DUDJOM-THROMA-029: Difference between revisions

From Dudjom Wiki
DUDJOM-THROMA-029
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དབུ་ཁྲིད་བརྡ་ཡིག་༠༠༠༠༢༧༩༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  གཅོད་ཡུལ་ལྷ་མོའི་གར་མཁན༔  ལྷ་འདྲེར་ཚིག་ལོག་འདྲིལ་བ་བཞུགས༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ༠༠༠༠༠བརྡ་ཡིག་༢༧༩༔  གཅོད་བྱེད་རལ་གྲི་ངར་མ་ནི༔  རིག་པའི་རལ་གྲི། དབང་ཕྱུག་ཆེན་པོས་མགར་བ་ལགས༔  གདུལ་བྱ་རང་སྣང་གི་སྟོན་པས། གནས་གཞིའི་ཆབ་ཀྱིས་ངར་ཡང་བླུད༔  བློ་ལྡོག་རྣམ་བཞི། གོར་མོ་བདུན་གྱིས་རྣོ་ཡང་ཕྱུངས༔  སྔོན་འགྲོ་ཆོས་བདུན། མི་ཤིགས་རྡོ་རྗེའི་རྒྱ་ཡིས་བཏབ༔  ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲོད་པ། སྲིད་པའི་ཨ་ཕྱི་ཆེན་མོ་ཡུམ༔  སོ་སོར་རྟོག་པའི་ཤེས་རབ་ཀྱིས། ཡུལ་གཞི་མཐོང་བའི་མ་མ་ཡུམ༔  མིང་གི་ཁུང་བཙལ་བ་ དངོས་པོའི་རྟག་འཛིན་བཤིགས་པ་ ཕན་གནོད་ཀྱི་མཚང་ལ་རྒོལ་བ་ རེ་དོགས་ཀྱི་རྫུན་ཕུག་རྡིབ་པ། གབ་པ་མངོན་ཕྱུང་མ་མ་ཡུམ༔  ཆོས་ཉིད་ཀྱི་བདེན་པ་མཐོང་བ། ཐམས་ཅད་རོལ་པའི་མ་མ་ འཁོར་འདས་འུབ་ཆུབ་ཏུ་རོལ་པས་ན། ཡུམ༔  རྣམ་ཀུན་ལྟོར་བྲུབ་མ་མ་ཡུམ༔  སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ། ཀུན་གསལ་ཉི་གཞོན་ སྐུ་ལྔ་སོགས་ལྔ་ཚན་གྱི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་གྱི་ཚུལ་དུ་ཡོད་པས་ན། མ་མ་ཡུམ༔  མ་མའི་བུ་མཆོག་རལ་གྲི་ཁྱོད༔  དེ་ལྟར་མངོན་དུ་གྱུར་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྲས་མཆོག་རིག་པའི་རལ་གྲི་མ་རིག་པའི་རྩ་བ་གཅོད་པས་ན། དང་པོ་ཐོགས་མེད་མདའ་མོ་འཕོངས༔  སྔ་ནོན། བར་དུ་གཡོ་འཁོར་རེས་མོས་གྱིས༔  བར་ནོན། གནས་པོའི་བ་སྤུ་བྲེག་པ་མིན༔  གཉན་སར་རྩྭ་མི་འཐུ། གནས་མོའི་རལ་པ་གཅོད་མི་བྱ༔  ཤིང་མི་གཅོད། ལྷ་མོའི་མཁའ་ལ་མཚོན་མི་འདེབས༔  ས་མི་བརྐོ། བདུད་མོའི་བཞིན་ལ་ཤ་མི་བཅར༔  རྐང་རྗེན་དུ་མི་འགྲོ། ལྷ་འདྲེའི་ཁྱིམ་དུ་གློག་མི་རྡེབ༔  མཚན་མོ་མེ་མི་གཏོང༌། སྒེག་མོའི་ས་ལ་འདམ་མི་གཡོ༔  གཤང་ལྕི་ཕྱོགས་གཅིག་ལས་མི་འདོར། ཀླུ་བདུད་ཡུལ་དུ་དུང་མི་འབུད༔  ཀིའི་མི་བཏབ། མ་མོའི་མངལ་དུ་དུག་མི་གཡོ༔  ཐོགས་བཅས་ཐོགས་མེད་སོགས། བྱ་ཚང་ནང་དུ་སྦྲུལ་མི་བསྡུ༔  