DUDJOM-THROMA-031: Difference between revisions

From Dudjom Wiki
DUDJOM-THROMA-031
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༁ྃ༔  དག་སྣང་ལས༔  དམར་འགྱེད་བྱ་བ་ལ༔  རང་དང་བསྲུང་བྱའི་རིག་པ་ཚངས་བུག་ནས་དཔག་ཆེན་གྱི་མདའ་ལྟར་སྟེང་གི་ནམ་མཁར་འཕངས་ཏེ་མ་ཅིག་ཁྲོས་མ་ནག་མོའི་སྐུ་འཇིག་རྟེན་སྲིད་པའི་གཏོས་དང་མཉམ་པར་གྱུར༔  ཕཊ་ཕཊ་ཕཊ༔  ཕྱག་གཡས་པས་གྲི་གུག་ཚད་པ་ཙམ་གྱིས་པགས་པ་བཤུས་ཏེ་ས་གཞི་ཐམས་ཅད་ཁེབས་པར་བསམ༔  དེའི་སྟེང་དུ་ལུས་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་ནས་བཟའ་བ་ཤ་ཡི་རི་བོ༔  བཏུང་བ་ཁྲག་གི་རྒྱ་མཚོ༔  བཅའ་བ་རུས་པའི་གྲམ་ཁྲོད༔  ལྡག་པ་ཚིལ་དང་ཞུན་གྱི་ཕུང་པོ༔  གཞིབ་པ་རྐང་དང་ལྷ་བ་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲོ་བའི་བདག་ཉིད་ཅན་དུ་གྱུར༔  ཕཊ་ཕཊ་ཕཊ༔  བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་མཁའ་འགྲོ་རྣམས་ལ་འཁོར་སྤྲུལ་པ་སྒྱུ་འཕྲུལ་མཁའ་འགྲོ་དང་སྣང་སྲིད་ལྷ་འདྲེས་བསྐོར་བ་དང་བཅས་པ་སྤྱན་དྲངས༔  ཕཊ་ཕཊ་ཕཊ༔  རྐང་གླིང་དང་ཐོད་རྔའི་འུར་ཆེམ་བྱ༔  ཕཊ༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔  བཀའ་སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར༔  མ་འདིར་གཤེགས་བཤམས་པའི་མཆོད་པ་བཞེས༔  ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔  རྐྱེན་ནད་གདོན་དབྱིངས་སུ་གཅོད་པ་དང་༔  མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་གཏི་མུག་དང་དེར་བྱུང་གི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པའི་ཞལ་དུ་བསྟབ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་ཞེ་སྡང་དང་དེར་བྱུང་གི་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་ང་རྒྱལ་དང་དེར་བྱུང་གི་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་འདོད་ཆགས་དང་དེར་བྱུང་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་ཕྲག་དོག་དང་དེར་བྱུང་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་དུག་གསུམ་དང་དེར་བྱུང་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  མཚམས་ཕྱོགས་འཛིན་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་བརྒྱད་ཁྲི་ བཞི་སྟོང་དང་དེར་བྱུང་གི་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་གཟུང་འཛིན་གྱིས་ཀུན་ནས་བསླང་བའི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པའི་ཞལ་དུ་བསྟབ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔  ཕཊ་དང་པོས་མཆོད༔  གཉིས་པས་ཐོབ༔  གསུམ་པས་བདེ་སྟོང་གི་རོས་ཚིམ་པར་བསམ༔  གང་ལ་ཁ་བསྒྱུར་བྱས་ཀྱང་རུང་༔  འདི་གཅིག་པུར་སྦྱར་ན་མཐར་བསྡུ་རིམ་ནི༔  མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔  དོན་གཉིས་མེད་ངང་དུ་རོ་གཅིག་པར༔  གཞི་ཀ་དག་ཆེན་པོའི་ལྷུམས་སུ་ཞུགས༔  