DJYD-KABUM-24-YA-009: Difference between revisions

From Dudjom Wiki
DJYD-KABUM-24-YA-009
m (Text replacement - "ཨེ་མ་ཧོཿ" to "ཨེ་མ་ཧོཿ ")
m (Text replacement - "ཧོཿ" to "ཧོཿ ")
Line 36: Line 36:

༄༅།  །རྩ་གསུམ་ཀུན་འདུས་པདྨ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ།  །{{TibChung|རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་གསོ་ཞིང་དངོས་གྲུབ་ཀྱི་སྐལ་པ་རང་གི་རྒྱུད་ལ་ཉེ་བར་འགྱུར་བའི་ཕྱིར་སྐོང་བཤགས་ཀྱི་ཆོ་ག་བྱ་བར་འདོད་པས།  གཏེར་ཞུང་རྡོ་རྗེའི་ཚིག་རྐང་ལས།  གཞན་ཡང་དཀྱིལ་འཁོར་གཙོ་བོ་ཡི༔    དུང་ཁང་འབར་བ་ཁྲོ་བོ་དང་༔    མགྲིན་པ་རིག་འཛིན་བླ་མའི་ཚོགས༔    སྙིང་ཁར་ཞི་བ་དབྱིངས་ཀྱི་ལྷ༔    མ་འདྲེས་ཚོམ་བུའི་ཚུལ་དུ་སྒོམ༔    ཕྱི་ནང་གསང་བའི་མཆོད་པ་ནི༔    བརྒྱ་རྩ་འབུལ་ཞིང་ལྷ་ཚོགས་ཀྱི༔    མཚན་ནས་བརྗོད་ལ་ཕྱག་ཀྱང་འཚལ༔    ངག་གི་སྒྲུབ་པ་བཟླས་པས་སྦྱངས༔    ཡིད་ཀྱི་རྟོག་སྒྲིབ་ལྟ་བས་བཤགས༔  ཐུན་མོང་ཚོགས་ཀྱི་མཆོད་པས་བསྐང་༔    དེས་ནི་ཉམས་ཆགས་མ་ལུས་དག༔    མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔    ཅེས་གསུངས་ {{TibChung|[2a]}} པའི་བསྟན་དོན་ཉམས་སུ་བླང་བར་འདོད་པས།  སྒྲུབ་གཞི་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི་སྟེང་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་སྟེང་འོག་གི་ཚུལ་དུ་རབ་རྡུལ་ཚོན།  འབྲིང་རས་བྲིས།  ཐ་མ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པའི་ཁར་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་སིནྡྷུར་རས་བརྡལ་བར་ཆོས་འབྱུང་མཱུྃ་ཡིག་གིས་མཚན་པ་དར་དམར་གྱིས་བཀབ་པའི་སྟེང་འཇའ་ཤེལ་དང་བཅས་པ་བཤམས།    དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཚེ་ལྷའི་སྒྲུབ་གཏོར་ཞི་བ་དང་།  ཁྲོ་བོའི་གཏོར་མ་སྨན་གཏོར་རཀྟ་ཉེར་སྤྱོད་བཅས་བརྒྱ་རྩ་ལ་སོགས་པ་ཅི་འབྱོར་བའི་མཆོད་པའི་རྣམས་གྲངས་དག་གཙང་བཀོད་ལེགས་སུ་བཀྲམ།    སྒྲུབ་གཞི་ལྷ་ཡི་དཀྱིལ་འཁོར་སྣང་སྲིད་དག་པ་རབ་འབྱམས་ཡེ་གྲོལ་ལྷུན་རྫོགས་ཀྱི་དགོངས་པ་སྲོག་ཏུ་བཟུང་།    བསྐྱེད་ {{TibChung|[2b]}} རིམ་ལྷ་ཡི་སྣང་ཆ་བདག་ཉིད་འཆི་མེད་པདྨ་ཚེ་དཔག་མེད་ཀྱི་སྐུའི་གནས་སུ་ཞི་ཁྲོའི་ལྷ་ཚོགས་གསལ་གདབ་པ།}}  ཨ༔  ཆོས་སྐུ་སྐྱེ་བ་མེད་པ་ལས༔  {{TibChung|སོགས་ནས།}}  དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔  {{TibChung|ཞེས་པའི་འཕྲོས་སུ།}}  བྷྲཱུྃ་བི་ཤྭ་བི་ཤངྔྷེ༔    བདག་ཉིད་འཆི་མེད་ཚེ་དཔག་མེད་མགོན་གྱི༔    ཀླད་པ་དུང་ཁང་དུར་ཁྲོད་གཞལ་ཡས་ཁང་༔    ལྟེ་བར་འཁོར་ལོ་རྩིབས་བཞི་པད་ཉིའི་སྟེང་༔    ཁྱུང་དོམ་ཁྱུ་མཆོག་སྟག་གཟིག་རྣམས་ཀྱི་ཁྲིར༔    དབུས་སུ་བུདྡྷ་ཧེ་རུ་ཀ་དཔལ་ནི༔    སྨུག་ནག་འཁོར་ལོ་གཡས་ལ་དུང་ཁྲག་གཡོན༔    བུདྡྷ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔  ཤར་དུ་བཛྲ་ཧེ་རུ་ཀ་དཔལ་ནི༔    མཐིང་ནག་རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔    བཛྲ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔    ལྷོ་རུ་རཏྣ་ཧེ་རུ་ཀ་དཔལ་ནི༔    སེར་ནག་རིན་ཆེན་གཡས་ལ་དུང་ཁྲག་གཡོན༔    རཏྣ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔    ནུབ་ཏུ་པདྨ་ཧེ་རུ་ཀ་དཔལ་ནི༔  དམར་ནག་པདྨ་གཡས་ལ་དུང་ཁྲག་གཡོན༔    པདྨ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔    བྱང་དུ་ཀརྨ་ཧེ་རུ་ཀ་དཔལ་ནི༔    ལྗང་ནག་རྒྱ་གྲམ་གཡས་ལ་དུང་ཁྲག་གཡོན༔    ཀརྨ་ཁྲ་ངྷི་ཤྭ་རཱི་གཉིས་མེད་འཁྲིལ༔    རྩིབས་མཆན་དུར་ཁྲོད་རྣམས་སུ་ཞིང་གི་གདན༔    ཤར་ལྷོར་ཀེའུ་རི་དཀར་མོ་ཞིང་དབྱུག་འཛིན༔    ལྷོ་ནབ་ཚོའུ་རི་སེར་མོ་མདའ་གཞུ་འགེངས༔  ནུབ་བྱང་པྲ་མོ་དམར་མོ་ཆུ་ {{TibChung|[3a]}} སྲིན་འཛིན༔    བྱང་ཤར་བེ་ཏ་ལྗང་ནག་རྡོ་རྗེ་འཛིན༔  ཕྱི་ཡི་མཚམས་ཀྱི་གྲུ་ཆད་བཞི་པོ་ལ༔    ཀར་ལྷོར་ཙཎྜ་སེར་སྐྱ་ཞིང་དབྱུག་འཛིན༔    ལྷོ་ནུབ་སྨེ་ཤ་ལྗང་དམར་བྷན་གྲི་འཛིན༔      ནུབ་བྱང་གྷསྨ་ལྗང་ཁུ་རལ་གྲི་འཛིན༔    བྱང་ཤར་པུ་སྐ་མཐིང་སྐྱ་རྒྱུ་མ་འདྲེན༔  ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་ལ་ཞིང་གདན་ལ༔  ཤར་དུ་སེང་ཧ་དཀར་མོ་ཞིང་ཆེན་ཟབ༔    ལྷོ་རུ་བྱཱ་གྷྲྀ་དམར་མོ་ལག་གཉིས་བསྣོལ༔    ནུབ་ཏུ་སྲི་ལ་ཝ་གདོང་རྒྱུ་མ་ཟ༔    བྱང་དུ་ཤྭ་ན་མཐིང་ནག་བྱིས་སྙིང་འདྲེན༔    ཤར་ལྷོར་ཀྲྀ་ཏ་རྒོད་མགོ་ཞིང་ལུས་ཕྲལ༔    ལྷོ་ནུབ་ཀཾ་ཀ་མཐིང་ནག་ཞིང་ཕྲག་ཁུར༔    ནུབ་བྱང་ཁ་ཁ་ནག་མོ་རལ་གྲི་ཕྱར༔    བྱང་ཤར་ཧུ་ལུ་མཐིང་ནག་རྡོ་རྗེ་འཛིན༔    ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔    ལྷོ་སྒོ་ཕག་གདོང་སེར་མོ་ཞགས་པ་འཛིན༔    ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བསྣམས༔    བྱང་སྒོར་སྦྲུལ་གདོང་ལྗང་མོ་དྲིལ་བུ་འཛིན༔    དེ་ཡི་ཕྱི་རིམ་ཁོར་ཡུག་ཆེན་མོ་རུ༔    དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད་ནི༔  ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་རིན་པོ་ཆེ༔    པདྨ་རྒྱ་གྲམ་འཛིན་ཅིང་སྣ་ཚོགས་གཟུགས༔    གདོད་ནས་ལྷུན་གྱིས་གྲུབ་པའི་སྐུ་རུ་བསམ༔    མགྲིན་པ་རོ་འདུས་འཁོར་ལོའི་གཞལ་ཡས་སུ་།  །པདྨ་ {{TibChung|[3b]}} འདབ་བརྒྱད་ལྟེ་བའི་གེ་སར་ལ།  །རྣམ་པར་སྨིན་པའི་རིག་འཛིན་ཆེན་པོ་ནི།  །སྐུ་མདོག་དམར་གསལ་རང་འོད་ཡུམ་དང་འཁྲིལ།  །ཤར་དུ་ས་ལ་གནས་པའི་རིག་འཛིན་ནི།    །དཀར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ།    །ལྷོ་ཕྱོགས་ཚེ་ལ་དབང་བའི་རིག་འཛིན་ནི།  །སེར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ༔  །ནུབ་ཕྱོགས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི།    །དམར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ།    །བྱང་ཕྱོགས་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི།  །ལྗང་གསལ་མཛེས་འཛུམ་རང་འོད་ཡུམ་དང་འཁྲིལ།  །ཡབ་ཡུམ་རྡོར་དྲིལ་གྲི་གུག་ཐོད་ཁྲག་འཛིན།  །བརྐྱང་བསྐུམ་གར་གྱིས་འཇའ་འོད་ཀློང་དུ་བཞུགས།  །སྙིང་ཁར་རིན་ཆེན་འབར་བའི་གཞལ་ཡས་ཁང་༔  འཁོར་ལོ་རྩིབས་བཞིའི་དབུས་དང་ཕྱོགས་རྣམས་སུ༔    སེངྒེ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔    ཤང་ཤང་ཁྲི་དང་པདྨ་ཟླ་བའི་སྟེང་༔  དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར༔    འཁོར་ལོ་དྲིལ་བུ་འཛིན་ཅིང་སྐྱིལ་སྐྲུང་བཞུགས༔    དབྱིངས་ཕྱུག་སྔོན་མོ་འཁོར་ལ་དྲིལ་འཛིན་འཁྱུད༔    ཤར་དུ་མི་བསྐྱོད་རྡོར་སེམས་སྐུ་མདོག་མཐིང་༔    རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔    སྤྱན་མ་དཀར་མོ་རྡོ་རྗེ་དྲིལ་འཛིན་འཁྱུད༔  {{TibChung|[4a]}} ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔    རིན་ཆེན་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔    མ་ཀཱི་སེར་མོ་རིན་ཆེན་དྲིལ་འཛིན་འཁྱུད༔      ནུབ་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར༔    པདྨ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔    གོས་དཀར་དམར་མོ་པདྨ་དྲིལ་འཛིན་འཁྱུད༔    བྱང་དུ་དོན་ཡོན་གྲུབ་པ་སྐུ་མདོག་ལྗང་༔    རལ་གྲི་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔    སྒྲོལ་མ་ལྗང་གསལ་རལ་གྲི་དྲིལ་འཛིན་འཁྱུད༔    རྩིབས་མཆན་རྣམས་སུ་ནང་གི་སེམས་དཔའ་ནི༔    ཤར་ལྷོར་ས་སྙིང་དཀར་པོ་མྱུ་གུ་འཛིན༔    ལཱ་སྱ་དཀར་མོ་མེ་ལོང་འཛིན་པས་འཁྱུད༔    ལྷོ་ནུབ་ནམ་སྙིང་སེར་གསལ་རིན་ཆེན་འཛིན༔  མཱ་ལེ་སེར་མོ་ཕྲེང་བ་འཛིན་པས་འཁྱུད༔    ནུབ་བྱང་སྤྱན་རས་གཟིགས་དམར་པདྨ་འཛིན༔    གཱིརྟི་དམར་མོ་པདྨ་འཛིན་པས་འཁྱུད༔    བྱང་ཤར་གསང་བདག་མཐིང་ག་རྡོ་རྗེ་འཛིན༔    ནཱིརྟི་ལྗང་མོ་གར་བསྒྱུར་མཛད་ཅིང་འཁྱུད༔    གྲུ་ཆད་རྣམས་སུ་ཕྱི་ཡི་སེམས་དཔའ་ནི༔    ཤར་ལྷོར་བྱམས་པ་དཀར་སེར་ཀླུ་ཤིང་འཛིན༔    པུཥྤེ་དཀར་མོ་མེ་ཏོག་འཛིན་པས་འཁྱུད༔    ལྷོ་ནུབ་སྒྲུབ་སེལ་དམར་སེར་མེ་ཏོག་འཛིན༔    དྷཱུ་པེ་སེར་མོ་སྤོས་ཕོར་འཛིན་པས་འཁྱུད༔    ནུབ་བྱང་ {{TibChung|[4b]}} ཀུན་བཟང་དམར་ལྗང་སྙེ་མ་འཛིན༔    མར་མེ་དམར་མོ་མར་མེ་འཛིན་པས་འཁྱུད༔    བྱང་ཤར་འཇམ་དཔལ་ལྗང་སྐྱ་ཨུཏྤལ་འཛིན༔    དྲི་ཆབ་ལྗང་མོ་དུང་ཕོར་འཛིན་པས་འཁྱུད༔    ཀུན་ཀྱང་གཡོན་པས་དྲིལ་བུ་འཛིན་པའོ༔    ཤར་ནུབ་གཉིས་སུ་རིན་ཆེན་པདྨ་དང༔    ཉི་ཟླའི་གདན་ལ་ཀུན་བཟང་ཡབ་ཡུམ་ནི༔  མཐིང་གསལ་མཉམ་བཞག་མཛད་ཅིང་སྐྱིལ་ཀྲུང་བཞུགས༔    ཁྱམས་ཀྱི་ཕྱོགས་མཚམས་རྣམས་སུ་ཐུབ་པ་དྲུག༔    བརྒྱ་བྱིན་དཀར་པོ་རིན་ཆེན་པི་ཝང་སྒྲེང་༔    ཐག་བཟང་ལྗང་ཁུ་རལ་གྲི་གོ་ཆ་བསྣམས༔    ཤཱཀ་ཐུབ་སེར་པོ་གསེག་ཤང་པར་བུ་འཛིན༔    སེངྒེ་རབ་བརྟན་མཐིང་གསལ་གླེགས་བམ་འཛིན༔    ཁ་འབར་དམར་པོ་ཟས་ཀྱི་སྒྲོམ་བུ་བསྣམས༔    ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པ་རྣམས༔    ཆགས་བྲལ་ཆོས་གོས་གསུམ་གསོལ་སྤྲུལ་སྐུའི་ཚུལ༔    སྒོ་བཞི་ཉི་མ་འབར་བའི་གདན་རེ་ལ༔    ཤར་སྒོར་ཁྲོ་བོ་སྟོབས་ཆེན་སྐུ་མདོག་སྨུག༔    གཡས་པས་རྡོ་རྗེ་གཡོན་པསདུང་ཁྲག་འཛིན༔    གནོད་སྦྱིན་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྲིལ༔  ལྷོ་སྒོར་ཁྲོ་བོ་གཤིན་རྗེ་སྐུ་མདོག་སེར༔  གཡས་པསབེ་ཅོན་གཡོན་པས་ཐོད་ཁྲག་བསྣམས༔    འཇིགས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྲིལ༔    ནུབ་སྒོར་ཁྲོ་བོ་རྟ་ {{TibChung|[5a]}} མགྲིན་སྐུ་མདོག་དམར༔    གཡས་པས་ཐོད་དབྱུག་སྦྲུལ་དཀྲིས་ཐོད་ཁྲག་བསྣམས༔    གསོད་བྱེད་དམར་མོ་ལྕགས་སྒྲོག་འཛིན་པས་འཁྲིལ༔    བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་༔    གཡས་པས་རྒྱ་གྲམ་གཡོན་པས་ཐོད་ཁྲག་འཛིན༔    མཐར་བྱེད་ལྗང་མོ་དྲིལ་བུ་འཛིན་པས་འཁྲིལ༔    འོད་ཟེར་འབར་ཞིང་ཐིག་ལེ་འཁྲུགས་པའི་ཀློང་༔    ཆ་ལུགས་རྒྱན་རྫོགས་བདེ་ཆེན་ངོ་བོར་བསམ༔    གདོད་ནས་དག་པའི་ཡེ་ཤེས་པ༔  {{TibChung|སོགས་ནས།}}    ཨོཾ་ཨཱཿཧཱུྃ༔    ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ  དེ་ལྟར་གསལ་བའི་གནས་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས།    བཛྲ་ས་མཱ་ཛཿ  {{TibChung|དབྱངས་དང་རོལ་མོའི་འགྱུར་བ་དང་བཅས་ཏེ།}} ཧཱུྃ༔    ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔  {{TibChung|སོགས་ནས།}} བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔  ཧཱུྃ༔    འོག་མིན་མེ་རི་འབར་བའི་ཞིང་༔    གསང་ཆེན་རོལ་པའི་དུར་ཁྲོད་ནས།  །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ལྷ།  །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ།  །ཧཱུྃ༔    འོག་མིན་ཆོས་དབྱིངས་ཕོ་བྲང་ནས།  །རིག་པ་འཛིན་པའི་སར་བཞུགས་ {{TibChung|[5b]}} པའི།  །དབྱིངས་ལས་རིག་རྩལ་སྐུར་བཞེངས་པ།    །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས།  །དད་དང་གདུང་བས་སྤྱན་འདྲེན་ན།  །མོས་པའི་གནས་འདིར་གཤེགས་སུ་གསོལ།  །ཧཱུྃ༔  དྭངས་མ་ལྔ་ལྡན་འོད་ལྔའི་ཞིང་།    །མི་ཤིགས་ཐིག་ལེའི་ཞིང་ཁམས་ནས།  །བཞི་བཅུ་རྩ་གཉིས་རྒྱལ་བའི་ལྷ།  །མ་ལུས་འཁོར་བཅས་གཤེགས་སུ་གསོལ།  །ཧཱུྃ༔  ལྷུན་གྲུབ་ཐིག་ལེ་ཆེན་པོའི་ཀློང་།  །འོད་གསལ་ཀ་དག་ཞིང་ཁམས་ནས།  །རྩ་གསུམ་རྒྱལ་བའི་ལྷ་ཚོགས་རྣམས།  །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ།  །གནས་མཆོག་འདི་རུ་བྱིན་ཕོབ་ལ།    །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི  །ལུས་ངག་ཡིད་ལ་ཡེ་ཤེས་བསྐྱེད།  །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ།  །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ  ཨོཾ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་རྟུ་ཨཱཿ  ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔  བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ  དབྱིངས་ལས་སྤྱན་དྲངས་ཡེ་ཤེས་ལྷ༔  {{TibChung|སོགས་ནས་ཕྱག་འཚལ་མཆོད་པ་རྣམས་གཞུང་ལྟར་སོང་ནས།  བདུད་རྩི་སྨན་མཆོད་ཀྱི་སྐབས་བརྒྱུད་མཆོད་ནི།}} ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས།  །སྤྲུལ་པའི་སྐུར་སྣང་པདྨ་ཀུན་ཏུ་འཆང་།  །གསང་བའི་གཟུངས་མ་རྒྱལ་ཡུམ་ {{TibChung|[6a]}} མཁར་ཆེན་བཟའ།  །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ།  །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི།    ལང་འགྲོ་ལོ་ཧཱ་མཉམ་མེད་གྲགས་པ་དཔལ།  །སྤྲུལ་པའི་གཏེར་སྟོན་ཆོས་བདག་བརྒྱུད་པར་བཅས།  །རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་ལ།  །སྨན་མཆོད་འབུལ་ལོ་༴    །ཨོཾ་སརྦ་པཉྩ་༴  ཁྲག་འཐུང་རིགས་ལྔ་གནས་ཡུལ་ཞིང་སྐྱོང་མ།  །སྤོར་བྱེད་སྒོ་སྐྱོང་དབང་ཕྱུག་མ་མོའི་ཚོགས།  །ཁྲག་འཐུང་འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ།  །སྨན་མཆོད་འབུལ་ལོ་༴  །ཨོཾ་སརྦ་པཉྩ་༴    རྣམ་སྨིན་ཚེ་དབང་སར་གནས་རིག་པ་འཛིན།  །ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་ཡི།  །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ།  །སྨན་མཆོད་འབུལ་ལོ་༴  །ཨོཾ་སརྦ་པཉྩ་༴  ཞི་བ་རིགས་ལྔ་སེམས་དཔའ་སེམས་མ་དང་།    །འགྲོ་འདུལ་ཐུབ་དྲུག་སྤྲུལ་པའི་སྒོ་བ་བཞི།  །བཞི་བཅུ་རྩ་གཉིས་ཞི་བའི་ལྷ་ཚོགས་ལ།    །སྨན་མཆོད་འབུལ་ལོ་༴    །ཨོཾ་སརྦ་པཉྩ་༴  མ་མགོན་གཟའ་རྡོར་ཞིང་སྐྱོང་མ་མོ་བཅས།  །གཏེར་གྱི་གཉེར་འཛིན་ལྷ་ཡི་དགེ་བསྙེན་སོགས།  །སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་ལ།  །སྨན་མཆོད་འབུལ་ལོ་༴    ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི།    ཀཱ་ཡ་སིདྡྷི་ཨོཾ།    {{TibChung|[6b]}} ཝཱཀྐ་སིདྡྷི་ཨཱཿ    ཙིཏྟ་སིདྡྷི་ཧཱུྃ།  སརྦ་སིདྡྷི་ཧྲཱིཿ  {{TibChung|ཞེས་བདུད་རྩི་གནས་གསུམ་དུ་རེག་ལ་དངོས་གྲུབ་བླངས།  གཏོར་མ་དང་རཀྟའི་མཆོད་པ་ནས་བརྩམ་བསྟོད་པའི་མཇུག}} །བརྗོད་མེད་གཞི་དོན་རིག་པར་ཤོག༔  {{TibChung|ཅེས་པའི་འཕྲོས་སུ།}} ཧཱུྃ།  རིག་རྩལ་རལ་པའི་འཕྲོ་འདུ་ལས།    །དུང་ཁང་འབར་བའི་གཞལ་ཡས་སུ།  །ཁྲག་འཐུང་རོལ་པའི་ལྷ་ཚོགས་རྣམས།  །སྒེག་ཅིང་དཔའ་བ་མི་སྡུག་སྐུ།  །རྒོད་པ་དྲག་ཤུལ་འཇིགས་རུང་གསུང་།  །སྙིང་རྗེ་རྔམས་ཞི་ཡེ་ཤེས་ཐུགས།  །འཁོར་བ་དབྱིངས་སྒྲོལ་ཕྲིན་ལས་ལྡན།  །ལྔ་བཅུ་རྩ་བརྒྱད་ལྷ་ལ་བསྟོད།  །ཧཱུྃ།  ལོངས་སྤྱོད་འཁོར་ལོའི་གཞལ་ཡས་སུ།  །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས།  །ཞི་ཆགས་ཁྲོ་བོའི་ཉམས་བརྒྱས་སྒེག  །ཁམས་གསུམ་འཁོར་བའི་བག་ཆགས་བསྒྲལ།  །ཡེ་ཤེས་རིག་རྩལ་གོང་དུ་སྤོར།  །རིག་འཛིན་དཔའ་བོ་མཁའ་འགྲོ་ལ།  །ལུས་ངག་ཡིད་གསུམ་གུས་པས་བསྟོད།  །ཧཱུྃ།  ཐུགས་ཉིད་དྭངས་མའི་ཐིག་ལེ་རུ།  །ལྔ་ལྡན་འོད་ཀྱི་གུར་ཁང་དབུས།  །ཕུང་ལྔ་རྣམ་དག་གཤེགས་པ་ལྔ།  །འབྱུང་ལྔ་དག་པའི་ཡུམ་དང་འཁྲིལ།  །དབང་ཡུལ་སེམས་དཔའ་སེམས་མ་དང་།  །ཡིད་ཆོས་གནས་དག་ཀུན་ཏུ་བཟང་།  །རྟག་ཆད་གནས་དག་ཁྲོ་བོ་བཞི།  །བཞི་བཅུ་རྩ་གཉིས་ཞི་བའི་ {{TibChung|[7a]}} ཚོགས།  །འཁོར་འདས་རང་གྲོལ་ལྷ་ལ་བསྟོད།  །{{TibChung|དེ་ནས།}} ཧཱུྃ༔    མ་བཅོས་རིག་པ་འདུས་མ་བྱས༔  {{TibChung|སོགས་ཛཔྲ་བསྐུལ་ནས་བརྩམ་བཟླས་པའི་ཐོག་མར།}} རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་གཉིས་པ་ཞིག་འཕྲོས་ཏེ་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་{{TibChung|བསམ་ལ།}} བདག་མདུན་ལྷའི་སྐུར་གསལ་བའི༔  {{TibChung|སོགས་ནས་གཞུང་གི་བཟླས་པ་སོང་ནས།}}  ཨོཾ་ཨཱཿཧཱུྃ།  རང་ཉིད་རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེ།  །དུང་ཁང་འབར་བ་ཁྲོ་བོའི་དཀྱིལ་འཁོར་དང་།  །མགྲིན་པའི་འཁོར་ལོར་རིག་འཛིན་བླ་མའི་ཚོགས།  །སྙིང་ཁར་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ།  །དེ་དག་སྐུ་ལས་འོད་ཟེར་རབ་འཕྲོས་ཤིང་།  །དུག་ལྔ་སྒྲིབ་པའི་འཁྲུལ་སྣང་ཀུན་འཇོམས་ཏེ།  །འོད་གསལ་ཡེ་ཤེས་ཀློང་དུ་གསལ་བར་བསམ།    ཨོཾ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ    ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ།  ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ།  {{TibChung|ཞེས་གང་མང་བཟླས།  བུམ་པ།}}  ཨ་མྲྀ་ཏས་བསང་།  སྭ་བྷཱ་ཝས་སྦྱང་།  བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་།  །རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་།  །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ།  །ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ།  །རང་སྲོག་སྔགས་ཀྱི་འོད་ཟེར་ནི།  །གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་།  །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན།  ། {{TibChung|[7b]}} བབ་པས་བུམ་པ་ཡོངས་གང་གྱུར།  །{{TibChung|རྩ་སྔགས་མཐར་}} བོ་ངྷི་ཙིཏྟ་དང་།    རུ་ལུའི་མཐར་ཀཱ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ།  {{TibChung|ཞེས་སྟོང་དུ་ཚང་བར་བཟླས་མཐར།}} ཡེ་ཤེས་ལྷ་ཚོགས་{{TibChung|སོགས་བརྗོད་ལ་སྟོང་ཚིག་འབུལ།}} ཨོཾ་ཨཱཿཧཱུྃ།  {{TibChung|ཞེས་པས་མཆོད་ཡོན་ཕུལ་བས།}}  བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར།  {{TibChung|ལས་བུམ་ལ་གཟུངས་ཐག་བཀོད་དེ།}} ཨ་མྲྀ་ཏས་བསང་།    སྭ་བྷཱ་ཝས་སྦྱང་།    ལས་བུམ་ནང་དུ་པད་ཉིའི་སྟེང་།    །ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར།  །དབྱུག་ཏོ་ཞགས་འཛིན་དེའི་སྐུ་ལས།  །བབ་པའི་བདུད་རྩིའི་བུམ་པ་གང་།    ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ།  {{TibChung|ཅེས་བརྒྱ་རྩ་བཟླས་མཐར།}} ཨོཾ་ཨཱཿཧཱུྃ།  {{TibChung|ཞེས་པས་མཆད་ཡོན་ཕུལ་བས།}} བུམ་ལྷ་འོད་དུ་ཞུ་བ་བདུད་རྩིའི་ཆུར་གྱུར་པས་དངོས་པོ་གང་ལ་འཐོར་བས་ཉེས་སྐྱོན་ཐམས་ཅད་སྦྱངས་པའི་ནུས་པ་དང་ལྡན་པར་{{TibChung|བསམ་ལ།  སྐབས་འདིར་རིགས་དྲུག་གནས་སྦྱོང་གི་དམགས་པ་སྤྲོ་ན།}}  རང་ཉིད་དཀྱིལ་འཁོར་ལྷ་ཚོགས་ཀྱི།  །སྐུ་གསུམ་ཐུགས་ཀྱི་གསང་བ་ལས།  །འོད་ཟེར་འཇའ་ཚོན་ལྟ་བུའི་ཚོགས།  །སྔགས་ཀྱི་རང་སྒྲ་སྒྲོག་བཞིན་འཕྲོས།  །ཁམས་གསུམ་སྣོད་བཅུད་འོད་ཀྱིས་གང་།  །རིགས་དྲུག་གནས་རྣམས་དོང་ནས་སྤྲུག  །དམིགས་ཡུལ་གཙོ་བྱས་སེམས་ཅན་རྣམས།  །སངས་རྒྱས་གོ་འཕང་ཐོབ་པར་{{TibChung|བསམ།    །ཞི་ཁྲོའི་རྩ་སྔགས་གསུམ་ {{TibChung|[8a]}} གྱི་མཐར།}} མ་མ་ཀོ་ལིང་ས་མནྟ༔  སརྦ་པཱ་པཾ་བི་ཤུདྡྷེ་སྭཱཧཱ༔  {{TibChung|ཞེས་དང་ཡི་གེ་བརྒྱ་པ་ཡང་ཅུང་ཟད་བཟླ།  བྱེ་མ་དང་ཡུངས་ཀར་ལ་ཕུས་གདབ།  དེ་ནས་སྤྱི་དང་བྱེ་བྲག་གི་སྲུང་མའི་གཏོར་འབུལ་སོང་ནས།  དེ་ནས་བསོད་ནམས་བསགས་པའི་ཕྱིར༔    ཕྱི་ཡི་མཆོད་པ་འབུལ་བ་ནི༔}} ཧཱུྃ་ཧྲཱིཿ    རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔  རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་༔    མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔    བདག་སོགས་ཚོགས་གཉིས་བསགས་པའི་ཕྱིར༔  སྟོང་གསུམ་འདིའམ་གཞན་དག་ན༔    ཡན་ལག་བརྒྱད་ལྡན་ཆུ་བོ་ཀུན༔    རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔  ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔  བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔    ཧཱུྃ་ཧྲཱིཿ  རྩ་གསུམ་ཚེ་ཡི་༴  རྒྱལ་བ་ཞི་ཁྲོ་༴    མཁའ་འགྲོ་ཆོས་སྐྱོང་༴  བདག་སོགས་ཚོགས་གཉིས་༴  སྟོང་གསུམ་འདིའམ་༴    དག་བྱེད་སྨན་དང་སྤོས་ཆུའི་རིགས༔    རྒྱལ་བ་ཞི་ཁྲོའི་༴  ལུས་ངག་ཡིད་གསུམ་༴  བསོད་ནམས་ཡེ་ཤེས་༴    ཧཱུྃ་ཧྲཱིཿ  རྩ་གསུམ་ཚེ་ཡི་༴  རྒྱལ་བ་ཞི་ཁྲོ་༴    མཁའ་འགྲོ་ཆོས་སྐྱོང་༴    བདག་སོགས་ཚོགས་གཉིས་༴    སྟོང་གསུམ་འདིའམ༴  ངོ་མཚར་མེ་ཏོག་ལྟ་ན་སྡུག༔  རྒྱལ་བ་ཞི་ཁྲོའི་༴  ལུས་ངག་ཡིད་གསུམ་༴    བསོད་ནམས་ {{TibChung|[8b]}} ཡེ་ཤེས་༴  ཧཱུྃ་ཧྲཱིཿ  རྩ་གསུམ་ཚེ་ཡི་༴    རྒྱལ་བ་ཞི་ཁྲོ་༴    མཁའ་འགྲོ་ཆོས་སྐྱོང་༴  བདག་སོགས་ཚོགས་གཉིས་༴    སྟོང་གསུམ་འདིའམ་༴  ལྷན་ཅིག་སྐྱེས་དངམ་སྦྱར་བའི་དྲི༔  རྒྱལ་བ་ཞི་ཁྲོའི་༴    ལུས་ངག་ཡིད་གསུམ་  བསོད་ནམས་ཡེ་ཤེས་༴  ཧཱུྃ་ཧྲཱིཿ  རྩ་གསུམ་ཚེ་ཡི་༴  རྒྱལ་བ་ཞི་ཁྲོ་༴  མཁའ་འགྲོ་ཆོས་སྐྱོང་༴    བདག་སོགས་ཚོགས་གཉིས་༴    སྟོང་གསུམ་འདིའམ་༴  ཉི་ཟླ་ལ་སོགས་སྣང་གསལ་སྒྲོན༔  རྒྱལ་བ་ཞི་ཁྲོའི་༴  ལུས་ངག་ཡིད་གསུམ་༴  བསོད་ནམས་ཡེ་ཤེས་༴  ཧཱུྃ་ཧྲཱི༔    རྩ་གསུམ་ཚེ་ཡི་༴  རྒྱལ་བ་ཞི་ཁྲོ་༴    མཁའ་འགྲོ་ཆོས་སྐྱོང་༴    བདག་སོགས་ཚོགས་གཉིས་༴    སྟོང་གསུམ་འདིའམ་༴  བདེ་བ་སྐྱེད་པ་དྲི་ཡི་ཆབ༔  རྒྱལ་བ་ཞི་ཁྲོའི་༴    ལུས་ངག་ཡིད་གསུམ་༴    བསོད་ནམས་ཡེ་ཤེས་༴  ཧཱུྃ་ཧྲཱིཿ  རྩ་གསུམ་ཚེ་ཡི་༴    རྒྱལ་བ་ཞི་ཁྲོ་༴    མཁའ་འགྲོ་༴    བདག་སོགས་ཚོགས་གཉིས་༴    སྟོང་གསུམ་འདིའམ་༴    དཀར་གསུམ་མངར་གསུམ་བཟའ་བཅའི་རིགས༔  རྒྱལ་བ་ཞི་ཁྲོའི་༴    ལུས་ངག་ཡིད་གསུམ་༴  བསོད་ནམས་ཡེ་ཤེས་༴  ཧཱུྃ་ཧྲཱིཿ  རྩ་གསུམ་ཚེ་ཡི་༴    རྒྱལ་བ་ཞི་ཁྲོ༴    མཁའ་འགྲ་ཆོས་སྐྱོང་༴    བདག་སོགས་ཚོགས་ {{TibChung|[9a]}} གཉིས༴  སྟོང་གསུམ་འདིའམ་༴    སྙན་འགྱུར་རོལ་མོའི་སྒྲ་དབྱངས་སོགས༔    རྒྱལ་བ་ཞི་ཁྲོའི་༴    ལུས་ངག་ཡིད་གསུམ་༴    བསོད་ནམས་ཡེ་ཤེས་༴    {{TibChung|དེ་ནས་ནང་མཆོད་འབུལ་བ་ནི༔}} ཧཱུྃ༔    སྤྱི་གཙུག་བདེ་ཆེན་བྷནྡྷ་རུ༔  གོ་རོ་ཙ་ནའི་བདུད་རྩིས་བཀང་༔  འདི་ནི་བདུད་རྩི་སྨན་གྱི་མཆོག༔    རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་།    ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔    མགྲིན་པ་ལོངས་སྤྱོད་བྷནྡྷ་རུ༔    དམར་གསལ་བྱང་སེམས་བདུད་རྩིས་བཀང་༔  འདི་ནི་བདུད་རྩི་༴  རྩ་གསུམ་ཚེ་ཡི་༴  ཞི་ཁྲོ་རབ་འབྱམས་༴    སྙིང་ག་ཆོས་ཀྱི་བྷནྡྷ་རུ༔    བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་༔    འདི་ནི་བདུད་རྩི་༴    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴  ལྟེ་བ་སྤྲུལ་པའི་བྷནྡྷ་རུ༔  སེར་གསལ་དྲི་ཆེན་བདུད་རྩིས་བཀང་༔  འདི་ནི་བདུད་རྩི་༴    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    གསང་བ་བདེ་སྐྱོང་བྷནྡྷ་རུ༔    དག་བྱེད་དྲི་ཆུའི་བདུད་རྩིས་བཀང་༔  འདི་ནི་བདུད་རྩི་༴    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    {{TibChung|དེ་ནས་གསང་མཆོད་འབུལ་བ་ནི༔}} ཧཱུྃ༔    གཏི་མུག་བསྒྲལ་ {{TibChung|[9b]}} པའི་བྷནྡྷ་རུ༔  ཆོས་ཀྱི་དབྱིངས་ཀྱི་རཀྟས་བཀང་༔  ཆགས་མེད་རཀྟའི་མཆོད་པ་འདིས༔  རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔    ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔    འདོད་ཆགས་བསྒྲལ་བའི་བྷནྡྷ་རུ༔    སོར་རྟོག་ཡེ་ཤེས་རཀྟས་༴    ཆགས་མེད་རཀྟའི་༴    རྩ་གསུམ་ཚེ་ཡི་༴  ཞི་ཁྲོ་རབ་འབྱམས༔    ཞེ་སྡང་བསྒྲལ་བའི་བྷནྡྷ་རུ༔    མེ་ལོང་ཡེ་ཤེས་རཀྟས་བཀང་༔    ཆགས་མེད་རཀྟའི་༴    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    ང་རྒྱལ་བསྒྲལ་བའི་བྷནྡྷ་རུ༔    མཉམ་ཉིད་ཡེ་ཤེས་རཀྟས་བཀང་༔    ཆགས་མེད་རཀྟའི་༴  རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    ཕྲག་དོག་བསྒྲལ་བའི་བྷནྡྷ་རུ༔    བྱ་གྲུབ་ཡེ་ཤེས་རཀྟས་བཀང་༔    ཆགས་མེད་རཀྟའི་༴    རྩ་གསུམ་ཚེ་ཡི་༴  ཞི་ཁྲོ་རབ་འབྱམས་༴    {{TibChung|དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ }} ཧཱུྃ༔    ཞིང་ཆེན་པགས་པའི་གཏོར་གཞོང་དུ༔      ཤ་དང་རུས་པའི་གཏོར་མ་བཤམས༔  དབང་པོ་རྣམ་ལྔས་བརྒྱན་པ་འདིས༔  རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔  ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔  འཁོར་ལོ་ལྔ་ཡི་གཏོར་གཞོང་དུ༔    བདུད་རྩི་ལྔ་ཡི་གཏོར་མ་བཤམས༔  དོན་སྣོད་ལྔ་ཡིས་ {{TibChung|[10a]}} བརྒྱན་པ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴  དྭངས་གསལ་རྩ་ཡི་གཏོར་གཞོང་དུ༔    ཡེ་ཤེས་ཀློང་ལྔའི་གཏོར་ཆེན་བཤམས༔    དཀར་དམར་ཐིག་ལེས་བརྒྱན་པ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    ཐབས་དང་ཤེས་རབ་གཏོར་གཞོང་དུ༔    རྩ་རླུང་ཐིག་ལེའི་གཏོར་མ་བཤམས༔  བདེ་བ་ཆེན་པོས་བརྒྱན་པ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴  ཀུན་ཁྱབ་དབྱིངས་ཀྱི་གཏོར་གཞོང་དུ༔    རང་གསལ་ཡེ་ཤེས་གཏོར་མ་བཤམས༴  སྣ་ཚོགས་སྣང་བས་བརྒྱན་པ་འདིས༔  རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    {{TibChung|ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་༔  ཐམས་ཅད་འདུས་པའི་མཆོད་པ་ནི༔}} ཧཱུྃ༔  ཐབས་དང་ཤེས་རབ་བྷནྡྷ་རུ༔  དགའ་བའི་རང་བཞིན་ཚོགས་གཏོར་བཤམས༔  རྨད་དུ་བྱུང་བའི་མཆོད་པ་འདིས༔  རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔  ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔    གཉིས་མེད་མཉམ་སྦྱོར་བྷནྡྷ་རུ༔    མཆོག་གི་དགའ་བའི་ཚོགས་གཏོར་བཤམས༔  རྨད་དུ་བྱུང་བའི་མཆོད་པ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    དཀར་དམར་འབབ་པའི་བྷནྡྷ་རུ༔  ཁྱད་པར་དགའ་བའི་ཚོགས་གཏོར་ {{TibChung|[10b]}} བཤམས༔    རྨད་དུ་བྱུང་བའི་མཆོད་པ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴  བྱང་སེམས་འདྲེས་པའི་བྷནྡྷ་རུ༔  དགའ་བྲལ་ཡེ་ཤེས་ཚོགས་གཏོར་བཤམས༔    རྨད་དུ་བྱུང་བའི་མཆོད་པ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴    བདེ་བ་གྱེན་འཁྱིལ་བྷནྡྷ་རུ༔  ལུགས་ལྡོག་དགའ་བ་ཞིའི་ཚོགས་གཏོར་བཤམས༔    