གཞན་ཕལ་པ། སྦལ་ཚང་ནང་དུ་ཁྱུང་མི་རྒྱུག༔  གཉན་ས་དེ་ལས་ཕར་མི་འགྲོ། ར་བའི་ནང་དུ་བྲོ་མི་འཁྲབ༔  རྟ་མི་ཞོན། དཀྱིལ་འཁོར་ནང་དུ་ཁྱི་མི་འཁྲིད༔  གྲོགས་གང་ཡང་མི་བརྟེན། སྒྱུ་མ་མཁན་ལ་རིན་མ་ཤོར༔  བདེ་སྡུག་ཅི་བྱུང་སློང་ཚད་དུ་ཤེས་པར་བྱ། རྨི་ལམ་ཡུལ་ལ་གནས་མ་བྱེད༔  ཐོགས་བཅས་ཐོགས་མེད་སོགས་བསླུ་རྐྱེན་གྱི་རྗེས་སུ་མི་འབྲང༌། ཐ་མ་གྲོགས་ལ་ཕ་ཕོག་གཏོད༔  ཤ་ཁྲག་གི་ཕུང་པོ་བཤིག་ནས་གནས་དེའི་ལྷ་འདྲེ་ལ་གཏད། དགྲ་སྲུང་རྒྱལ་པོར་བཅོལ་གཏད་མཛོད༔  གནས་བཅོལ་གཏད། མཁའ་ལྡིང་ལུས་ལ་ཆུ་མ་བགོས༔  གཞི་དཀྲུགས་ལན་གསུམ་བྱ་བ་གནད༔  གནས་དེའི་ལྷ་འདྲེ་རྗེས་སུ་མི་ཁྲིད་པར་ཕྱི་ནོན་གསུམ། ས་གཞིའི་ཁམས་སུ་རྒྱུ་བའི་ཚེ༔  གཉན་ས་གཞན་ལ་འགྲོ་ན་དེ་ནས་སྔ་ནོན་འཕེན། མགྱོགས་པའི་ཅང་ཤེས་ཞོན་པ་ལགས༔  བར་སྣང་ཁམས་སུ་རྒྱུ་བའི་ཚེ༔  ངེས་མེད་དུ་འགྲོ་ན། མཁའ་ལྡིང་རྒྱལ་པོ་ཞོན་པ་ལགས༔  རང་བཞིན་ལྟ་བའི་ངང་ནས་འགྲོ། ནམ་ ཕ་ཡུལ་ལ་འགྲོ་ན་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས་དར་སྐུད་བརྐྱང་བ་དེའི་ངང་ནས་འགྲོ། མཁའི་ཁམས་སུ་རྒྱུ་བའི་ཚེ༔  རྟ་བདུན་བཞོན་པའི་མཆོག་ཏུ་བསྔགས༔  ས་མ་ཡ༔  ཨྠིྀ༔  ཡང་ཅིག་སྲིད་པའི་ལྷ་བྲག་ལ༔  བདུད་ཀྱི་སྟྭ་རེས་ཐེབ་ཉེའི་དུས༔  ཕཊ་ཕཊ་ཕཊ༔  རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོའི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔  ཕྱག་གཡོན་མི་རྐང་གི་གླིང་བུ་ལྷང་ལྷང་འབུད་པས་ཁམས་གསུམ་དབང་དུ་སྡུད་ཅིང་༔  གཡས་མི་ལྤགས་ཀྱི་གཡང་གཞི་དམར་ལྷབ་ལྷབ་ཏུ་བརྡབ་པས་འཁོར་བའི་འཁྲུལ་འཁོར་བཤིགས་ཤིང་སྲིད་གསུམ་དམ་ལ་འདོགས་པ༔  སྐུ་སྟོད་སྲིད་པའི་རྩེ་ནས་འགྱིང་ཞིང་ཞབས་ཀྱིས་ངན་སོང་རྣམ་གསུམ་གནོན་པ༔  འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག་དཀྲུག་ཅིག་ཡོམ་ཡོམ་བསྒུལ་བར་གྱུར༔  ཕཊ་ཕཊ་ཕཊ༔  ན་མོ༔  གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔  སངས་རྒྱས་ཆོས་དང་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པས༔  བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔  བར་དུ་ནད་ཀྱི་ཚང་བཅའ་བ༔  ཐ་མ་ནད་ཀྱིས་སྲོག་གཅོད་པར་བྱེད་པའི་འབྱུང་པོ་ཕོ་གདོན་རྒྱལ་པོ་དང་ཕྲོལ་ཅིག༔  མོ་གདོན་འདྲེ་མོ་དང་ཕྲོལ་ཅིག༔  