TTDL-ZABTER-11-DA-004: Difference between revisions
No edit summary |
m (Text replacement - "ཧོ༔" to " ཧོཿ") |
||
| Line 41: | Line 41: | ||
ཕྚ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) {{TibChung|བསང་མཆོད་འདོད་ཡོན་སྤྲིན་ཕུང་ལ༔ མེ་ཐབ་རྒྱ་ཆེ་དཔངས་མཐོའི་ནང་༔ བཟང་ཤིང་ཕྱེ་མར་འབྲུ་སྣ་བསྲེག༔ གཙང་མའི་ཆབ་ཀྱིས་རབ་བྲན་ནས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔}} ན་མོ༔ བསླུ་མེད་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ཕྱིར༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ {{TibChung|ལན་གསུམ་མཐར༔ རང་ཉིད་སྐད་ཅིག་ལྷར་གསལ་ལ༔}} ཨ༔ ཆོས་དབྱིངས་བརྡལ་ཁྱབ་ལྷུན་འབྱམས་མཁར༔ དོན་གྱི་འོག་མིན་ཆེན་པོའི་ཞིང་༔ རང་རིག་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་མདོག་མཚན་དཔེ་རབ་རྫོགས་ཤིང་༔ ས་གནོན་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འོད་ཕུང་གཟི་མདངས་འབར༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ངང་༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་རོལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་{{TibChung|སོགས༔ སྔགས་དྲུག་ཕྱག་རྒྱས་བྱིན་གྱིས་བརླབས༔}} སྟོང་པའི་ངང་ལས་བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མེ་ཐབ་དཔངས་མཐོ་ཞིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་བསང་རྫས་རྣམས་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ་ལས་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གའི་ཁ་དོག་འཆར་ཞིང་འདོད་ཡོན་ཟད་མི་ཤེས་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་འཁོར་འདས་ཡོངས་ལ་སྤེལ་ཞིང་རྒྱུན་མི་ཆད་པར་འཕྲོ་བའི་མེ་ལྕེ་དང་དུད་སྤྲིན་འཁྲིགས་པའི་ཀློང་ནས་འདོད་ཡོན་ལྔ་དང་ཉེར་སྤྱོད་བདུན་བཀྲ་ཤིས་རྫས་རྟགས་གཞན་ཡང་མཆོད་རྫས་དང་བརྟེན་རྫས༔ བསྐང་རྫས་དང་སྒྲུབ་རྫས༔ ཀ་ཆ་དང་དཀོར་ཆ༔ ཡུལ་མཁར་དང་གྲོགས་འཁོར༔ སྐྱབས་གནས་དང་གོས་རྒྱན༔ འཚོ་སྨན་དང་འཆི་བསླུ༔ བཟའ་བ་དང་བཅའ་བ༔ བཏུང་བ་དང་ལྡག་གཞིབ༔ དྲི་ཞིམ་དང་སྣང་མཛེས་ལ་སོགས་ཅི་ལ་ཅི་དགྱེས་པའི་ལོངས་སྤྱོད༔ གང་ལ་གང་མཁོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་མཐོང་ངམ་ཐོས་སམ་དྲན་ནས་རེག་པ་ཙམ་གྱིས་བདེ་སྟོང་འཕོ་འགྱུར་མེད་པའི་རོས་ཚིམ་ནས་གཏན་སྲིད་ཐོབ་པའི་བདག་ཉིད་ཅན་དུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ {{TibChung|ལན་བདུན་མཐར༔}} ཨོཾ་ཨ་ཀཱ་རོ་{{TibChung|སོགས་}} མདུན་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དང་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ་ཆོས་སྐུ་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་ནག་ཞི་འཛུམ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སྟོང་ཉིད་མཉམ་སྦྱོར་གྱི་ཕྱག་རྒྱ་ཐུགས་ཀར་གཏད་པ་ཡེ་ཤེས་འོད་ཀྱི་ཕུང་པོར་གསལ་བའི་སྐུའི་སྟོད་ཀྱི་ཆ་ལ་རྩ་བརྒྱུད་རིག་འཛིན་གྱི་བླ་མ༔ སྐེད་པ་བར་གྱི་ཆ་ལ་ཡི་དམ་རྒྱལ་བའི་དཀྱིལ་འཁོར༔ སྐུ་སྨད་ཀྱི་ཆ་ལ་མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར༔ ཟླ་གདན་གྱི་མཐའ་ལ་ཡེ་ཤེས་དབྱིངས་ཀྱི་དམ་ཅན༔ པདྨའི་འདབ་འཁོར་གྱི་ནང་གི་ཁོར་ཡུག་ལ་སྡེ་བརྒྱད་གཞི་བདག་ལྷ་འདྲེ༔ དེའི་ཕྱི་རིམ་དུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ དེ་ལྟར་གསལ་བའི་མགྲོན་རྣམས་རང་རང་གི་གནས་གསུམ་ལས་འོད་ཟེར་རབ་ཏུ་འཕྲོས་པས་འཁོར་འདས་གཉིས་ཀྱི་མགྲོན་རྣམས་མ་ལུས་ཤིང་ལུས་པ་མེད་པ་སྐད་ཅིག་གིས་སྤྱན་དྲངས་{{TibChung|ལ་བསྟིམ་མོ༔ རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་སྙན་པའི་ངག་གིས་སྤྱན་འདྲེན་པ་ནི༔}} ཧཱུྃ༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བུམ་པའི་སྐུ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་གཤེགས་སུ་གསོལ༔ གང་འདུལ་ཐབས་ཀྱིས་བསྟན་དང་འགྲོ་རྣམས་སྐྱོང་༔ མགོན་པོ་ཡོན་ཏན་མགྲོན་རྣམས་གཤེགས་སུ་གསོལ༔ གཟུང་འཛིན་བདེན་པར་མངོན་ཞེན་འཐས་པ་ཡི༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་གཤེགས་སུ་གསོལ༔ འཁྲུལ་པའི་དབང་གིས་ཡིད་ལུས་མངོན་ཞེན་ཅན༔ བགེགས་རིགས་ལན་ཆགས་མགྲོན་རྣམས་གཤེགས་སུ་གསོལ༔ རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ དད་པའི་ཞིང་གྱུར་ཡོངས་ལ་གུས་ཕྱག་འཚལ༔ | ཕྚ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) {{TibChung|བསང་མཆོད་འདོད་ཡོན་སྤྲིན་ཕུང་ལ༔ མེ་ཐབ་རྒྱ་ཆེ་དཔངས་མཐོའི་ནང་༔ བཟང་ཤིང་ཕྱེ་མར་འབྲུ་སྣ་བསྲེག༔ གཙང་མའི་ཆབ་ཀྱིས་རབ་བྲན་ནས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔}} ན་མོ༔ བསླུ་མེད་དཀོན་མཆོག་རྣམ་གསུམ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ཕྱིར༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ {{TibChung|ལན་གསུམ་མཐར༔ རང་ཉིད་སྐད་ཅིག་ལྷར་གསལ་ལ༔}} ཨ༔ ཆོས་དབྱིངས་བརྡལ་ཁྱབ་ལྷུན་འབྱམས་མཁར༔ དོན་གྱི་འོག་མིན་ཆེན་པོའི་ཞིང་༔ རང་རིག་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་མདོག་མཚན་དཔེ་རབ་རྫོགས་ཤིང་༔ ས་གནོན་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འོད་ཕུང་གཟི་མདངས་འབར༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ངང་༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་རོལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་{{TibChung|སོགས༔ སྔགས་དྲུག་ཕྱག་རྒྱས་བྱིན་གྱིས་བརླབས༔}} སྟོང་པའི་ངང་ལས་བྷྲཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མེ་ཐབ་དཔངས་མཐོ་ཞིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་བསང་རྫས་རྣམས་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ་ལས་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གའི་ཁ་དོག་འཆར་ཞིང་འདོད་ཡོན་ཟད་མི་ཤེས་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོ་འཁོར་འདས་ཡོངས་ལ་སྤེལ་ཞིང་རྒྱུན་མི་ཆད་པར་འཕྲོ་བའི་མེ་ལྕེ་དང་དུད་སྤྲིན་འཁྲིགས་པའི་ཀློང་ནས་འདོད་ཡོན་ལྔ་དང་ཉེར་སྤྱོད་བདུན་བཀྲ་ཤིས་རྫས་རྟགས་གཞན་ཡང་མཆོད་རྫས་དང་བརྟེན་རྫས༔ བསྐང་རྫས་དང་སྒྲུབ་རྫས༔ ཀ་ཆ་དང་དཀོར་ཆ༔ ཡུལ་མཁར་དང་གྲོགས་འཁོར༔ སྐྱབས་གནས་དང་གོས་རྒྱན༔ འཚོ་སྨན་དང་འཆི་བསླུ༔ བཟའ་བ་དང་བཅའ་བ༔ བཏུང་བ་དང་ལྡག་གཞིབ༔ དྲི་ཞིམ་དང་སྣང་མཛེས་ལ་སོགས་ཅི་ལ་ཅི་དགྱེས་པའི་ལོངས་སྤྱོད༔ གང་ལ་གང་མཁོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་མཐོང་ངམ་ཐོས་སམ་དྲན་ནས་རེག་པ་ཙམ་གྱིས་བདེ་སྟོང་འཕོ་འགྱུར་མེད་པའི་རོས་ཚིམ་ནས་གཏན་སྲིད་ཐོབ་པའི་བདག་ཉིད་ཅན་དུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ {{TibChung|ལན་བདུན་མཐར༔}} ཨོཾ་ཨ་ཀཱ་རོ་{{TibChung|སོགས་}} མདུན་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དང་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ་ཆོས་སྐུ་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་ནག་ཞི་འཛུམ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སྟོང་ཉིད་མཉམ་སྦྱོར་གྱི་ཕྱག་རྒྱ་ཐུགས་ཀར་གཏད་པ་ཡེ་ཤེས་འོད་ཀྱི་ཕུང་པོར་གསལ་བའི་སྐུའི་སྟོད་ཀྱི་ཆ་ལ་རྩ་བརྒྱུད་རིག་འཛིན་གྱི་བླ་མ༔ སྐེད་པ་བར་གྱི་ཆ་ལ་ཡི་དམ་རྒྱལ་བའི་དཀྱིལ་འཁོར༔ སྐུ་སྨད་ཀྱི་ཆ་ལ་མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར༔ ཟླ་གདན་གྱི་མཐའ་ལ་ཡེ་ཤེས་དབྱིངས་ཀྱི་དམ་ཅན༔ པདྨའི་འདབ་འཁོར་གྱི་ནང་གི་ཁོར་ཡུག་ལ་སྡེ་བརྒྱད་གཞི་བདག་ལྷ་འདྲེ༔ དེའི་ཕྱི་རིམ་དུ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསྒོམ༔ དེ་ལྟར་གསལ་བའི་མགྲོན་རྣམས་རང་རང་གི་གནས་གསུམ་ལས་འོད་ཟེར་རབ་ཏུ་འཕྲོས་པས་འཁོར་འདས་གཉིས་ཀྱི་མགྲོན་རྣམས་མ་ལུས་ཤིང་ལུས་པ་མེད་པ་སྐད་ཅིག་གིས་སྤྱན་དྲངས་{{TibChung|ལ་བསྟིམ་མོ༔ རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་སྙན་པའི་ངག་གིས་སྤྱན་འདྲེན་པ་ནི༔}} ཧཱུྃ༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བུམ་པའི་སྐུ༔ དཀོན་མཆོག་སྲི་ཞུའི་མགྲོན་རྣམས་གཤེགས་སུ་གསོལ༔ གང་འདུལ་ཐབས་ཀྱིས་བསྟན་དང་འགྲོ་རྣམས་སྐྱོང་༔ མགོན་པོ་ཡོན་ཏན་མགྲོན་རྣམས་གཤེགས་སུ་གསོལ༔ གཟུང་འཛིན་བདེན་པར་མངོན་ཞེན་འཐས་པ་ཡི༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་གཤེགས་སུ་གསོལ༔ འཁྲུལ་པའི་དབང་གིས་ཡིད་ལུས་མངོན་ཞེན་ཅན༔ བགེགས་རིགས་ལན་ཆགས་མགྲོན་རྣམས་གཤེགས་སུ་གསོལ༔ རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ དད་པའི་ཞིང་གྱུར་ཡོངས་ལ་གུས་ཕྱག་འཚལ༔ བཛྲ་ས་མ་ཡ་ཛ་ཛཿསྟྭཾ་ན་མོ་པུ་རུ་ཤ་ཡ་ ཧོཿ {{TibChung|དེ་ནས་མཉེས་བྱེད་བསང་མཆོད་འབུལ་བ་ནི༔}} ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཆོས་དང་དགེ་འདུན་རྒྱ་མཚོ་དང་༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ་སོགས་པའི༔ དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་ལ༔ འདོད་ཡོན་བདུད་རྩི་བསང་གི་མཉེས་མཆོད་འབུལ༔ ཚོགས་གཉིས་མྱུར་རྫོགས་སྒྲིབ་གཉིས་ཡོངས་བྱང་ནས༔ དམ་པ་སྐུ་གཉིས་མངོན་དུ་འགྱུར་བར་ཤོག༔ ཨེ་ཀ་ཙ་ཏི་དབྱིངས་ཀྱི་མ་ལྔ་དང་༔ རེ་ཏཱི་མཆེད་བཞི་དུས་བཞིའི་དབང་མོ་ཆེ༔ དཀོར་སྲུང་མཆེ་གཙིགས་མིང་སྲིང་འཁོར་བཅས་དང་༔ སྲིད་པ་མ་མོའི་དཀྱིལ་འཁོར་ཐམས་ཅད་ལ༔ འདོད་འཇོའི་བདུད་རྩི་བསང་གི་མཆོད་པ་འབུལ༔ བདེ་སྟོང་ཡེ་ཤེས་ཆེན་པོ་དངོས་གྲུབ་སྩོལ༔ ཚེ་སྒྲུབ་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག༔ ལེགས་ལྡན་ཚོགས་བདག་གུར་མགོན་ཞལ་བཞི་དང་༔ ཕྱག་བཞི་ཕྱག་དྲུག་མ་ནིང་བེར་ནག་ཅན༔ ཏྲག་ཤད་ནག་པོ་ཀུན་དགའ་གཞོན་ནུ་དང་༔ གནོད་སྦྱིན་དམར་ནག་རྣམ་སྲས་གཟའ་བདུད་དང་༔ ལྷ་གཤིན་མ་བདུད་སྲིན་བཙན་གནོད་སྦྱིན་ཀླུ༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ལ༔ འདོད་འཇོའི་བདུད་རྩི༴ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ནས༔ དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ཅིག༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ཕྱོགས་སྐྱོང་བཅུ༔ རྒྱལ་ཆེན་རིགས་བཞི་འཇིགས་བྱེད་ཆེན་པོ་དགུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི༔ མགོན་པོ་ཡོན་ཏན་མགྲོན་གྱུར་ཐམས་ཅད་ལ༔ འདོད་འཇོའི་བདུད་རྩི༴ས་དང་ལམ་གྱི་བར་ཆད་ཀུན་ཞི་ནས༔ འདི་ཕྱིའི་དགེ་ལེགས་ཐམས་ཅད་འགྲུབ་གྱུར་ཅིག༔ གངས་དཀར་ཏི་སེ་གཉན་ཆེན་ཐང་ལྷ་དང་༔ རྨ་ཆེན་རྒྱལ་པོ་སྤོམ་ར་ལ་སོགས་པའི༔ སྟོད་སྨད་བར་གསུམ་བོད་ཁམས་མངའ་བདག་ལ༔ འདོད་འཇོའི་བདུད་རྩི༴དགྲ་བགེགས་གནོད་བྱེད་མ་ལུས་བརླག་གྱུར་ཅིག༔ བསམ་པའི་དོན་ཀུན་འབད་མེད་མྱུར་འགྲུབ་ཤོག༔ གནས་མཆོག་ཉེར་བཞི་ཡུལ་ནི་སོ་གཉིས་དང་༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་ཌཱ་ཀི་དམ་ཅན་ལ༔ འདོད་འཇོའི་བདུད་རྩི༴དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་ཤོག༔ དྲེགས་པའི་སྡེ་དཔོན་སུམ་ཅུ་བརྟན་མ་སྐྱོང་༔ སྲིད་པའི་ལྷ་རབ་དགེ་བསྙེན་ཉེར་གཅིག་དང་༔ ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ༔ དྲེགས་ཆེན་བཅོ་བརྒྱད་མགུར་ལྷ་བཅུ་གསུམ་དང་༔ འགོ་བའི་ལྷ་དང་སྐྱོབ་པའི་ལྷ་སྲུང་སོགས༔ བརྟེན་དང་རང་འཁོར་སྲུང་མ་གཉན་པོ་ལ༔ འདོད་འཇོའི་བདུད་རྩི༴ཆོས་སྲིད་མངའ་ཐང་དགེ་ལེགས་གོང་འཕེལ་ནས༔ བསམ་པའི་དོན་ཀུན་གེགས་མེད་འགྲུབ་གྱུར་ཅིག༔ ལྷ་དང་ལྷ་མིན་མི་དང་བྱོལ་སོང་དང་༔ ཡི་དྭགས་བར་དོ་དམྱལ་བའི་གནས་རིགས་སོགས༔ ཁམས་གསུམ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ༔ འདོད་འཇོའི་བདུད་རྩི༴ཀུན་ཀྱང་བདེ་ལྡན་སྡུག་བསྔལ་དང་བྲལ་ནས༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་འཐོབ་པར་ཤོག༔ ཕོ་གདོན་མོ་གདོན་ཀླུ་གདོན་རིགས་གྱུར་པའི༔ བགེགས་རྒྱལ་བི་ན་ཡ་ཀ་ལ་སོགས་པའི༔ བགེགས་རིགས་ལན་ཆགས་མགྲོན་གྱུར་ཐམས་ཅད་ལ༔ འདོད་འཇོའི་བདུད་རྩི༴སོ་སོའི་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ནས༔ བྱང་ཆུབ་སེམས་ཀྱི་ཤེས་རྒྱུད་བརླན་གྱུར་ཅིག༔ མཆོད་སྦྱིན་མགྲོན་དུ་གྱུར་པ་དགོངས་སུ་གསོལ༔ གནས་འདིར་མི་མཐུན་བར་ཆད་མི་འབྱུང་ཞིང་༔ པདྨ་འོད་ལྟར་བཀྲ་ཤིས་དགེ་བར་མཛོད༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ཀྱི༔ ནད་གདོན་འགལ་རྐྱེན་བར་ཆད་ཀུན་ཞི་ནས༔ ལུས་ངག་ཡིད་གསུམ་དགའ་བདེའི་དཔལ་ཐོབ་མཛོད༔ ཆོས་སྲིད་མངའ་ཐང་སྙན་གྲགས་རླུང་རྟ་དཔལ༔ ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ༔ རྟག་ཏུ་ནུས་མེད་རྒྱས་ཤིང་བརྟན་པར་མཛོད༔ ཁམས་གསུམ་སྣང་སྲིད་མ་ལུས་དབང་སྡུད་ཅིང་༔ འདོད་རྒུའི་ལོངས་སྤྱོད་ཆར་བཞིན་འབེབས་པར་མཛོད༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་མ་ལུས་པ༔ མཐུ་རྩལ་དྲག་པོས་ཚར་གཅོད་ཕྲིན་ལས་མཛོད༔ དམ་ཚིག་གཉན་གྱིས་ཕྲིན་ལས་བཅོལ་ལོ་སྒྲུབས༔ {{TibChung|དེ་ནས་བསྔོ་བ་སྨོན་ལམ་ནི༔}} བདག་གིས་དུས་གསུམ་བསགས་པའི་དགེ་རྩ་ཀུན༔ གཅིག་ཏུ་བསྡུས་ཏེ་སེམས་ཅན་ཡོངས་ལ་བསྔོ༔ དགེ་དེས་མ་གྱུར་འགྲོ་བ་སེམས་ཅན་རྣམས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ {{TibChung|དེ་ནས་བསྡུ་རིམ་ནི༔}} མཆོད་སྦྱིན་མགྲོན་དུ་གྱུར་པ་ཐམས་ཅད་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ཇི་བཞིན་དུ༔ འཁོར་འདས་རྫོགས་པ་ཆེན་པོ་མ་བཅོས་ངང་༔ གཉིས་མེད་ལྷུན་འབྱམས་ཆེན་པོར་འུབ་ཆུབ་བོ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སངས་རྒྱས་བསྟན་པ་དར་རྒྱས་གོང་འཕེལ་ཞིང་༔ དམ་པའི་ཆོས་ཀྱིས་འགྲོ་ཀུན་རྒྱུད་སྨིན་ནས༔ བསྟན་འཛིན་སྐྱེས་བུའི་ཚེ་སྒྲུབ་མཐར་ཕྱིན་ཏེ༔ གདུལ་བྱ་གཏན་བདེའི་དཔལ་ཐོབ་བཀྲ་ཤིས་ཤོག༔ {{TibChung|ས་མ་ཡ༔ རྒྱ་རྒྱ་རྒྱ༔}} ({{TibChung|བརྡ་ཡིག་}}) {{TibChung|དགེ་འདིས་མི་མཐུན་ཕྱོགས་ཞི་ནས༔ འདོད་དོན་ཡིད་བཞིན་འགྲུབ་འགྱུར་རོ༔ ཚོགས་རྫོགས་སྒྲིབ་པ་རྣམ་བྱང་ནས༔ མཐར་ཐུག་འབྲས་བུའི་དོན་ཡང་ཡོད༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ཞེས་པ་འདི་ལྟར་ཡིད་ལ་མོས་བཞིན་དུ་གསོལ་བ་བཏབ་མཐུས་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་གསུངས་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཨོ་རྒྱན་མིང་འཛིན་ནོ། །དགེའོ། །དགེའོ། །དགེའོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 11:22, 12 August 2025
| Wylie title | chos nyid nam mkha'i klong mdzod las: bsang mchod 'dod yon sprin phung: | |
|---|---|---|
| Location | bdud 'joms gling pa zab gter Volume 11, Text 4, Pages 13-22 (Folios 1a1 to 5b3) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las bsang mchod 'dod yon sprin phung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 13-22. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: bsang mchod Verso: bdud 'joms khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Smoke Offerings - bsangs mchod - lha bsang | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Deity | khros ma nag mo | |
| Colophon |
ཞེས་པ་འདི་ལྟར་ཡིད་ལ་མོས་བཞིན་དུ་གསོལ་བ་བཏབ་མཐུས་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་གསུངས་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཨོ་རྒྱན་མིང་འཛིན་ནོ། །དགེའོ། །དགེའོ། །དགེའོ།། | |
|
zhes pa 'di ltar yid la mos bzhin du gsol ba btab mthus dpal o rgyan mtsho skyes rdo rjes gsungs pa bdud 'joms rdo rje gro lod rtsal gyis dag par phab pa'i yi ge pa ni rang slob dam pa o rgyan ming 'dzin no/__/dge'o/__/dge'o/__/dge'o// | ||