TTDL-ZABTER-18-TSHA-010: Difference between revisions
From Dudjom Wiki
TTDL-ZABTER-18-TSHA-010
No edit summary |
No edit summary |
||
| Line 8: | Line 8: | ||
|authortib=བདུད་འཇོམས་གླིང་པ་ | |authortib=བདུད་འཇོམས་གླིང་པ་ | ||
|citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004. | |citation=Khrag 'thung [[Bdud 'joms gling pa]]. ''''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004. | ||
| | |tibgenre=Advice - zhal gdams | ||
| | |rectonotes=zhal gdams | ||
|versonotes=bdud 'joms gsung mgur skor | |versonotes=bdud 'joms gsung mgur skor | ||
|volnumtib=༡༨ | |volnumtib=༡༨ | ||
| Line 21: | Line 21: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །སྔོན་སྨོན་ལམ་ལས་ཀྱིས་འབྲེལ་བའི། །གྲོགས་སྐལ་བཟང་སྐྱེས་བུ་དམ་པ། །ཆོས་ཡང་དག་བསྒྲུབ་པར་འདོད་ན། །ལྷ་བླ་མ་དམ་པར་བསྟེན་ནས། །དེས་ཅི་གསུངས་བཀའ་བཞིན་བསྒྲུབ་ཅིང་། །དོན་གདམས་ངག་ངེས་གསང་སྙིང་པོ། །ལམ་གནད་ལ་གོལ་འཕྱུགས་མེད་པར། །གནས་དབེན་པར་ཉམས་སུ་བླང་ན། །ཚེ་འདི་རུ་གྲོལ་འཐོབ་ངེས་པ། །གནད་དེ་ལས་གཞན་དུ་རིང་ན། །སྒོ་ལུས་ངག་གཉིས་ཀྱི་དགེ་སྦྱོར། །གནས་འཁོར་བར་བསོད་ནམས་བསགས་པས། །རྒྱུད་གྲོལ་བའི་ཐབས་ལ་མི་ཕན། །ཡུལ་བདེ་སྡུག་གཉིས་ཀྱི་བྱེད་པོ། །སེམས་གཅིག་པུར་འདུག་ལ་ལྟོས་དང་། །དེ་རང་ཐོག་གྲོལ་བའི་གདམས་པ། །ཆོས་ཀུན་གྱི་སྙིང་པོ་ངོ་མ། །ཕ་བླ་མའི་རྣམ་ཐར་ཐོས་ནས། །ཡུལ་རིང་བ་གོམ་གྱིས་བགྲོད་ཀྱང་། །དེས་གདམས་ངག་དོན་ཐོབ་མེད་ན། །མགོ་སོར་མོས་བཀབ་པས་ཅི་ཕན། །སྐྱབས་བླ་མ་ཡིད་བཞིན་ནོར་བུ། །དེ་སངས་རྒྱས་མ་འཕྱུགས་ངོ་མ། །ཚུལ་གོ་ནས་དད་མོས་དྲག་པོས། །བསྟེན་ཤེས་ན་དངོས་གྲུབ་འབྱུང་གནས། །ཐག་རིང་པོར་དཀའ་བ་སྤྱོད་ནས། །རྫས་ཁ་དོག་གཟུགས་དབྱིབས་ལེགས་པའི། །སར་ཕྱིན་ནས་དད་གུས་བྱས་ཀྱང་། །ཅང་མི་ཤེས་བེམ་སྐམ་སྒོག་པོས། །རང་རྒྱུད་ལ་ཕན་གདག་ཅི་ཡོད། །མི་སྙིང་སྟོབས་ལྡན་པ་འགའ་རེས། །ཚེ་གཅིག་ཏུ་ལུས་ངག་གཉིས་ཀ།ཆོས་ཀུན་རྫོབ་དགེ་ལ་བསྐུལ་ཀྱང་། །ཁོང་ཤེས་རྒྱུད་སྔར་ལས་མ་འཕགས། །ད་གྲོལ་བ་ཐོབ་མཁན་སུ་ཞིག །དེ་བསམ་ན་དོན་མེད་ངོ་མ། །ཆོས་བླ་མེད་ཟབ་དོན་སྙིང་པོར། །སྔོན་སྨོན་ལམ་ལས་འབྲེལ་མེད་ན། །ཆོས་བསོད་ནམས་བསགས་པ་དེ་དག །ལམ་མཆོག་ཏུ་བསྟེན་དགོས་ལེགས་ཀྱང་། །དོན་དམ་པར་སངས་རྒྱས་བསྒྲུབ་ནང་། །ཁོང་རྣལ་འབྱོར་དབང་ཕྱུག་དག་བཞིན། །གནས་མི་མེད་ལུང་པའི་ཚལ་དུ། །གྲོགས་མེད་པར་གཅིག་པུར་གནས་ཤིང་། །ཚུལ་སྙིང་པོའི་སྒྲུབ་ལ་གཞོལ་མཛོད། །ཨ་ཧོ།བློ་ཡིད་སེམས་ཀྱིས་བཅས་བཅོས་གཅོང་རོང་དུ། །མ་རིག་གསུམ་གྱི་མུན་ཁང་ཁྱོན་ཡངས་པར། །ཤེས་རབ་མིག་ལོང་སྤྱོད་འགྲོས་བྱེད་མཐོང་ནས། །ཤིན་ཏུ་བྲེད་ཅིང་སུན་པའི་སྟོབས་དབང་གིས། །ཁམས་གསུམ་རྒྱུད་གོལ་ཉམས་ཀྱི་རི་རྩེར་བྲོས། །དེ་ཚེ་ཤེས་རབ་ཡེ་ཤེས་མིག་ཡངས་པོས། །མ་རིག་ལྷན་སྐྱེས་ཀུན་བཏགས་སྒྲིབ་གཡོགས་བསལ། །མ་བཅོས་གསུམ་གྱིས་མཉམ་བཞག་རང་ཡན་ཚེ། །ཁྱབ་བདག་མགོན་པོའི་ཁྲི་ཁར་སླེབས་པ་མཚར། །ལྷུན་གྲུབ་བདེ་ཆེན་བཀོད་པ་མི་ཟད་པར། །རང་དབང་ཐོབ་པའི་དགོད་ཁ་ལྷག་ལྷག་ཤོར། །ཀུན་ཤེས་ཀུན་གཟིགས་ཡེ་ཤེས་མིག་གཅིག་པོས། །རིམ་དགུའི་ཐེག་པའི་ཡུལ་ལ་ལྟད་མོ་བལྟས། །གདུལ་བྱའི་འཇུག་སྒོ་མ་ངེས་ཐ་དད་པར། །ཀུན་ལྷག་བློ་ཡིས་ངོས་བཟུང་ཁས་ལེན་པ། །ཐ་དད་མ་གྲུབ་གཅིག་རྫོགས་སྤྱི་དྲིལ་གྱི། །ཁྱབ་བདག་རྫོགས་པ་ཆེན་པོར་རོ་གཅིག་མཐོང་། །འཁོར་འདས་ཆོས་ཀུན་སྣང་དང་སྣང་བྱེད་ཡུལ། །དཔེར་ན་རྨི་ཡུལ་གདོད་ནས་མ་གྲུབ་པར། །རྨི་མཁན་ཉིད་ལ་དེ་ཉིད་སྣང་བ་དང་། །སྒྱུ་མ་གདོད་ནས་གྲུབ་པ་མ་བྱུང་ཡང་། །ལྟད་མོ་མཁན་ལ་སྒྱུ་སྣང་དེ་སྣང་བཞིན། །ཐམས་ཅད་ཀུན་བྱེད་རྒྱལ་པོ་རང་ལ་ཐིམ། །འབད་རྩོལ་བྱ་བ་ཅོག་བཞག་རྣལ་འབྱོར་བདེ། །ཡེ་གྲོལ་ཀ་དག་སྤྲོས་བྲལ་སེམས་ཉིད་ལ། །རང་ས་ཉིད་དུ་ཡན་པའི་ཧད་པོ་ངས། །ཤིན་ཏུ་གཅེས་ནོར་ཡིན་ཡང་ཁྱོད་ལ་སྟེར། །ལས་སྐལ་ལྡན་ན་ལམ་གྱི་གསལ་སྒྲོན་ཡིན། །སྐལ་བ་མེད་ན་རི་མོའི་མར་མེར་སོང་། །ཕན་གནོད་མེད་ཀྱང་རྟེན་འབྲེལ་གནད་གཅིག་ཡོད། །ད་དུང་སྔོན་ལས་རླུང་གི་འཁོར་ལོའི་རྩེས། །འཕང་ནས་ང་ཡི་གན་དུ་མཆི་ཡང་སྲིད། །དེ་ཚེ་གདམས་པའི་ཡང་བཅུད་སྟེར་ཀྱང་སྤྲོ། །དགེ་བཙུན་ཀློང་ཡངས་ལ་གདམས་པའོ། །། །}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 14:00, 6 September 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 18, Text 10, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: zhal gdams Verso: bdud 'joms gsung mgur skor | |
| More details More details | ||
| Genre | Advice - zhal gdams | |