TTDL-ZABTER-08-NYA-050: Difference between revisions

From Dudjom Wiki
TTDL-ZABTER-08-NYA-050
No edit summary
No edit summary
Line 26: Line 26:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|བརྡ་ཡིག་༠༠༠༠༠༠༤༥༥༔ ཧོཿདགོངས་སུ་གསོལ་ལོ༔ གནོད་སྦྱིན་ཤན་པ་དམར་ནག་ཡུམ་མཆོག་གསོད་བྱེད་དམར་མོ་ལས་མཁན་སྤྲུལ་པའི་འཁོར་བརྒྱད་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་བཀའ་དང་དམ་ཚིག་གཉན་པོ་ལས་མ་འདའ༔ དམ་ཚིག་གཉན་གྱིས་འབོད་དོ༔ དམ་ཚིག་དབང་གིས་བསྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཤིག༔ བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛཿལན་གསུམ་བརྗོད༔
{{TibP|བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་གི་ལས་བྱང་གནམ་ལྕགས་གྲི་གུག་ཁམས་གསུམ་འགུགས་བྱེད་དབང་སྡུད་རྒྱན་གྱི་འཁོར་ལོ་བཞུགས་སོ༔  
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་གི་ལས་བྱང་གནམ་ལྕགས་གྲི་གུག་ཁམས་གསུམ་འགུགས་བྱེད་དབང་སྡུད་རྒྱན་གྱི་འཁོར་ལོ་བཞུགས་སོ༔  
བརྡ་ཡིག་༠༠༠༠༠༠༤༥༨༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་གི༔ ལས་བྱང་གནམ་ལྕགས་གྲི་གུག་ཞེས་བྱ་འདི༔ ཉམས་སུ་ལེན་པའི་རྣལ་འབྱོར་དམ་པ་རྣམས༔ རབ་དབེན་གནས་སམ་དུར་ཁྲོད་ནགས་ཀྱི་ཁྲོད༔ དཀྱིལ་འཁོར་ལེགས་གྲུབ་གཏོར་མ་སྲོག་འཁོར་བཅས༔ ཚུལ་བཞིན་བསྒྲུབ་མཐར་ཡི་དམ་བསྒོམ་བཟླས་མཐར༔ བྱིན་རླབས་སྨོན་ལམ་བདེན་པའི་ཚིག་བརྗོད་ནས༔ ལྷ་བསྐྱེད་སྔོན་སོང་སྤྱན་འདྲེན་བྱ་བ་ནི༔ སྤོས་བསྲེགས་རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཀྵ༔ དད་པ་དང་ནི་དམ་ཚིག་གིས༔ བཀའ་སྲུང་གཉན་པོ་སྤྱན་འདྲེན་ནོ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ ཆགས་དང་བདེ་བའི་རྒྱས་འདེབས་མ༔ གསོད་བྱེད་དམར་མོ་གཤེགས་སུ་གསོལ༔ ནམ་མཁའི་གཟའ་སྐར་ཀུན་གྱི་གཙོ༔ ཁྱབ་འཇུག་ཆེན་པོ༴འོག་ཕྱོགས་ས་བདག་ཀླུ་ཡི་གཙོ༔ འཁོར་ལོ་བསྒྱུར་རྒྱལ་གཤེགས་སུ་གསོལ༔ དྲི་ཟའི་ཡུལ་ལ་མངའ་དབང་མཛད༔ སྟག་གི་གདོང་ཅན༴མེ་ལྷའི་ཡུལ་ལ་མངའ་དབང་མཛད༔ ནེ་ཙོའི་གདོང་ཅན༴གཤིན་རྗེའི་ཡུལ་ལ་མངའ་དབང་མཛད༔ གཟིག་གི་གདོག་ཅན༴སྲིན་པོའི་ཡུལ་ལ་མངའ་དབང་མཛད༔ རྨ་བྱའི་གདོང་ཅན༴ཆུ་ལྷའི་ཡུལ་ལ་མངའ་དབང་མཛད༔ དོམ་གྱི་གདོང་ཅན༴རླུང་ལྷའི་ཡུལ་ལ་མངའ་དབང་མཛད༔ ཤང་ཤང་གདོང་ཅན༴གནོད་སྦྱིན་ཡུལ་ལ་མངའ་དབང་མཛད༔ འབྲོང་གི་མགོ་ཅན༴དབང་ལྡན་ཡུལ་ལ་མངའ་དབང་མཛད༔ གསེར་མིག་གདོང་ཅན་གཤེགས་སུ་གསོལ༔ ཛཿདཀར་པོ་ལྷ་ཡི་སྡེ་དཔོན་མཆོག༔ ཚངས་པ་དཀར་པོ་གཤེགས་སུ་གསོལ༔ འཆི་བདག་གཤིན་རྗེའི་སྡེ་དཔོན་མཆོག༔ ཡ་མ་རཱ་ཛ༴སྲིད་པ་མ་མོའི་སྡེ་དཔོན་མཆོག༔ སྲིད་པའི་རྒྱལ་མོ༴ནག་པོ་བདུད་ཀྱི་སྡེ་དཔོན་མཆོག༔ བསྐོས་རྗེ་བྲང་དཀར༴དམར་པོ་བཙན་གྱི་སྡེ་དཔོན་མཆོག༔ ཡམ་ཤུད་དམར་པོ༴སྲོག་བདག་རྒྱལ་པོའི་སྡེ་དཔོན་མཆོག༔ པེ་ཧར་རྒྱལ་པོ༴མི་སྲུན་གནོད་སྦྱིན་སྡེ་དཔོན་མཆོག༔ ཀཱ་ལ་ཡཀྴ༴གཏུམ་པོ་ཀླུ་ཡི་སྡེ་དཔོན་མཆོག༔ ནཱ་ག་རཱ་ཛ༴བསྟན་ལ་གདུང་ཞིང་སྒྲུབ་ལ་བརྩེ༔ དྲེགས་པའི་འཁོར་ཚོགས་གཤེགས་སུ་གསོལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲིཿབཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གསང་ཆེན་རོལ་པའི་དུར་ཁྲོད་འདིར༔ བསྟན་དགྲ་བསྒྲལ་བའི་ཁྲི་སྟེང་དུ༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ༔ ཨེ་ཧེ་དམའ་རུ་རྩེ་ཛཿཧཱུྃ་བཾ་ཧོཿཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ མཐུ་ལས་གྲུབ་པའི་བསྟན་སྲུང་བ༔ སྒྱུ་འཕྲུལ་འཁོར་དང་བཅས་པ་ལ༔ བསྟན་པ་བསྲུང་ཕྱིར་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གནོད་སྦྱིན་ཤན་པ་འཁོར་བཅས་ལ༔ ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་༔ དར་ཟབ་གཅན་གཟན་སྤྱན་གཟིགས་དཀོར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ ནང་མཆོད་སྨན་རཀ་གཏོར་གསུམ་དང་༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ ཁྱི་དམར་གཡག་དམར་རྟ་ལུག་དམར༔ ཁྱུང་ཆེན་རྨ་བྱ་དེ་ཕོ་དང་༔ སེང་གེ་གླང་ཆེན་རྔ་མོང་རྟ༔ འོམ་མདའ་རྒྱན་ལྡན་སྲོག་འཁོར་བཅས༔ མཆོད་དང་བརྟེན་པ་སྒྲུབ་རྫས་འབུལ༔ ཁྱི་དམར་སྙིང་དང་དགྲ་ཤ་ཁྲག༔ འབྲུ་སྣ་སྨན་སྤོས་མེ་ཏོག་རིགས༔ ཕྱེ་མར་བཤོས་སྐྱེམས་མདོས་དང་མདངས༔ འདོད་ཡོན་རྒྱན་གྱི་མཆོད་པ་འབུལ༔ མི་འབྲལ་བརྩེ་བས་བདག་སྐྱོངས་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་སོགས་ནས་ཤཔྟ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་སརྦ་ག་ཎ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ བཅོམ་ལྡན་པདྨ་ཧེ་རུ་ཀའི༔ མངོན་སྤྱོད་རོལ་པའི་སྐུར་སྟོན་པ༔ གནོད་སྦྱིན་ཤན་པ་ཆེན་པོར་བསྟོད༔ མི་ཟད་གཏེར་གྱི་འཕྲུལ་བསྒྱུར་ཚེ༔ རྣམ་ཐོས་བུ་དང་ཨ་པ་རས༔ འགྲོ་བའི་དབུལ་འཕོངས་འབྱོར་རྒུད་སྐྱོབས༔ གནོད་སྦྱིན་རྒྱལ་པོ་ཁྱོད་ལ་བསྟོད༔ ཁམས་གསུམ་དབང་དུ་བསྒྱུར་བའི་ཚེ༔ དབང་ཕྱུག་འདོད་རྒྱལ་ཚོགས་ཀྱི་བདག༔ ཁྱབ་འཇུག་མིག་དམར་འཁོར་ལོས་སྒྱུར༔ དབང་ཆེན་དཔལ་འབར་ཁྱོད་ལ་བསྟོད༔ རབ་འབྱམས་ཕྲིན་ལས་ཡོངས་བསྒྲུབ་ཚེ༔ དམར་ནག་མེ་ཡི་ཕུང་པོ་ཅན༔ ཀླུ་འདུལ་མེ་ཁྱུང་རླུང་གཤོག་བཅིབས༔ ཕྱག་བཞི་རལ་གྲི་གྲི་གུག་དང་༔ སྙིང་ཞགས་བྷནྡྷ་ཐོད་ཕྲེང་བསྣམས༔ དུར་ཁྲོད་ཆས་རྫོགས་བེར་དམར་གསོལ༔ དམར་སེར་རལ་པ་སྲིད་རྩེར་འཁྱིལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ རིན་ཆེན་ནོར་བུའི་ཕྲེང་བ་གསོལ༔ ཁམས་གསུམ་མ་ལུས་དབང་བསྡུད་ཅིང་༔ སྲིད་པ་གསུམ་ལ་མངའ་དབང་བསྒྱུར༔ གནོད་སྦྱིན་ཤན་པ་ཁྱོད་ལ་བསྟོད༔ ཡུམ་མཆོག་གསོད་བྱེད་ཆེན་མོ་ནི༔ དབང་གི་ཕྲིན་ལས་མཛད་པའི་ཚེ༔ དགྱེས་ཆགས་བདེ་བའི་ཡབ་ལ་འཁྱུད༔ དྲག་པོའི་མངོན་སྤྱོད་མཛད་པའི་ཚེ༔ མེ་རྟ་ཆིབས་ཤིང་སྟོང་གསུམ་ཉུལ༔ མ་མོ་ཆེན་མོ་ཁྱོད་ལ་བསྟོད༔ འཇིགས་བྱེད་དྲག་ཤུལ་བདག་པོ་ཡི༔ སྤྲུལ་པའི་འཁོར་བརྒྱད་ལས་ལ་འགྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ སྣང་སྲིད་ལྷ་འདྲེ་འབངས་སུ་སྡུད༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔ མྱུར་མགྱོགས་བར་སྣང་གློག་ལས་མྱུར༔ ཆེ་བཙན་འཇིག་རྟེན་བདུན་ལས་འཕགས༔ གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད༔ ཁྱོད་བསྟེན་བསྒྲུབ་མཆོད་བྱས་པ་ཡིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་ཅིང་༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་མཛོད༔ ས་མ་ཡ༔ བཀའ་སྲུང་འདུས་པའི་བདག་ཉིད་དཔལ༔ མི་སྲུན་འཇིགས་བྱེད་དྲག་པོ་འདི༔ གང་གིས་བསྒྲུབ་པའི་སྐྱེས་བུ་རྣམས༔ བསོད་ནམས་དཔལ་རྒྱས་ལོངས་སྤྱོད་འཕེལ༔ དབང་བསྡུད་ཆེ་སྟེ་ཟིལ་གནོན་ལྡན༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་ཀུན༔ བརྣག་པ་ཙམ་གྱིས་ངེས་པར་སྒྲོལ༔ སྙན་དང་གྲགས་པས་ས་སྟེང་ཁྱབ༔ དང་པོ་བསྙེན་ཅིང་བསྒྲུབ་པའི་ཚེ༔ བསྐྱེད་ཅིང་གསལ་བའི་གཟེར་གནད་དང་༔ སྐད་ཅིག་མི་འབྲལ་བཟླས་པའི་སྔགས༔ བར་མ་ཆད་པར་བྱེ་བ་བཟླས༔ གྲུབ་པའི་རྟགས་མཚན་ངེས་པར་འགྲུབ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབ༔ མ་འོངས་བསྟན་དགྲའི་གཤེད་དུ་སྦས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་རེམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་རང་སློབ་དམ་པ་ཚོགས་མཆོག་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་འཇིགས་མེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།}}