གདངས་མི་འགྱུར་རྡོ་རྗེའི་ངང་དུ་ཞི༔  ཕཊ་ཕཊ་ཕཊ༔  ས་མ་ཡ༔  མ་ཅིག་ལབ་ཀྱི་སྒྲོན་མས་གདམས། །སློབ་མ་མཆོག་རབ་རྩལ་གྱི་ངོར། །ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །དབུ་ཁྲིད་བརྡ་ཡིག་༠༠༠༠༢༩༢༔  ཀྱཻ༔  ཕོ་གདོན་ལས་ཀྱི་རྒྱལ་འགོང་དང་༔  མོ་གདོན་ལས་ཀྱི་འདྲེ་མོ་དང་༔  ཀླུ་གདོན་ལས་ཀྱི་ས་བདག་དང་༔  མི་ང་ལ་གནོད་བྱེད་ཀྱི་ལྷ་འདྲེ་ལ༔  ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་འབུལ་བས༔  འདྲེ་ཁྱེད་རྣམས་ངོམས་ཤིང་ཚིམས་གྱུར་ནས༔  ངའི་བུ་ལོན་ལན་ཆགས་བྱང་བར་ཤོག༔  ཕཊ་ཕཊ་ཕཊ༔  [[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=khros ma'i sgrub skor
|collectiontitletib=ཁྲོས་མའི་སྒྲུབ་སྐོར་
|totalvolumes=1
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=1
|volumeLetter=
|textnuminvol=031
|pdflink=File:DUDJOM-THROMA-031.pdf
|InitCategories=Dudjom Tersar Project; DUDJOM-THROMA
}}
<h1>Tibetan Text</h1>
<onlyinclude>
{{TibP|༁ྃ༔  དག་སྣང་ལས༔  དམར་འགྱེད་བྱ་བ་ལ༔  རང་དང་བསྲུང་བྱའི་རིག་པ་ཚངས་བུག་ནས་དཔག་ཆེན་གྱི་མདའ་ལྟར་སྟེང་གི་ནམ་མཁར་འཕངས་ཏེ་མ་ཅིག་ཁྲོས་མ་ནག་མོའི་སྐུ་འཇིག་རྟེན་སྲིད་པའི་གཏོས་དང་མཉམ་པར་གྱུར༔  ཕཊ་ཕཊ་ཕཊ༔  ཕྱག་གཡས་པས་གྲི་གུག་ཚད་པ་ཙམ་གྱིས་པགས་པ་བཤུས་ཏེ་ས་གཞི་ཐམས་ཅད་ཁེབས་པར་བསམ༔  དེའི་སྟེང་དུ་ལུས་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་ནས་བཟའ་བ་ཤ་ཡི་རི་བོ༔  བཏུང་བ་ཁྲག་གི་རྒྱ་མཚོ༔  བཅའ་བ་རུས་པའི་གྲམ་ཁྲོད༔  ལྡག་པ་ཚིལ་དང་ཞུན་གྱི་ཕུང་པོ༔  གཞིབ་པ་རྐང་དང་ལྷ་བ་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲོ་བའི་བདག་ཉིད་ཅན་དུ་གྱུར༔  ཕཊ་ཕཊ་ཕཊ༔  བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་མཁའ་འགྲོ་རྣམས་ལ་འཁོར་སྤྲུལ་པ་སྒྱུ་འཕྲུལ་མཁའ་འགྲོ་དང་སྣང་སྲིད་ལྷ་འདྲེས་བསྐོར་བ་དང་བཅས་པ་སྤྱན་དྲངས༔  ཕཊ་ཕཊ་ཕཊ༔  རྐང་གླིང་དང་ཐོད་རྔའི་འུར་ཆེམ་བྱ༔  ཕཊ༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔  བཀའ་སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར༔  མ་འདིར་གཤེགས་བཤམས་པའི་མཆོད་པ་བཞེས༔  ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔  རྐྱེན་ནད་གདོན་དབྱིངས་སུ་གཅོད་པ་དང་༔  མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་གཏི་མུག་དང་དེར་བྱུང་གི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པའི་ཞལ་དུ་བསྟབ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་ཞེ་སྡང་དང་དེར་བྱུང་གི་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་ང་རྒྱལ་དང་དེར་བྱུང་གི་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་འདོད་ཆགས་དང་དེར་བྱུང་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་ཕྲག་དོག་དང་དེར་བྱུང་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་དུག་གསུམ་དང་དེར་བྱུང་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  