རྨད་དུ་བྱུང་བའི་མཆོད་པ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴  {{TibChung|མཉམ་རྫོགས་ཡེ་ཤེས་མཆོད་པ་ནི༔}} ཧཱུྃ༔    ཕུང་པོ་ལུས་ཀྱི་ཀོང་བུ་རུ༔    རྩ་གསུམ་འཁོར་ལོའི་སྡོང་བུ་བཙུག༔    བདུད་རྩི་རྣམ་ལྔའི་མར་ཁུས་གཏམས༔  ཡེ་ནས་དག་པའི་མེ་སྦར་བ༔  རྨད་དུ་བྱུང་བའི་སྣང་གསལ་འདིས༔    རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔  ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔    ཡབ་ཡུམ་ཐབས་ཤེས་ཀོང་བུ་རུ༔    བྱང་ཆུབ་སེམས་ཀྱི་མར་ཁུས་གཏམས༔  རླུང་གི་འགྲོ་འོང་སྡོང་བུ་བཅུག༔    བདེ་བ་ཆེན་པོའི་མེ་སྦར་བ༔  རྨད་དུ་བྱུང་བའི་སྣང་གསལ་འདིས༔    རྩ་གསུམ་ཚེ་ཡི༴  ཞི་ཁྲོ་རབ་འབྱམས་༴  སྣང་བ་བདེ་བའི་ཀོང་བུ་རུ༔  མཆེད་པ་གསལ་བའི་མར་ཁུས་གཏམས༔  ཐོབ་པ་མི་རྟོག་སྡོང་བུ་བཙུག༔    འོད་གསལ་ཡེ་ཤེས་མེ་ {{TibChung|[11a]}} སྦར་བ༔  རྨད་དུ་བྱུང་བའི་སྣང་གསལ་འདིས༔    རྩ་གསུམ་ཚེ་ཡི་༴    ཞི་ཁྲོ་རབ་འབྱམས་༴  ཡུལ་སྣང་སྟོང་པའི་ཀོང་བུ་རུ༔    དབང་པོའི་བྱེད་པས་མར་ཁུས་གཏམས༔    རྣམ་ཤེས་ཚོགས་བརྒྱད་སྡོང་བུ་བཙུག༔  གཉིས་མེད་སྤྲོས་བྲལ་མེ་སྦར་བ༔    རྨད་དུ་བྱུང་བའི་སྣང་གསལ་འདིས༔    རྩ་གསུམ་ཚེ་ཡི་༴  ཞི་ཁྲོ་རབ་འབྱམས་༴  སྐྱེ་བ་མེད་པའི་ཀོང་བུ་རུ༔  འགགས་པ་མེད་པའི་མར་ཁུས་གཏམས༔    འགྲོ་འོང་གནས་མེད་སྡོང་བུ་བཙུག༔    ཕྱི་ནང་ཟང་ཐལ་མེ་སྦར་བ༔    རྨད་དུ་བྱུང་བའི་སྣང་གསལ་འདིས༔    རྩ་གསུམ་ཚེ་ཡི༴  ཞི་ཁྲོ་རབ་འབྱམས་༴  {{TibChung|ཞེས་སོ།  །སྐབས་འདིར་རིགས་དྲུག་གནས་སྦྱོང་བྱ་བར་སྤྲོ་ན་ཚེ་འདས་གནས་འདྲེན་སྐབས་ལྟར་ཚིག་ཁ་ཅུང་ཟད་བསྒྱུར་ནས་བྱའོ།  །དང་པོ་ལུས་ཀྱི་སྒྲིབ་པ་སྦྱོང་བ་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་ནི།}}  ཨེ་མ་ཧོཿ   ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འདིར༔  ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅས༔    ཐུགས་རྗེ་འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔    རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔  ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་བགྱི༔    ཨ་ལ་ལ་ཧོཿ   དོན་དམ་ཆོས་དབྱིངས་ཡུམ་གྱི་བྷ་ {{TibChung|[11b]}} གའི་ཀློང་༔  མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་ཆེན་པོ་ན༔  བཞུགས་པའི་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔  རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔    ཨ་ལ་ལ་ཧོཿ   ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔    གསལ་འཚེར་ལྷུན་སྟུག་གཟི་བརྗིད་རབ་ཏུ་འཕྲོ༔    གཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཚུལ་དགུ་ལྡན༔    སངས་རྒྱས་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ༔    ཨ་ལ་ལ་ཧོཿ   ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་༔    བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔    ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པའི༔    ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔    ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་༔    གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔    ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི༔  རིགས་ལྔ་བདེ་བར་གཤེགས་ལ་༴  ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ་༔    དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ༔    བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔  རིགས་ཀྱི་ཡུམ་མཆོག་རྣམས་ལ་༴    རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས༔  བདེ་བར་གཤེགས་པ་རྣམས་ཀྱི་སྲས་ {{TibChung|[12a]}} མཆོག་སྟེ༔    ཉོན་མོངས་སྤྱོད་པའི་སྐྱོན་དང་བྲལ་བ་ཡི༔  སེམས་དཔའ་ཆེན་པོ་བརྒྱད་ལ་༴    སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་བཅས༔    བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ༔    རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔    མཆོད་པའི་ལྷ་མོ་བརྒྱད་ལ་༴    དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་མ༔  བདུད་ཀྱི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔      ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་༔    ཏ་ཀྲིཏ་སྒོ་བ་བཞི་ལ་༴  རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་༔    མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ༔    ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔    ཡེ་ཤེས་སྒོ་མ་བཞི་ལ་༴    སྟེང་འོག་ཕྱོགས་བཅུ་འཇིག་རྟེན་འདུལ་བའི་གཙོ༔    ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་༔    འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པའི་སྐུར་སྟོན་པ༔    བཅོམ་ལྡན་ཐུབ་པ་དྲུག་ལ་འཚལ་ལོ༔    ཨ་ལ་ལ་ཧོཿ   སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་འདི་དག་གི༔    མཚན་ནི་ལན་གཅིག་བརྗོད་བྱེད་ཅིང་༔    གང་གིས་གུས་པས་ཕྱག་འཚལ་ན༔  ཉམས་ཆག་བསྐང་ནས་དངོས་གྲུབ་ཐོབ༔      དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔    ཨ་ལ་ {{TibChung|[12b]}} ལ་ཧོཿ   ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔    སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔    རྒོད་དང་གཤེ་ལ་ཁྲོ་བར་བསྟན་པ་དང་༔    སྙིང་རྗེ་རྔམས་དང་ཞི་བའི་སྐུར་སྟོན་པ༔    འབར་བ་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ༔    ཨ་ལ་ལ་ཧོཿ   ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔  གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་པ༔    གདུག་པ་འདུལ་མཛད་ཁྲོ་ཆེན་འབར་བའི་སྐུ༔    དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔    ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་༔    དགྱེས་པ་བསྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ༔    ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔  ཀྲོ་དྷི་ཤྭ་རཱི་ཡུམ་ལ་༴    ཐུགས་རྗེ་ཐབས་མཁས་མ་རུང་འདུལ་མཛད་ཅིང་༔    ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་འཇོམས༔    སྲིད་གསུམ་བླ་མེད་དབྱིངས་སུ་བསྒྲལ་མཛད་པ༔  རིགས་བཞིའི་ཁྲག་འཐུང་ཚོགས་ལ་༴    ཁྲག་འཐུང་སོ་སོར་ཡབ་ཀྱི་སྐུ་ལ་འཁྲིལ༔    ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་གནོན༔    འགྲོ་རྣམས་ཐུགས་རྗེས་འདྲེན་ཕྱིར་མཛད་པའི་ཡུམ༔    རིགས་བཞི་ཁྲོ་མོ་ཡུམ་ལ་༴    བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔  སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང་༔    {{TibChung|[13a]}} ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔  ཀེའུ་རི་ཁྲོ་མོ་བརྒྱད་ལ་༴    ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔    འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔    མ་སྲིང་བྱམས་པའི་ཚུལ་དུ་གྲགས་མཛད་མ༔    སིང་ཧ་ཕྲ་མེན་བརྒྱད་ལ་༴  རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔  འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད༔    ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་༔  སྒོ་སྲུང་ཁྲོ་མོ་བཞི་ལ་༴  དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི༔    མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔    སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔    རྣལ་འབྱོར་ཉི་ཤུ་བརྒྱད་ལ༴  ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔  ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང་༔    མི་དགེ་ཚར་གཅོད་དགེ་བཅུ་དོན་དུ་བསྐུལ༔    ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ༔  ཨ་ལ་ལ་ཧོཿ   སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་དག་གི༔  མཚན་ནི་ལན་གཅིག་བརྗོད་བྱེད་ཅིང་༔  གང་གིས་གུས་པས་ཕྱག་འཚལ་ན༔  ཉམས་ཆག་བསྐང་ནས་དངོས་གྲུབ་ཐོབ༔    དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔    ཨ་ལ་ལ་ཧོཿ   དུས་གསུམ་སངས་ {{TibChung|[13b]}} རྒྱས་ཡོན་ཏན་ཀུན་རྫོགས་ཤིང་༔    གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་མཛད་པ༔    བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔    སྐྱེ་མེད་ཆོས་ཀྱི་སྐུ་༴    ལོངས་སྤྱོད་རྫོགས་པའི་སྐུ་ལ༴  ཅིར་ཡང་སྤྲུལ་པའི་སྐུ་ལ་༴    མི་འགྱུར་རྡོརྗེའི་སྐུ་ལ་༴    མངོན་པར་བྱང་ཆུབ་སྐུ་ལ༴    དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔    ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔  སྐུ་དང་ཡེ་ཤེས་ཚོགས་ལ་༴  འབྱུང་བ་ལྔ་ལས་སྐུར་བཞེངས་པ༔    རྟག་པའི་རྒྱལ་མོ་ལྔ་ལ་༴  རང་བཞིན་དབྱིངས་ལས་གྲུབ་པ་མོ༔    དབྱིངས་ཕྱུག་ལྷ་མོ་ལྔ་ལ་༴  རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ༔    མཁའ་འགྲོ་སུམ་ཅུ་གཉིས་ལ་༴    གཱ་ཎ་པ་ཏིའི་སྤྲུལ་པ་སྟེ༔    གིང་ཕོ་རྣམས་ལ་༴    ལྷ་མོ་དཔའ་མོའི་སྤྲུལ་པ་སྟེ༔    གིང་མོ་རྣམས་ལ་༴  འཇིག་རྟེན་ཁམས་ལ་མངའ་མཛད་མ༔  འཇིགས་བྱེད་དཔལ་འབར་རལ་པ་ཅན༔      འདོད་པའི་རོ་ལ་ཆགས་པ་མོ༔    མ་མོ་མཁའ་འགྲོའི་ཚོགས་ལ༴    ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔    བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་མ༔    དམ་ཅན་རྒྱ་མཚོའ་ཚོགས་ལ་ཕྱག་འཚལ་ལོ༔    {{TibChung|གཉིས་པ་ངག་གི་སྡིག་སྒྲིབ་སྦྱོང་བ་ {{TibChung|[14a]}} རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི།}} ཨཱཿ  རང་གི་སྤྱི་བོར་པད་ཟླའི་སྟེང་།    །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།  །དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི།  །དྲི་མེད་སྟོན་ཀའི་ཟླ་བའི་མདངས།  །རྡོ་རྗེ་དྲིལ་བུ་འཛིན་པའི་རྒྱས༔    །ཡུམ་ཆེན་སྙེམས་མ་དཀར་མོ་འཁྲིལ།    །ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར།    །ཡིག་བརྒྱའི་སྔགས་ཀྱིས་བསྐོར་བ་དང་།    །སྙོམས་འཇུག་བདེ་རོལ་སྦྱོར་མཚམས་ནས།  །བདུད་རྩི་བྱང་ཆུབ་སེམས་རྒྱུན་བབས།    །རང་གི་སྤྱི་གཙུག་ནས་ཞུགས་ཏེ།  །ལུས་ཀྱི་ནང་གང་སྡིག་སྒྲིབ་དག  །སྟོང་གསལ་འོད་ཀྱི་སྐུ་རུ་གྱུར།  །ཨ་ལ་ལ་ཧོཿ   བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལཕྱག་འཚལ་ལོ༔    ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས།    སཏྭ་ཨཱཿ    དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔    ཡང་སྙིང་ཡི་གེ་བརྒྱ་པ་འདི༔  བདུན་ནམ་ཉི་ཤུ་རྩ་གཅིག་གམ༔  བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔  མཚམས་མེད་ལྔ་ཡི་སྡིག་པ་བྱང་༔    ཉམས་ཆགས་ཀུན་ཀྱང་བྱང་གྱུར་ནས༔    དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔    སྲས་ཀྱི་དམ་པར་དགོངས་པར་འགྱུར༔    ཧོཿ   རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔    རྒྱལ་བའི་བཀའ་དང་བླ་མའི་ལུང་༔    ཇི་བཞིན་མ་སྤྱད་ལུང་དང་འགལ༔    {{TibChung|[14b]}} གསང་སྔགས་དམ་ཚིག་ཉམས་ཆགས་རྣམས༔  གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི༔    མ་འཆབ་མི་སྦེད་མཐོལ་ལོ་བཤགས༔    བླ་མ་རྡོ་རྗེ་སློབ་དཔོན་དང་༔  མཆེད་དང་ལྕམ་དྲལ་ལ་སོགས་པ༔    ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔    མཚམས་མེད་ལྔ་དང་ཉེ་བ་ལྔ༔    ལྕི་བ་བཞི་དང་ལོག་པ་བརྒྱད༔    མི་དགེ་བཅུ་ཡི་ལས་བགྱིད་རྣམས༔    གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔    གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔    རྡོ་རྗེ་ཐེག་པའི་དམ་བླངས་ནས༔    མ་གུས་ཉེས་པར་བྱས་པ་སོགས༔    སྐུ་ཡི་དམ་ཚིག་ཉམས་ཆག་རྣམས༔    གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔    བསྐྱེད་རྫོགས་བཟླས་སྒོམ་བར་ཆོད་ཅིང་༔    ཚོགས་དང་གཏོར་མ་ཆག་ལ་སོགས༔    གསུང་གི་དམ་ཚིག་ཉམས་ཆག་རྣམས༔    གནོང་ཞིང་འགྱོད་པའི་སེམས་ཀྱིས་༴  ཉམས་དང་མ་སྨིན་སེམས་ཅན་ལ༔  གསང་བ་བསྒྲག་པ་ལ་སོགས་པ༔    ཐུགས་ཀྱི་དམ་ཚིག་ཉམས་ཆག་རྣམས༔    གནོང་ཞིང་འགྱོད་པའི་སེམས་ཀྱིས་༴    སྤྱད་བྱ་ལྔ་དང་མ་སྤང་ལྔ༔    བླང་བྱ་ལྔ་དང་བསྒྲུབ་བྱ་ལྔ༔  ཤེས་པར་བྱ་བ་ལྔ་ལ་སོགས༔    ཡན་ལག་དམ་ཚིག་ཉམས་ {{TibChung|[15a]}} ཆག་རྣམས༔    གནོང་ཞིང་འགྱོད་པའི་སེམས་ཀྱིས་༴    ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་ཀྱི་མཆོད་པ་ཆག༔  བསྙེན་སྒྲུབ་ཏིང་འཛིན་མ་གསལ་ལྟ་བ་ལོག༔    ཕུད་དང་གཙང་སྦྲ་མ་མཆིས་འབགས་བཙོག་ཤོར༔    ལེ་ལོ་སེར་སྣའི་དབང་དུ་གྱུར་པ་རྣམས༔    གནོང་ཞིང་འགྱོད་པའི་སེམས་ཀྱིས་༴ འདི་ནས་བཟུང་སྟེ་བྱང་ཆུབ་མཆིས་ཀྱི་བར༔    སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན༔    ལུས་དང་སྲོག་ལ་བབ་ཀྱང་མི་བགྱིས་པར༔    རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དམ་བཅའོ༔  ཁྱེད་ཀྱི་ཐུགས་རྗེས་བཏང་སྙོམས་མ་མཛད་པར༔    བྱམས་བརྩེ་ལྡན་པས་བུ་བཞིན་བསྐྱབ་ཏུ་གསོལ༔  དེ་ལྟར་མཐོལ་ཞིང་བཤགས་པས་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་གོ་ཞེས་གནང་བ་སྩལ་ཏེ་རང་ལ་ཐིམ་པར་{{TibChung|བསམ་ལ།  གསུམ་པ་ཡིད་ཀྱི་རྟོག་སྒྲིབ་སྦྱོང་བ་ཆོས་ཉིད་དོན་གྱི་བསྐང་བ་ནི།}} གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔    གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔    མ་འགགས་རོལ་པ་སྤྲུལ་པའི་སྐུ༔    ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔    དངོས་འབྱོར་ཡིད་ལས་བྱུང་བ་ཡི༔    ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔    ཆོས་དབྱིངས་ནམ་མཁའ་ {{TibChung|[15b]}} ཀློང་ཡངས་ནས༔    རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔  ཐོག་མེད་དུས་ནས་ད་ལྟའི་བར༔    རང་བཞིན་དང་ནི་བཅས་པ་ཡི༔    སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔    རང་གྲོལ་རིག་པའི་ཀློང་དུ་བཤགས༔    བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔    བདག་དང་དབྱེར་མེད་རོ་མཉམ་ལ༔    བདག་ཏུ་བཟུང་བ་མཐོལ་ལོ་བཤགས༔    དྲན་རྟོག་ཆོས་ཉིད་རང་རྩལ་ལ༔    ཡེ་གྲོལ་བསྐྱར་གཞི་མེད་པ་ཡིན༔    ལྟ་བྱ་ལྟ་བྱེད་མེད་པ་ལ༔    ངོ་བལྟ་བྱས་པ་༴    སེམས་ཉིད་ཡེ་གྲོལ་འཁོར་ཡུག་འདི༔    ཡིད་བྱེད་བསྒོམ་པའི་ཡུལ་ལས་འདས༔    བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔    སྟོང་ཉིད་བསྒོམ་པ་༴    ཆོས་དབྱིངས་བརྡལ་བའི་ཡོ་ལངས་ལ༔    སྤང་བླང་སྤྱོད་པ་ཨ་ཐང་ཆད༔    སྤྱོད་བྱ་སྤྱོད་བྱེད་མེད་པ་ལ༔  བླང་དོར་སྤྱོད་པ་༴    རིག་པ་བཅིངས་གྲོལ་མེད་པ་ལ༔    ས་ལམ་འབད་པས་གྲོལ་བ་མཚར༔    ཐོབ་བྱ་ཐོབ་བྱེད་མེད་པ་ལ༔    སྤང་ཐོབ་འབྲས་བུ་༴  དྲན་རིག་རང་གྲོལ་ཐིག་ལེའི་ངང་༔    ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ལ༔  དྲན་པས་བཟུང་དང་མ་བཟུང་མེད༔    དྲན་པས་སྒྲོག་བཅིངས་༴    ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔    ཡེངས་དང་མ་ཡེངས་ག་ལ་ཡོད༔  ཡེ་ནས་ {{TibChung|[16a]}} སྐྱེ་མེད་རྒྱ་ཡན་ལ༔  མ་ཡེངས་སེམས་འཛིན་༴  སེམས་ཉིད་ནམ་མཁའ་ལྟ་བུ་ལ༔  གང་གིས་གློད་ཅིང་སྒྲིམ་པར་ནུས༔    བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔    འབད་རྩོལ་སྒྲིམ་གློད་༴    རིས་མེད་སྟོང་པ་ནམ་མཁའི་སྲང་༔    བཙལ་བས་རྙེད་པར་མི་འགྱུར་ཏེ༔  འབད་རྩོལ་འདུ་བྱེད་འཁྲུལ་པའི་ལམ༔    རིག་རྩོལ་སྡུག་བཙིར་༴  མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔    དེ་ཉིད་གློད་ཅིང་དེ་ཉིད་བལྟ༔    འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔    ཡེ་དག་རལ་པ་མཐོལ་ལོ་བཤགས༔    བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔    བློ་ཡི་ཆོས་ཀྱིས་རང་ཉིད་འཆིངས༔    གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔    དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔    ས་ལམ་དྲོད་རྟགས་རེ་བས་བཅིངས༔    ཉམས་རྟོགས་རོ་ལ་ཆགས་པས་ཕུང་༔    སྨིག་སྒྱུ་ཆུ་ཡིས་རང་ཉིད་བསླུས༔    བྱར་མེད་ཡེ་གྲོལ་ཀློང་དུ་༴    མི་རྟོག་གནས་པའི་འཁོར་ཡུག་དང་༔    བདེ་གསལ་མི་རྟོག་ཏིང་འཛིན་དང་༔    སྟོང་ཉིད་བློ་བྲལ་རིས་མེད་སོགས་༔    མྱོང་ཞེན་སྐྱེ་མེད་ཀློང་དུ་༴    དོན་དམ་ཆོས་དབྱིངས་སྤྲོས་བྲལ་ཀློང་༔    བསམ་མེད་དམིགས་མེད་བརྗོད་མེད་སོགས༔    གོ་མྱོང་ཡིད་ཀྱི་གཏད་སོ་ {{TibChung|[16b]}} རྣམས༔  རིས་མེད་བསམ་འདས་ཀློང་དུ་༴    ཐོས་བསམ་འབད་རྩོལ་སྒོམ་པ་དང་༔    མི་སྒོམ་མི་རྟོག་བྱར་མེད་སོགས༔    གང་ལྟར་བྱས་ཀྱང་བཅོས་མའི་ལམ༔    མ་བཅོས་ཆོས་སྐུའི་ཀློང་དུ་༴    གཏོད་གཞིག་འགུགས་དང་ཆེད་འཛིན་སྒོམ༔    སྒྲིམ་གློད་ངོ་ལྟ་ལ་སོགས་དང་༔    རྟག་ཆད་བསམ་གཞིག་ཡིད་བྱེད་ལ༔    བྱར་མེད་ཀ་དག་ཀློང་དུ༴    མ་བྱས་དགེ་ལ་རྗེས་ཡི་རངས་༔    སྐྱེ་མེད་ཆོས་འཁོར་བསྐོར་བ་དང་༔    སྐྱེ་འཆི་མེད་པར་རྟག་བཞུགས་ནས༔    ཇི་སྲིད་ནམ་མཁའི་མཐར་ཐུག་པར༔    མི་ངལ་འགྲོ་བ་འདྲེན་པར་ཤོག༔    {{TibChung|དེ་ནས་སྒོ་གསུམ་ཐུན་མོང་གི་དམ་ཚིག་ཉམས་པ་བསྐང་བ་ཚོགས་ཀྱི་མཆོད་པ་ནི།}}  རྃ་ཡྃ་ཁྃ༔  བདག་ཉིད་ལྷ་ཡི་སོགས།  གྷ་ན་ཙཀྲ་པཱུ་ཛ་ཧོཿ   {{TibChung|ཚོགས་བར་པ་བསྐང་བ་ལ།}} སྐོང་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་{{TibChung|བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ཏེ།}}  ཧཱུྃ༔    མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔    རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་༔  ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔    རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང་༔    བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔    སྙན་ཁུང་བརྒྱུད་པ་བླ་མའི་༴    བཀའ་བརྒྱུད་གཏེར་ {{TibChung|[17a]}} དུ་སྦས་པའི་བྱ་ར་བ་༔    མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་༴    མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔    སྨོན་ལམ་དབང་བསྐུར་བརྒྱུད་པའི་༴  ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔    དུས་གསུམ་སངས་རྒྱས་རྣམས་ཀྱི་༴    འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔    གསུང་མཆོག་དམ་ཆོས་རྣམས་ཀྱི༔      ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང་༔    འཕགས་པ་དགེ་འདུན་རྣམས་ཀྱི་༴    ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔      སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་༴  དངོས་གྲུབ་ཐོགས་པ་མེད་པ་སྟེར་མཛད་པའི༔  ཡི་དམ་རྒྱལ་བ་ཞི་ཁྲོའི་༴    ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔    མཁའ་འགྲོ་དམ་ཅན་རྣམས་ཀྱི་༴ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔  རང་བཞིན་སྤྲོས་བྲལ་ཆོས་སྐུའི་༴  དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔    ཞི་བ་ལོངས་སྤྱོད་རྫོགས་སྐུའི་༴    རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔    སྤྲུལ་སྐུ་འགྲོ་དོན་མཛད་པའི་༴  ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔    བཞི་བཅུ་རྩ་གཉིས་རྒྱལ་བའི་༴  ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་༴    སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་ {{TibChung|[17b]}} འཁོར་ནས༔  འཇམ་དཔལ་སྐུ་ཡི་ལྷ་ཚོགས་༴    གསུང་མཆོག་འགགས་པ་མེད་པའི་དཀྱིལ་འཁོར་ནས༔    པདྨ་གསུང་གི་ལྷ་ཚོགས་༴  ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔    ཡང་དག་ཐུགས་ཀྱི་ལྷ་ཚོགས་༴  ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔    བདུད་རྩི་ཡོན་ཏན་ལྷ་ཚོགས་༴  ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔    ཕུར་པ་ཕྲིན་ལས་ལྷ་ཚོགས་༴    ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔    རྦོད་གཏོང་མ་མོའི་༴  ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔    རིག་འཛིན་བླ་མའི་ལྷ་ཚོགས་༴    དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔    འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་༴    དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔    དམོད་པ་དྲག་སྔགས་ལྷ་ཚོགས་༴    དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔      དམ་ཅན་རྒྱ་མཚོ་རྣམས་ཀྱི་༴  སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔  མཐུ་ཆེན་དཔལ་མགོན་ལྕམ་དྲལ་༴  སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔    སྔགས་བདག་སྔགས་སྲུང་རྣམས་ཀྱི་༴  སློབ་དཔོན་ཆེན་པོས་བཀའ་ཡིས་གཉེར་དུ་གཏད༔  གཏེར་བདག་གཏེར་སྲུང་རྣམས་ཀྱི་༴    ཚུལ་བཞིན་སྒྲུབ་པ་མཛད་པའི་གྲོགས་མཛད་པའི༔    {{TibChung|[18a]}} གཞི་བདག་གཞི་སྲུང་རྣམས་ཀྱི་༴  འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔  དྲེགས་པའི་སྡེ་དཔོན་སུམ་ཅུའི་༴    ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད་༔  དཔལ་མགོན་མ་ནིང་ནག་པོའི་༴  སྟོང་ཁམས་འདི་ན་དྲག་སྔགས་གཟེར་གྱི་བདག༔    གཟའ་བདུད་ཆེན་པོ་དཔལ་འབར་༴  མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔    སྲུང་མ་ཨེ་ཀ་ཛཱ་ཏིའི་༴  ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔    ཤན་པ་སྲོག་སྒྲུབ་ནག་མོའི་༴  དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔    གནོད་སྦྱིན་ཤན་པ་དམར་ནག་༴  སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔  དམ་ཅན་རྡོ་རྗེ་ལེགས་པའི་༴  ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔  ནོར་བདག་གནོད་སྦྱིན་རྣམས་ཀྱི་༴  ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔    སྲུང་མ་ནཱ་ག་རཀྴའི་༴  ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔  རྒྱལ་པོ་ལི་བྱིན་ཧ་རའི་༴  སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔  བདུད་པོ་ཡབ་རྗེ་ནག་པོའི་༴  གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔  བོད་ཀྱི་བརྟན་མ་བཅུ་གཉིས་༴    བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང་༔  བསྐང་བ་མེད་དེ་ཁམས་ {{TibChung|[18b]}} གསུམ་ཡོངས་ཀྱིས་བསྐང་༔  སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔  སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔    ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔    རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔    ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔    འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་༔    པདྨ་མཱཾ་སར་བཅས་པའི་རཀྟ་དང་༔    འཛབ་དང་གར་འཆམས་གར་དང་སྟངས་སྟབས་དང་༔  སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང་༔    སྟོང་གསལ་དབྱེར་མེད་ལྟ་སྒོམ་མཐར་ཐུག་དང་༔  ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔  སྐྱེས་མཆོག་བླ་མ་རྣམས་ཀྱི་༴    ཡི་དམ་ལྷ་ཚོགས་༴  ལས་བྱེད་མཁའ་འགྲོ་༴    གཏེར་བདག་གཏེར་སྲུང་༴    གཞི་བདག་གཞི་སྲུང་༴    མཆོད་ཡུལ་གོང་མ་རྣམས་ཀྱི་༴    སྦྱིན་ཡུལ་འོག་མ་རྣམས་ཀྱི་༴  རིགས་དྲུག་ཕ་མ་རྣམས་ཀྱི་༴  ལན་ཆགས་མགྲོན་གྱུར་རྣམས་ཀྱི་༴  ཐམས་ཅད་ཐུགས་དམ་མཉན་པོ་དེས་བསྐངས་ལ༔  གཡར་དམ་སོར་ཆུད་དངོས་གྲུབ་སྩལ་དུ་གསོལ༔    {{TibChung|དེ་ནས་ཞི་བ་གནས་དག་གི་བསྐང་བ་ནི།}}  ཨོཾ།  ཡིད་ཀྱི་རྣམ་ཤེས་གནས་དག་པ༔  ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔  ཆོས་ཀྱི་ངོ་བོ་གནས་དག་པ༔    ཀུན་ཏུ་བཟང་མོའི་༔    ཕུང་པོ་ལྔ་ {{TibChung|[19a]}} པོ་གནས་དག་པ༔  རྒྱལ་བ་ཡབ་ལྔའི་༴    འབྱུང་བ་ལྔ་པོ་གནས་དག་པ༔    རྒྱལ་བ་ཡུམ་ལྔའི་༴    རྣམ་ཤེས་ཚོགས་བརྒྱད་གནས་དག་པ༔    སེམས་དཔའ་བརྒྱད་ཀྱི་༴  རྣམ་ཤེས་ཡུལ་བརྒྱད་གནས་དག་པ༔  སེམས་མ་བརྒྱད་ཀྱི་༴  ལུས་ཀྱི་ཆོས་བཞི་གནས་དག་པ༔    ཁྲོ་བོ་བཞི་ཡི་༴  རྟག་ཆད་མུ་བཞི་གནས་དག་པ༔    ཁྲོ་མོ་བཞི་ཡི་༴  ཉོན་མོངས་དྲུག་པོ་གནས་དག་པ༔    ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔    {{TibChung|ཁྲོ་བོ་གནས་གྱུར་གྱི་བསྐང་བ་ནི།}} ཧཱུྃ༔    ཀུན་གཞི་ཡིད་ཆོས་གནས་གྱུར་པ༔  དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་༔    ཉོན་མོངས་དུག་ལྔ་གནས་གྱུར་པ༔  ཁྲག་འཐུང་ཡབ་ལྔའི་༴    འབྱུང་བ་ལུས་ལྔ་གནས་གྱུར་པ༔    ཁྲག་འཐུང་ཡུམ་ལྔའི༴  རྣམ་བཞིའི་རྟོག་པ་གནས་གྱུར་པ༔    ཧེ་རུ་ཀ་བཞིའི་༴  སྐྱེ་གནས་བཞི་པོ་གནས་གྱུར་པ༔    ཀྲོ་དྷི་རིགས་བཞིའི་༴  རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ༔    ཁྲོ་མོ་བརྒྱད་ཀྱི་༴    རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ༔  ཕྲ་མེན་བརྒྱད་ཀྱི་༴  རྟག་ཆད་མཐའ་བཞི་གནས་གྱུར་པ༔    སྒོ་མ་བཞི་ཡི་༴    སྣ་ཚོགས་རྟོག་པ་གནས་གྱུར་པ༔    དབང་མོ་ཉེར་བརྒྱད་༔    