</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 13:54, 13 August 2024

Wylie title TTDL-ZABTER-08-NYA-050.pdf
Location bdud 'joms gling pa zab gter
Volume 8, Text 50, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་གི་ལས་བྱང་གནམ་ལྕགས་གྲི་གུག་ཁམས་གསུམ་འགུགས་བྱེད་དབང་སྡུད་རྒྱན་གྱི་འཁོར་ལོ་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༤༥༨༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་གི༔ ལས་བྱང་གནམ་ལྕགས་གྲི་གུག་ཞེས་བྱ་འདི༔ ཉམས་སུ་ལེན་པའི་རྣལ་འབྱོར་དམ་པ་རྣམས༔ རབ་དབེན་གནས་སམ་དུར་ཁྲོད་ནགས་ཀྱི་ཁྲོད༔ དཀྱིལ་འཁོར་ལེགས་གྲུབ་གཏོར་མ་སྲོག་འཁོར་བཅས༔ ཚུལ་བཞིན་བསྒྲུབ་མཐར་ཡི་དམ་བསྒོམ་བཟླས་མཐར༔ བྱིན་རླབས་སྨོན་ལམ་བདེན་པའི་ཚིག་བརྗོད་ནས༔ ལྷ་བསྐྱེད་སྔོན་སོང་སྤྱན་འདྲེན་བྱ་བ་ནི༔ སྤོས་བསྲེགས་རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཀྵ༔ དད་པ་དང་ནི་དམ་ཚིག་གིས༔ བཀའ་སྲུང་གཉན་པོ་སྤྱན་འདྲེན་ནོ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ ཆགས་དང་བདེ་བའི་རྒྱས་འདེབས་མ༔ གསོད་བྱེད་དམར་མོ་གཤེགས་སུ་གསོལ༔ ནམ་མཁའི་གཟའ་སྐར་ཀུན་གྱི་གཙོ༔ ཁྱབ་འཇུག་ཆེན་པོ༴འོག་ཕྱོགས་ས་བདག་ཀླུ་ཡི་གཙོ༔ འཁོར་ལོ་བསྒྱུར་རྒྱལ་གཤེགས་སུ་གསོལ༔ དྲི་ཟའི་ཡུལ་ལ་མངའ་དབང་མཛད༔ སྟག་གི་གདོང་ཅན༴མེ་ལྷའི་ཡུལ་ལ་མངའ་དབང་མཛད༔ ནེ་ཙོའི་གདོང་ཅན༴གཤིན་རྗེའི་ཡུལ་ལ་མངའ་དབང་མཛད༔ གཟིག་གི་གདོག་ཅན༴སྲིན་པོའི་ཡུལ་ལ་མངའ་དབང་མཛད༔ རྨ་བྱའི་གདོང་ཅན༴ཆུ་ལྷའི་ཡུལ་ལ་མངའ་དབང་མཛད༔ དོམ་གྱི་གདོང་ཅན༴རླུང་ལྷའི་ཡུལ་ལ་མངའ་དབང་མཛད༔ ཤང་ཤང་གདོང་ཅན༴གནོད་སྦྱིན་ཡུལ་ལ་མངའ་དབང་མཛད༔ འབྲོང་གི་མགོ་ཅན༴དབང་ལྡན་ཡུལ་ལ་མངའ་དབང་མཛད༔ གསེར་མིག་གདོང་ཅན་གཤེགས་སུ་གསོལ༔ ཛཿདཀར་པོ་ལྷ་ཡི་སྡེ་དཔོན་མཆོག༔ ཚངས་པ་དཀར་པོ་གཤེགས་སུ་གསོལ༔ འཆི་བདག་གཤིན་རྗེའི་སྡེ་དཔོན་མཆོག༔ ཡ་མ་རཱ་ཛ༴སྲིད་པ་མ་མོའི་སྡེ་དཔོན་མཆོག༔ སྲིད་པའི་རྒྱལ་མོ༴ནག་པོ་བདུད་ཀྱི་སྡེ་དཔོན་མཆོག༔ བསྐོས་རྗེ་བྲང་དཀར༴དམར་པོ་བཙན་གྱི་སྡེ་དཔོན་མཆོག༔ ཡམ་ཤུད་དམར་པོ༴སྲོག་བདག་རྒྱལ་པོའི་སྡེ་དཔོན་མཆོག༔ པེ་ཧར་རྒྱལ་པོ༴མི་སྲུན་གནོད་སྦྱིན་སྡེ་དཔོན་མཆོག༔ ཀཱ་ལ་ཡཀྴ༴གཏུམ་པོ་ཀླུ་ཡི་སྡེ་དཔོན་མཆོག༔ ནཱ་ག་རཱ་ཛ༴བསྟན་ལ་གདུང་ཞིང་སྒྲུབ་ལ་བརྩེ༔ དྲེགས་པའི་འཁོར་ཚོགས་གཤེགས་སུ་གསོལ༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲིཿབཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གསང་ཆེན་རོལ་པའི་དུར་ཁྲོད་འདིར༔ བསྟན་དགྲ་བསྒྲལ་བའི་ཁྲི་སྟེང་དུ༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ༔ ཨེ་ཧེ་དམའ་རུ་རྩེ་ཛཿཧཱུྃ་བཾ་ཧོཿཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ མཐུ་ལས་གྲུབ་པའི་བསྟན་སྲུང་བ༔ སྒྱུ་འཕྲུལ་འཁོར་དང་བཅས་པ་ལ༔ བསྟན་པ་བསྲུང་ཕྱིར་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གནོད་སྦྱིན་ཤན་པ་འཁོར་བཅས་ལ༔ ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་༔ དར་ཟབ་གཅན་གཟན་སྤྱན་གཟིགས་དཀོར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ ནང་མཆོད་སྨན་རཀ་གཏོར་གསུམ་དང་༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ ཁྱི་དམར་གཡག་དམར་རྟ་ལུག་དམར༔ ཁྱུང་ཆེན་རྨ་བྱ་དེ་ཕོ་དང་༔ སེང་གེ་གླང་ཆེན་རྔ་མོང་རྟ༔ འོམ་མདའ་རྒྱན་ལྡན་སྲོག་འཁོར་བཅས༔ མཆོད་དང་བརྟེན་པ་སྒྲུབ་རྫས་འབུལ༔ ཁྱི་དམར་སྙིང་དང་དགྲ་ཤ་ཁྲག༔ འབྲུ་སྣ་སྨན་སྤོས་མེ་ཏོག་རིགས༔ ཕྱེ་མར་བཤོས་སྐྱེམས་མདོས་དང་མདངས༔ འདོད་ཡོན་རྒྱན་གྱི་མཆོད་པ་འབུལ༔ མི་འབྲལ་བརྩེ་བས་བདག་སྐྱོངས་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ཨེ་ཧེ་དམའ་རུ་རྩེ་གུ་ཎ་ཧྲཱིཿཏྲི་སརྦ་ས་པ་རི་ཝཱ་ར་ཨརྒྷཾ་པཱདྱཾ་སོགས་ནས་ཤཔྟ་རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤཪྴེ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་སརྦ་ག་ཎ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ བཅོམ་ལྡན་པདྨ་ཧེ་རུ་ཀའི༔ མངོན་སྤྱོད་རོལ་པའི་སྐུར་སྟོན་པ༔ གནོད་སྦྱིན་ཤན་པ་ཆེན་པོར་བསྟོད༔ མི་ཟད་གཏེར་གྱི་འཕྲུལ་བསྒྱུར་ཚེ༔ རྣམ་ཐོས་བུ་དང་ཨ་པ་རས༔ འགྲོ་བའི་དབུལ་འཕོངས་འབྱོར་རྒུད་སྐྱོབས༔ གནོད་སྦྱིན་རྒྱལ་པོ་ཁྱོད་ལ་བསྟོད༔ ཁམས་གསུམ་དབང་དུ་བསྒྱུར་བའི་ཚེ༔ དབང་ཕྱུག་འདོད་རྒྱལ་ཚོགས་ཀྱི་བདག༔ ཁྱབ་འཇུག་མིག་དམར་འཁོར་ལོས་སྒྱུར༔ དབང་ཆེན་དཔལ་འབར་ཁྱོད་ལ་བསྟོད༔ རབ་འབྱམས་ཕྲིན་ལས་ཡོངས་བསྒྲུབ་ཚེ༔ དམར་ནག་མེ་ཡི་ཕུང་པོ་ཅན༔ ཀླུ་འདུལ་མེ་ཁྱུང་རླུང་གཤོག་བཅིབས༔ ཕྱག་བཞི་རལ་གྲི་གྲི་གུག་དང་༔ སྙིང་ཞགས་བྷནྡྷ་ཐོད་ཕྲེང་བསྣམས༔ དུར་ཁྲོད་ཆས་རྫོགས་བེར་དམར་གསོལ༔ དམར་སེར་རལ་པ་སྲིད་རྩེར་འཁྱིལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ རིན་ཆེན་ནོར་བུའི་ཕྲེང་བ་གསོལ༔ ཁམས་གསུམ་མ་ལུས་དབང་བསྡུད་ཅིང་༔ སྲིད་པ་གསུམ་ལ་མངའ་དབང་བསྒྱུར༔ གནོད་སྦྱིན་ཤན་པ་ཁྱོད་ལ་བསྟོད༔ ཡུམ་མཆོག་གསོད་བྱེད་ཆེན་མོ་ནི༔ དབང་གི་ཕྲིན་ལས་མཛད་པའི་ཚེ༔ དགྱེས་ཆགས་བདེ་བའི་ཡབ་ལ་འཁྱུད༔ དྲག་པོའི་མངོན་སྤྱོད་མཛད་པའི་ཚེ༔ མེ་རྟ་ཆིབས་ཤིང་སྟོང་གསུམ་ཉུལ༔ མ་མོ་ཆེན་མོ་ཁྱོད་ལ་བསྟོད༔ འཇིགས་བྱེད་དྲག་ཤུལ་བདག་པོ་ཡི༔ སྤྲུལ་པའི་འཁོར་བརྒྱད་ལས་ལ་འགྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ སྣང་སྲིད་ལྷ་འདྲེ་འབངས་སུ་སྡུད༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔ མྱུར་མགྱོགས་བར་སྣང་གློག་ལས་མྱུར༔ ཆེ་བཙན་འཇིག་རྟེན་བདུན་ལས་འཕགས༔ གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད༔ ཁྱོད་བསྟེན་བསྒྲུབ་མཆོད་བྱས་པ་ཡིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་ཅིང་༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་མཛོད༔ ས་མ་ཡ༔ བཀའ་སྲུང་འདུས་པའི་བདག་ཉིད་དཔལ༔ མི་སྲུན་འཇིགས་བྱེད་དྲག་པོ་འདི༔ གང་གིས་བསྒྲུབ་པའི་སྐྱེས་བུ་རྣམས༔ བསོད་ནམས་དཔལ་རྒྱས་ལོངས་སྤྱོད་འཕེལ༔ དབང་བསྡུད་ཆེ་སྟེ་ཟིལ་གནོན་ལྡན༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་ཀུན༔ བརྣག་པ་ཙམ་གྱིས་ངེས་པར་སྒྲོལ༔ སྙན་དང་གྲགས་པས་ས་སྟེང་ཁྱབ༔ དང་པོ་བསྙེན་ཅིང་བསྒྲུབ་པའི་ཚེ༔ བསྐྱེད་ཅིང་གསལ་བའི་གཟེར་གནད་དང་༔ སྐད་ཅིག་མི་འབྲལ་བཟླས་པའི་སྔགས༔ བར་མ་ཆད་པར་བྱེ་བ་བཟླས༔ གྲུབ་པའི་རྟགས་མཚན་ངེས་པར་འགྲུབ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབ༔ མ་འོངས་བསྟན་དགྲའི་གཤེད་དུ་སྦས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་རེམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་རང་སློབ་དམ་པ་ཚོགས་མཆོག་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་འཇིགས་མེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།