མཚམས་ཕྱོགས་འཛིན་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་བརྒྱད་ཁྲི་ བཞི་སྟོང་དང་དེར་བྱུང་གི་སོགས༔  ཀྱཻ༔  མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔  འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔  མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔  ཕཊ་ཕཊ་ཕཊ༔  ཉོན་མོངས་པ་གཟུང་འཛིན་གྱིས་ཀུན་ནས་བསླང་བའི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པའི་ཞལ་དུ་བསྟབ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔  ཕཊ་དང་པོས་མཆོད༔  གཉིས་པས་ཐོབ༔  གསུམ་པས་བདེ་སྟོང་གི་རོས་ཚིམ་པར་བསམ༔  གང་ལ་ཁ་བསྒྱུར་བྱས་ཀྱང་རུང་༔  འདི་གཅིག་པུར་སྦྱར་ན་མཐར་བསྡུ་རིམ་ནི༔  མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔  དོན་གཉིས་མེད་ངང་དུ་རོ་གཅིག་པར༔  གཞི་ཀ་དག་ཆེན་པོའི་ལྷུམས་སུ་ཞུགས༔  གདངས་མི་འགྱུར་རྡོ་རྗེའི་ངང་དུ་ཞི༔  ཕཊ་ཕཊ་ཕཊ༔  ས་མ་ཡ༔  མ་ཅིག་ལབ་ཀྱི་སྒྲོན་མས་གདམས། །སློབ་མ་མཆོག་རབ་རྩལ་གྱི་ངོར། །ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །དབུ་ཁྲིད་བརྡ་ཡིག་༠༠༠༠༢༩༢༔  ཀྱཻ༔  ཕོ་གདོན་ལས་ཀྱི་རྒྱལ་འགོང་དང་༔  མོ་གདོན་ལས་ཀྱི་འདྲེ་མོ་དང་༔  ཀླུ་གདོན་ལས་ཀྱི་ས་བདག་དང་༔  མི་ང་ལ་གནོད་བྱེད་ཀྱི་ལྷ་འདྲེ་ལ༔  ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་འབུལ་བས༔  འདྲེ་ཁྱེད་རྣམས་ངོམས་ཤིང་ཚིམས་གྱུར་ནས༔  ངའི་བུ་ལོན་ལན་ཆགས་བྱང་བར་ཤོག༔  ཕཊ་ཕཊ་ཕཊ༔  }}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:30, 16 July 2025

Wylie title DUDJOM-THROMA-031.pdf
Location khros ma'i sgrub skor
Volume 1, Text 31, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༁ྃ༔ དག་སྣང་ལས༔ དམར་འགྱེད་བྱ་བ་ལ༔ རང་དང་བསྲུང་བྱའི་རིག་པ་ཚངས་བུག་ནས་དཔག་ཆེན་གྱི་མདའ་ལྟར་སྟེང་གི་ནམ་མཁར་འཕངས་ཏེ་མ་ཅིག་ཁྲོས་མ་ནག་མོའི་སྐུ་འཇིག་རྟེན་སྲིད་པའི་གཏོས་དང་མཉམ་པར་གྱུར༔ ཕཊ་ཕཊ་ཕཊ༔ ཕྱག་གཡས་པས་གྲི་གུག་ཚད་པ་ཙམ་གྱིས་པགས་པ་བཤུས་ཏེ་ས་གཞི་ཐམས་ཅད་ཁེབས་པར་བསམ༔ དེའི་སྟེང་དུ་ལུས་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་ནས་བཟའ་བ་ཤ་ཡི་རི་བོ༔ བཏུང་བ་ཁྲག་གི་རྒྱ་མཚོ༔ བཅའ་བ་རུས་པའི་གྲམ་ཁྲོད༔ ལྡག་པ་ཚིལ་དང་ཞུན་གྱི་ཕུང་པོ༔ གཞིབ་པ་རྐང་དང་ལྷ་བ་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲོ་བའི་བདག་ཉིད་ཅན་དུ་གྱུར༔ ཕཊ་ཕཊ་ཕཊ༔ བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་མཁའ་འགྲོ་རྣམས་ལ་འཁོར་སྤྲུལ་པ་སྒྱུ་འཕྲུལ་མཁའ་འགྲོ་དང་སྣང་སྲིད་ལྷ་འདྲེས་བསྐོར་བ་དང་བཅས་པ་སྤྱན་དྲངས༔ ཕཊ་ཕཊ་ཕཊ༔ རྐང་གླིང་དང་ཐོད་རྔའི་འུར་ཆེམ་བྱ༔ ཕཊ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ་བྱེ་བ་འབུམ་དང་བཅས༔ བཀའ་སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར༔ མ་འདིར་གཤེགས་བཤམས་པའི་མཆོད་པ་བཞེས༔ ལུས་ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ རྐྱེན་ནད་གདོན་དབྱིངས་སུ་གཅོད་པ་དང་༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་གཏི་མུག་དང་དེར་བྱུང་གི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་འཁོར་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པའི་ཞལ་དུ་བསྟབ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་ཞེ་སྡང་དང་དེར་བྱུང་གི་སོགས༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་ང་རྒྱལ་དང་དེར་བྱུང་གི་སོགས༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་འདོད་ཆགས་དང་དེར་བྱུང་སོགས༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་ཕྲག་དོག་དང་དེར་བྱུང་སོགས༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ སྟེང་མཁའ་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་དུག་གསུམ་དང་དེར་བྱུང་སོགས༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ མཚམས་ཕྱོགས་འཛིན་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་བརྒྱད་ཁྲི་ བཞི་སྟོང་དང་དེར་བྱུང་གི་སོགས༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ༔ མ་མཁའ་འགྲོ༴ བཀའ་སྣང་སྲིད༴ མ་འདིར་གཤེགས༴ ལུས་ཤ་ཁྲག༴ རྐྱེན་ནད་གདོན༴ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཉོན་མོངས་པ་གཟུང་འཛིན་གྱིས་ཀུན་ནས་བསླང་བའི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་འོག་ས་སྤྱོད་རིགས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པའི་ཞལ་དུ་བསྟབ་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཕཊ་དང་པོས་མཆོད༔ གཉིས་པས་ཐོབ༔ གསུམ་པས་བདེ་སྟོང་གི་རོས་ཚིམ་པར་བསམ༔ གང་ལ་ཁ་བསྒྱུར་བྱས་ཀྱང་རུང་༔ འདི་གཅིག་པུར་སྦྱར་ན་མཐར་བསྡུ་རིམ་ནི༔ མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ དོན་གཉིས་མེད་ངང་དུ་རོ་གཅིག་པར༔ གཞི་ཀ་དག་ཆེན་པོའི་ལྷུམས་སུ་ཞུགས༔ གདངས་མི་འགྱུར་རྡོ་རྗེའི་ངང་དུ་ཞི༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ མ་ཅིག་ལབ་ཀྱི་སྒྲོན་མས་གདམས། །སློབ་མ་མཆོག་རབ་རྩལ་གྱི་ངོར། །ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ། །ཡི་གེ་རིག་པའི་རྡོ་རྗེས་བྲིས། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །དབུ་ཁྲིད་བརྡ་ཡིག་༠༠༠༠༢༩༢༔ ཀྱཻ༔ ཕོ་གདོན་ལས་ཀྱི་རྒྱལ་འགོང་དང་༔ མོ་གདོན་ལས་ཀྱི་འདྲེ་མོ་དང་༔ ཀླུ་གདོན་ལས་ཀྱི་ས་བདག་དང་༔ མི་ང་ལ་གནོད་བྱེད་ཀྱི་ལྷ་འདྲེ་ལ༔ ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་འབུལ་བས༔ འདྲེ་ཁྱེད་རྣམས་ངོམས་ཤིང་ཚིམས་གྱུར་ནས༔ ངའི་བུ་ལོན་ལན་ཆགས་བྱང་བར་ཤོག༔ ཕཊ་ཕཊ་ཕཊ༔