མི་ཤིགས་སྐུ་ཡི་༴    {{TibChung|[19b]}} འགགས་མེད་གསུང་གི་༴    འགྱུར་མེད་ཐུགས་ཀྱི་༴    ཡོན་ཏན་མི་ཟད་༴  ཕྲིན་ལས་རྒྱན་གྱི་༴  ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་༔    ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག༔  རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔    བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔  {{TibChung|དེ་ནས་གཞུང་གི་}} ཧོཿ   དཀྱིལ་འཁོར་ལྷ་ཚོགས་{{TibChung|ནས་ཞལ་བསྟབ་ཀྱི་བར་སོང་ནས་བྱིན་རླབས་དབང་ལེན་བྱ་བ་ལ།}}  ཇི་ལྟར་བལྟམས་པ་{{TibChung|སོགས་ནས་བདག་འཇུག་ཡོངས་རྫོགས་གཏང་རག་མཎྜལ་ཕུལ་བའི་བར་སོང་ནས།}} བདག་ཉིད་འཇུག་ཅིང་དབང་བླང་བ་དང་བཅས་པས་དབང་བཞིའི་དམ་ཚིག་ཉམས་པ་སོར་ཆུད་པར་{{TibChung|བསམ།  དེ་ནས་ཚོགས་ལ་རོལ་ཞིང་སྨོན་ལམ་བཏབ་པ་ནི།}} ཧོཿ   རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔  བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱི༔  དམ་ཚིག་ཆེན་པོའི་མཆོད་པ་ཕུལ་བའི་མཐུས༔    ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔      མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔    བླ་མ་ཡི་དམ་མཁའ་འགྲོའི་རྗེས་བཟུང་ནས༔    རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུ་མཆོག༔  དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔    ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ན༔    ཡེ་ཤེས་སྒྲོན་མེའི་སྣང་བས་ཤུལ་མཚོན་ཏེ༔  འོག་མིན་བདེ་ཆེན་ {{TibChung|[20a]}} ཞིང་དུ་དབུགས་ཕྱུང་ནས༔  ཕྱམ་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔  དེ་ལྟར་མཐོལ་ཞིང་བཤགས་པ་ཡིས༔  བདག་ཅག་གསང་སྔགས་སྒོར་ཞུགས་རྣམས༔    རྩ་བ་ཡན་ལག་དམ་ཚིག་གི༔  ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག༔  མཆོག་དང་ཐུན་མོང་ལ་སོགས་ཏེ༔    དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག༔  ཏ་ན་ག་ནའི་ལྟ་སྤྱོད་དབང་༔    སེམས་ཀྱི་རྟོགས་པ་ཐོབ་གྱུར་ཅིག༔    དེ་ལྟ་བུ་ཡི་འགྱོད་ཚངས་ཀྱིས༔  བདག་དང་འགྲོ་དྲུག་སེམས་ཅན་རྣམས༔  ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔    ན་རག་གནས་ཀྱང་དོང་སྤྲུག་ནས༔  རིགས་དྲུག་གནས་ནས་ཐར་གྱུར་ཅིག༔    ལམ་ལྔ་ས་བཅུའི་རིམ་པ་རྣམས༔    སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག༔    རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔    སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག༔    དེ་ལས་བྱུང་བའི་དགེ་བ་ཡིས༔    གསང་སྔགས་རྡོ་རྗེ་ཐེག་པ་རྣམས༔  བཀའ་བཙན་བྱིན་ཆེ་དར་གྱུར་ཅིག༔  ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག༔    གསང་སྔགས་འདི་བསྒྲགས་རྒྱལ་ཁམས་སུ༔    མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔    མི་དང་ལོ་ཕྱུགས་ལེགས་གྱུར་ཅིག༔  དགེ་འདུན་དགེ་བཅུ་སྤྱོད་གྱུར་ཅིག༔  {{TibChung|དེ་ནས་ལྷག་མ་ནས་བརྩམས་ལས་བྱང་ {{TibChung|[20b]}} བྱང་མཐར་དབྱུང་ལ།  རྗེས་ཀྱི་བསྟོད་པའི་སྐབས།}} བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔    བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔    ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔    ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔    {{TibChung|ཅེས་ཤྭ་ལོ་ཀ་གཅིག་པུས་བསྟོད།    རྟེན་ཡོད་མེད་དང་འབྲེལ་བརྟན་བཞུགས་གཤེགས་གསོལ་གང་འོས་བྱ།  བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་སོགས་གཞུར་ལྟར་བྱས་པས་འགྲུབ་བོ།  །ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ།  །དཀྱིལ་འཁོར་གཅིག་ཏུ་བསྒྲུབས་བྱས་ཏེ།  །དམ་ཚིག་ཉམས་ཆག་གསོ་བའི་ཐབས།  །གཏེར་གཞུང་ཇི་བཞིན་བསྡེབས་པའི་དགེས།  །བདག་ཅག་སྔགས་ཀྱི་སྒོར་བཞུགས་རྣམས།  །རྩ་བ་ཡན་ལག་གིས་བསྡུས་པའི།  །ཉམས་ཆག་མ་ལུས་སོར་ཆུད་དེ།  །སྐུ་ལྔ་འབྲས་བཟང་མྱུར་སྨིན་ཤོག  །ཞེས་པའང་རྩ་གསུམ་པདྨ་གསང་ཐིག་དང་།  ཐུགས་སྒྲུབ་བདེ་གཤེགས་འདུས་པ་གང་ལའང་སྦྱར་དུ་རུང་བའི་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་འདི་ཡང་གཏེར་གཞུང་རྡོ་རྗེའི་གསུང་ལ་འཐད་ལྡན་མན་ངག་གིས་ཟུར་བརྒྱན་ཏེ།  བདུད་འཇོམས་ནམ་མཁའི་རྡོ་རྗེའི་ངག་ནས་སྨྲས་རིམ་བཞིན་བློ་གསལ་དཔལ་ལྡན་མཁའ་མཆོག་ནས་དག་ཅིང་མགྱོགས་པར་བྲིས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན་བཟང་པདྨ་ཀཱ་རའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག    །སིདྡྷི་རསྟུ།།  །།}} }}

</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 09:20, 4 September 2025

Wylie title gu ru'i thugs sgrub bde gshegs 'dus pa dang pad+ma gsang ba'i thig le gang la'ang sbyar du rung ba'i zhi khro'i skong bshags kyi cho ga kun bzang khrus chab DJYD-KABUM-24-YA-009.pdf
Location bdud 'joms rin po che bka' 'bum
Volume 24, Text 9, Pages 65-104 (Folios 1a1 to 20b6)
Author རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་
Citation Rje drung phrin las byams pa 'byung gnas. Gu ru'i thugs sgrub bde gshegs 'dus pa dang pad+ma gsang ba'i thig le gang la'ang sbyar du rung ba'i zhi khro'i skong bshags kyi cho ga kun bzang khrus chab. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 65-104. Kalimpong: Dupjung Lama, 1979-1985.
Side notes Recto: skong chog   Verso: pad+ma gsang thig
More details More details
Genre Confessions - bshags pa  ·  Mending Rituals - bskang chog
Colophon

།ཞེས་པའང་རྩ་གསུམ་པདྨ་གསང་ཐིག་དང་། ཐུགས་སྒྲུབ་བདེ་གཤེགས་འདུས་པ་གང་ལའང་སྦྱར་དུ་རུང་བའི་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་འདི་ཡང་གཏེར་གཞུང་རྡོ་རྗེའི་གསུང་ལ་འཐད་ལྡན་མན་ངག་གིས་ཟུར་བརྒྱན་ཏེ། བདུད་འཇོམས་ནམ་མཁའི་རྡོ་རྗེའི་ངག་ནས་སྨྲས་རིམ་བཞིན་བློ་གསལ་དཔལ་ལྡན་མཁའ་མཆོག་ནས་དག་ཅིང་མགྱོགས་པར་བྲིས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན་བཟང་པདྨ་ཀཱ་རའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སིདྡྷི་རསྟུ།།

zhes pa'ang rtsa gsum pad+ma gsang thig dang /___thugs sgrub bde gshegs 'dus pa gang la'ang sbyar du rung ba'i zhi khro'i skong bshags kyi cho ga 'di yang gter gzhung rdo rje'i gsung la 'thad ldan man ngag gis zur brgyan te/___bdud 'joms nam mkha'i rdo rje'i ngag nas smras rim bzhin blo gsal dpal ldan mkha' mchog nas dag cing mgyogs par bris pa khams gsum sems can thams cad kun bzang pad+ma kA ra'i go 'phang la 'god pa'i rgyur gyur cig____/sid+d+hi rastu//

[edit]
༄༅། །གུ་རུའི་ཐུགས་སྒྲུབ་བདེ་གཤེགས་འདུས་པ་དང་པདྨ་གསང་བའི་ཐིག་ལེ་གང་ལའང་སྦྱར་དུ་རུང་བའི་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་ཀུན་བཟང་ཁྲུས་ཆབ་ཅེས་བྱ་བ་བཞུགས་སོ། །

༄༅། །རྩ་གསུམ་ཀུན་འདུས་པདྨ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་གསོ་ཞིང་དངོས་གྲུབ་ཀྱི་སྐལ་པ་རང་གི་རྒྱུད་ལ་ཉེ་བར་འགྱུར་བའི་ཕྱིར་སྐོང་བཤགས་ཀྱི་ཆོ་ག་བྱ་བར་འདོད་པས། གཏེར་ཞུང་རྡོ་རྗེའི་ཚིག་རྐང་ལས། གཞན་ཡང་དཀྱིལ་འཁོར་གཙོ་བོ་ཡི༔ དུང་ཁང་འབར་བ་ཁྲོ་བོ་དང་༔ མགྲིན་པ་རིག་འཛིན་བླ་མའི་ཚོགས༔ སྙིང་ཁར་ཞི་བ་དབྱིངས་ཀྱི་ལྷ༔ མ་འདྲེས་ཚོམ་བུའི་ཚུལ་དུ་སྒོམ༔ ཕྱི་ནང་གསང་བའི་མཆོད་པ་ནི༔ བརྒྱ་རྩ་འབུལ་ཞིང་ལྷ་ཚོགས་ཀྱི༔ མཚན་ནས་བརྗོད་ལ་ཕྱག་ཀྱང་འཚལ༔ ངག་གི་སྒྲུབ་པ་བཟླས་པས་སྦྱངས༔ ཡིད་ཀྱི་རྟོག་སྒྲིབ་ལྟ་བས་བཤགས༔ ཐུན་མོང་ཚོགས་ཀྱི་མཆོད་པས་བསྐང་༔ དེས་ནི་ཉམས་ཆགས་མ་ལུས་དག༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ ཅེས་གསུངས་ [2a] པའི་བསྟན་དོན་ཉམས་སུ་བླང་བར་འདོད་པས། སྒྲུབ་གཞི་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་གྱི་སྟེང་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་སྟེང་འོག་གི་ཚུལ་དུ་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པའི་ཁར་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་སིནྡྷུར་རས་བརྡལ་བར་ཆོས་འབྱུང་མཱུྃ་ཡིག་གིས་མཚན་པ་དར་དམར་གྱིས་བཀབ་པའི་སྟེང་འཇའ་ཤེལ་དང་བཅས་པ་བཤམས། དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཚེ་ལྷའི་སྒྲུབ་གཏོར་ཞི་བ་དང་། ཁྲོ་བོའི་གཏོར་མ་སྨན་གཏོར་རཀྟ་ཉེར་སྤྱོད་བཅས་བརྒྱ་རྩ་ལ་སོགས་པ་ཅི་འབྱོར་བའི་མཆོད་པའི་རྣམས་གྲངས་དག་གཙང་བཀོད་ལེགས་སུ་བཀྲམ། སྒྲུབ་གཞི་ལྷ་ཡི་དཀྱིལ་འཁོར་སྣང་སྲིད་དག་པ་རབ་འབྱམས་ཡེ་གྲོལ་ལྷུན་རྫོགས་ཀྱི་དགོངས་པ་སྲོག་ཏུ་བཟུང་། བསྐྱེད་ [2b] རིམ་ལྷ་ཡི་སྣང་ཆ་བདག་ཉིད་འཆི་མེད་པདྨ་ཚེ་དཔག་མེད་ཀྱི་སྐུའི་གནས་སུ་ཞི་ཁྲོའི་ལྷ་ཚོགས་གསལ་གདབ་པ། ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སོགས་ནས། དཀྱིལ་འཁོར་ཆེན་པོར་ལྷུན་གྲུབ་གྱུར༔ ཞེས་པའི་འཕྲོས་སུ། བྷྲཱུྃ་བི་ཤྭ་བི་ཤངྔྷེ༔ བདག་ཉིད་འཆི་མེད་ཚེ་དཔག་མེད་མགོན་གྱི༔ ཀླད་པ་དུང་ཁང་དུར་ཁྲོད་གཞལ་ཡས་ཁང་༔ ལྟེ་བར་འཁོར་ལོ་རྩིབས་བཞི་པད་ཉིའི་སྟེང་༔ ཁྱུང་དོམ་ཁྱུ་མཆོག་སྟག་གཟིག་རྣམས་ཀྱི་ཁྲིར༔ དབུས་སུ་བུདྡྷ་ཧེ་རུ་ཀ་དཔལ་ནི༔ སྨུག་ནག་འཁོར་ལོ་གཡས་ལ་དུང་ཁྲག་གཡོན༔ བུདྡྷ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔ ཤར་དུ་བཛྲ་ཧེ་རུ་ཀ་དཔལ་ནི༔ མཐིང་ནག་རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ བཛྲ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀ་དཔལ་ནི༔ སེར་ནག་རིན་ཆེན་གཡས་ལ་དུང་ཁྲག་གཡོན༔ རཏྣ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཧེ་རུ་ཀ་དཔལ་ནི༔ དམར་ནག་པདྨ་གཡས་ལ་དུང་ཁྲག་གཡོན༔ པདྨ་ཀྲོ་དྷི་ཤྭ་རཱི་གཉིས་མེད་འཁྲིལ༔ བྱང་དུ་ཀརྨ་ཧེ་རུ་ཀ་དཔལ་ནི༔ ལྗང་ནག་རྒྱ་གྲམ་གཡས་ལ་དུང་ཁྲག་གཡོན༔ ཀརྨ་ཁྲ་ངྷི་ཤྭ་རཱི་གཉིས་མེད་འཁྲིལ༔ རྩིབས་མཆན་དུར་ཁྲོད་རྣམས་སུ་ཞིང་གི་གདན༔ ཤར་ལྷོར་ཀེའུ་རི་དཀར་མོ་ཞིང་དབྱུག་འཛིན༔ ལྷོ་ནབ་ཚོའུ་རི་སེར་མོ་མདའ་གཞུ་འགེངས༔ ནུབ་བྱང་པྲ་མོ་དམར་མོ་ཆུ་ [3a] སྲིན་འཛིན༔ བྱང་ཤར་བེ་ཏ་ལྗང་ནག་རྡོ་རྗེ་འཛིན༔ ཕྱི་ཡི་མཚམས་ཀྱི་གྲུ་ཆད་བཞི་པོ་ལ༔ ཀར་ལྷོར་ཙཎྜ་སེར་སྐྱ་ཞིང་དབྱུག་འཛིན༔ ལྷོ་ནུབ་སྨེ་ཤ་ལྗང་དམར་བྷན་གྲི་འཛིན༔ ནུབ་བྱང་གྷསྨ་ལྗང་ཁུ་རལ་གྲི་འཛིན༔ བྱང་ཤར་པུ་སྐ་མཐིང་སྐྱ་རྒྱུ་མ་འདྲེན༔ ཁྱམས་ཀྱི་ཕྱོགས་མཚམས་བརྒྱད་ལ་ཞིང་གདན་ལ༔ ཤར་དུ་སེང་ཧ་དཀར་མོ་ཞིང་ཆེན་ཟབ༔ ལྷོ་རུ་བྱཱ་གྷྲྀ་དམར་མོ་ལག་གཉིས་བསྣོལ༔ ནུབ་ཏུ་སྲི་ལ་ཝ་གདོང་རྒྱུ་མ་ཟ༔ བྱང་དུ་ཤྭ་ན་མཐིང་ནག་བྱིས་སྙིང་འདྲེན༔ ཤར་ལྷོར་ཀྲྀ་ཏ་རྒོད་མགོ་ཞིང་ལུས་ཕྲལ༔ ལྷོ་ནུབ་ཀཾ་ཀ་མཐིང་ནག་ཞིང་ཕྲག་ཁུར༔ ནུབ་བྱང་ཁ་ཁ་ནག་མོ་རལ་གྲི་ཕྱར༔ བྱང་ཤར་ཧུ་ལུ་མཐིང་ནག་རྡོ་རྗེ་འཛིན༔ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོ་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བསྣམས༔ བྱང་སྒོར་སྦྲུལ་གདོང་ལྗང་མོ་དྲིལ་བུ་འཛིན༔ དེ་ཡི་ཕྱི་རིམ་ཁོར་ཡུག་ཆེན་མོ་རུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད་ནི༔ ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་འཛིན་ཅིང་སྣ་ཚོགས་གཟུགས༔ གདོད་ནས་ལྷུན་གྱིས་གྲུབ་པའི་སྐུ་རུ་བསམ༔ མགྲིན་པ་རོ་འདུས་འཁོར་ལོའི་གཞལ་ཡས་སུ་། །པདྨ་ [3b] འདབ་བརྒྱད་ལྟེ་བའི་གེ་སར་ལ། །རྣམ་པར་སྨིན་པའི་རིག་འཛིན་ཆེན་པོ་ནི། །སྐུ་མདོག་དམར་གསལ་རང་འོད་ཡུམ་དང་འཁྲིལ། །ཤར་དུ་ས་ལ་གནས་པའི་རིག་འཛིན་ནི། །དཀར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །ལྷོ་ཕྱོགས་ཚེ་ལ་དབང་བའི་རིག་འཛིན་ནི། །སེར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ༔ །ནུབ་ཕྱོགས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། །དམར་གསལ་མདངས་ལྡན་རང་འོད་ཡུམ་དང་འཁྲིལ། །བྱང་ཕྱོགས་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། །ལྗང་གསལ་མཛེས་འཛུམ་རང་འོད་ཡུམ་དང་འཁྲིལ། །ཡབ་ཡུམ་རྡོར་དྲིལ་གྲི་གུག་ཐོད་ཁྲག་འཛིན། །བརྐྱང་བསྐུམ་གར་གྱིས་འཇའ་འོད་ཀློང་དུ་བཞུགས། །སྙིང་ཁར་རིན་ཆེན་འབར་བའི་གཞལ་ཡས་ཁང་༔ འཁོར་ལོ་རྩིབས་བཞིའི་དབུས་དང་ཕྱོགས་རྣམས་སུ༔ སེངྒེ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་ཁྲི་དང་པདྨ་ཟླ་བའི་སྟེང་༔ དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར༔ འཁོར་ལོ་དྲིལ་བུ་འཛིན་ཅིང་སྐྱིལ་སྐྲུང་བཞུགས༔ དབྱིངས་ཕྱུག་སྔོན་མོ་འཁོར་ལ་དྲིལ་འཛིན་འཁྱུད༔ ཤར་དུ་མི་བསྐྱོད་རྡོར་སེམས་སྐུ་མདོག་མཐིང་༔ རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྤྱན་མ་དཀར་མོ་རྡོ་རྗེ་དྲིལ་འཛིན་འཁྱུད༔ [4a] ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ རིན་ཆེན་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ མ་ཀཱི་སེར་མོ་རིན་ཆེན་དྲིལ་འཛིན་འཁྱུད༔ ནུབ་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར༔ པདྨ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ གོས་དཀར་དམར་མོ་པདྨ་དྲིལ་འཛིན་འཁྱུད༔ བྱང་དུ་དོན་ཡོན་གྲུབ་པ་སྐུ་མདོག་ལྗང་༔ རལ་གྲི་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྒྲོལ་མ་ལྗང་གསལ་རལ་གྲི་དྲིལ་འཛིན་འཁྱུད༔ རྩིབས་མཆན་རྣམས་སུ་ནང་གི་སེམས་དཔའ་ནི༔ ཤར་ལྷོར་ས་སྙིང་དཀར་པོ་མྱུ་གུ་འཛིན༔ ལཱ་སྱ་དཀར་མོ་མེ་ལོང་འཛིན་པས་འཁྱུད༔ ལྷོ་ནུབ་ནམ་སྙིང་སེར་གསལ་རིན་ཆེན་འཛིན༔ མཱ་ལེ་སེར་མོ་ཕྲེང་བ་འཛིན་པས་འཁྱུད༔ ནུབ་བྱང་སྤྱན་རས་གཟིགས་དམར་པདྨ་འཛིན༔ གཱིརྟི་དམར་མོ་པདྨ་འཛིན་པས་འཁྱུད༔ བྱང་ཤར་གསང་བདག་མཐིང་ག་རྡོ་རྗེ་འཛིན༔ ནཱིརྟི་ལྗང་མོ་གར་བསྒྱུར་མཛད་ཅིང་འཁྱུད༔ གྲུ་ཆད་རྣམས་སུ་ཕྱི་ཡི་སེམས་དཔའ་ནི༔ ཤར་ལྷོར་བྱམས་པ་དཀར་སེར་ཀླུ་ཤིང་འཛིན༔ པུཥྤེ་དཀར་མོ་མེ་ཏོག་འཛིན་པས་འཁྱུད༔ ལྷོ་ནུབ་སྒྲུབ་སེལ་དམར་སེར་མེ་ཏོག་འཛིན༔ དྷཱུ་པེ་སེར་མོ་སྤོས་ཕོར་འཛིན་པས་འཁྱུད༔ ནུབ་བྱང་ [4b] ཀུན་བཟང་དམར་ལྗང་སྙེ་མ་འཛིན༔ མར་མེ་དམར་མོ་མར་མེ་འཛིན་པས་འཁྱུད༔ བྱང་ཤར་འཇམ་དཔལ་ལྗང་སྐྱ་ཨུཏྤལ་འཛིན༔ དྲི་ཆབ་ལྗང་མོ་དུང་ཕོར་འཛིན་པས་འཁྱུད༔ ཀུན་ཀྱང་གཡོན་པས་དྲིལ་བུ་འཛིན་པའོ༔ ཤར་ནུབ་གཉིས་སུ་རིན་ཆེན་པདྨ་དང༔ ཉི་ཟླའི་གདན་ལ་ཀུན་བཟང་ཡབ་ཡུམ་ནི༔ མཐིང་གསལ་མཉམ་བཞག་མཛད་ཅིང་སྐྱིལ་ཀྲུང་བཞུགས༔ ཁྱམས་ཀྱི་ཕྱོགས་མཚམས་རྣམས་སུ་ཐུབ་པ་དྲུག༔ བརྒྱ་བྱིན་དཀར་པོ་རིན་ཆེན་པི་ཝང་སྒྲེང་༔ ཐག་བཟང་ལྗང་ཁུ་རལ་གྲི་གོ་ཆ་བསྣམས༔ ཤཱཀ་ཐུབ་སེར་པོ་གསེག་ཤང་པར་བུ་འཛིན༔ སེངྒེ་རབ་བརྟན་མཐིང་གསལ་གླེགས་བམ་འཛིན༔ ཁ་འབར་དམར་པོ་ཟས་ཀྱི་སྒྲོམ་བུ་བསྣམས༔ ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པ་རྣམས༔ ཆགས་བྲལ་ཆོས་གོས་གསུམ་གསོལ་སྤྲུལ་སྐུའི་ཚུལ༔ སྒོ་བཞི་ཉི་མ་འབར་བའི་གདན་རེ་ལ༔ ཤར་སྒོར་ཁྲོ་བོ་སྟོབས་ཆེན་སྐུ་མདོག་སྨུག༔ གཡས་པས་རྡོ་རྗེ་གཡོན་པསདུང་ཁྲག་འཛིན༔ གནོད་སྦྱིན་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྲིལ༔ ལྷོ་སྒོར་ཁྲོ་བོ་གཤིན་རྗེ་སྐུ་མདོག་སེར༔ གཡས་པསབེ་ཅོན་གཡོན་པས་ཐོད་ཁྲག་བསྣམས༔ འཇིགས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྲིལ༔ ནུབ་སྒོར་ཁྲོ་བོ་རྟ་ [5a] མགྲིན་སྐུ་མདོག་དམར༔ གཡས་པས་ཐོད་དབྱུག་སྦྲུལ་དཀྲིས་ཐོད་ཁྲག་བསྣམས༔ གསོད་བྱེད་དམར་མོ་ལྕགས་སྒྲོག་འཛིན་པས་འཁྲིལ༔ བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་༔ གཡས་པས་རྒྱ་གྲམ་གཡོན་པས་ཐོད་ཁྲག་འཛིན༔ མཐར་བྱེད་ལྗང་མོ་དྲིལ་བུ་འཛིན་པས་འཁྲིལ༔ འོད་ཟེར་འབར་ཞིང་ཐིག་ལེ་འཁྲུགས་པའི་ཀློང་༔ ཆ་ལུགས་རྒྱན་རྫོགས་བདེ་ཆེན་ངོ་བོར་བསམ༔ གདོད་ནས་དག་པའི་ཡེ་ཤེས་པ༔ སོགས་ནས། ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ དེ་ལྟར་གསལ་བའི་གནས་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ དབྱངས་དང་རོལ་མོའི་འགྱུར་བ་དང་བཅས་ཏེ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ནས། བློ་འདས་ཆོས་ཟད་དངོས་གྲུབ་སྩོལ༔ ཧཱུྃ༔ འོག་མིན་མེ་རི་འབར་བའི་ཞིང་༔ གསང་ཆེན་རོལ་པའི་དུར་ཁྲོད་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ལྷ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རིག་པ་འཛིན་པའི་སར་བཞུགས་ [5b] པའི། །དབྱིངས་ལས་རིག་རྩལ་སྐུར་བཞེངས་པ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །དད་དང་གདུང་བས་སྤྱན་འདྲེན་ན། །མོས་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ༔ དྭངས་མ་ལྔ་ལྡན་འོད་ལྔའི་ཞིང་། །མི་ཤིགས་ཐིག་ལེའི་ཞིང་ཁམས་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ལྷ། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཧཱུྃ༔ ལྷུན་གྲུབ་ཐིག་ལེ་ཆེན་པོའི་ཀློང་། །འོད་གསལ་ཀ་དག་ཞིང་ཁམས་ནས། །རྩ་གསུམ་རྒྱལ་བའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི །ལུས་ངག་ཡིད་ལ་ཡེ་ཤེས་བསྐྱེད། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ ཨོཾ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་རྟུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ དབྱིངས་ལས་སྤྱན་དྲངས་ཡེ་ཤེས་ལྷ༔ སོགས་ནས་ཕྱག་འཚལ་མཆོད་པ་རྣམས་གཞུང་ལྟར་སོང་ནས། བདུད་རྩི་སྨན་མཆོད་ཀྱི་སྐབས་བརྒྱུད་མཆོད་ནི། ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་པའི་སྐུར་སྣང་པདྨ་ཀུན་ཏུ་འཆང་། །གསང་བའི་གཟུངས་མ་རྒྱལ་ཡུམ་ [6a] མཁར་ཆེན་བཟའ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ལང་འགྲོ་ལོ་ཧཱ་མཉམ་མེད་གྲགས་པ་དཔལ། །སྤྲུལ་པའི་གཏེར་སྟོན་ཆོས་བདག་བརྒྱུད་པར་བཅས། །རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་༴ །ཨོཾ་སརྦ་པཉྩ་༴ ཁྲག་འཐུང་རིགས་ལྔ་གནས་ཡུལ་ཞིང་སྐྱོང་མ། །སྤོར་བྱེད་སྒོ་སྐྱོང་དབང་ཕྱུག་མ་མོའི་ཚོགས། །ཁྲག་འཐུང་འབར་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་༴ །ཨོཾ་སརྦ་པཉྩ་༴ རྣམ་སྨིན་ཚེ་དབང་སར་གནས་རིག་པ་འཛིན། །ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་ཡི། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་༴ །ཨོཾ་སརྦ་པཉྩ་༴ ཞི་བ་རིགས་ལྔ་སེམས་དཔའ་སེམས་མ་དང་། །འགྲོ་འདུལ་ཐུབ་དྲུག་སྤྲུལ་པའི་སྒོ་བ་བཞི། །བཞི་བཅུ་རྩ་གཉིས་ཞི་བའི་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་༴ །ཨོཾ་སརྦ་པཉྩ་༴ མ་མགོན་གཟའ་རྡོར་ཞིང་སྐྱོང་མ་མོ་བཅས། །གཏེར་གྱི་གཉེར་འཛིན་ལྷ་ཡི་དགེ་བསྙེན་སོགས། །སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་༴ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཀཱ་ཡ་སིདྡྷི་ཨོཾ། [6b] ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་བདུད་རྩི་གནས་གསུམ་དུ་རེག་ལ་དངོས་གྲུབ་བླངས། གཏོར་མ་དང་རཀྟའི་མཆོད་པ་ནས་བརྩམ་བསྟོད་པའི་མཇུག །བརྗོད་མེད་གཞི་དོན་རིག་པར་ཤོག༔ ཅེས་པའི་འཕྲོས་སུ། ཧཱུྃ། རིག་རྩལ་རལ་པའི་འཕྲོ་འདུ་ལས། །དུང་ཁང་འབར་བའི་གཞལ་ཡས་སུ། །ཁྲག་འཐུང་རོལ་པའི་ལྷ་ཚོགས་རྣམས། །སྒེག་ཅིང་དཔའ་བ་མི་སྡུག་སྐུ། །རྒོད་པ་དྲག་ཤུལ་འཇིགས་རུང་གསུང་། །སྙིང་རྗེ་རྔམས་ཞི་ཡེ་ཤེས་ཐུགས། །འཁོར་བ་དབྱིངས་སྒྲོལ་ཕྲིན་ལས་ལྡན། །ལྔ་བཅུ་རྩ་བརྒྱད་ལྷ་ལ་བསྟོད། །ཧཱུྃ། ལོངས་སྤྱོད་འཁོར་ལོའི་གཞལ་ཡས་སུ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས། །ཞི་ཆགས་ཁྲོ་བོའི་ཉམས་བརྒྱས་སྒེག །ཁམས་གསུམ་འཁོར་བའི་བག་ཆགས་བསྒྲལ། །ཡེ་ཤེས་རིག་རྩལ་གོང་དུ་སྤོར། །རིག་འཛིན་དཔའ་བོ་མཁའ་འགྲོ་ལ། །ལུས་ངག་ཡིད་གསུམ་གུས་པས་བསྟོད། །ཧཱུྃ། ཐུགས་ཉིད་དྭངས་མའི་ཐིག་ལེ་རུ། །ལྔ་ལྡན་འོད་ཀྱི་གུར་ཁང་དབུས། །ཕུང་ལྔ་རྣམ་དག་གཤེགས་པ་ལྔ། །འབྱུང་ལྔ་དག་པའི་ཡུམ་དང་འཁྲིལ། །དབང་ཡུལ་སེམས་དཔའ་སེམས་མ་དང་། །ཡིད་ཆོས་གནས་དག་ཀུན་ཏུ་བཟང་། །རྟག་ཆད་གནས་དག་ཁྲོ་བོ་བཞི། །བཞི་བཅུ་རྩ་གཉིས་ཞི་བའི་ [7a] ཚོགས། །འཁོར་འདས་རང་གྲོལ་ལྷ་ལ་བསྟོད། །དེ་ནས། ཧཱུྃ༔ མ་བཅོས་རིག་པ་འདུས་མ་བྱས༔ སོགས་ཛཔྲ་བསྐུལ་ནས་བརྩམ་བཟླས་པའི་ཐོག་མར། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་གཉིས་པ་ཞིག་འཕྲོས་ཏེ་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་བསམ་ལ། བདག་མདུན་ལྷའི་སྐུར་གསལ་བའི༔ སོགས་ནས་གཞུང་གི་བཟླས་པ་སོང་ནས། ཨོཾ་ཨཱཿཧཱུྃ། རང་ཉིད་རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེ། །དུང་ཁང་འབར་བ་ཁྲོ་བོའི་དཀྱིལ་འཁོར་དང་། །མགྲིན་པའི་འཁོར་ལོར་རིག་འཛིན་བླ་མའི་ཚོགས། །སྙིང་ཁར་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ། །དེ་དག་སྐུ་ལས་འོད་ཟེར་རབ་འཕྲོས་ཤིང་། །དུག་ལྔ་སྒྲིབ་པའི་འཁྲུལ་སྣང་ཀུན་འཇོམས་ཏེ། །འོད་གསལ་ཡེ་ཤེས་ཀློང་དུ་གསལ་བར་བསམ། ཨོཾ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། ཞེས་གང་མང་བཟླས། བུམ་པ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། །རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ། །རང་སྲོག་སྔགས་ཀྱི་འོད་ཟེར་ནི། །གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། ། [7b] བབ་པས་བུམ་པ་ཡོངས་གང་གྱུར། །རྩ་སྔགས་མཐར་ བོ་ངྷི་ཙིཏྟ་དང་། རུ་ལུའི་མཐར་ཀཱ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ། ཞེས་སྟོང་དུ་ཚང་བར་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ལ་སྟོང་ཚིག་འབུལ། ཨོཾ་ཨཱཿཧཱུྃ། ཞེས་པས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་། །ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་ཞགས་འཛིན་དེའི་སྐུ་ལས། །བབ་པའི་བདུད་རྩིའི་བུམ་པ་གང་། ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླས་མཐར། ཨོཾ་ཨཱཿཧཱུྃ། ཞེས་པས་མཆད་ཡོན་ཕུལ་བས། བུམ་ལྷ་འོད་དུ་ཞུ་བ་བདུད་རྩིའི་ཆུར་གྱུར་པས་དངོས་པོ་གང་ལ་འཐོར་བས་ཉེས་སྐྱོན་ཐམས་ཅད་སྦྱངས་པའི་ནུས་པ་དང་ལྡན་པར་བསམ་ལ། སྐབས་འདིར་རིགས་དྲུག་གནས་སྦྱོང་གི་དམགས་པ་སྤྲོ་ན། རང་ཉིད་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུམ་ཐུགས་ཀྱི་གསང་བ་ལས། །འོད་ཟེར་འཇའ་ཚོན་ལྟ་བུའི་ཚོགས། །སྔགས་ཀྱི་རང་སྒྲ་སྒྲོག་བཞིན་འཕྲོས། །ཁམས་གསུམ་སྣོད་བཅུད་འོད་ཀྱིས་གང་། །རིགས་དྲུག་གནས་རྣམས་དོང་ནས་སྤྲུག །དམིགས་ཡུལ་གཙོ་བྱས་སེམས་ཅན་རྣམས། །སངས་རྒྱས་གོ་འཕང་ཐོབ་པར་བསམ། །ཞི་ཁྲོའི་རྩ་སྔགས་གསུམ་ [8a] གྱི་མཐར། མ་མ་ཀོ་ལིང་ས་མནྟ༔ སརྦ་པཱ་པཾ་བི་ཤུདྡྷེ་སྭཱཧཱ༔ ཞེས་དང་ཡི་གེ་བརྒྱ་པ་ཡང་ཅུང་ཟད་བཟླ། བྱེ་མ་དང་ཡུངས་ཀར་ལ་ཕུས་གདབ། དེ་ནས་སྤྱི་དང་བྱེ་བྲག་གི་སྲུང་མའི་གཏོར་འབུལ་སོང་ནས། དེ་ནས་བསོད་ནམས་བསགས་པའི་ཕྱིར༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་སོགས་ཚོགས་གཉིས་བསགས་པའི་ཕྱིར༔ སྟོང་གསུམ་འདིའམ་གཞན་དག་ན༔ ཡན་ལག་བརྒྱད་ལྡན་ཆུ་བོ་ཀུན༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་འབུལ༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ཡི་༴ རྒྱལ་བ་ཞི་ཁྲོ་༴ མཁའ་འགྲོ་ཆོས་སྐྱོང་༴ བདག་སོགས་ཚོགས་གཉིས་༴ སྟོང་གསུམ་འདིའམ་༴ དག་བྱེད་སྨན་དང་སྤོས་ཆུའི་རིགས༔ རྒྱལ་བ་ཞི་ཁྲོའི་༴ ལུས་ངག་ཡིད་གསུམ་༴ བསོད་ནམས་ཡེ་ཤེས་༴ ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ཡི་༴ རྒྱལ་བ་ཞི་ཁྲོ་༴ མཁའ་འགྲོ་ཆོས་སྐྱོང་༴ བདག་སོགས་ཚོགས་གཉིས་༴ སྟོང་གསུམ་འདིའམ༴ ངོ་མཚར་མེ་ཏོག་ལྟ་ན་སྡུག༔ རྒྱལ་བ་ཞི་ཁྲོའི་༴ ལུས་ངག་ཡིད་གསུམ་༴ བསོད་ནམས་ [8b] ཡེ་ཤེས་༴ ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ཡི་༴ རྒྱལ་བ་ཞི་ཁྲོ་༴ མཁའ་འགྲོ་ཆོས་སྐྱོང་༴ བདག་སོགས་ཚོགས་གཉིས་༴ སྟོང་གསུམ་འདིའམ་༴ ལྷན་ཅིག་སྐྱེས་དངམ་སྦྱར་བའི་དྲི༔ རྒྱལ་བ་ཞི་ཁྲོའི་༴ ལུས་ངག་ཡིད་གསུམ་ བསོད་ནམས་ཡེ་ཤེས་༴ ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ཡི་༴ རྒྱལ་བ་ཞི་ཁྲོ་༴ མཁའ་འགྲོ་ཆོས་སྐྱོང་༴ བདག་སོགས་ཚོགས་གཉིས་༴ སྟོང་གསུམ་འདིའམ་༴ ཉི་ཟླ་ལ་སོགས་སྣང་གསལ་སྒྲོན༔ རྒྱལ་བ་ཞི་ཁྲོའི་༴ ལུས་ངག་ཡིད་གསུམ་༴ བསོད་ནམས་ཡེ་ཤེས་༴ ཧཱུྃ་ཧྲཱི༔ རྩ་གསུམ་ཚེ་ཡི་༴ རྒྱལ་བ་ཞི་ཁྲོ་༴ མཁའ་འགྲོ་ཆོས་སྐྱོང་༴ བདག་སོགས་ཚོགས་གཉིས་༴ སྟོང་གསུམ་འདིའམ་༴ བདེ་བ་སྐྱེད་པ་དྲི་ཡི་ཆབ༔ རྒྱལ་བ་ཞི་ཁྲོའི་༴ ལུས་ངག་ཡིད་གསུམ་༴ བསོད་ནམས་ཡེ་ཤེས་༴ ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ཡི་༴ རྒྱལ་བ་ཞི་ཁྲོ་༴ མཁའ་འགྲོ་༴ བདག་སོགས་ཚོགས་གཉིས་༴ སྟོང་གསུམ་འདིའམ་༴ དཀར་གསུམ་མངར་གསུམ་བཟའ་བཅའི་རིགས༔ རྒྱལ་བ་ཞི་ཁྲོའི་༴ ལུས་ངག་ཡིད་གསུམ་༴ བསོད་ནམས་ཡེ་ཤེས་༴ ཧཱུྃ་ཧྲཱིཿ རྩ་གསུམ་ཚེ་ཡི་༴ རྒྱལ་བ་ཞི་ཁྲོ༴ མཁའ་འགྲ་ཆོས་སྐྱོང་༴ བདག་སོགས་ཚོགས་ [9a] གཉིས༴ སྟོང་གསུམ་འདིའམ་༴ སྙན་འགྱུར་རོལ་མོའི་སྒྲ་དབྱངས་སོགས༔ རྒྱལ་བ་ཞི་ཁྲོའི་༴ ལུས་ངག་ཡིད་གསུམ་༴ བསོད་ནམས་ཡེ་ཤེས་༴ དེ་ནས་ནང་མཆོད་འབུལ་བ་ནི༔ ཧཱུྃ༔ སྤྱི་གཙུག་བདེ་ཆེན་བྷནྡྷ་རུ༔ གོ་རོ་ཙ་ནའི་བདུད་རྩིས་བཀང་༔ འདི་ནི་བདུད་རྩི་སྨན་གྱི་མཆོག༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་། ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ མགྲིན་པ་ལོངས་སྤྱོད་བྷནྡྷ་རུ༔ དམར་གསལ་བྱང་སེམས་བདུད་རྩིས་བཀང་༔ འདི་ནི་བདུད་རྩི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ སྙིང་ག་ཆོས་ཀྱི་བྷནྡྷ་རུ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་༔ འདི་ནི་བདུད་རྩི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ ལྟེ་བ་སྤྲུལ་པའི་བྷནྡྷ་རུ༔ སེར་གསལ་དྲི་ཆེན་བདུད་རྩིས་བཀང་༔ འདི་ནི་བདུད་རྩི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ གསང་བ་བདེ་སྐྱོང་བྷནྡྷ་རུ༔ དག་བྱེད་དྲི་ཆུའི་བདུད་རྩིས་བཀང་༔ འདི་ནི་བདུད་རྩི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ དེ་ནས་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ གཏི་མུག་བསྒྲལ་ [9b] པའི་བྷནྡྷ་རུ༔ ཆོས་ཀྱི་དབྱིངས་ཀྱི་རཀྟས་བཀང་༔ ཆགས་མེད་རཀྟའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ འདོད་ཆགས་བསྒྲལ་བའི་བྷནྡྷ་རུ༔ སོར་རྟོག་ཡེ་ཤེས་རཀྟས་༴ ཆགས་མེད་རཀྟའི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས༔ ཞེ་སྡང་བསྒྲལ་བའི་བྷནྡྷ་རུ༔ མེ་ལོང་ཡེ་ཤེས་རཀྟས་བཀང་༔ ཆགས་མེད་རཀྟའི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ ང་རྒྱལ་བསྒྲལ་བའི་བྷནྡྷ་རུ༔ མཉམ་ཉིད་ཡེ་ཤེས་རཀྟས་བཀང་༔ ཆགས་མེད་རཀྟའི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ ཕྲག་དོག་བསྒྲལ་བའི་བྷནྡྷ་རུ༔ བྱ་གྲུབ་ཡེ་ཤེས་རཀྟས་བཀང་༔ ཆགས་མེད་རཀྟའི་༴ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ ཞིང་ཆེན་པགས་པའི་གཏོར་གཞོང་དུ༔ ཤ་དང་རུས་པའི་གཏོར་མ་བཤམས༔ དབང་པོ་རྣམ་ལྔས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ འཁོར་ལོ་ལྔ་ཡི་གཏོར་གཞོང་དུ༔ བདུད་རྩི་ལྔ་ཡི་གཏོར་མ་བཤམས༔ དོན་སྣོད་ལྔ་ཡིས་ [10a] བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ དྭངས་གསལ་རྩ་ཡི་གཏོར་གཞོང་དུ༔ ཡེ་ཤེས་ཀློང་ལྔའི་གཏོར་ཆེན་བཤམས༔ དཀར་དམར་ཐིག་ལེས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ ཐབས་དང་ཤེས་རབ་གཏོར་གཞོང་དུ༔ རྩ་རླུང་ཐིག་ལེའི་གཏོར་མ་བཤམས༔ བདེ་བ་ཆེན་པོས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ ཀུན་ཁྱབ་དབྱིངས་ཀྱི་གཏོར་གཞོང་དུ༔ རང་གསལ་ཡེ་ཤེས་གཏོར་མ་བཤམས༴ སྣ་ཚོགས་སྣང་བས་བརྒྱན་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་༔ ཐམས་ཅད་འདུས་པའི་མཆོད་པ་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་བྷནྡྷ་རུ༔ དགའ་བའི་རང་བཞིན་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ གཉིས་མེད་མཉམ་སྦྱོར་བྷནྡྷ་རུ༔ མཆོག་གི་དགའ་བའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ དཀར་དམར་འབབ་པའི་བྷནྡྷ་རུ༔ ཁྱད་པར་དགའ་བའི་ཚོགས་གཏོར་ [10b] བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ བྱང་སེམས་འདྲེས་པའི་བྷནྡྷ་རུ༔ དགའ་བྲལ་ཡེ་ཤེས་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ བདེ་བ་གྱེན་འཁྱིལ་བྷནྡྷ་རུ༔ ལུགས་ལྡོག་དགའ་བ་ཞིའི་ཚོགས་གཏོར་བཤམས༔ རྨད་དུ་བྱུང་བའི་མཆོད་པ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ མཉམ་རྫོགས་ཡེ་ཤེས་མཆོད་པ་ནི༔ ཧཱུྃ༔ ཕུང་པོ་ལུས་ཀྱི་ཀོང་བུ་རུ༔ རྩ་གསུམ་འཁོར་ལོའི་སྡོང་བུ་བཙུག༔ བདུད་རྩི་རྣམ་ལྔའི་མར་ཁུས་གཏམས༔ ཡེ་ནས་དག་པའི་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་དང་༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ ཡབ་ཡུམ་ཐབས་ཤེས་ཀོང་བུ་རུ༔ བྱང་ཆུབ་སེམས་ཀྱི་མར་ཁུས་གཏམས༔ རླུང་གི་འགྲོ་འོང་སྡོང་བུ་བཅུག༔ བདེ་བ་ཆེན་པོའི་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི༴ ཞི་ཁྲོ་རབ་འབྱམས་༴ སྣང་བ་བདེ་བའི་ཀོང་བུ་རུ༔ མཆེད་པ་གསལ་བའི་མར་ཁུས་གཏམས༔ ཐོབ་པ་མི་རྟོག་སྡོང་བུ་བཙུག༔ འོད་གསལ་ཡེ་ཤེས་མེ་ [11a] སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ ཡུལ་སྣང་སྟོང་པའི་ཀོང་བུ་རུ༔ དབང་པོའི་བྱེད་པས་མར་ཁུས་གཏམས༔ རྣམ་ཤེས་ཚོགས་བརྒྱད་སྡོང་བུ་བཙུག༔ གཉིས་མེད་སྤྲོས་བྲལ་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི་༴ ཞི་ཁྲོ་རབ་འབྱམས་༴ སྐྱེ་བ་མེད་པའི་ཀོང་བུ་རུ༔ འགགས་པ་མེད་པའི་མར་ཁུས་གཏམས༔ འགྲོ་འོང་གནས་མེད་སྡོང་བུ་བཙུག༔ ཕྱི་ནང་ཟང་ཐལ་མེ་སྦར་བ༔ རྨད་དུ་བྱུང་བའི་སྣང་གསལ་འདིས༔ རྩ་གསུམ་ཚེ་ཡི༴ ཞི་ཁྲོ་རབ་འབྱམས་༴ ཞེས་སོ། །སྐབས་འདིར་རིགས་དྲུག་གནས་སྦྱོང་བྱ་བར་སྤྲོ་ན་ཚེ་འདས་གནས་འདྲེན་སྐབས་ལྟར་ཚིག་ཁ་ཅུང་ཟད་བསྒྱུར་ནས་བྱའོ། །དང་པོ་ལུས་ཀྱི་སྒྲིབ་པ་སྦྱོང་བ་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་ནི། ཨེ་མ་ཧོཿ ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འདིར༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེ་འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔ རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་མཆོད་པར་བགྱི༔ ཨ་ལ་ལ་ཧོཿ དོན་དམ་ཆོས་དབྱིངས་ཡུམ་གྱི་བྷ་ [11b] གའི་ཀློང་༔ མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་ཆེན་པོ་ན༔ བཞུགས་པའི་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོཿ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ གསལ་འཚེར་ལྷུན་སྟུག་གཟི་བརྗིད་རབ་ཏུ་འཕྲོ༔ གཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཚུལ་དགུ་ལྡན༔ སངས་རྒྱས་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོཿ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པའི༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་༴ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ་༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་མ༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ རིགས་ཀྱི་ཡུམ་མཆོག་རྣམས་ལ་༴ རྣམ་ཤེས་དབང་པོ་དག་པའི་སྐུ་གསུང་ཐུགས༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་ [12a] མཆོག་སྟེ༔ ཉོན་མོངས་སྤྱོད་པའི་སྐྱོན་དང་བྲལ་བ་ཡི༔ སེམས་དཔའ་ཆེན་པོ་བརྒྱད་ལ་༴ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་བཅས༔ བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ༔ རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔ མཆོད་པའི་ལྷ་མོ་བརྒྱད་ལ་༴ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་མ༔ བདུད་ཀྱི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་༔ ཏ་ཀྲིཏ་སྒོ་བ་བཞི་ལ་༴ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་༔ མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཡེ་ཤེས་སྒོ་མ་བཞི་ལ་༴ སྟེང་འོག་ཕྱོགས་བཅུ་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་༔ འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པའི་སྐུར་སྟོན་པ༔ བཅོམ་ལྡན་ཐུབ་པ་དྲུག་ལ་འཚལ་ལོ༔ ཨ་ལ་ལ་ཧོཿ སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང་༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐང་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ [12b] ལ་ཧོཿ ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ རྒོད་དང་གཤེ་ལ་ཁྲོ་བར་བསྟན་པ་དང་༔ སྙིང་རྗེ་རྔམས་དང་ཞི་བའི་སྐུར་སྟོན་པ༔ འབར་བ་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོཿ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་པ༔ གདུག་པ་འདུལ་མཛད་ཁྲོ་ཆེན་འབར་བའི་སྐུ༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་༔ དགྱེས་པ་བསྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ༔ ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ ཀྲོ་དྷི་ཤྭ་རཱི་ཡུམ་ལ་༴ ཐུགས་རྗེ་ཐབས་མཁས་མ་རུང་འདུལ་མཛད་ཅིང་༔ ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་འཇོམས༔ སྲིད་གསུམ་བླ་མེད་དབྱིངས་སུ་བསྒྲལ་མཛད་པ༔ རིགས་བཞིའི་ཁྲག་འཐུང་ཚོགས་ལ་༴ ཁྲག་འཐུང་སོ་སོར་ཡབ་ཀྱི་སྐུ་ལ་འཁྲིལ༔ ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་གནོན༔ འགྲོ་རྣམས་ཐུགས་རྗེས་འདྲེན་ཕྱིར་མཛད་པའི་ཡུམ༔ རིགས་བཞི་ཁྲོ་མོ་ཡུམ་ལ་༴ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང་༔ [13a] ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔ ཀེའུ་རི་ཁྲོ་མོ་བརྒྱད་ལ་༴ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་དུ་གྲགས་མཛད་མ༔ སིང་ཧ་ཕྲ་མེན་བརྒྱད་ལ་༴ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་༔ སྒོ་སྲུང་ཁྲོ་མོ་བཞི་ལ་༴ དཔལ་གྱི་འཁོར་ཚོགས་བཛྲ་ཨ་ར་ལི༔ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ༴ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང་༔ མི་དགེ་ཚར་གཅོད་དགེ་བཅུ་དོན་དུ་བསྐུལ༔ ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོཿ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང་༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐང་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོཿ དུས་གསུམ་སངས་ [13b] རྒྱས་ཡོན་ཏན་ཀུན་རྫོགས་ཤིང་༔ གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་མཛད་པ༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་ཆོས་ཀྱི་སྐུ་༴ ལོངས་སྤྱོད་རྫོགས་པའི་སྐུ་ལ༴ ཅིར་ཡང་སྤྲུལ་པའི་སྐུ་ལ་༴ མི་འགྱུར་རྡོརྗེའི་སྐུ་ལ་༴ མངོན་པར་བྱང་ཆུབ་སྐུ་ལ༴ དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་༴ འབྱུང་བ་ལྔ་ལས་སྐུར་བཞེངས་པ༔ རྟག་པའི་རྒྱལ་མོ་ལྔ་ལ་༴ རང་བཞིན་དབྱིངས་ལས་གྲུབ་པ་མོ༔ དབྱིངས་ཕྱུག་ལྷ་མོ་ལྔ་ལ་༴ རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་༴ གཱ་ཎ་པ་ཏིའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་༴ ལྷ་མོ་དཔའ་མོའི་སྤྲུལ་པ་སྟེ༔ གིང་མོ་རྣམས་ལ་༴ འཇིག་རྟེན་ཁམས་ལ་མངའ་མཛད་མ༔ འཇིགས་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོ་མཁའ་འགྲོའི་ཚོགས་ལ༴ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའ་ཚོགས་ལ་ཕྱག་འཚལ་ལོ༔ གཉིས་པ་ངག་གི་སྡིག་སྒྲིབ་སྦྱོང་བ་ [14a] རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། ཨཱཿ རང་གི་སྤྱི་བོར་པད་ཟླའི་སྟེང་། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི། །དྲི་མེད་སྟོན་ཀའི་ཟླ་བའི་མདངས། །རྡོ་རྗེ་དྲིལ་བུ་འཛིན་པའི་རྒྱས༔ །ཡུམ་ཆེན་སྙེམས་མ་དཀར་མོ་འཁྲིལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །ཡིག་བརྒྱའི་སྔགས་ཀྱིས་བསྐོར་བ་དང་། །སྙོམས་འཇུག་བདེ་རོལ་སྦྱོར་མཚམས་ནས། །བདུད་རྩི་བྱང་ཆུབ་སེམས་རྒྱུན་བབས། །རང་གི་སྤྱི་གཙུག་ནས་ཞུགས་ཏེ། །ལུས་ཀྱི་ནང་གང་སྡིག་སྒྲིབ་དག །སྟོང་གསལ་འོད་ཀྱི་སྐུ་རུ་གྱུར། །ཨ་ལ་ལ་ཧོཿ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལཕྱག་འཚལ་ལོ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས། སཏྭ་ཨཱཿ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡི་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང་༔ ཉམས་ཆགས་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཧོཿ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཇི་བཞིན་མ་སྤྱད་ལུང་དང་འགལ༔ [14b] གསང་སྔགས་དམ་ཚིག་ཉམས་ཆགས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི༔ མ་འཆབ་མི་སྦེད་མཐོལ་ལོ་བཤགས༔ བླ་མ་རྡོ་རྗེ་སློབ་དཔོན་དང་༔ མཆེད་དང་ལྕམ་དྲལ་ལ་སོགས་པ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ མི་དགེ་བཅུ་ཡི་ལས་བགྱིད་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔ རྡོ་རྗེ་ཐེག་པའི་དམ་བླངས་ནས༔ མ་གུས་ཉེས་པར་བྱས་པ་སོགས༔ སྐུ་ཡི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ བསྐྱེད་རྫོགས་བཟླས་སྒོམ་བར་ཆོད་ཅིང་༔ ཚོགས་དང་གཏོར་མ་ཆག་ལ་སོགས༔ གསུང་གི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་༴ ཉམས་དང་མ་སྨིན་སེམས་ཅན་ལ༔ གསང་བ་བསྒྲག་པ་ལ་སོགས་པ༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་༴ སྤྱད་བྱ་ལྔ་དང་མ་སྤང་ལྔ༔ བླང་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཤེས་པར་བྱ་བ་ལྔ་ལ་སོགས༔ ཡན་ལག་དམ་ཚིག་ཉམས་ [15a] ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་༴ ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་ཀྱི་མཆོད་པ་ཆག༔ བསྙེན་སྒྲུབ་ཏིང་འཛིན་མ་གསལ་ལྟ་བ་ལོག༔ ཕུད་དང་གཙང་སྦྲ་མ་མཆིས་འབགས་བཙོག་ཤོར༔ ལེ་ལོ་སེར་སྣའི་དབང་དུ་གྱུར་པ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་༴ འདི་ནས་བཟུང་སྟེ་བྱང་ཆུབ་མཆིས་ཀྱི་བར༔ སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན༔ ལུས་དང་སྲོག་ལ་བབ་ཀྱང་མི་བགྱིས་པར༔ རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དམ་བཅའོ༔ ཁྱེད་ཀྱི་ཐུགས་རྗེས་བཏང་སྙོམས་མ་མཛད་པར༔ བྱམས་བརྩེ་ལྡན་པས་བུ་བཞིན་བསྐྱབ་ཏུ་གསོལ༔ དེ་ལྟར་མཐོལ་ཞིང་བཤགས་པས་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དག་གོ་ཞེས་གནང་བ་སྩལ་ཏེ་རང་ལ་ཐིམ་པར་བསམ་ལ། གསུམ་པ་ཡིད་ཀྱི་རྟོག་སྒྲིབ་སྦྱོང་བ་ཆོས་ཉིད་དོན་གྱི་བསྐང་བ་ནི། གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔ མ་འགགས་རོལ་པ་སྤྲུལ་པའི་སྐུ༔ ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཆོས་དབྱིངས་ནམ་མཁའ་ [15b] ཀློང་ཡངས་ནས༔ རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ རང་བཞིན་དང་ནི་བཅས་པ་ཡི༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ རང་གྲོལ་རིག་པའི་ཀློང་དུ་བཤགས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་དང་དབྱེར་མེད་རོ་མཉམ་ལ༔ བདག་ཏུ་བཟུང་བ་མཐོལ་ལོ་བཤགས༔ དྲན་རྟོག་ཆོས་ཉིད་རང་རྩལ་ལ༔ ཡེ་གྲོལ་བསྐྱར་གཞི་མེད་པ་ཡིན༔ ལྟ་བྱ་ལྟ་བྱེད་མེད་པ་ལ༔ ངོ་བལྟ་བྱས་པ་༴ སེམས་ཉིད་ཡེ་གྲོལ་འཁོར་ཡུག་འདི༔ ཡིད་བྱེད་བསྒོམ་པའི་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔ སྟོང་ཉིད་བསྒོམ་པ་༴ ཆོས་དབྱིངས་བརྡལ་བའི་ཡོ་ལངས་ལ༔ སྤང་བླང་སྤྱོད་པ་ཨ་ཐང་ཆད༔ སྤྱོད་བྱ་སྤྱོད་བྱེད་མེད་པ་ལ༔ བླང་དོར་སྤྱོད་པ་༴ རིག་པ་བཅིངས་གྲོལ་མེད་པ་ལ༔ ས་ལམ་འབད་པས་གྲོལ་བ་མཚར༔ ཐོབ་བྱ་ཐོབ་བྱེད་མེད་པ་ལ༔ སྤང་ཐོབ་འབྲས་བུ་༴ དྲན་རིག་རང་གྲོལ་ཐིག་ལེའི་ངང་༔ ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ལ༔ དྲན་པས་བཟུང་དང་མ་བཟུང་མེད༔ དྲན་པས་སྒྲོག་བཅིངས་༴ ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔ ཡེངས་དང་མ་ཡེངས་ག་ལ་ཡོད༔ ཡེ་ནས་ [16a] སྐྱེ་མེད་རྒྱ་ཡན་ལ༔ མ་ཡེངས་སེམས་འཛིན་༴ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ གང་གིས་གློད་ཅིང་སྒྲིམ་པར་ནུས༔ བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔ འབད་རྩོལ་སྒྲིམ་གློད་༴ རིས་མེད་སྟོང་པ་ནམ་མཁའི་སྲང་༔ བཙལ་བས་རྙེད་པར་མི་འགྱུར་ཏེ༔ འབད་རྩོལ་འདུ་བྱེད་འཁྲུལ་པའི་ལམ༔ རིག་རྩོལ་སྡུག་བཙིར་༴ མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔ དེ་ཉིད་གློད་ཅིང་དེ་ཉིད་བལྟ༔ འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔ ཡེ་དག་རལ་པ་མཐོལ་ལོ་བཤགས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིངས༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ས་ལམ་དྲོད་རྟགས་རེ་བས་བཅིངས༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང་༔ སྨིག་སྒྱུ་ཆུ་ཡིས་རང་ཉིད་བསླུས༔ བྱར་མེད་ཡེ་གྲོལ་ཀློང་དུ་༴ མི་རྟོག་གནས་པའི་འཁོར་ཡུག་དང་༔ བདེ་གསལ་མི་རྟོག་ཏིང་འཛིན་དང་༔ སྟོང་ཉིད་བློ་བྲལ་རིས་མེད་སོགས་༔ མྱོང་ཞེན་སྐྱེ་མེད་ཀློང་དུ་༴ དོན་དམ་ཆོས་དབྱིངས་སྤྲོས་བྲལ་ཀློང་༔ བསམ་མེད་དམིགས་མེད་བརྗོད་མེད་སོགས༔ གོ་མྱོང་ཡིད་ཀྱི་གཏད་སོ་ [16b] རྣམས༔ རིས་མེད་བསམ་འདས་ཀློང་དུ་༴ ཐོས་བསམ་འབད་རྩོལ་སྒོམ་པ་དང་༔ མི་སྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔ མ་བཅོས་ཆོས་སྐུའི་ཀློང་དུ་༴ གཏོད་གཞིག་འགུགས་དང་ཆེད་འཛིན་སྒོམ༔ སྒྲིམ་གློད་ངོ་ལྟ་ལ་སོགས་དང་༔ རྟག་ཆད་བསམ་གཞིག་ཡིད་བྱེད་ལ༔ བྱར་མེད་ཀ་དག་ཀློང་དུ༴ མ་བྱས་དགེ་ལ་རྗེས་ཡི་རངས་༔ སྐྱེ་མེད་ཆོས་འཁོར་བསྐོར་བ་དང་༔ སྐྱེ་འཆི་མེད་པར་རྟག་བཞུགས་ནས༔ ཇི་སྲིད་ནམ་མཁའི་མཐར་ཐུག་པར༔ མི་ངལ་འགྲོ་བ་འདྲེན་པར་ཤོག༔ དེ་ནས་སྒོ་གསུམ་ཐུན་མོང་གི་དམ་ཚིག་ཉམས་པ་བསྐང་བ་ཚོགས་ཀྱི་མཆོད་པ་ནི། རྃ་ཡྃ་ཁྃ༔ བདག་ཉིད་ལྷ་ཡི་སོགས། གྷ་ན་ཙཀྲ་པཱུ་ཛ་ཧོཿ ཚོགས་བར་པ་བསྐང་བ་ལ། སྐོང་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་བསམ་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ཏེ། ཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང་༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང་༔ བཀའ་ལུང་ལྷག་ཆད་མེད་པའི་དཀྱིལ་འཁོར་ནས༔ སྙན་ཁུང་བརྒྱུད་པ་བླ་མའི་༴ བཀའ་བརྒྱུད་གཏེར་ [17a] དུ་སྦས་པའི་བྱ་ར་བ་༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་༴ མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི༔ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང་༔ འཕགས་པ་དགེ་འདུན་རྣམས་ཀྱི་༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་༴ དངོས་གྲུབ་ཐོགས་པ་མེད་པ་སྟེར་མཛད་པའི༔ ཡི་དམ་རྒྱལ་བ་ཞི་ཁྲོའི་༴ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་༴ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔ རང་བཞིན་སྤྲོས་བྲལ་ཆོས་སྐུའི་༴ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་༴ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་ [17b] འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་༴ གསུང་མཆོག་འགགས་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་༴ ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་༴ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་༴ ཐུགས་རྗེ་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་༴ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་༴ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་རྣམས་ཀྱི་༴ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་ལྕམ་དྲལ་༴ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔ སྔགས་བདག་སྔགས་སྲུང་རྣམས་ཀྱི་༴ སློབ་དཔོན་ཆེན་པོས་བཀའ་ཡིས་གཉེར་དུ་གཏད༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་༴ ཚུལ་བཞིན་སྒྲུབ་པ་མཛད་པའི་གྲོགས་མཛད་པའི༔ [18a] གཞི་བདག་གཞི་སྲུང་རྣམས་ཀྱི་༴ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་༴ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད་༔ དཔལ་མགོན་མ་ནིང་ནག་པོའི་༴ སྟོང་ཁམས་འདི་ན་དྲག་སྔགས་གཟེར་གྱི་བདག༔ གཟའ་བདུད་ཆེན་པོ་དཔལ་འབར་༴ མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔ སྲུང་མ་ཨེ་ཀ་ཛཱ་ཏིའི་༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔ ཤན་པ་སྲོག་སྒྲུབ་ནག་མོའི་༴ དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔ གནོད་སྦྱིན་ཤན་པ་དམར་ནག་༴ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ དམ་ཅན་རྡོ་རྗེ་ལེགས་པའི་༴ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔ ནོར་བདག་གནོད་སྦྱིན་རྣམས་ཀྱི་༴ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔ སྲུང་མ་ནཱ་ག་རཀྴའི་༴ ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔ རྒྱལ་པོ་ལི་བྱིན་ཧ་རའི་༴ སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔ བདུད་པོ་ཡབ་རྗེ་ནག་པོའི་༴ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ བོད་ཀྱི་བརྟན་མ་བཅུ་གཉིས་༴ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང་༔ བསྐང་བ་མེད་དེ་ཁམས་ [18b] གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང་༔ པདྨ་མཱཾ་སར་བཅས་པའི་རཀྟ་དང་༔ འཛབ་དང་གར་འཆམས་གར་དང་སྟངས་སྟབས་དང་༔ སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང་༔ སྟོང་གསལ་དབྱེར་མེད་ལྟ་སྒོམ་མཐར་ཐུག་དང་༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་༴ ཡི་དམ་ལྷ་ཚོགས་༴ ལས་བྱེད་མཁའ་འགྲོ་༴ གཏེར་བདག་གཏེར་སྲུང་༴ གཞི་བདག་གཞི་སྲུང་༴ མཆོད་ཡུལ་གོང་མ་རྣམས་ཀྱི་༴ སྦྱིན་ཡུལ་འོག་མ་རྣམས་ཀྱི་༴ རིགས་དྲུག་ཕ་མ་རྣམས་ཀྱི་༴ ལན་ཆགས་མགྲོན་གྱུར་རྣམས་ཀྱི་༴ ཐམས་ཅད་ཐུགས་དམ་མཉན་པོ་དེས་བསྐངས་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་ཞི་བ་གནས་དག་གི་བསྐང་བ་ནི། ཨོཾ། ཡིད་ཀྱི་རྣམ་ཤེས་གནས་དག་པ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ ཆོས་ཀྱི་ངོ་བོ་གནས་དག་པ༔ ཀུན་ཏུ་བཟང་མོའི་༔ ཕུང་པོ་ལྔ་ [19a] པོ་གནས་དག་པ༔ རྒྱལ་བ་ཡབ་ལྔའི་༴ འབྱུང་བ་ལྔ་པོ་གནས་དག་པ༔ རྒྱལ་བ་ཡུམ་ལྔའི་༴ རྣམ་ཤེས་ཚོགས་བརྒྱད་གནས་དག་པ༔ སེམས་དཔའ་བརྒྱད་ཀྱི་༴ རྣམ་ཤེས་ཡུལ་བརྒྱད་གནས་དག་པ༔ སེམས་མ་བརྒྱད་ཀྱི་༴ ལུས་ཀྱི་ཆོས་བཞི་གནས་དག་པ༔ ཁྲོ་བོ་བཞི་ཡི་༴ རྟག་ཆད་མུ་བཞི་གནས་དག་པ༔ ཁྲོ་མོ་བཞི་ཡི་༴ ཉོན་མོངས་དྲུག་པོ་གནས་དག་པ༔ ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔ ཁྲོ་བོ་གནས་གྱུར་གྱི་བསྐང་བ་ནི། ཧཱུྃ༔ ཀུན་གཞི་ཡིད་ཆོས་གནས་གྱུར་པ༔ དཔལ་ཆེན་ཡབ་ཡུམ་ཐུགས་དམ་བསྐང་༔ ཉོན་མོངས་དུག་ལྔ་གནས་གྱུར་པ༔ ཁྲག་འཐུང་ཡབ་ལྔའི་༴ འབྱུང་བ་ལུས་ལྔ་གནས་གྱུར་པ༔ ཁྲག་འཐུང་ཡུམ་ལྔའི༴ རྣམ་བཞིའི་རྟོག་པ་གནས་གྱུར་པ༔ ཧེ་རུ་ཀ་བཞིའི་༴ སྐྱེ་གནས་བཞི་པོ་གནས་གྱུར་པ༔ ཀྲོ་དྷི་རིགས་བཞིའི་༴ རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་པ༔ ཁྲོ་མོ་བརྒྱད་ཀྱི་༴ རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་པ༔ ཕྲ་མེན་བརྒྱད་ཀྱི་༴ རྟག་ཆད་མཐའ་བཞི་གནས་གྱུར་པ༔ སྒོ་མ་བཞི་ཡི་༴ སྣ་ཚོགས་རྟོག་པ་གནས་གྱུར་པ༔ དབང་མོ་ཉེར་བརྒྱད་༔ མི་ཤིགས་སྐུ་ཡི་༴ [19b] འགགས་མེད་གསུང་གི་༴ འགྱུར་མེད་ཐུགས་ཀྱི་༴ ཡོན་ཏན་མི་ཟད་༴ ཕྲིན་ལས་རྒྱན་གྱི་༴ ཡེ་ཤེས་འཁོར་ལོའི་ཐུགས་དམ་བསྐང་༔ ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ དེ་ནས་གཞུང་གི་ ཧོཿ དཀྱིལ་འཁོར་ལྷ་ཚོགས་ནས་ཞལ་བསྟབ་ཀྱི་བར་སོང་ནས་བྱིན་རླབས་དབང་ལེན་བྱ་བ་ལ། ཇི་ལྟར་བལྟམས་པ་སོགས་ནས་བདག་འཇུག་ཡོངས་རྫོགས་གཏང་རག་མཎྜལ་ཕུལ་བའི་བར་སོང་ནས། བདག་ཉིད་འཇུག་ཅིང་དབང་བླང་བ་དང་བཅས་པས་དབང་བཞིའི་དམ་ཚིག་ཉམས་པ་སོར་ཆུད་པར་བསམ། དེ་ནས་ཚོགས་ལ་རོལ་ཞིང་སྨོན་ལམ་བཏབ་པ་ནི། ཧོཿ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱི༔ དམ་ཚིག་ཆེན་པོའི་མཆོད་པ་ཕུལ་བའི་མཐུས༔ ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔ བླ་མ་ཡི་དམ་མཁའ་འགྲོའི་རྗེས་བཟུང་ནས༔ རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུ་མཆོག༔ དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ན༔ ཡེ་ཤེས་སྒྲོན་མེའི་སྣང་བས་ཤུལ་མཚོན་ཏེ༔ འོག་མིན་བདེ་ཆེན་ [20a] ཞིང་དུ་དབུགས་ཕྱུང་ནས༔ ཕྱམ་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔ དེ་ལྟར་མཐོལ་ཞིང་བཤགས་པ་ཡིས༔ བདག་ཅག་གསང་སྔགས་སྒོར་ཞུགས་རྣམས༔ རྩ་བ་ཡན་ལག་དམ་ཚིག་གི༔ ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་ལ་སོགས་ཏེ༔ དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག༔ ཏ་ན་ག་ནའི་ལྟ་སྤྱོད་དབང་༔ སེམས་ཀྱི་རྟོགས་པ་ཐོབ་གྱུར་ཅིག༔ དེ་ལྟ་བུ་ཡི་འགྱོད་ཚངས་ཀྱིས༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ ན་རག་གནས་ཀྱང་དོང་སྤྲུག་ནས༔ རིགས་དྲུག་གནས་ནས་ཐར་གྱུར་ཅིག༔ ལམ་ལྔ་ས་བཅུའི་རིམ་པ་རྣམས༔ སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག༔ དེ་ལས་བྱུང་བའི་དགེ་བ་ཡིས༔ གསང་སྔགས་རྡོ་རྗེ་ཐེག་པ་རྣམས༔ བཀའ་བཙན་བྱིན་ཆེ་དར་གྱུར་ཅིག༔ ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག༔ གསང་སྔགས་འདི་བསྒྲགས་རྒྱལ་ཁམས་སུ༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ མི་དང་ལོ་ཕྱུགས་ལེགས་གྱུར་ཅིག༔ དགེ་འདུན་དགེ་བཅུ་སྤྱོད་གྱུར་ཅིག༔ དེ་ནས་ལྷག་མ་ནས་བརྩམས་ལས་བྱང་ [20b] བྱང་མཐར་དབྱུང་ལ། རྗེས་ཀྱི་བསྟོད་པའི་སྐབས། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་ཤྭ་ལོ་ཀ་གཅིག་པུས་བསྟོད། རྟེན་ཡོད་མེད་དང་འབྲེལ་བརྟན་བཞུགས་གཤེགས་གསོལ་གང་འོས་བྱ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་སོགས་གཞུར་ལྟར་བྱས་པས་འགྲུབ་བོ། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ། །དཀྱིལ་འཁོར་གཅིག་ཏུ་བསྒྲུབས་བྱས་ཏེ། །དམ་ཚིག་ཉམས་ཆག་གསོ་བའི་ཐབས། །གཏེར་གཞུང་ཇི་བཞིན་བསྡེབས་པའི་དགེས། །བདག་ཅག་སྔགས་ཀྱི་སྒོར་བཞུགས་རྣམས། །རྩ་བ་ཡན་ལག་གིས་བསྡུས་པའི། །ཉམས་ཆག་མ་ལུས་སོར་ཆུད་དེ། །སྐུ་ལྔ་འབྲས་བཟང་མྱུར་སྨིན་ཤོག །ཞེས་པའང་རྩ་གསུམ་པདྨ་གསང་ཐིག་དང་། ཐུགས་སྒྲུབ་བདེ་གཤེགས་འདུས་པ་གང་ལའང་སྦྱར་དུ་རུང་བའི་ཞི་ཁྲོའི་སྐོང་བཤགས་ཀྱི་ཆོ་ག་འདི་ཡང་གཏེར་གཞུང་རྡོ་རྗེའི་གསུང་ལ་འཐད་ལྡན་མན་ངག་གིས་ཟུར་བརྒྱན་ཏེ། བདུད་འཇོམས་ནམ་མཁའི་རྡོ་རྗེའི་ངག་ནས་སྨྲས་རིམ་བཞིན་བློ་གསལ་དཔལ་ལྡན་མཁའ་མཆོག་ནས་དག་ཅིང་མགྱོགས་པར་བྲིས་པ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན་བཟང་པདྨ་ཀཱ་རའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སིདྡྷི་རསྟུ།། །།