ཀླུ་གདོན་ས་བདག་དང་ཕྲོལ་ཅིག༔  གཟའ་གདོན་སྡེ་བརྒྱད་དང་ཕྲོལ་ཅིག༔  སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་ཕྲོལ་ཅིག༔  ཕྱེས་ཤིག༔  ཕཊ་ཕཊ་ཕཊ༔  ལན་གསུམ་བརྗོད་ཅིང་གཡང་གཞི་དྲག་ཏུ་བརྡབ་བོ༔  ཀྱཻ༔  མ་རིག་འཁྲུལ་པའི་སེམས་ཅན༔  ལས་ཉོན་བག་ཆགས་ཀྱི་འདྲེ་གདོན༔  སྲིད་པ་སྡུག་བསྔལ་གྱི་འཁོར་ལོར༔  དབང་མེད་ཁོར་ཡུག་ཏུ་འཁོར་བའི་འདྲེ་གདོན་གདུག་པ་ཅན་ཁྱེད་རྣམས་ཉོན་ཅིག༔  ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཕ་དང་མ་རུ་མ་གྱུར་པ་གཅིག་ཀྱང་མེད་པས་དྲིན་ལན་གནོད་པས་མ་འཇལ༔  བཟང་ལན་ངན་གྱིས་མ་འཇལ༔  སྨན་ལན་དུག་གིས་མ་མཇལ་བར༔  ཁྱོད་ལས་དང་ཉོན་མོངས་པས་བསླུས་པ་ཡིན་པས་ངོ་ཤེས་པར་གྱིས་ལ་བཟུང་བ་ཡོད་ན་ཐོངས༔  བཅིང་པ་ཡོད་ན་ཁྲོལ༔  བསྡམ་པ་ཡོད་ན་ཀློད༔  མནན་པ་ཡོད་ན་ཐེག༔  གལ་སྲིད་གཞན་གནོད་གདུག་རྩུབ་ཀྱི་བསམ་སྦྱོར་ལ་སྤྱོད་པར་གྱུར་ན་ཁྱེད་འཁོར་བ་སྡུག་བསྔལ་གྱི་བཙོན་ཁང་དུ་ཚུད་ནས་ཚོར་བ་མྱ་ངན་དང་༔  མྱོང་རྒྱུ་སྡུག་བསྔལ་ལས་མེད་པའི་དོན་ཤེས་པར་གྱིས་ལ་དད་གུས་དྲག་པོའི་སྒོ་ནས་བདག་གི་བཀའ་ལ་ཉན་ཏེ་དམ་ཚིག་ལ་གནས་པར་གྱིས་ཤིག༔  ཕཊ་ཕཊ་ཕཊ༔  ཅེས་དབང་སྡུད་ཟིལ་གནོན་བྱའོ༔  དེ་ཡིས་འདོད་དོན་ཕྲིན་ལས་འགྲུབ༔  བཀའ་སྲུང་བཙན་རྒྱལ་ཆེན་པོས་སྲུངས༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  བརྡ་ཐིམ༔  ཞེས་པ་འདི་བོ་ཆུང་གཞན་ཕན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།  །།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=khros ma'i sgrub skor
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|totalvolumes=1
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=1
|volumeLetter=
|textnuminvol=029
|pdflink=File:DUDJOM-THROMA-029.pdf
|InitCategories=Dudjom Tersar Project; DUDJOM-THROMA
}}
<h1>Tibetan Text</h1>
<onlyinclude>
{{TibP|དབུ་ཁྲིད་བརྡ་ཡིག་༠༠༠༠༢༧༩༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  གཅོད་ཡུལ་ལྷ་མོའི་གར་མཁན༔  ལྷ་འདྲེར་ཚིག་ལོག་འདྲིལ་བ་བཞུགས༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ༠༠༠༠༠བརྡ་ཡིག་༢༧༩༔  གཅོད་བྱེད་རལ་གྲི་ངར་མ་ནི༔  རིག་པའི་རལ་གྲི། དབང་ཕྱུག་ཆེན་པོས་མགར་བ་ལགས༔  