལྷན་ཅིག་གོ༔ ཕྱི་རུ་མ་ཚོལ་ནང་དུ་ཡེ་གཞི་ཉིད༔ ང་མི་མཐོང་བའི་མྱང་འདས་གང་ནས་རྙེད༔ ང་ནི་རིགས་ཀུན་ཁྱབ་བདག་ཆེན་པོའོ༔ གནས་ནི་ཙིཏྟའི་རྩ་མཆོག་ཤེལ་སྦུབས་སུ༔ ང་ཉིད་སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ༔ འོད་དང་ཟེར་དང་གསལ་འཚེར་ཁ་མིག་ཅན༔ ཉིད་ལས་མི་གཞན་རྩལ་དང་རང་མདངས་ལས༔ ཞི་བ་རིགས་ལྔ་ཡབ་ཡུམ་ཁྲག་འཐུང་ལྔ༔ སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ང་ཉིད་དོ༔ ཚེ་དང་བསྒྲུབ་པ་ཉམས་སུ་ལྷུར་ལེན་མཛོད༔ རང་སྣང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེ༔ རང་རིག་ཆོས་སྐུའི་ཀློང་དུ་བཙན་ས་ཟུངས༔ གཞན་དུ་རྩོལ་སྒྲུབ་མ་བྱེད་ང་ཉིད་དོ༔ ལྷ་དང་ཞིང་ཁམས་བཀོད་པ་ང་ལ་རྫོགས༔ ས་མ་ཡ༔ ལྷན་སྐྱེས་ཡེ་ཤེས་ཀུན་ཏུ་བཟང་པོ་དང་༔ ང་མེད་ང་ཡིས་འཁོར་འདས་ཡོངས་ལ་བརྡལ༔ ང་མཐོང་བ་ནི་ཉིན་མོའི་སྐར་མ་ཙམ༔ ང་དང་མཇལ་འདོད་སྐལ་བ་ཡར་གྲབ་ཅན༔ ཕྱི་རུ་མ་ཚོལ་རང་རིག་འདི་ཀའོ༔ སེམས་ཉིད་གནས་དག་རིག་པའི་ངོ་བོ་ང་༔ མ་བཙལ་ངང་ནས་མི་རིང་ཉིད་དུ་མཇལ༔ ལྷ་དང་བསྒྲུབ་བྱ་སྒྲུབ་བྱེད་དཀྱིལ་འཁོར་དང་༔ དམ་ཚིག་སྡོམ་པ་བསྲུང་བྱ་སྲུང་བྱེད་ཀུན༔ གཅིག་ཆར་རྫོགས་པའི་སངས་རྒྱས་ང་ཉིད་ཡིན༔ ནམ་མཁར་ཙནྡྲ་གཅིག་པུ་ཤར་བའི་ཚེ༔ ཆུ་སྣོད་ཐམས་ཅད་ཟླ་གཟུགས་བཀྲ་བ་དེ༔ ཆུ་ལས་མ་བྱུང་ཟླ་བས་མ་བྱས་བཞིན༔ འཁོར་འདས་ཁྱབ་བདག་ཀུན་བཟང་ཀློང་གྲོལ་བའི༔ གདུལ་བྱ་ཐབས་ཀྱིས་འདུལ་པའི་སྒྱུ་འཕྲུལ་གར༔ མ་བྱུང་མ་བྱས་སྣ་ཚོགས་སྣང་པའོ༔ དོན་གཉིས་ལྷུན་གྲུབ་རྫོགས་པའི་བྱ་བྲལ་ང་༔ སེམས་ཅན་ཀུན་དང་ལྷན་ཅིག་འགྲོགས་པ་ལ༔ བཟང་ངན་མེད་པའི་ངང་དུ་ཀ་དག་གོ༔ འཁྲུལ་པའི་གཉིད་སད་ང་ཡི་ལྷུམས་སུ་ཞུགས༔ ལྟ་སྒོམ་སྤྱོད་པ་མཐར་ཕྱིན་དེ་ཀའོ༔ ལྟ་སྒོམ་སྤྱོད་པར་སྟོན་པ་ངེས་པའི་ལམ༔ ཀུན་རྫོབ་དོན་དམ་བསྒྱུར་བ་ཐབས་ཀྱི་ལམ༔ གང་ལྟར་བྱས་ཀྱང་ང་དང་མཇལ་བ་གཙོ༔ སངས་རྒྱས་ལག་འཆང་བྱ་བ་ང་ཉིད་དོ༔ བྱ་རྩོལ་བྲལ་བའི་ངང་དུ་མཉམ་བཞག་གོ༔ མངོན་རྫོགས་སངས་རྒྱས་ཐོབ་ལ་ཚེགས་མེད་དོ༔ ས་མ་ཡ༔ ཐེག་མཆོག་རྒྱལ་པོ་འོད་གསལ་རྫོགས་པ་ཆེ༔ གཅིག་ཆར་རྟོགས་ཕྱིར་ངེས་གསང་སྙིང་པོར་སྤྱོད༔ སྐུ་གསུམ་བཞུགས་སྟངས་ལུས་ཀྱི་ཆིངས་སུ་བྱ༔ གཟིགས་སྟངས་གསུམ་གྱིས་ནམ་མཁའ་སྒོ་འབྱེད་ཅིང་༔ སྨྲ་བཅད་དབུགས་ཀྱང་ཁ་རུ་འབྱུང་འཇུག་དལ༔ སྒོ་གསུམ་གནད་བསྣུན་ཆོས་ཀྱི་དེ་ཉིད་རྟོགས༔ ཙིཏྟའི་དབུས་སུ་གསང་བའི་ལམ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ སྙིགས་མའི་འབྲེལ་པ་ནང་གི་མཁའ༔ ཉི་མ་དང་ནི་འོད་བཞིན་དུ༔ ཕྱི་རུ་རྒྱལ་བའི་ཡེ་ཤེས་ནི༔ འོད་ཐིག་ལུ་གུ་རྒྱུད་དུ་སྣང་༔ འོད་ནི་དབྱིངས་ལ་དྭངས་མ་ཐིག༔ རིག་ཆ་རྡོ་རྗེ་ལུ་གུ་རྒྱུད༔ ནང་གདངས་དབྱིངས་སུ་བསྲེ་ཞིང་ལྷོད༔ བྱ་རྩོལ་རེ་དོགས་བརྟག་དཔྱད་དང་༔ བཅོས་བསྒྱུར་དངོས་ཞེན་རྟག་འཛིན་སོགས༔ གང་ཡང་མི་བྱེད་གོལ་སྒྲིབ་བསལ༔ སུན་པ་མེད་པར་ཉམས་ལེན་ལ༔ སྒོ་ཡུལ་འོད་སྣང་བརྟན་པ་མངོན་སུམ་ལ༔ འོད་ཐིག་གསལ་བརྟན་ཡར་འཕེལ་ཉམས་གོང་འཕེལ༔ འོད་ཐིག་ལྷ་སྐུར་སྨིན་པ་ཚད་དུ་ཕོབ༔ སྒོ་ཡུལ་འཛིན་ཞེན་ཟད་པ་བློ་འདས་སོ༔ ཡང་དག་རྫོགས་པའི་སངས་རྒྱས་ངེས་ཐོབ་བོ༔ ས་མ་ཡ༔ གུ་ཧྱ༔ མ་འོངས་དུས་ཀྱི་མར་གཤམ་སྙིགས་མའི་དུས༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྗེས་འཇུག་རྣམས༔ ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན༔ མི་ལུས་རིན་ཆེན་ཡིད་བཞིན་ནོར་བུ་འདྲ༔ ཡང་ཡང་རྙེད་དཀའ་ཐོབ་འདི་སྟོན་ཀའི་སྤྲིན༔ དཔེ་འདི་གོ་བར་གྱིས་ཤིག་སྐལ་ལྡན་རྣམས༔ བཀའ་འདི་གནོད་སྦྱིན་ཤན་དམར་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ། །ཤུ་བྷཾ།།