གདུལ་བྱ་རང་སྣང་གི་སྟོན་པས། གནས་གཞིའི་ཆབ་ཀྱིས་ངར་ཡང་བླུད༔  བློ་ལྡོག་རྣམ་བཞི། གོར་མོ་བདུན་གྱིས་རྣོ་ཡང་ཕྱུངས༔  སྔོན་འགྲོ་ཆོས་བདུན། མི་ཤིགས་རྡོ་རྗེའི་རྒྱ་ཡིས་བཏབ༔  ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲོད་པ། སྲིད་པའི་ཨ་ཕྱི་ཆེན་མོ་ཡུམ༔  སོ་སོར་རྟོག་པའི་ཤེས་རབ་ཀྱིས། ཡུལ་གཞི་མཐོང་བའི་མ་མ་ཡུམ༔  མིང་གི་ཁུང་བཙལ་བ་ དངོས་པོའི་རྟག་འཛིན་བཤིགས་པ་ ཕན་གནོད་ཀྱི་མཚང་ལ་རྒོལ་བ་ རེ་དོགས་ཀྱི་རྫུན་ཕུག་རྡིབ་པ། གབ་པ་མངོན་ཕྱུང་མ་མ་ཡུམ༔  ཆོས་ཉིད་ཀྱི་བདེན་པ་མཐོང་བ། ཐམས་ཅད་རོལ་པའི་མ་མ་ འཁོར་འདས་འུབ་ཆུབ་ཏུ་རོལ་པས་ན། ཡུམ༔  རྣམ་ཀུན་ལྟོར་བྲུབ་མ་མ་ཡུམ༔  སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ། ཀུན་གསལ་ཉི་གཞོན་ སྐུ་ལྔ་སོགས་ལྔ་ཚན་གྱི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་གྱི་ཚུལ་དུ་ཡོད་པས་ན། མ་མ་ཡུམ༔  མ་མའི་བུ་མཆོག་རལ་གྲི་ཁྱོད༔  དེ་ལྟར་མངོན་དུ་གྱུར་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྲས་མཆོག་རིག་པའི་རལ་གྲི་མ་རིག་པའི་རྩ་བ་གཅོད་པས་ན། དང་པོ་ཐོགས་མེད་མདའ་མོ་འཕོངས༔  སྔ་ནོན། བར་དུ་གཡོ་འཁོར་རེས་མོས་གྱིས༔  བར་ནོན། གནས་པོའི་བ་སྤུ་བྲེག་པ་མིན༔  གཉན་སར་རྩྭ་མི་འཐུ། གནས་མོའི་རལ་པ་གཅོད་མི་བྱ༔  ཤིང་མི་གཅོད། ལྷ་མོའི་མཁའ་ལ་མཚོན་མི་འདེབས༔  ས་མི་བརྐོ། བདུད་མོའི་བཞིན་ལ་ཤ་མི་བཅར༔  རྐང་རྗེན་དུ་མི་འགྲོ། ལྷ་འདྲེའི་ཁྱིམ་དུ་གློག་མི་རྡེབ༔  མཚན་མོ་མེ་མི་གཏོང༌། སྒེག་མོའི་ས་ལ་འདམ་མི་གཡོ༔  གཤང་ལྕི་ཕྱོགས་གཅིག་ལས་མི་འདོར། ཀླུ་བདུད་ཡུལ་དུ་དུང་མི་འབུད༔  ཀིའི་མི་བཏབ། མ་མོའི་མངལ་དུ་དུག་མི་གཡོ༔  ཐོགས་བཅས་ཐོགས་མེད་སོགས། བྱ་ཚང་ནང་དུ་སྦྲུལ་མི་བསྡུ༔  གཞན་ཕལ་པ། སྦལ་ཚང་ནང་དུ་ཁྱུང་མི་རྒྱུག༔  གཉན་ས་དེ་ལས་ཕར་མི་འགྲོ། ར་བའི་ནང་དུ་བྲོ་མི་འཁྲབ༔  རྟ་མི་ཞོན། དཀྱིལ་འཁོར་ནང་དུ་ཁྱི་མི་འཁྲིད༔  གྲོགས་གང་ཡང་མི་བརྟེན། སྒྱུ་མ་མཁན་ལ་རིན་མ་ཤོར༔  བདེ་སྡུག་ཅི་བྱུང་སློང་ཚད་དུ་ཤེས་པར་བྱ། རྨི་ལམ་ཡུལ་ལ་གནས་མ་བྱེད༔  ཐོགས་བཅས་ཐོགས་མེད་སོགས་བསླུ་རྐྱེན་གྱི་རྗེས་སུ་མི་འབྲང༌། ཐ་མ་གྲོགས་ལ་ཕ་ཕོག་གཏོད༔  ཤ་ཁྲག་གི་ཕུང་པོ་བཤིག་ནས་གནས་དེའི་ལྷ་འདྲེ་ལ་གཏད། དགྲ་སྲུང་རྒྱལ་པོར་བཅོལ་གཏད་མཛོད༔  གནས་བཅོལ་གཏད། མཁའ་ལྡིང་ལུས་ལ་ཆུ་མ་བགོས༔  གཞི་དཀྲུགས་ལན་གསུམ་བྱ་བ་གནད༔  གནས་དེའི་ལྷ་འདྲེ་རྗེས་སུ་མི་ཁྲིད་པར་ཕྱི་ནོན་གསུམ། ས་གཞིའི་ཁམས་སུ་རྒྱུ་བའི་ཚེ༔  གཉན་ས་གཞན་ལ་འགྲོ་ན་དེ་ནས་སྔ་ནོན་འཕེན། མགྱོགས་པའི་ཅང་ཤེས་ཞོན་པ་ལགས༔  བར་སྣང་ཁམས་སུ་རྒྱུ་བའི་ཚེ༔  ངེས་མེད་དུ་འགྲོ་ན། མཁའ་ལྡིང་རྒྱལ་པོ་ཞོན་པ་ལགས༔  རང་བཞིན་ལྟ་བའི་ངང་ནས་འགྲོ། ནམ་ ཕ་ཡུལ་ལ་འགྲོ་ན་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས་དར་སྐུད་བརྐྱང་བ་དེའི་ངང་ནས་འགྲོ། མཁའི་ཁམས་སུ་རྒྱུ་བའི་ཚེ༔  རྟ་བདུན་བཞོན་པའི་མཆོག་ཏུ་བསྔགས༔  ས་མ་ཡ༔  ཨྠིྀ༔  ཡང་ཅིག་སྲིད་པའི་ལྷ་བྲག་ལ༔  བདུད་ཀྱི་སྟྭ་རེས་ཐེབ་ཉེའི་དུས༔  ཕཊ་ཕཊ་ཕཊ༔  རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོའི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔  ཕྱག་གཡོན་མི་རྐང་གི་གླིང་བུ་ལྷང་ལྷང་འབུད་པས་ཁམས་གསུམ་དབང་དུ་སྡུད་ཅིང་༔  གཡས་མི་ལྤགས་ཀྱི་གཡང་གཞི་དམར་ལྷབ་ལྷབ་ཏུ་བརྡབ་པས་འཁོར་བའི་འཁྲུལ་འཁོར་བཤིགས་ཤིང་སྲིད་གསུམ་དམ་ལ་འདོགས་པ༔  སྐུ་སྟོད་སྲིད་པའི་རྩེ་ནས་འགྱིང་ཞིང་ཞབས་ཀྱིས་ངན་སོང་རྣམ་གསུམ་གནོན་པ༔  འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག་དཀྲུག་ཅིག་ཡོམ་ཡོམ་བསྒུལ་བར་གྱུར༔  ཕཊ་ཕཊ་ཕཊ༔  ན་མོ༔  གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔  སངས་རྒྱས་ཆོས་དང་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པས༔  བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔  བར་དུ་ནད་ཀྱི་ཚང་བཅའ་བ༔  ཐ་མ་ནད་ཀྱིས་སྲོག་གཅོད་པར་བྱེད་པའི་འབྱུང་པོ་ཕོ་གདོན་རྒྱལ་པོ་དང་ཕྲོལ་ཅིག༔  མོ་གདོན་འདྲེ་མོ་དང་ཕྲོལ་ཅིག༔  ཀླུ་གདོན་ས་བདག་དང་ཕྲོལ་ཅིག༔  གཟའ་གདོན་སྡེ་བརྒྱད་དང་ཕྲོལ་ཅིག༔  སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་ཕྲོལ་ཅིག༔  ཕྱེས་ཤིག༔  ཕཊ་ཕཊ་ཕཊ༔  ལན་གསུམ་བརྗོད་ཅིང་གཡང་གཞི་དྲག་ཏུ་བརྡབ་བོ༔  ཀྱཻ༔  མ་རིག་འཁྲུལ་པའི་སེམས་ཅན༔  ལས་ཉོན་བག་ཆགས་ཀྱི་འདྲེ་གདོན༔  སྲིད་པ་སྡུག་བསྔལ་གྱི་འཁོར་ལོར༔  དབང་མེད་ཁོར་ཡུག་ཏུ་འཁོར་བའི་འདྲེ་གདོན་གདུག་པ་ཅན་ཁྱེད་རྣམས་ཉོན་ཅིག༔  ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཕ་དང་མ་རུ་མ་གྱུར་པ་གཅིག་ཀྱང་མེད་པས་དྲིན་ལན་གནོད་པས་མ་འཇལ༔  བཟང་ལན་ངན་གྱིས་མ་འཇལ༔  སྨན་ལན་དུག་གིས་མ་མཇལ་བར༔  ཁྱོད་ལས་དང་ཉོན་མོངས་པས་བསླུས་པ་ཡིན་པས་ངོ་ཤེས་པར་གྱིས་ལ་བཟུང་བ་ཡོད་ན་ཐོངས༔  བཅིང་པ་ཡོད་ན་ཁྲོལ༔  བསྡམ་པ་ཡོད་ན་ཀློད༔  མནན་པ་ཡོད་ན་ཐེག༔  གལ་སྲིད་གཞན་གནོད་གདུག་རྩུབ་ཀྱི་བསམ་སྦྱོར་ལ་སྤྱོད་པར་གྱུར་ན་ཁྱེད་འཁོར་བ་སྡུག་བསྔལ་གྱི་བཙོན་ཁང་དུ་ཚུད་ནས་ཚོར་བ་མྱ་ངན་དང་༔  མྱོང་རྒྱུ་སྡུག་བསྔལ་ལས་མེད་པའི་དོན་ཤེས་པར་གྱིས་ལ་དད་གུས་དྲག་པོའི་སྒོ་ནས་བདག་གི་བཀའ་ལ་ཉན་ཏེ་དམ་ཚིག་ལ་གནས་པར་གྱིས་ཤིག༔  ཕཊ་ཕཊ་ཕཊ༔  ཅེས་དབང་སྡུད་ཟིལ་གནོན་བྱའོ༔  དེ་ཡིས་འདོད་དོན་ཕྲིན་ལས་འགྲུབ༔  བཀའ་སྲུང་བཙན་རྒྱལ་ཆེན་པོས་སྲུངས༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔  བརྡ་ཐིམ༔  ཞེས་པ་འདི་བོ་ཆུང་གཞན་ཕན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:30, 16 July 2025

Wylie title DUDJOM-THROMA-029.pdf
Location khros ma'i sgrub skor
Volume 1, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད་བརྡ་ཡིག་༠༠༠༠༢༧༩༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཅོད་ཡུལ་ལྷ་མོའི་གར་མཁན༔ ལྷ་འདྲེར་ཚིག་ལོག་འདྲིལ་བ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༢༧༩༔ གཅོད་བྱེད་རལ་གྲི་ངར་མ་ནི༔ རིག་པའི་རལ་གྲི། དབང་ཕྱུག་ཆེན་པོས་མགར་བ་ལགས༔ གདུལ་བྱ་རང་སྣང་གི་སྟོན་པས། གནས་གཞིའི་ཆབ་ཀྱིས་ངར་ཡང་བླུད༔ བློ་ལྡོག་རྣམ་བཞི། གོར་མོ་བདུན་གྱིས་རྣོ་ཡང་ཕྱུངས༔ སྔོན་འགྲོ་ཆོས་བདུན། མི་ཤིགས་རྡོ་རྗེའི་རྒྱ་ཡིས་བཏབ༔ ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་སྤྲོད་པ། སྲིད་པའི་ཨ་ཕྱི་ཆེན་མོ་ཡུམ༔ སོ་སོར་རྟོག་པའི་ཤེས་རབ་ཀྱིས། ཡུལ་གཞི་མཐོང་བའི་མ་མ་ཡུམ༔ མིང་གི་ཁུང་བཙལ་བ་ དངོས་པོའི་རྟག་འཛིན་བཤིགས་པ་ ཕན་གནོད་ཀྱི་མཚང་ལ་རྒོལ་བ་ རེ་དོགས་ཀྱི་རྫུན་ཕུག་རྡིབ་པ། གབ་པ་མངོན་ཕྱུང་མ་མ་ཡུམ༔ ཆོས་ཉིད་ཀྱི་བདེན་པ་མཐོང་བ། ཐམས་ཅད་རོལ་པའི་མ་མ་ འཁོར་འདས་འུབ་ཆུབ་ཏུ་རོལ་པས་ན། ཡུམ༔ རྣམ་ཀུན་ལྟོར་བྲུབ་མ་མ་ཡུམ༔ སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ། ཀུན་གསལ་ཉི་གཞོན་ སྐུ་ལྔ་སོགས་ལྔ་ཚན་གྱི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་གྱི་ཚུལ་དུ་ཡོད་པས་ན། མ་མ་ཡུམ༔ མ་མའི་བུ་མཆོག་རལ་གྲི་ཁྱོད༔ དེ་ལྟར་མངོན་དུ་གྱུར་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྲས་མཆོག་རིག་པའི་རལ་གྲི་མ་རིག་པའི་རྩ་བ་གཅོད་པས་ན། དང་པོ་ཐོགས་མེད་མདའ་མོ་འཕོངས༔ སྔ་ནོན། བར་དུ་གཡོ་འཁོར་རེས་མོས་གྱིས༔ བར་ནོན། གནས་པོའི་བ་སྤུ་བྲེག་པ་མིན༔ གཉན་སར་རྩྭ་མི་འཐུ། གནས་མོའི་རལ་པ་གཅོད་མི་བྱ༔ ཤིང་མི་གཅོད། ལྷ་མོའི་མཁའ་ལ་མཚོན་མི་འདེབས༔ ས་མི་བརྐོ། བདུད་མོའི་བཞིན་ལ་ཤ་མི་བཅར༔ རྐང་རྗེན་དུ་མི་འགྲོ། ལྷ་འདྲེའི་ཁྱིམ་དུ་གློག་མི་རྡེབ༔ མཚན་མོ་མེ་མི་གཏོང༌། སྒེག་མོའི་ས་ལ་འདམ་མི་གཡོ༔ གཤང་ལྕི་ཕྱོགས་གཅིག་ལས་མི་འདོར། ཀླུ་བདུད་ཡུལ་དུ་དུང་མི་འབུད༔ ཀིའི་མི་བཏབ། མ་མོའི་མངལ་དུ་དུག་མི་གཡོ༔ ཐོགས་བཅས་ཐོགས་མེད་སོགས། བྱ་ཚང་ནང་དུ་སྦྲུལ་མི་བསྡུ༔ གཞན་ཕལ་པ། སྦལ་ཚང་ནང་དུ་ཁྱུང་མི་རྒྱུག༔ གཉན་ས་དེ་ལས་ཕར་མི་འགྲོ། ར་བའི་ནང་དུ་བྲོ་མི་འཁྲབ༔ རྟ་མི་ཞོན། དཀྱིལ་འཁོར་ནང་དུ་ཁྱི་མི་འཁྲིད༔ གྲོགས་གང་ཡང་མི་བརྟེན། སྒྱུ་མ་མཁན་ལ་རིན་མ་ཤོར༔ བདེ་སྡུག་ཅི་བྱུང་སློང་ཚད་དུ་ཤེས་པར་བྱ། རྨི་ལམ་ཡུལ་ལ་གནས་མ་བྱེད༔ ཐོགས་བཅས་ཐོགས་མེད་སོགས་བསླུ་རྐྱེན་གྱི་རྗེས་སུ་མི་འབྲང༌། ཐ་མ་གྲོགས་ལ་ཕ་ཕོག་གཏོད༔ ཤ་ཁྲག་གི་ཕུང་པོ་བཤིག་ནས་གནས་དེའི་ལྷ་འདྲེ་ལ་གཏད། དགྲ་སྲུང་རྒྱལ་པོར་བཅོལ་གཏད་མཛོད༔ གནས་བཅོལ་གཏད། མཁའ་ལྡིང་ལུས་ལ་ཆུ་མ་བགོས༔ གཞི་དཀྲུགས་ལན་གསུམ་བྱ་བ་གནད༔ གནས་དེའི་ལྷ་འདྲེ་རྗེས་སུ་མི་ཁྲིད་པར་ཕྱི་ནོན་གསུམ། ས་གཞིའི་ཁམས་སུ་རྒྱུ་བའི་ཚེ༔ གཉན་ས་གཞན་ལ་འགྲོ་ན་དེ་ནས་སྔ་ནོན་འཕེན། མགྱོགས་པའི་ཅང་ཤེས་ཞོན་པ་ལགས༔ བར་སྣང་ཁམས་སུ་རྒྱུ་བའི་ཚེ༔ ངེས་མེད་དུ་འགྲོ་ན། མཁའ་ལྡིང་རྒྱལ་པོ་ཞོན་པ་ལགས༔ རང་བཞིན་ལྟ་བའི་ངང་ནས་འགྲོ། ནམ་ ཕ་ཡུལ་ལ་འགྲོ་ན་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས་དར་སྐུད་བརྐྱང་བ་དེའི་ངང་ནས་འགྲོ། མཁའི་ཁམས་སུ་རྒྱུ་བའི་ཚེ༔ རྟ་བདུན་བཞོན་པའི་མཆོག་ཏུ་བསྔགས༔ ས་མ་ཡ༔ ཨྠིྀ༔ ཡང་ཅིག་སྲིད་པའི་ལྷ་བྲག་ལ༔ བདུད་ཀྱི་སྟྭ་རེས་ཐེབ་ཉེའི་དུས༔ ཕཊ་ཕཊ་ཕཊ༔ རང་ཉིད་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོའི་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ ཕྱག་གཡོན་མི་རྐང་གི་གླིང་བུ་ལྷང་ལྷང་འབུད་པས་ཁམས་གསུམ་དབང་དུ་སྡུད་ཅིང་༔ གཡས་མི་ལྤགས་ཀྱི་གཡང་གཞི་དམར་ལྷབ་ལྷབ་ཏུ་བརྡབ་པས་འཁོར་བའི་འཁྲུལ་འཁོར་བཤིགས་ཤིང་སྲིད་གསུམ་དམ་ལ་འདོགས་པ༔ སྐུ་སྟོད་སྲིད་པའི་རྩེ་ནས་འགྱིང་ཞིང་ཞབས་ཀྱིས་ངན་སོང་རྣམ་གསུམ་གནོན་པ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག་དཀྲུག་ཅིག་ཡོམ་ཡོམ་བསྒུལ་བར་གྱུར༔ ཕཊ་ཕཊ་ཕཊ༔ ན་མོ༔ གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པས༔ བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་ལ་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ཀྱིས་སྲོག་གཅོད་པར་བྱེད་པའི་འབྱུང་པོ་ཕོ་གདོན་རྒྱལ་པོ་དང་ཕྲོལ་ཅིག༔ མོ་གདོན་འདྲེ་མོ་དང་ཕྲོལ་ཅིག༔ ཀླུ་གདོན་ས་བདག་དང་ཕྲོལ་ཅིག༔ གཟའ་གདོན་སྡེ་བརྒྱད་དང་ཕྲོལ་ཅིག༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་ཕྲོལ་ཅིག༔ ཕྱེས་ཤིག༔ ཕཊ་ཕཊ་ཕཊ༔ ལན་གསུམ་བརྗོད་ཅིང་གཡང་གཞི་དྲག་ཏུ་བརྡབ་བོ༔ ཀྱཻ༔ མ་རིག་འཁྲུལ་པའི་སེམས་ཅན༔ ལས་ཉོན་བག་ཆགས་ཀྱི་འདྲེ་གདོན༔ སྲིད་པ་སྡུག་བསྔལ་གྱི་འཁོར་ལོར༔ དབང་མེད་ཁོར་ཡུག་ཏུ་འཁོར་བའི་འདྲེ་གདོན་གདུག་པ་ཅན་ཁྱེད་རྣམས་ཉོན་ཅིག༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཕ་དང་མ་རུ་མ་གྱུར་པ་གཅིག་ཀྱང་མེད་པས་དྲིན་ལན་གནོད་པས་མ་འཇལ༔ བཟང་ལན་ངན་གྱིས་མ་འཇལ༔ སྨན་ལན་དུག་གིས་མ་མཇལ་བར༔ ཁྱོད་ལས་དང་ཉོན་མོངས་པས་བསླུས་པ་ཡིན་པས་ངོ་ཤེས་པར་གྱིས་ལ་བཟུང་བ་ཡོད་ན་ཐོངས༔ བཅིང་པ་ཡོད་ན་ཁྲོལ༔ བསྡམ་པ་ཡོད་ན་ཀློད༔ མནན་པ་ཡོད་ན་ཐེག༔ གལ་སྲིད་གཞན་གནོད་གདུག་རྩུབ་ཀྱི་བསམ་སྦྱོར་ལ་སྤྱོད་པར་གྱུར་ན་ཁྱེད་འཁོར་བ་སྡུག་བསྔལ་གྱི་བཙོན་ཁང་དུ་ཚུད་ནས་ཚོར་བ་མྱ་ངན་དང་༔ མྱོང་རྒྱུ་སྡུག་བསྔལ་ལས་མེད་པའི་དོན་ཤེས་པར་གྱིས་ལ་དད་གུས་དྲག་པོའི་སྒོ་ནས་བདག་གི་བཀའ་ལ་ཉན་ཏེ་དམ་ཚིག་ལ་གནས་པར་གྱིས་ཤིག༔ ཕཊ་ཕཊ་ཕཊ༔ ཅེས་དབང་སྡུད་ཟིལ་གནོན་བྱའོ༔ དེ་ཡིས་འདོད་དོན་ཕྲིན་ལས་འགྲུབ༔ བཀའ་སྲུང་བཙན་རྒྱལ་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་བོ་ཆུང་གཞན་ཕན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་ནམ་མཁའི་ཀློང་མཛོད་ལས་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།