TTDL-ZABTER-15-BA-097: Difference between revisions

From Dudjom Wiki
TTDL-ZABTER-15-BA-097
m (Text replacement - "༴" to "༴ ")
m (Text replacement - "ཨོཾ་ཨཱ༔ ཧཱུྃ" to "ཨོཾ་ཨཱཿཧཱུྃ")
 
Line 40: Line 40:




༁ྃ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}}) དང་པོ་མོ་བསྒྲུབ་བྱེད་པ་ལ༔ ཧཱུྃཿདུས་གསུམ་གྱི་རྒྱལ་བ་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་མཁྱེན་རབ་དབང་པོ་འཇམ་དཔལ༔ བརྩེ་ཆེན་ཐུགས་རྗེ་ཆེན་པོ༔ མཐུ་སྟོབས་ཕྱག་ན་རྡོ་རྗེ༔ ལྷ་བུ་ཚངས་པ་གདོང་བཞི༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་རྣམས་གཅིག་ཏུ་འདུས་ཤིང་དྲིལ་ཏེ་ཡི་གེ་ཧཱུྃ་དམར་ནག་ཡེ་ཤེས་ཀྱི་མེ་འབར་བ་ཞིག་ཏུ་གྱུར༔ དེ་ལས་འོད་འཕྲོས་རྒྱལ་བ་སྲས་དང་བཅས་པ་མཆོད༔ མཁྱེན་བརྩེ་ནུས་དཔལ་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ མར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱས་བདེ་བ་ལ་བཀོད༔ དགྲ་བགེགས་བདུད་དང་ལོགས་ལྟ་ཐམས་ཅད་ཚར་བཅད༔ དེ་དག་གི་ཚེ་བསོད་དཔལ་ཡོན་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་འཛམ་གླིང་ཡོངས་ཀྱི་མགོན་པོ་གེ་སར་ནོར་བུ་དགྲ་འདུལ་སྐུ་འདོག་དམར་ནག་ཉི་མའི་འོད་ལྟར་གསལ་བ༔ གཡས་མདུང་དར་དང་གཡོན་པས་ལྕགས་ཀྱུ་འཛིན་པ༔ སྐུ་ལ་རྡོ་རྗེ་གོ་ཁྲབ་དང་དབུ་ལ་རྨོག་དཀར་གསོལ་བ༔ སྐེད་པར་སྟག་རལ་དང་གཟིག་ཤུབ་རལ་གྲི་གསུམ་གྱིས་བརྒྱན་པ༔ ལྷ་རྟ་རྐྱང་བུ་ཁ་དཀར་ལ་གསེར་སྒ་དང་གསེར་སྲབ་གཡུ་མཐུར་གྱིས་བརྒྱན་པ་ལ་ཆིབས་ཤིང་དགྲ་བླ་ལྷ་དམག་བྱེ་བ་དུང་ཕྱུར༔ གཉན་དམག་འབུམ་ཁྲི་འབུམ་སྟོང་༔ གཏུམ་པོ་ཀླུ་དམག་འབུམ་སྡེ༔ ཨ་ནེ་གོང་སྨན་རྒྱལ་མོ༔ སྲིང་ཆུང་ཐ་ལེ་འོད་དཀར༔ ཡུམ་ཆེན་མཁའ་འགྲོ་བཅུ་གསུམ་དང་བཅས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བཀྲ་ཞིང་གསལ་ལ་ངོམས་པར་བསྒོམ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱ༔ དམར་པོ་ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་ལས་འོད་ཟེར་དཀར་དམར་མཐིངས་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཛ་ཛ༔ སྤྱན་འདྲེན་ལ༔ ཧཱུྃ༔ ཀི་བསྭོ་ཆའོ་ལྷ་རྒྱལ་ལོ༔ ནམ་མཁའ་རྣམ་པར་དག་པའི་དབྱིངས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ མཁྱེན་རབ་དབང་ཕྱུག་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི་མངོན་ཤེས་སྩོལ༔ ལྷུན་གྲུབ་ཡོན་ཏན་རབ་རྫོགས་ཀློང་༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི༴ ཀུན་ཁྱབ་ཐུགས་རྗེ་ཕྱོགས་མེད་དབྱིངས༔ གཞོམ་བྲལ་རྡོ་རྗེའི་གཞལ་ཡས་ནས༔ ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི༴ པདྨ་འོད་ཀྱི་གཞལ་ཡས་ནས༔ དུས་གསུམ་ཀུན་མཁྱེན་པདྨ་འབྱུང་༔ འཁོར་དང་བཅས་པ་གཤེགས༴ དུས་གསུམ་མཁྱེན་པའི༴ མི་མངོན་ཆོས་ཀྱི་དབྱིངས་ཀློང་ནས༔ འཛམ་གླིང་གེ་སར་རྒྱལ་པོ་ཆེ༔ དགྲ་བླ་ཡུམ་བཅས་གཤེགས༴ དུས་གསུམ་མཁྱེན་པའི༴ ཨ་ནེ་གོང་སྨན་རྒྱལ་མོ་དང་༔ སྲིང་ཆུང་ཐ་ལེ་འོད་དཀར་དང་༔ ཡེ་ཤེས་མཁའ་འགྲོ་གཤེགས༴ དུས་གསུམ་མཁྱེན་པའི༴ སྐད་ཅིག་མི་འབྲལ་རྗེས་སུ་ཟུང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསྐྱེད་ཅིང་བསྒོམ་པའི་དཀྱིལ་འཁོར་འདིར༔ རིགས་གསུམ་མགོན་པོ་བཞུགས་སུ་གསོལ༔ སེང་ཆེན་རྒྱལ་པོ་བཞུགས་སུ་གསོལ༔ དགྲ་བླ་འབུམ་བཅས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱན་འཚལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཕྲིན་ལས་བདག༔ ལྷག་པའི་ལྷ་མཆོག་བདུད་ལས་རྒྱལ༔ སེང་ཆེན་ནོར་བུ་དགྲ་འདུལ་ལ༔ རྣམ་གསུམ་དད་པས་གུས་ཕྱག་འཚལ༔ ན་མོ་ན་མ་ཧོཿ མཆོད་པ་འབུལ་བ་ལ༔ ཧཱུྃ༔ དབང་པོ་དྲུག་གི་ཡུལ་གྱུར་པ༔ འདོད་ཡོན་སྣང་བའི་མི་ཟད་གཏེར༔ མ་ལུས་བསྡུས་ཤིང་བློས་བླངས་ཏེ༔ འཛམ་གླིང་སེང་ཆེན་འཁོར་བཅས་མཆོད༔ མ་ཧཱ་སརྦ་ག་ན་པཱུ་ཛ་ ཧོཿ  དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ མཁྱེན་རབ་དབང་ཕྱུག་མགོན་པོ་འཇམ་པའི་དབྱངས༔ བརྩེ་ཆེན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ མཐུ་སྟོབས་ནུས་པའི་གཏེར་ཆེན་རྡོ་རྗེ་འཛིན༔ ཕྲིན་ལས་གཅིག་བསྡུས་སངས་རྒྱས་པདྨ་སྐྱེས༔ གཉིས་མེད་འཛམ་གླིང་གེ་སར་རྒྱལ་པོར་བསྟོད༔ ཁམས་གསུམ་དབང་བསྡུས་སྐུ་མདོག་དམར་འོད་འབར༔ མཐུ་རྩལ་ཐོགས་མེད་མདུང་དམར་གཡས་ན་ཐོགས༔ དགོས་འདོད་མཆོག་སྩོལ་ནོར་བུ་གཡོན་ན་བསྣམས༔ ཡེ་གྲོལ་མཚོན་ཕྱིར་དར་མཐིང་ནང་གོས་གསོལ༔ ཁམས་གསུམ་རྣམ་རྒྱལ་རྡོ་རྗེའི་གོ་ཁྲབ་གསོལ༔ འཁོར་བའི་སྒོ་གནོན་རྒྱ་ལྷྭམ་ནག་པོ་མནབ༔ ཐེག་མཆོག་ཨ་ཏི་མཚོན་བྱེད་རྨོག་དཀར་ལ༔ ཐུགས་རྗེའི་འདུ་འཕྲོ་དར་གྱི་དཔྱངས་པ་འཕྱོ༔ ཐབས་ཤེས་གཉིས་སུ་མེད་པའི་མདའ་གཞུ་དང་༔ བདག་རྟོག་གཅོད་པའི་ཤེས་རབ་རལ་གྲིས་བརྒྱན༔ སྲིད་ཞིའི་ཕ་རོལ་བརྒལ་ཕྱིར་ཅང་ཤེས་ཆིབས༔ ཡེ་ཤེས་སྒྱུ་མའི་རྣམ་རོལ་དགྲ་ལྷ་དང་༔ ཡུམ་དང་སྤྲུལ་འཁོར་རྒྱ་མཚོའི་གཟའ་སྐར་བཞིན༔ ཅིར་ཡང་སྤྲུལ་བསྒྱུར་མི་སྲུན་གདུག་པ་འདུལ༔ འཛམ་གླིང་སྐྱེས་བུ་གེ་སར་རྒྱལ་པོར་བསྟོད༔ མདོར་ན་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཀུན༔ མ་ལུས་སྐུའི་བཀོད་པ་རབ་རྫོགས་ཤིང་༔ གདུལ་དཀའ་འདུལ་མཛད་གདུལ་བྱའི་དཔལ་དུ་ཤར༔ སེང་ཆེན་ནོར་བུ་དགྲ་འདུལ་ཁྱེད་ལ་བསྟོད༔ བདག་ནི་མ་རིག་གཟུང་འཛིན་དབང་གྱུར་ཏེ༔ ལྷ་དང་རང་སྣང་སོ་སོར་རྒྱབ་གྱེས་པའི༔ ལས་ཉོན་བག་ཆགས་འཁྲུལ་པའི་ནོངས་པ་ཀུན༔ མི་འཆབ་མི་སྦེད་གཉིས་མེད་ཆེན་པོར་བཤགས༔ ཡི་གེ་བརྒྱ་པ་བཟླས་མཐར༔ འཛབ་དམིགས་ནི༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུ༔ ཆུ་ཟླ་གཟུགས་བརྙན་འཇའ་ཚོན་ལྟར༔ གསལ་བའི་ཐུགས་ཀར་ཉི་གདན་ལ༔ དྭངས་མ་འོད་ཀྱི་ཐིག་ལེའི་ཀློང་༔ ཧཱུྃ་དམར་སྤུ་ཤད་ལྟ་བུའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ཡི༔ རང་སྒྲས་སྣང་སྲིད་གཡོ་བར་བསྒོམ༔ ཨོཾ་ཨཱ༔ ཧཱུྃ་བཛྲ་བི་ཛ་ཀྲོ་ཏ་ཧཱུྃ་ཕཊ༔ བསྒྲུབ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུའི༔ ཀློང་དུ་སྤྲུལ་འཁོར་ཡུམ་དགྲ་ལྷ༔ རྒྱ་མཚོའི་གཟའ་སྐར་ཇི་བཞིན་གསལ༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང་༔ སྲིང་མོ་ཐ་ལེ་འོད་དཀར་དང་༔ ཨ་ནེ་གོང་སྨན་རྒྱལ་མོ་གཉིས༔ མཁའ་འགྲོ་དཀར་དང་མཐིང་ཀའི་ཚུལ༔ མདའ་དར་མེ་ལོང་ཕྱག་ན་བསྣམས༔ དུས་གསུམ་མཁྱེན་པའི་ཐུགས་ཀྱིས་དགོངས༔ སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔ དགོངས་པ་བདག་ལ་འཕོ་བར་བསྒོམ༔ ཀུན་གྱི་གསང་སྔགས་རིག་སྔགས་དང་༔ གཟུངས་སྔགས་སྙིང་པོ་འདི་ཁོ་ན༔ གྱུར་ཏེ་གཉེས་མེད་ཡོངས་འགྲུབ་ཅིང་༔ འོད་ཟེར་འཕྲོས་པས་རྒྱལ་ཀུན་གྱིས༔ མཁྱེན་བརྩེ་ནུས་དཔལ་ཐམས་ཅད་དང་༔ བརྟན་གཡོའི་དྭངས་བཅུད་མ་ལུས་པ༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འཁོར་འདས་ཡོངས་ཀྱི་སྲོག་དབང་ཐོབ༔ འཁོར་བ་ཡོངས་སྒྲོལ་སྟོབས་འབྱོར་ནས༔ ཚེ་བསོད་དཔལ་ཡོན་རབ་འཕེལ་རྒྱས༔ འཁོར་བ་དོང་སྤྲུགས་དབང་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་བི་ཛ་ཀྲོ་ཏ་ཧཱུྃ་ཕཊ༔ དེ་ནས་ལས་ལ་སྦྱར་བ་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་ཐུགས་ཀ་ནས༔ རང་འདྲའི་སྤྲུལ་པའི་ལས་མཁན་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབེབས༔ ཕྱོགས་བཅུའི་དགྲ་བགེགས་གནོད་བྱེད་ཚོགས༔ མ་ལུས་ཐལ་བའི་རྡུལ་དུ་བརླག༔ བསྐལ་པའི་མེ་དཔུང་འབར་བས་བསྲེགས༔ རྡོ་རྗེ་སྤུ་གྲིའི་རླུང་གིས་གཏོར༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་ཨཱཿཧཱུྃ༔ སོགས་ནས༔ སླར་ཡང་མངོན་སྤྱོད་ལས་སྦྱོར་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་པས༔ རང་འདྲའི་ལས་མཁན་དམར་ནག་གིས༔ སྣང་སྲིད་སྐད་ཅིག་བསྐོར་བྱས་ནས༔ ལྷ་གཉན་ཀླུ་དང་སྡེ་བརྒྱད་དང་༔ སྣང་སྲིད་ལྷ་འདྲེ་གཞི་བདག་ཚོགས༔ མ་ལུས་དབང་བསྡུས་བྲན་དུ་ཁོལ༔ དམག་ཚོགས་དཔུང་བསྡུས་སྣང་སྲིད་ཁམས༔ འགེང་ཞིང་དགྲ་བོའི་མི་ནོར་འཁོར༔ ཐལ་བ་རྡུལ་བཞིན་བརླག་པར་བསམ༔ ལྷག་མ་ནད་རིམས་དུག་གིས་གཞོམ༔ ལས་མཁན་ཚོགས་ཀྱིས་ཧབ་ཐོབ་རོལ༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་ཨཱཿཧཱུྃ༔ སོགས་ནསསརྦ་ལོ་ཀ་པཱ་ལ་དགྲ་ལ་རྦད༔ ཅེས་བརྗོད༔ བསྙེན་པ་འབུམ་ཕྲག་བཅུ་གཉིས་ལ༔ བསྒྲུབ་པ་འབུམ་ཕྲག་བཅུ་གསུམ་དང་༔ ལས་སྦྱོར་འབུམ་ཕྲག་དྲུག་ཏུ་བྱ༔ དེ་ལ་གསལ་བའི་གཟེར་ལྡན་ན༔ མངོན་སུམ་འགྲུབ་པའི་རྟགས་མཚན་འབྱུང་༔ བར་བར་གསོལ་བ་འདེབས་པ་ནི༔ ན་མོ༔ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ དུས་གསུམ་བཞུགས་ལ་གསོལ་བ་འདེབས༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་ཏན༔ དབང་གིས་བདག་རྒྱུད་སྨིན་གྲོལ་མཛོད༔ མཁྱེན་རབ་དབང་ཕྱུགས་ལཇམ་དཔལ་ལ༔ རྣམ་གསུམ་དད་པས་གསོལ་བ་འདེབས༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས༔ བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས༔ ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས༔ དྲན་ནས་དད་པས་གསོལ་བ་འདེབས༔ ཇི་སྙེད་གཟིགས་པའི་ཡེ་ཤེས་ཀྱིས༔ བདག་རྒྱུད༴ མཐུ་སྟོབས་མངའ་བདག་རྡོ་རྗེ་ཅན༔ དྲན་ནས་དད་པས༴ འཁོར་བ་ཡོངས་སྒྲོལ་ནུས་སྟོབས་ཀྱི༔ བདག་རྒྱུད༴ ཕྲིན་ལས་མངའ་བདག་པདྨ་འབྱུང་༔ དྲན་ནས་དད་པས༴ སྐུ་གསུམ་མཉམ་སྦྱོར་ནུས་གསུམ་གྱིས༔ བདག་རྒྱུད༴ ཀུན་གྱི་སྤྱི་གཟུགས་སེང་ཆེན་རྒྱལ༔ དྲན་ནས་དད་པས༴ རབ་འབྱམས་མཛད་ཕྲིན་རྒྱ་མཚོ་ཡིས༔ བདག་རྒྱུད༴ ཨ་ནེ་གོང་སྨན་རྒྱལ་མོ་འདི༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན་མངོན་ཤེས་ཀྱིས༔ བདག་རྒྱུད༴ སྲིང་ཆུང་ཐ་ལེ་འོད་དཀར་མ༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ བདག་རྒྱུད༴ ཡུམ་ཆེན་མཁའ་འགྲོ་སྡེ་ལྔའི་ཚོགས༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ བདག་རྒྱུད༴ འཁོར་ཚོགས་དཔའ་གཏུམ་སུམ་ཅུ་ཕྲག༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ སྤྲུལ་པ་སྒྱུ་འཕྲུལ་འཁོར་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་དགོངས༔ སྐད་ཅིག་མི་འབྲལ་བསྲུང་སྐྱོབས་མཛོད༔ སེང་ཆེན་ནོར་བུ་དགྲ་འདུལ་དང་༔ ཡུམ་འཁོར་དགྲ་བླ་བཅས་རྣམས་ཀྱིས༔ དུས་གསུམ་མཁྱེན་པའི་མངོན་ཤེས་དང་༔ ཀུན་ཤེས་ཀུན་རིག་ཉམས་རྨི་ལམ༔ བཀྲ་མོར་བཅས་པ་བསྟན་དུ་གསོལ༔ གཞན་ཡང་འགྲོ་དོན་རླབས་པོ་ཆེ༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བརྗོད་དོ༔ དེ་ནས་པྲ་མོའི་ལས་སྦྱོར་ནི༔ མོ་རྡེལ་དཀར་པོ་གཅིག་དང་ནི༔ ནག་པོ་བཅུ་གཉིས་དབྱིབས་ཆེ་ཆུང་༔ འདྲ་མཚུངས་བསགས་ལ་བསྒྲུབ་རྟེན་དུ༔ བཙུག་ནས་བཅང་བ་དེ་བཟུང་ནས༔ དང་པོ་མོ་བརྡར་བྱ་བ་ནི༔ ལྷ་ཀི་ཀི་བསྭོ་བསྭོ༔ དབུ་ནག་བོད་ཀྱི་ལྷ་གཅིག༔ འཛམ་ཀླིང་གེ་སར་རྒྱལ་བོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ བསྟན་དགྲ་གདུག་པའི་གཉའ་ནོན༔ བདུད་དང་བགེགས་ཀྱི་གཉའ་ནོན༔ དུས་གསུམ་རྒྱལ་བའི་ཕྲིན་ལས་ཀྱི་མངའ་བདག་ཆེན་པོ་འདིར་གཤེགས་ཤིག་བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛ༔ ཏིཥྠ་ལྷན༔ ཀྱཻ༔ སེང་ཆེན་ནོར་བུ་དགྲ་འདུལ༔ ཡབ་མཆོག་ལྷའི་དབང་པོ༔ ཡུམ་མཆོག་ཀླུ་མོ་མཛེས་ལྡན༔ མེས་པོ་སྲིད་པའི་དྲང་མཁན༔ ཕུ་བོ་འབུམ་པ་ཞལ་དཀར༔ ནུ་བོ་སྣང་ཆུང་གཡུ་སྟག༔ སྲིང་ཆུང་ཐ་ལེ་འོད་དཀར༔ ཨ་ནེ་གོང་སྨན་རྒྱལ་མོ༔ སྤྲུལ་པ་ཕུ་ནུ་སུམ་ཅུ༔ རྣམ་རྒྱལ་དགྲ་བླ་བཅུ་གསུམ༔ དཔུང་རོག་ལྷ་ཀླུ་གཉན་དམག༔ རྒྱབ་བརྟེན་རིགས་གསུམ་མགོན་པོ༔ རིགས་བདག་དུས་གསུམ་སངས་རྒྱས༔ བཀའ་སྡོད་ཆོས་སྐྱོང་མགོན་པོ༔ ལས་མཁན་ལྷ་སྲིན་སྡེ་བརྒྱད༔ མགྲོན་ཡག་དར་མ་བཅུ་གསུམ༔ མངོན་ཤེས་དྲང་མཁན་མཁའ་འགྲོ༔ སྣང་སྲིད་ཡུལ་ལྷ་གཞི་བདག་དང་བཅས་པ་བདག་གི་མོ་ཡི་དྲང་མཁན་དུ་བྱོན་ཅིག༔ མདོར་ན་འཛམ་གླིང་གི་སྐྱེས་མཆོག་གེ་སར་རྒྱལ་པོའི་སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར༔ གཡོག་དང་ཡང་གཡོག་མ་ལུས་ཤིང་ལུས་པ་མེད་པ་འདིར་གཤེགས་ཤིག༔ བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཀྱཻ༔ འཛམ་གླིང་གེ་སར་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ༔ སྤྲུལ་འཁོར་དགྲ་བླ་བཀའ་སྡོད་དང་བཅས་པས་བདག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པས་པྲ་མོ་གསལ་བར་ཕོབ་ཅིག༔ པྲ་མོ་གསལ་བར་སྟོན་ཅིག༔ ཨོཾ་བཛྲ་ཧེ་རུ་ཀ་ཤྲཱི་བི་ཛ་ཀྲོ་ཏ་ཧཱུྃ་ཛ༔ ཏདྱ་ཐཱཿགྷི་པ་ཙཀྵུ་སྭཱ་ཧཱ༔ བེ་པུ་ཏོ་ར་ཧ་དྷོ་ཛ་ཛཿཞེས་བརྒྱ་རྩ་བཟླས་ནས་རྡེའུ་ལ་ཕུ་བཏབ༔ གང་ལ་བྱ་བ་སྨོས་སོ༔ ཡང་མངོན་ཤེས་བརྡར་བ་ལ༔ ལྷ་གསོལ་ལོ་མཆོད་དོ༔ ཀྭི་ཀྭི་བསྭོ༔ དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ༔ འཛམ་གླིང་གེ་སར་རྒྱལ་པོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༔ སྤྲུལ་པ་རྫུ་འཕྲུལ་གྱི་མངའ་བདག་ཁྱེད་དྲན་ནོ༔ འབོད་དོ༔ གསོལ་བ་འདེབས་སོ༔ རྟེན་བཅའོ༔ སྐྱབས་སུ་མཆིའོ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ང་ཡི་རྒྱུད་ལ་འབེབས་ཤིང་འཇུག་པར་མཛད་དུ་གསོལ༔ འཕོས་ཤིང་བརླབ་པར་མཛད་དུ་གསོལ༔ དུས་གསུམ་མཁྱེན་པའི་མངོན་ཤེས་རྟག་ཏུ་འཆར་ཞིང་གསལ་བར་མཛད་དུ་གསོལ༔ ཅེས་འཁོར་དགྲ་བླ་དང་བཅས་མཚོ་ལ་ཁ་བ་བབ་པ་ལྟར་བྱུང་ནས་རང་ལ་སིབ་སིབ་ཐིམ་ནས་གཉིས་མེད་དུ་གྱུར་པར་བསྒོམ་ལ༔ ཨོཾ་བཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ས་མ་ཏི་ཕེཾ་ཕེཾ་ཛ་ཛ༔ ཏདྱ་ཐཱ༔ གྷི་པ་ཙཀྵུ་སྭཱ་ཧཱ༔ ཞེས་བརྒྱའམ་བཅུ་རེ་མ་ཆགས་པར༔ བཟླས་ན་མངོན་ཤེས་འཆར་བར་ངེས༔ ཡང་ཅིག་རྨི་ལམ་བརྡར་བ་ལ༔ ཀྱེ་ཀྱེ༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༔ འཛམ་གླིང་གེ་སར་ཆེན་པོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ སྤྲུལ་པ་ཕུ་ནུ་སུམ་ཅུ༔ ཨ་ནེ་གོང་སྨན་རྒྱལ་མོ༔ ཕུ་བོ་དུང་ཁྱུང་དཀར་པོ༔ ནུ་བོ་སྲིད་པའི་གཉན་རྗེ༔ སྲིང་མོ་ཐ་ལེ་འོད་དཀར༔ རྣམ་རྒྱལ་དགྲ་བླ་བཅུ་གསུམ༔ ལྷ་ཀླུ་གཉན་དམག་ཐེར་འབུམ༔ རྩ་གསུམ་དམ་ཅན་རྒྱ་མཚོ་དང་བཅས་པས་བདག་ལ་རང་གཞན་གྱི་ལེགས་ཉེས་གསལ་བའི་རྨི་ལམ་ཕོབ་ཅིག༔ འཕྲུལ་ཅིག༔ སྟོན་ཅིག༔ ཨོཾ་བཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ས་མ་ཏི་ཕེཾ་ཕེཾ་ཛ༔ ས་མས་ན་ལེ་སུར་པ་སལ་སལ་སྭཱ་ཧཱ༔ སྒྲུབ་པའི་སྐྱེས་བུ་གང་དག་གིས༔ ལན་བདུན་བརྗོད་ནས་སྙིང་ག་རུ༔ ཕུ་བཏབ་གང་དོན་དྲན་བྱས་ནས༔ ཉལ་བ་ལེགས་ཉེས་གསལ་བར་འགྱུར༔ ཁྱད་པར་པྲ་མོའི་རྟེན་འབྲེལ་ལ༔ བརྟེན་ན་རྡེའུ་བསྒྲུབ་པ་ནས༔ དཀར་པོ་གང་བབ་བརྟགས་པ་ལ༔ གཅིག་ལ་བབ་ན་གཞི་བྱའི་མོར༔ ལོ་ཁྱིམ་དེ་རུ་དགེ་ཞིང་ལེགས༔ མི་ལ་ནད་མེད་སྲོག་ཀྱང་བརྟན༔ ཕྱུགས་ལ་གོད་མེད་འཕེལ་ཁ་རྒྱས་༔ ཞིང་ལ་བར་ཆད་གནོད་མཚེ་མེད༔ རིམ་གྲོ་དགྲ་ལྷ་གསོལ་མཆོད་བྱ༔ སྲིད་ཕྱྭར་བཏབ་ན་བུ་ཚ་སྐྱེ༔ རིམ་གྲོ་བཀྲ་ཤིས་བརྩེགས་པ་འདོན༔ ཨེ་འགྲུབ་ན་ཡང་ངེ་པར་འགྲུབ༔ ཨེ་འཕྲད་ན་ཡང་འཕྲད་པ་ཡིན༔ གྲོགས་སྡེབ་མོ་ལ་ཤིན་ཏུ་བཟང་༔ བོར་བ་ཤར་ནས་ངེས་པར་རྙེད༔ དགྲ་ཕྱྭར་བཏབ་ན་འུར་ཆེ་བས༔ མྱུར་དུ་འབྱུང་སྲིད་རང་ལྷ་གསོལ༔ དགྲ་མནན་བྱ་ཞིང་བྱ་རར་འབད༔ མགྲོན་ཕྱྭར་བཏབ་ན་དོན་འགྲུབ་ཅིང་༔ དགྲ་མེད་མྱུར་དུ་སླེབས་པར་འོང་༔ ཨེ་འཐབ་ན་ཡང་འཐབ་ནས་སུ༔ དགྲ་ཕམ་བདག་རྒྱལ་རང་ཡུལ་འཁོར་༔ ནད་པར་བཏབ་ན་མྱུར་དུ་འཚོ༔ གདོན་ཕྱྭར་བཏབ་ན་སྟག་ལོ་པའི༔ ལག་ནས་རྫས་བླང་གྲི་བཙན་གདོན༔ ཡང་ན་དཀར་པོའི་རིགས་བྱེད་ལ༔ གྲི་བཙན་འབྲངས་ནས་གནོད་པར་ཆས༔ ཨེ་ཐུབ་ན་ཡང་ངེས་པར་ཐུབ༔ ཨེ་འཆི་ན་ཡང་མི་འཆི་འཚོ༔ ན་མཆིའི་འཕྲོ་ལ་བཏབ་པ་ན༔ ན་འཆིའི་རྒྱུན་འཕྲོ་ཆད་པའི་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ གེ་སར་རྒྱལ་པོ་འཁྲུངས་ས་ཡིན༔ ༈གཉིས་པའི་ས་ལ་བབ་པ་ན༔ གེ་སར་བདུད་ཡུལ་ཆས་པ་ཡིན༔ གླིང་སྡེ་ཤུལ་དུ་བོར་བའི་སྐབས༔ གཞི་ཕྱྭར་ལྷ་བཏང་བགེགས་ཀྱིས་སླེབས༔ དར་མ་ཁྱི་ཡི་ལོ་པའམ༔ གཞོན་ནུ་ཕོ་མོ་འཆི་བའི་ངོ་༔ ཡང་ན་ཕྱུགས་ལ་གོད་ཆེར་འོང་༔ བསེ་རག་འགོང་པོའི་ས་འཛིན་བྱེད༔ དེ་བཟློག་རིམ་གྲོ་བསྐོར་བཏབ་བྱ༔ སྲིད་ཕྱྭར་བུ་མོ་འབྱུང་ཡང་འཆི༔ གཞི་ཚངས་ཕུགས་སུ་སྟོང་པ་ཡིན༔ ཨེ་འགྲུབ་བྱས་ན་མི་འགྲུབ་ཞིང་༔ ཨེ་འཕྲད་བཏབ་ན་མི་འཕྲད་ངོ་༔ གྲོགས་སྡེབ་མོ་ལ་གཅིག་འཆིའམ༔ ཡང་ན་བྱེ་བྲལ་སོ་སོར་ཕྱེ༔ བོར་བ་མི་རྙེད་དགྲ་ལག་སོང་༔ དགྲ་ཕྱྭར་དམག་ཇག་དགྲ་འཇིགས་འབྱུང་༔ འགྲོན་ཕྱྭར་དགྲ་དབང་སོང་བའམ༔ ཡང་ན་ཉེས་སྐྱོན་ཆེན་པོས་མནར༔ ཨེ་འཐབ་ན་ཡང་འཐབ་རང་ཕུང་༔ ནད་པར་བཏབ་ན་སྣེ་འདྲེས་ཁྱེར༔ མི་འཚོ་མྱུར་དུ་འཆི་བའི་ངོ་༔ གདོན་ཕྱྭར་མོ་ཆས་མོ་གོས་གདོན༔ ཁ་དོག་ལྗང་གུ་ཁྲ་བོའི་རིགས༔ ཕུང་སྲི་ཞིག་གིས་སྣ་འདྲེན་ནས༔ རྒྱལ་གདོན་གདུག་པའི་འདྲེ་རུ་ཟ༔ ཨེ་ཐུབ་ན་ཡང་མི་ཐུབ་ཟེར༔ ཨེ་དགེ་ཟེར་ན་མི་དགེ་ཟེར༔ ན་འཕྲོ་ཤི་འཕྲོ་ཨེ་ཆད་ན༔ མི་ཆད་གྲངས་མང་ན་འཆིའི་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ དེ་ལ་རིམ་གྲོ་མང་པོ་ལ༔ བསྐོར་ཞིང་ཡང་ཡང་བཏབ་པ་གནད༔ གསུམ་པའི་ས་ལ་བབ་པ་ན༔ གེ་སར་རྒྱལ་པོས་བདུད་བསད་ནས༔ བདུད་ཀྱི་རྒྱལ་ས་ལོན་པ་ཡིན༔ གཞི་ཕྱྭར་ལྷ་ཡི་ངོ་སོ་མཐོ༔ འདྲེ་བདུད་ལྷ་ཡིས་ཐུལ་ངོ་ཡིན༔ མི་ནོར་ཕྱུགས་ལ་ཕུང་འགྱོད་མེད༔ རིམ་གྲོ་བསོད་ནམས་བསགས་ལ་འབད༔ སྲིད་ཕྱྭར་བུ་ནི་མང་དུ་འབྱུང་༔ ཨེ་འགྲུབ་བྱས་ན་ངེས་པར་འགྲུབ༔ ཨེ་འཕྲད་སྨོས་ན་འཕྲད་ངོ་ལགས༔ གྲོགས་སྡེབ་བསོད་ནམས་བུ་ནོར་རྒྱས༔ བོར་བ་ལྷོ་ནས་ངེས་པར་རྙེད༔ དགྲ་ཕྱྭར་དགྲ་མེད་དགྲ་ཡུལ་ཕུང་༔ མགྲོན་ཕྱྭར་ཕྱི་དལ་ཆེ་ན་ཡང་༔ ཉེས་སྐྱོན་མེད་པར་དོན་འགྲུབ་འབྱུང་༔ ཨེ་འཐབ་ན་ཡང་འཐབ་མི་དགོས༔ ཟས་དང་ནོར་འཐོབ་རང་ཕྱོགས་བདེ༔ ནད་ཕྱྭར་ནད་ཕུག་ལྗི་ན་ཡང་༔ འདྲེ་གདོན་མེད་དེ་སྨན་གྱིས་འཚོ༔ གདོན་ཕྱྭར་ཞྭ་ནག་གོས་ནག་ལ༔ རྐྱེན་བྱས་སྡིག་པའི་གྲིབ་ཀྱི་བག༔ ཨེ་ཐུབ་ན་ཡང་དེར་མི་ཐུབ༔ མི་དགེ་སྨོས་ཆེད་དགེ་ཞིང་ལེགས༔ ན་བའི་འཕྲོ་ལ་སྨོས་པ་ན༔ ན་འཕྲོ་ཤི་འཕྲོ་ཆད་པར་ངེས་༔ མོ་མཐའ་བཟང་སྟེ་ལོ་འགར་བདེ༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ ༈བཞི་པའི་ས་ལ་བབ་པ་ན༔ གེ་སར་བདུད་ཡུལ་ལས་ལྡོག་པ༔ གཞི་ཕྱྭར་ནང་མཁོན་མང་ཞིང་འཁྲུགས༔ ཡང་ན་འཇིགས་པ་ཞིག་འབྱུང་སྲིད༔ ནོར་ལ་གོད་ཁ་འབྱུང་བའི་ངོ་༔ གཟའ་དང་བྱད་ཁ་ཆེ་བ་ཡིན༔ དེ་བཟློག་རིམ་གྲོ་དག་ལ་བསྐོར༔ སྲིད་ཕྱྭར་བུ་མོ་མང་པོ་འབྱུང་༔ རིམ་གྲོས་བུ་དཔལ་བསྐྱེད་ཀྱང་སྲིད༔ ཨེ་འགྲུབ་ན་ཡང་འགྲུབ་ཐག་རིང་༔ ཨེ་འཕྲད་ན་ནི་མི་འཕྲད་འཛོལ༔ གྲོགས་སྡེབ་འཐབ་འཁྲུགས་ན་ཚ་མང་༔ བོར་བ་མི་རྙེད་འཚོལ་དྲག་ན༔ ཁ་མཆི་ངན་པའི་སྣ་ཡང་འདྲེན༔ དགྲ་ཕྱྭ་རྐུན་བུ་ཡང་ཡང་ལྡང་༔ བསང་གསོལ་དགྲ་མནན་བྱས་ན་ལེགས༔ མགྲོན་ཕྱྭ་དོན་ནི་ཐོབ་ན་ཡང་༔ ཁས་རྟ་མི་འཆོས་ཉེས་འགྱོད་ཆེ༔ ཨེ་འཐབ་འཐབ་ཤིང་གཉིས་ཕུང་བྱེད༔ ནད་པར་ནད་མཐའ་རིང་བ་དང་༔ འདྲེ་གདོན་མང་སྟེ་རིམ་གྲོལ་འབད༔ གཤིན་གསོན་བར་གྱི་མགྲོན་པོ་ཡིན༔ གདོན་ཕྱྭར་གོ་མཚོན་རིགས་བྱེད་གནོད༔ འདྲེ་རུ་གཟའ་དང་སྡེ་བརྒྱད་གནོད༔ ཨེ་ཐུབ་པས་ན་གཉིས་ཐུབ་བྱེད༔ ཨེ་དགེ་ན་ཡང་ཕན་གནོད་མེད༔ ན་འཕྲོ་ཤི་འཕྲོ་མི་ཆད་དོ༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈ལྔ་པར་གེ་སར་ལྷར་བྱོན་པའི༔ ལྷ་ཆེན་ཚངས་པའི་གདན་ས་ཡིན༔ གཞི་ཕྱྭར་དགེ་ལེགས་བསོད་ནམས་འཕེལ༔ ནད་མེད་ཚེ་རིང་ལོངས་སྤྱོད་རྒྱས༔ སྲིད་ཕྱྭར་བུ་འབྱུང་སྤྲུལ་པའི་སྐུས༔ འབྲེལ་ཚད་འགྲོ་བ་འདྲེན་པའོ༔ ཡང་ན་དཔའ་རྩལ་སྟོབས་ལྡན་པའི༔ སྐྱེས་བུས་ཡུལ་ས་ཆེན་པོ་འཛིན༔ ཨེ་འགྲུབ་སྨྲོས་ན་ལེགས་པར་འགྲུབ༔ ཨེ་འཕྲད་ན་ཡང་འཕྲད་པར་འགྱུར༔ གྲོགས་སྡེབ་འཛའ་སྟེ་ལེགས་ཡོན་འཕེལ༔ བོར་བ་ནུབ་ཀྱི་ཕྱོགས་ནས་རྙེད༔ དགྲ་ཕྱྭར་དགྲ་ཇག་ཆོམ་རྐུན་མེད༔ མགྲོན་ཕྱྭ་དོན་འགྲུབ་བདེ་བར་འཁོར༔ ཨེ་འཐབ་ན་ཡང་འཐབ་མི་འགྱུར༔ ནད་པས་སྲོག་སྐྱོན་མེད་པར་འཚོ༔ གདོན་ཕྱྭ་རུ་ནག་སྐྱེས་ནག་གོ༔ ཡང་ན་རི་ནག་ཐབས་ནག་གདོན༔ ཨེ་ཐུབ་ན་ཡང་ཕན་གནོད་མེད༔ ཨེ་དགེ་ན་ཡང་དགེ་ལེགས་འཕེལ༔ ན་དང་ཤི་བའི་འཕྲོ་ཆད་འགྱུར༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ ༈དྲུག་པ་ནོར་གླིང་གཡུལ་འགྱེད་པ༔ གཞི་ཕྱྭར་འཁྲུགས་པ་ཤིན་ཏུ་ཆེ༔ ལྷ་འཁྲུགས་བདུད་དུ་བབ་པ་ཡིན༔ མོ་མཙུན་དར་མ་འཆི་བ་དང་༔ སྐྱེས་པ་གཟའ་དཔོན་དེ་ལ་ངན༔ རིམ་གྲོ་ཆེན་པོ་བསྐོར་སྡེབ་བྱ༔ འཐར་ཐུག་ངན་ཞིང་ཁྱིམ་སྟོང་ངོ་༔ སྲིད་ཕྱྭ་རབས་ཆད་མཐར་ཐུག་སྟོང་༔ ཨེ་འགྲུབ་ལེགས་བསྒྲུབ་གནོད་བྱེད་འགྲུབ༔ ཨེ་འཕྲད་འཕྲད་ནས་འཐབ་རྩོད་འཆས༔ གྲོགས་སྡེབ་ཁྱི་བྱི་འཕྲད་དང་མཚུངས༔ བོར་བ་མི་རྙེད་གཏན་དུ་ཡལ༔ དགྲ་ཕྱྭ་དགྲ་འཇིགས་ཆེན་པོ་འབྱུང་༔ མགྲོན་ཕྱྭ་དོན་ཤོར་དགྲ་ལ་ཤོར༔ ཡང་ན་མི་ཤི་ནོར་ཡལ་འགྲོ༔ ཨེ་འཐབ་འཐབ་སྟེ་རང་ཕུང་བྱེད༔ ནད་པ་མི་འཚོ་ངེས་པར་འཆི༔ གདོན་ཕྱྭ་བྲན་དང་བུད་མེད་གདོན༔ མོ་འདྲེས་སྣ་དྲངས་རྒྱལ་པོས་གནོད༔ ཨེ་ཐུབ་ན་ཡང་མི་ཐུབ་ཟེར༔ ཨེ་དགེ་ཞེ་ན་མི་དགེ་ངན༔ ན་ཤིའི་ཕུང་ཁྲོལ་འགྲོ་འཕར་བྱེད༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ རིམ་གྲོ་བསྐོར་ཀྱང་བཟློག་དཀའི་གནས༔ ༈བདུན་པའི་ས་ལ་བབ་གྱུར་ན༔ གེ་སར་ཧོར་ལ་ཆས་པ་ཡིན༔ གཞི་ཕྱྭར་བགོས་གཏོར་ཆེ་བའི་ངོ་༔ ཚིག་ངན་ཁ་མཆུ་མང་བ་ཡིན༔ མི་སྲོག་ལ་ཡང་རྒོལ་བ་མེད༔ སྲིད་ཕྱྭ་བུ་སྐྱེ་སྐྱོན་ཅན་ངོ་༔ ཨེ་འགྲུབ་ན་ཡང་ཕུགས་སུ་འགྲུབ༔ ཨེ་འཕྲད་འཕྲད་དེ་སྒུག་ཐག་རིང་༔ གྲོགས་སྡེབ་ཕུགས་སུ་སོ་སོར་འགྲོ༔ འཐབ་རྩོད་མང་མཐར་འདུམ་དགོས་འབྱུང་༔ བོར་བ་རྩད་ཆོད་དྲག་བྱས་ན༔ ཡུན་རིང་རྗེས་སུ་རྙེད་པའི་ངོ་༔ དགྲ་ཕྱྭ་དགྲ་དེ་རང་ཕུང་ནས༔ རྩོད་ཡུལ་མེད་པར་འགྲོ་བའི་ལྟས༔ མགྲོན་ཕྱྭར་མགྲོན་པོ་དཀའ་ཚེག་ཆེ༔ དོན་འགྲུབ་བདེ་བར་སླེབས་པའི་ལྟས༔ ཨེ་འཐབ་འཐབ་སྟེ་རང་རྒྱལ་བྱེད༔ ནད་པར་རིམ་གྲོ་བྱས་ན་འཚོ༔ གདོན་ཕྱྭ་ཁང་རྒན་ཟླ་གམ་བཤིག༔ ཡང་ན་རྟེན་རྫས་གཉན་པོ་བསྒུལ༔ དེས་རྐྱེན་དཀོར་བདག་གཉན་པོས་གནོད༔ ཨེ་ཐུབ་བྱས་ན་ཐུབ་པ་ཡིན༔ ཨེ་དགེ་ཨེ་བཟང་ཟེར་བ་ན༔ ལས་དེ་བྱས་ན་དགེ་ལེགས་ཟེར༔ ན་ཤིའི་འཕྲོ་འདི་ཨེ་འཆད་ན༔ འཕྲོ་ཆད་དགེ་བའི་འཕྲོ་རྒྱུན་ཟིན༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བརྒྱད་པའི་ས་ལ་བབ་གྱུར་ན༔ གེ་སར་ཧོར་ལ་བྱོན་ནས་སུ༔ ཧོར་ཡུལ་ཁ་ལོ་བསྒྱུར་བ་ཡིན༔ གཞི་ཕྱྭར་དགེ་ལེགས་ཡོན་ཏན་འཕེལ༔ ལྷ་བསྒྲུབ་དགྲ་འདྲེ་ཐུལ་བ་ཡིན༔ རིམ་གྲོ་ལམ་དུ་སོང་བ་ཡིན༔ ཉེས་པ་ཟད་པའི་རྗེས་ཡིན་བཟང་༔ སྲིད་ཕྱྭར་བུ་ནི་མང་པོ་འབྱུང་༔ ཨེ་འགྲུབ་བྱས་ན་འགྲུབ་ཚར་ཟེར༔ ཨེ་འཕྲད་བྱས་ན་ངེས་པར་འཕྲད༔ གྲོགས་སྡེབ་ཕོ་མོ་མཆོག་ཟུང་འཕྲོད༔ བོར་བ་རང་གི་ཉེ་སར་ཡོད༔ དགྲ་ཕུང་དགྲ་ཡུལ་སྟོང་ཟིན་ངོ༔ མགྲོན་པོ་དོན་འགྲུབ་ཕྱིར་ལ་ཆས༔ ཨེ་འཐབ་འཐབ་ཟིན་རང་རྒྱལ་ངོ་༔ ནད་པ་ནད་ལས་ཐར་ཟིན་ཏེ༔ བླ་རྐུན་ལག་ནས་བླ་ལོན་ངོ་༔ གདོན་ཕྱྭ་ཆུ་མིག་བྲག་རི་ནས༔ ཀླུ་གཉན་གནས་སར་ལས་བྱས་པའི༔ རྐྱེན་དེས་འདྲེ་གདོན་དེ་ཡིས་བྱས༔ ཨེ་ཐུབ་ན་ཡང་ཐུབ་ཚར་ཟེར༔ ཨེ་དགེ་བྱས་ན་ལས་གང་རུང་༔ བྱས་ན་དགེ་ཞིང་ལེགས་ངོ་ཡིན༔ ན་ཤིའི་འཕྲོ་འདི་ཨེ་འཆད་ན༔ ངེས་པར་འཆད་དེ་མི་ནོར་འཕེལ༔ གཞན་ཡང་ཅིལ་བཏབ་ཀྱང་བཟང་༔ ༈དགུ་པའི་ས་ལ་བབ་པ་ན༔ གཉན་པོའི་ཁྱུང་ཚར་གཏོར་བ་ཡིན༔ གཞི་ཕྱྭར་འདྲེ་འཚུབས་ཆེ་བའི་ཕྱིར༔ རིམ་གྲོ་དག་ལ་འབད་པ་གནད༔ སྲིད་ཕྱྭར་བན་བོན་བྱད་ཀྱི་བཅད༔ ཨེ་འགྲུབ་ན་ནི་འགྲུབ་པ་ཡིན༔ ཨེ་འཕྲད་འཕྲད་ཅིང་མཁོན་འཛིང་འོང་༔ གྲོགས་སྡེབ་ཕོ་མོ་གང་རུང་འཆི༔ བོར་བ་ཆུ་མཚོའི་ནང་དུ་སོང་༔ དགྲ་ཕྱྭ་དགྲ་ནི་ཆེ་དྲག་ནས༔ མི་རུང་སྔགས་མཁན་ཞིག་ལ་འགྲས༔ སྲོག་ལ་ཧུར་ཐུམ་འབྱུང་ངོ་ཡིན༔ མགྲོན་ཕྱྭ་མགྲོན་པོའི་དོན་གཉེར་བྱེད༔ ད་དུང་ཕྱིར་ལ་མ་འཁོར་སྡོད༔ ཨེ་འཐབ་དགྲ་མི་ཡ་ལན་མེད༔ ནད་པ་ངེས་པར་འཆི་ངོ་ཡིན༔ གདོན་ཕྱྭ་ཁྲ་བོ་རིགས་བྱེད་གདོན༔ བན་བོན་བྱད་ཁ་གདོན་དུ་ལངས༔ ཨེ་ཐུབ་ཐུབ་སྟེ་རང་རྒྱལ་བྱེད༔ ཨེ་དགེ་བྱས་ན་ལས་དེ་དགེ༔ ན་འཆིའི་འཕྲོ་ལ་ད་དུང་ངན༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བཅུ་པའི་ས་ལ་བབ་པ་ན༔ བལ་པོའི་ལུག་རྫོང་ཕབ་པ་ཡིན༔ གཞི་ཕྱྭར་བཟང་སྟེ་ནོར་ཕྱུགས་རྙེད༔ རང་མགོ་མི་ལ་ཤོར་ངོ་ཡོད༔ སྲིད་ཕྱྭ་བུ་འབྱུང་སྐལ་བཟང་འདོན༔ ཨེ་འགྲུབ་ན་ནི་ངེས་པར་འགྲུབ༔ ཨེ་འཕྲད་འཕྲད་ཅིང་དགའ་འཛུམ་བརྩེ༔ གྲོགས་སྡེབ་ཕོ་རབ་མོ་བཟང་འཕྲད༔ བོར་བ་ཐག་རིང་ཞིག་ནས་རྙེད༔ ཡང་ན་ཤིང་ཆེན་ཀློང་ནས་རྙེད༔ དགྲ་ཕྱྭ་དགྲ་དེ་རྒྱུད་ལྷོད་པས༔ ཡུན་རིང་ཞིག་ལ་གནོད་འཚེ་མེད༔ མགྲོན་ཕྱྭ་མགྲོན་པོས་རང་ས་མནན་༔ ཡང་ན་ཡུན་རིང་མ་ཐོན་ངོ་༔ ཨེ་འཐབ་འཐབ་དགོས་འབྱུང་མིན་ཏེ༔ དགྲ་ནོར་རང་ལ་ཐོབ་ངོ་ཡོད༔ ནད་པ་མི་འཆི་རིམ་གྲོས་བྱེད༔ གདོན་ཕྱྭ་རང་གི་ཕུག་ལྷ་གནོད༔ ཨེ་ཐུབ་བྱས་ན་མི་ཐུབ་ཟེར༔ ཨེ་དགེ་བྱས་ན་མི་དགེ་སྨྲོས༔ ན་འཆིའི་འཕྲོ་ཆད་སླར་ལྡང་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བཅུ་གཅིག་པ་ལ་བབ་པ་ན༔ རྒྱ་ལ་ཤོས་རྟ་སྤྲད་པ་ཡིན༔ གདོང་གི་རྟ་རྫོང་ཕབ་པ་ཡིན༔ རྒྱ་ཡུལ་ཁ་ལོ་བསྒྱུར་བ་ཡིན༔ གཞི་ཕྱྭར་བསོད་ནམས་ལོངས་སྤྱོད་འཕེལ༔ མི་མགོ་རང་གི་ལོན་པ་ཡིན་༔ མི་མགོ་མཐོ་ལ་མི་རྒྱུད་བཟང་༔ ནད་མེད་ཚིག་བཙན་བཀྲ་ཤིས་ལེགས༔ སྲིད་ཕྱྭར་སྤྲུལ་སྐུ་སྐྱེས་ཆེན་ནམ༔ ཡང་ན་དཔའ་རྩལ་གྲགས་ལྡན་འབྱུང་༔ ཨེ་འགྲུབ་ན་ནི་ལེགས་པར་འགྲུབ༔ ཨེ་འཕྲད་བྱས་ན་འཕྲད་དོན་ཐོབ༔ གྲོགས་སྡེབ་ལྷ་དང་ལྷ་མོ་འཛོམ༔ བོར་བ་མི་རིང་མྱུར་དུ་རྙེད༔ དགྲ་ཕྱྭ་དགྲ་དེ་ཉམས་དམའ་བས༔ ཡ་ལན་བྱེད་པ་མཐའ་རིང་ཙམ༔ མགྲོན་ཕྱྭ་ཅི་བསམ་འགྲུབ་ཅིང་སླེབས༔ ཨེ་འཐབ་དགྲ་ལ་འཐབ་ས་མེད༔ འཐབ་ཅིང་རང་གཞན་བདེ་བར་ངེས༔ ནད་པར་ནད་མཐའ་རིང་བ་ཡང་༔ འདྲེ་མེད་སྨན་གྱིས་བཅོས་པ་གལ༔ དེས་མ་ཕན་ན་འཆི་བའི་ལྟས༔ གདོན་དུ་ཉེ་འདྲེ་ཉེ་ཕྱོགས་ནས༔ འོད་ཅན་རྫས་སམ་མཆོད་ཆ་གདོན༔ ཨེ་ཐུབ་ཐུབ་སྟེ་རང་ཡང་འཚམས༔ ཨེ་དགེ་ན་ནི་དགེ་ལེགས་ལྡན༔ ན་འཆིའི་འཕྲོ་ཆད་ཡུན་རིང་བདེ༔ གཞན་ཡང་ཅི་ལ་བཏབ་ཀྱང་དགེ༔ ༈བཅུ་གཉིས་རྒྱ་སོག་ཧོར་བལ་གྱི༔ འདྲེ་ལ་འཐབ་འཁྲུགས་ས་ཡིན་པས༔ གཞི་ཕྱྭར་འཇིགས་པ་ཆེན་པོའམ༔ ཡང་ན་ནད་རིམས་ངན་པ་འབྱུང་༔ དེ་བཟློག་རིམ་གྲོ་བསྐོར་རྡབ་བྱ༔ སྲིད་ཕྱྭ་བུ་མེད་རབ་ཆད་དོ༔ ཨེ་འགྲུབ་བྱ་བ་བཤོལ་བའི་མོ༔ ཨེ་འཕྲད་བྱ་ན་མི་འཕྲད་ཅིང་༔ འཕྲད་ན་དགྲ་ཡིས་བསླུ་བ་ལགས༔ གྲོགས་སྡེབ་སྟག་སྤྲེལ་འཕྲད་འདྲ་ངན༔ བོར་བ་མི་སྲུན་དགྲ་རུ་ཤོར༔ རྫས་བོར་མི་མངོན་ཟས་སུ་ཚུད༔ ཕྱུགས་བོར་གཤེད་མའི་ལག་ཏུ་སོང་༔ མི་བོར་གྲི་ཤིར་སོང་བ་ཡིན༔ དགྲ་ཕྱྭ་དགྲ་ཡི་དཔུང་ཚོགས་ནས༔ རང་རེ་སང་ལ་ཧབ་ཤ་བྱེད༔ མགྲོན་ཕྱྭ་དགྲ་ལག་སོང་བའམ༔ ཡང་ན་ཉེས་པ་ཆེན་པོས་མནར༔ ཨེ་འཐབ་འཐབ་སྟེ་རང་ཕུང་བྱེད༔ ནད་པ་མི་འཚོ་ཕན་མེད་ན༔ རིང་པོར་མི་ཐོགས་མྱུར་དུ་འཆི༔ གདོན་ཕྱྭ་ཁ་ཕོར་ཀ་ཚེ་འམ༔ ཡང་ན་ཕྱུགས་དང་བྲན་གཡོག་གདོན༔ ཨེ་ཐུབ་བྱས་ན་མི་ཐུབ་ཟེར༔ ཨེ་དགེ་བྱས་ན་མི་དགེ་ཉེས༔ གཡང་གི་རྟེན་གྱི་ནོར་ཕྱུག་ཕུད༔ གཡང་ཉམས་ཕུང་ཉེན་དབུལ་པོར་འགྲོ༔ ན་འཆིས་ཡང་ཡང་མནར་བའི་ངོ་༔ མི་ཆད་ལྷག་མེད་བཏང་བའི་མོ༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ ༈བཅུ་གསུམ་པ་ལ་བབ་གྱུར་ན༔ གླིང་གི་རྟ་རྒྱལ་རྩོད་པ་ཡིན༔ གེ་སར་དཔོན་རུ་རྒྱལ་བ་ཡིན༔ རྗེ་འབངས་དབང་དུ་བྱེད་པ་ཡིན༔ ལྷ་འདྲེའི་གཏེར་དང་འཕྲད་པ་ཡིན༔ བདེ་སྐྱིད་ཉི་མ་འཆར་བ་ཡིན༔ གཞི་ཕྱྭར་མི་ལ་ན་ཚ་མེད༔ ནོར་དང་ཕྱུགས་ལ་གྱོང་གོད་མེད༔ སྤྲང་པོ་གཏེར་དང་འཕྲད་པ་ཡིན༔ ཉམ་ཆུང་རྒྱལ་སར་ཕེབས་པ་ཡིན༔ རིམ་གྲོ་བཀྲ་ཤིས་བརྩེགས་པ་དང་༔ ཤེར་ཕྱིན་སྙིང་པོ་རྡོ་ལ་བརྐོ༔ རི་རྩེ་རྒྱལ་མཚན་དཔུང་རྒྱན་ཕྱར༔ སྲིད་ཕྱྭར་ཕ་བུའི་སྡེ་ཚོ་གྱེས༔ ཨེ་འགྲུབ་བྱས་ན་ངེས་པར་འགྲུབ༔ ཨེ་འཕྲད་འཕྲད་ཅིང་ཡིད་མཐུན་སྟེར༔ གྲོགས་སྡེབ་མངའ་ཐང་གོང་འཕེལ་རྒྱས༔ བོར་བ་མི་རིང་ལག་ཏུ་སླེབས༔ དགྲ་མེད་ཆོམ་རྐུན་འཚེ་བ་མེད༔ མགྲོན་པོ་དོན་འགྲུབ་རང་ཡུལ་སླེབས༔ ཨེ་འཐབ་བྱས་ན་མི་འཐབ་ལེགས༔ ནད་པ་ཤི་ཟིན་མིན་ན་འཚོ༔ གདོན་མེད་ལྷ་ཡི་ངོ་སོ་མཐོ༔ ཨེ་ཐུབ་བྱས་ན་ངེས་པར་ཐུབ༔ ཨེ་དགེ་ལས་གང་བསྒྲུབ་ཀྱང་དགེ༔ ན་འཕྲོ་ཆད་ཅིང་ཤི་འགབ་ཆད༔ ད་ནི་ན་འཆི་མི་འབྱུང་ལེགས༔ ཅི་ལ་བཏབ་ཀྱང་ཤིན་ཏུ་བཟང་༔ འདི་ནི་ལན་གསུམ་བསྐོར་རྡབ་ནས༔ ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་དཔྱད༔ མོ་སྒྲུབ་བྱས་ནས་བཏབ་པ་ན༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ་ཡིན༔ ཀུན་ཤེས་ཀུན་རིགས་དགེ་ལེགས་འཕེལ༔ ཞེས་མངོན་ཤེས་འཕྲུལ་གྱི་པྲ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷུན་གྲུབ་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
༁ྃ༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}}) དང་པོ་མོ་བསྒྲུབ་བྱེད་པ་ལ༔ ཧཱུྃཿདུས་གསུམ་གྱི་རྒྱལ་བ་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་མཁྱེན་རབ་དབང་པོ་འཇམ་དཔལ༔ བརྩེ་ཆེན་ཐུགས་རྗེ་ཆེན་པོ༔ མཐུ་སྟོབས་ཕྱག་ན་རྡོ་རྗེ༔ ལྷ་བུ་ཚངས་པ་གདོང་བཞི༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་རྣམས་གཅིག་ཏུ་འདུས་ཤིང་དྲིལ་ཏེ་ཡི་གེ་ཧཱུྃ་དམར་ནག་ཡེ་ཤེས་ཀྱི་མེ་འབར་བ་ཞིག་ཏུ་གྱུར༔ དེ་ལས་འོད་འཕྲོས་རྒྱལ་བ་སྲས་དང་བཅས་པ་མཆོད༔ མཁྱེན་བརྩེ་ནུས་དཔལ་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ མར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱས་བདེ་བ་ལ་བཀོད༔ དགྲ་བགེགས་བདུད་དང་ལོགས་ལྟ་ཐམས་ཅད་ཚར་བཅད༔ དེ་དག་གི་ཚེ་བསོད་དཔལ་ཡོན་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་འཛམ་གླིང་ཡོངས་ཀྱི་མགོན་པོ་གེ་སར་ནོར་བུ་དགྲ་འདུལ་སྐུ་འདོག་དམར་ནག་ཉི་མའི་འོད་ལྟར་གསལ་བ༔ གཡས་མདུང་དར་དང་གཡོན་པས་ལྕགས་ཀྱུ་འཛིན་པ༔ སྐུ་ལ་རྡོ་རྗེ་གོ་ཁྲབ་དང་དབུ་ལ་རྨོག་དཀར་གསོལ་བ༔ སྐེད་པར་སྟག་རལ་དང་གཟིག་ཤུབ་རལ་གྲི་གསུམ་གྱིས་བརྒྱན་པ༔ ལྷ་རྟ་རྐྱང་བུ་ཁ་དཀར་ལ་གསེར་སྒ་དང་གསེར་སྲབ་གཡུ་མཐུར་གྱིས་བརྒྱན་པ་ལ་ཆིབས་ཤིང་དགྲ་བླ་ལྷ་དམག་བྱེ་བ་དུང་ཕྱུར༔ གཉན་དམག་འབུམ་ཁྲི་འབུམ་སྟོང་༔ གཏུམ་པོ་ཀླུ་དམག་འབུམ་སྡེ༔ ཨ་ནེ་གོང་སྨན་རྒྱལ་མོ༔ སྲིང་ཆུང་ཐ་ལེ་འོད་དཀར༔ ཡུམ་ཆེན་མཁའ་འགྲོ་བཅུ་གསུམ་དང་བཅས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བཀྲ་ཞིང་གསལ་ལ་ངོམས་པར་བསྒོམ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱ༔ དམར་པོ་ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་ལས་འོད་ཟེར་དཀར་དམར་མཐིངས་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཛ་ཛ༔ སྤྱན་འདྲེན་ལ༔ ཧཱུྃ༔ ཀི་བསྭོ་ཆའོ་ལྷ་རྒྱལ་ལོ༔ ནམ་མཁའ་རྣམ་པར་དག་པའི་དབྱིངས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ མཁྱེན་རབ་དབང་ཕྱུག་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི་མངོན་ཤེས་སྩོལ༔ ལྷུན་གྲུབ་ཡོན་ཏན་རབ་རྫོགས་ཀློང་༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི༴ ཀུན་ཁྱབ་ཐུགས་རྗེ་ཕྱོགས་མེད་དབྱིངས༔ གཞོམ་བྲལ་རྡོ་རྗེའི་གཞལ་ཡས་ནས༔ ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི༴ པདྨ་འོད་ཀྱི་གཞལ་ཡས་ནས༔ དུས་གསུམ་ཀུན་མཁྱེན་པདྨ་འབྱུང་༔ འཁོར་དང་བཅས་པ་གཤེགས༴ དུས་གསུམ་མཁྱེན་པའི༴ མི་མངོན་ཆོས་ཀྱི་དབྱིངས་ཀློང་ནས༔ འཛམ་གླིང་གེ་སར་རྒྱལ་པོ་ཆེ༔ དགྲ་བླ་ཡུམ་བཅས་གཤེགས༴ དུས་གསུམ་མཁྱེན་པའི༴ ཨ་ནེ་གོང་སྨན་རྒྱལ་མོ་དང་༔ སྲིང་ཆུང་ཐ་ལེ་འོད་དཀར་དང་༔ ཡེ་ཤེས་མཁའ་འགྲོ་གཤེགས༴ དུས་གསུམ་མཁྱེན་པའི༴ སྐད་ཅིག་མི་འབྲལ་རྗེས་སུ་ཟུང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསྐྱེད་ཅིང་བསྒོམ་པའི་དཀྱིལ་འཁོར་འདིར༔ རིགས་གསུམ་མགོན་པོ་བཞུགས་སུ་གསོལ༔ སེང་ཆེན་རྒྱལ་པོ་བཞུགས་སུ་གསོལ༔ དགྲ་བླ་འབུམ་བཅས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱན་འཚལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཕྲིན་ལས་བདག༔ ལྷག་པའི་ལྷ་མཆོག་བདུད་ལས་རྒྱལ༔ སེང་ཆེན་ནོར་བུ་དགྲ་འདུལ་ལ༔ རྣམ་གསུམ་དད་པས་གུས་ཕྱག་འཚལ༔ ན་མོ་ན་མ་ཧོཿ མཆོད་པ་འབུལ་བ་ལ༔ ཧཱུྃ༔ དབང་པོ་དྲུག་གི་ཡུལ་གྱུར་པ༔ འདོད་ཡོན་སྣང་བའི་མི་ཟད་གཏེར༔ མ་ལུས་བསྡུས་ཤིང་བློས་བླངས་ཏེ༔ འཛམ་གླིང་སེང་ཆེན་འཁོར་བཅས་མཆོད༔ མ་ཧཱ་སརྦ་ག་ན་པཱུ་ཛ་ ཧོཿ  དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ མཁྱེན་རབ་དབང་ཕྱུག་མགོན་པོ་འཇམ་པའི་དབྱངས༔ བརྩེ་ཆེན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ མཐུ་སྟོབས་ནུས་པའི་གཏེར་ཆེན་རྡོ་རྗེ་འཛིན༔ ཕྲིན་ལས་གཅིག་བསྡུས་སངས་རྒྱས་པདྨ་སྐྱེས༔ གཉིས་མེད་འཛམ་གླིང་གེ་སར་རྒྱལ་པོར་བསྟོད༔ ཁམས་གསུམ་དབང་བསྡུས་སྐུ་མདོག་དམར་འོད་འབར༔ མཐུ་རྩལ་ཐོགས་མེད་མདུང་དམར་གཡས་ན་ཐོགས༔ དགོས་འདོད་མཆོག་སྩོལ་ནོར་བུ་གཡོན་ན་བསྣམས༔ ཡེ་གྲོལ་མཚོན་ཕྱིར་དར་མཐིང་ནང་གོས་གསོལ༔ ཁམས་གསུམ་རྣམ་རྒྱལ་རྡོ་རྗེའི་གོ་ཁྲབ་གསོལ༔ འཁོར་བའི་སྒོ་གནོན་རྒྱ་ལྷྭམ་ནག་པོ་མནབ༔ ཐེག་མཆོག་ཨ་ཏི་མཚོན་བྱེད་རྨོག་དཀར་ལ༔ ཐུགས་རྗེའི་འདུ་འཕྲོ་དར་གྱི་དཔྱངས་པ་འཕྱོ༔ ཐབས་ཤེས་གཉིས་སུ་མེད་པའི་མདའ་གཞུ་དང་༔ བདག་རྟོག་གཅོད་པའི་ཤེས་རབ་རལ་གྲིས་བརྒྱན༔ སྲིད་ཞིའི་ཕ་རོལ་བརྒལ་ཕྱིར་ཅང་ཤེས་ཆིབས༔ ཡེ་ཤེས་སྒྱུ་མའི་རྣམ་རོལ་དགྲ་ལྷ་དང་༔ ཡུམ་དང་སྤྲུལ་འཁོར་རྒྱ་མཚོའི་གཟའ་སྐར་བཞིན༔ ཅིར་ཡང་སྤྲུལ་བསྒྱུར་མི་སྲུན་གདུག་པ་འདུལ༔ འཛམ་གླིང་སྐྱེས་བུ་གེ་སར་རྒྱལ་པོར་བསྟོད༔ མདོར་ན་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཀུན༔ མ་ལུས་སྐུའི་བཀོད་པ་རབ་རྫོགས་ཤིང་༔ གདུལ་དཀའ་འདུལ་མཛད་གདུལ་བྱའི་དཔལ་དུ་ཤར༔ སེང་ཆེན་ནོར་བུ་དགྲ་འདུལ་ཁྱེད་ལ་བསྟོད༔ བདག་ནི་མ་རིག་གཟུང་འཛིན་དབང་གྱུར་ཏེ༔ ལྷ་དང་རང་སྣང་སོ་སོར་རྒྱབ་གྱེས་པའི༔ ལས་ཉོན་བག་ཆགས་འཁྲུལ་པའི་ནོངས་པ་ཀུན༔ མི་འཆབ་མི་སྦེད་གཉིས་མེད་ཆེན་པོར་བཤགས༔ ཡི་གེ་བརྒྱ་པ་བཟླས་མཐར༔ འཛབ་དམིགས་ནི༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུ༔ ཆུ་ཟླ་གཟུགས་བརྙན་འཇའ་ཚོན་ལྟར༔ གསལ་བའི་ཐུགས་ཀར་ཉི་གདན་ལ༔ དྭངས་མ་འོད་ཀྱི་ཐིག་ལེའི་ཀློང་༔ ཧཱུྃ་དམར་སྤུ་ཤད་ལྟ་བུའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ཡི༔ རང་སྒྲས་སྣང་སྲིད་གཡོ་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་བི་ཛ་ཀྲོ་ཏ་ཧཱུྃ་ཕཊ༔ བསྒྲུབ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུའི༔ ཀློང་དུ་སྤྲུལ་འཁོར་ཡུམ་དགྲ་ལྷ༔ རྒྱ་མཚོའི་གཟའ་སྐར་ཇི་བཞིན་གསལ༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང་༔ སྲིང་མོ་ཐ་ལེ་འོད་དཀར་དང་༔ ཨ་ནེ་གོང་སྨན་རྒྱལ་མོ་གཉིས༔ མཁའ་འགྲོ་དཀར་དང་མཐིང་ཀའི་ཚུལ༔ མདའ་དར་མེ་ལོང་ཕྱག་ན་བསྣམས༔ དུས་གསུམ་མཁྱེན་པའི་ཐུགས་ཀྱིས་དགོངས༔ སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔ དགོངས་པ་བདག་ལ་འཕོ་བར་བསྒོམ༔ ཀུན་གྱི་གསང་སྔགས་རིག་སྔགས་དང་༔ གཟུངས་སྔགས་སྙིང་པོ་འདི་ཁོ་ན༔ གྱུར་ཏེ་གཉེས་མེད་ཡོངས་འགྲུབ་ཅིང་༔ འོད་ཟེར་འཕྲོས་པས་རྒྱལ་ཀུན་གྱིས༔ མཁྱེན་བརྩེ་ནུས་དཔལ་ཐམས་ཅད་དང་༔ བརྟན་གཡོའི་དྭངས་བཅུད་མ་ལུས་པ༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འཁོར་འདས་ཡོངས་ཀྱི་སྲོག་དབང་ཐོབ༔ འཁོར་བ་ཡོངས་སྒྲོལ་སྟོབས་འབྱོར་ནས༔ ཚེ་བསོད་དཔལ་ཡོན་རབ་འཕེལ་རྒྱས༔ འཁོར་བ་དོང་སྤྲུགས་དབང་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་བི་ཛ་ཀྲོ་ཏ་ཧཱུྃ་ཕཊ༔ དེ་ནས་ལས་ལ་སྦྱར་བ་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་ཐུགས་ཀ་ནས༔ རང་འདྲའི་སྤྲུལ་པའི་ལས་མཁན་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབེབས༔ ཕྱོགས་བཅུའི་དགྲ་བགེགས་གནོད་བྱེད་ཚོགས༔ མ་ལུས་ཐལ་བའི་རྡུལ་དུ་བརླག༔ བསྐལ་པའི་མེ་དཔུང་འབར་བས་བསྲེགས༔ རྡོ་རྗེ་སྤུ་གྲིའི་རླུང་གིས་གཏོར༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་ཨཱཿཧཱུྃ༔ སོགས་ནས༔ སླར་ཡང་མངོན་སྤྱོད་ལས་སྦྱོར་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་པས༔ རང་འདྲའི་ལས་མཁན་དམར་ནག་གིས༔ སྣང་སྲིད་སྐད་ཅིག་བསྐོར་བྱས་ནས༔ ལྷ་གཉན་ཀླུ་དང་སྡེ་བརྒྱད་དང་༔ སྣང་སྲིད་ལྷ་འདྲེ་གཞི་བདག་ཚོགས༔ མ་ལུས་དབང་བསྡུས་བྲན་དུ་ཁོལ༔ དམག་ཚོགས་དཔུང་བསྡུས་སྣང་སྲིད་ཁམས༔ འགེང་ཞིང་དགྲ་བོའི་མི་ནོར་འཁོར༔ ཐལ་བ་རྡུལ་བཞིན་བརླག་པར་བསམ༔ ལྷག་མ་ནད་རིམས་དུག་གིས་གཞོམ༔ ལས་མཁན་ཚོགས་ཀྱིས་ཧབ་ཐོབ་རོལ༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་ཨཱཿཧཱུྃ༔ སོགས་ནསསརྦ་ལོ་ཀ་པཱ་ལ་དགྲ་ལ་རྦད༔ ཅེས་བརྗོད༔ བསྙེན་པ་འབུམ་ཕྲག་བཅུ་གཉིས་ལ༔ བསྒྲུབ་པ་འབུམ་ཕྲག་བཅུ་གསུམ་དང་༔ ལས་སྦྱོར་འབུམ་ཕྲག་དྲུག་ཏུ་བྱ༔ དེ་ལ་གསལ་བའི་གཟེར་ལྡན་ན༔ མངོན་སུམ་འགྲུབ་པའི་རྟགས་མཚན་འབྱུང་༔ བར་བར་གསོལ་བ་འདེབས་པ་ནི༔ ན་མོ༔ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ དུས་གསུམ་བཞུགས་ལ་གསོལ་བ་འདེབས༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་ཏན༔ དབང་གིས་བདག་རྒྱུད་སྨིན་གྲོལ་མཛོད༔ མཁྱེན་རབ་དབང་ཕྱུགས་ལཇམ་དཔལ་ལ༔ རྣམ་གསུམ་དད་པས་གསོལ་བ་འདེབས༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས༔ བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས༔ ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས༔ དྲན་ནས་དད་པས་གསོལ་བ་འདེབས༔ ཇི་སྙེད་གཟིགས་པའི་ཡེ་ཤེས་ཀྱིས༔ བདག་རྒྱུད༴ མཐུ་སྟོབས་མངའ་བདག་རྡོ་རྗེ་ཅན༔ དྲན་ནས་དད་པས༴ འཁོར་བ་ཡོངས་སྒྲོལ་ནུས་སྟོབས་ཀྱི༔ བདག་རྒྱུད༴ ཕྲིན་ལས་མངའ་བདག་པདྨ་འབྱུང་༔ དྲན་ནས་དད་པས༴ སྐུ་གསུམ་མཉམ་སྦྱོར་ནུས་གསུམ་གྱིས༔ བདག་རྒྱུད༴ ཀུན་གྱི་སྤྱི་གཟུགས་སེང་ཆེན་རྒྱལ༔ དྲན་ནས་དད་པས༴ རབ་འབྱམས་མཛད་ཕྲིན་རྒྱ་མཚོ་ཡིས༔ བདག་རྒྱུད༴ ཨ་ནེ་གོང་སྨན་རྒྱལ་མོ་འདི༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན་མངོན་ཤེས་ཀྱིས༔ བདག་རྒྱུད༴ སྲིང་ཆུང་ཐ་ལེ་འོད་དཀར་མ༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ བདག་རྒྱུད༴ ཡུམ་ཆེན་མཁའ་འགྲོ་སྡེ་ལྔའི་ཚོགས༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ བདག་རྒྱུད༴ འཁོར་ཚོགས་དཔའ་གཏུམ་སུམ་ཅུ་ཕྲག༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ སྤྲུལ་པ་སྒྱུ་འཕྲུལ་འཁོར་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་དགོངས༔ སྐད་ཅིག་མི་འབྲལ་བསྲུང་སྐྱོབས་མཛོད༔ སེང་ཆེན་ནོར་བུ་དགྲ་འདུལ་དང་༔ ཡུམ་འཁོར་དགྲ་བླ་བཅས་རྣམས་ཀྱིས༔ དུས་གསུམ་མཁྱེན་པའི་མངོན་ཤེས་དང་༔ ཀུན་ཤེས་ཀུན་རིག་ཉམས་རྨི་ལམ༔ བཀྲ་མོར་བཅས་པ་བསྟན་དུ་གསོལ༔ གཞན་ཡང་འགྲོ་དོན་རླབས་པོ་ཆེ༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བརྗོད་དོ༔ དེ་ནས་པྲ་མོའི་ལས་སྦྱོར་ནི༔ མོ་རྡེལ་དཀར་པོ་གཅིག་དང་ནི༔ ནག་པོ་བཅུ་གཉིས་དབྱིབས་ཆེ་ཆུང་༔ འདྲ་མཚུངས་བསགས་ལ་བསྒྲུབ་རྟེན་དུ༔ བཙུག་ནས་བཅང་བ་དེ་བཟུང་ནས༔ དང་པོ་མོ་བརྡར་བྱ་བ་ནི༔ ལྷ་ཀི་ཀི་བསྭོ་བསྭོ༔ དབུ་ནག་བོད་ཀྱི་ལྷ་གཅིག༔ འཛམ་ཀླིང་གེ་སར་རྒྱལ་བོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ བསྟན་དགྲ་གདུག་པའི་གཉའ་ནོན༔ བདུད་དང་བགེགས་ཀྱི་གཉའ་ནོན༔ དུས་གསུམ་རྒྱལ་བའི་ཕྲིན་ལས་ཀྱི་མངའ་བདག་ཆེན་པོ་འདིར་གཤེགས་ཤིག་བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛ༔ ཏིཥྠ་ལྷན༔ ཀྱཻ༔ སེང་ཆེན་ནོར་བུ་དགྲ་འདུལ༔ ཡབ་མཆོག་ལྷའི་དབང་པོ༔ ཡུམ་མཆོག་ཀླུ་མོ་མཛེས་ལྡན༔ མེས་པོ་སྲིད་པའི་དྲང་མཁན༔ ཕུ་བོ་འབུམ་པ་ཞལ་དཀར༔ ནུ་བོ་སྣང་ཆུང་གཡུ་སྟག༔ སྲིང་ཆུང་ཐ་ལེ་འོད་དཀར༔ ཨ་ནེ་གོང་སྨན་རྒྱལ་མོ༔ སྤྲུལ་པ་ཕུ་ནུ་སུམ་ཅུ༔ རྣམ་རྒྱལ་དགྲ་བླ་བཅུ་གསུམ༔ དཔུང་རོག་ལྷ་ཀླུ་གཉན་དམག༔ རྒྱབ་བརྟེན་རིགས་གསུམ་མགོན་པོ༔ རིགས་བདག་དུས་གསུམ་སངས་རྒྱས༔ བཀའ་སྡོད་ཆོས་སྐྱོང་མགོན་པོ༔ ལས་མཁན་ལྷ་སྲིན་སྡེ་བརྒྱད༔ མགྲོན་ཡག་དར་མ་བཅུ་གསུམ༔ མངོན་ཤེས་དྲང་མཁན་མཁའ་འགྲོ༔ སྣང་སྲིད་ཡུལ་ལྷ་གཞི་བདག་དང་བཅས་པ་བདག་གི་མོ་ཡི་དྲང་མཁན་དུ་བྱོན་ཅིག༔ མདོར་ན་འཛམ་གླིང་གི་སྐྱེས་མཆོག་གེ་སར་རྒྱལ་པོའི་སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར༔ གཡོག་དང་ཡང་གཡོག་མ་ལུས་ཤིང་ལུས་པ་མེད་པ་འདིར་གཤེགས་ཤིག༔ བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཀྱཻ༔ འཛམ་གླིང་གེ་སར་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ༔ སྤྲུལ་འཁོར་དགྲ་བླ་བཀའ་སྡོད་དང་བཅས་པས་བདག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པས་པྲ་མོ་གསལ་བར་ཕོབ་ཅིག༔ པྲ་མོ་གསལ་བར་སྟོན་ཅིག༔ ཨོཾ་བཛྲ་ཧེ་རུ་ཀ་ཤྲཱི་བི་ཛ་ཀྲོ་ཏ་ཧཱུྃ་ཛ༔ ཏདྱ་ཐཱཿགྷི་པ་ཙཀྵུ་སྭཱ་ཧཱ༔ བེ་པུ་ཏོ་ར་ཧ་དྷོ་ཛ་ཛཿཞེས་བརྒྱ་རྩ་བཟླས་ནས་རྡེའུ་ལ་ཕུ་བཏབ༔ གང་ལ་བྱ་བ་སྨོས་སོ༔ ཡང་མངོན་ཤེས་བརྡར་བ་ལ༔ ལྷ་གསོལ་ལོ་མཆོད་དོ༔ ཀྭི་ཀྭི་བསྭོ༔ དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ༔ འཛམ་གླིང་གེ་སར་རྒྱལ་པོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༔ སྤྲུལ་པ་རྫུ་འཕྲུལ་གྱི་མངའ་བདག་ཁྱེད་དྲན་ནོ༔ འབོད་དོ༔ གསོལ་བ་འདེབས་སོ༔ རྟེན་བཅའོ༔ སྐྱབས་སུ་མཆིའོ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ང་ཡི་རྒྱུད་ལ་འབེབས་ཤིང་འཇུག་པར་མཛད་དུ་གསོལ༔ འཕོས་ཤིང་བརླབ་པར་མཛད་དུ་གསོལ༔ དུས་གསུམ་མཁྱེན་པའི་མངོན་ཤེས་རྟག་ཏུ་འཆར་ཞིང་གསལ་བར་མཛད་དུ་གསོལ༔ ཅེས་འཁོར་དགྲ་བླ་དང་བཅས་མཚོ་ལ་ཁ་བ་བབ་པ་ལྟར་བྱུང་ནས་རང་ལ་སིབ་སིབ་ཐིམ་ནས་གཉིས་མེད་དུ་གྱུར་པར་བསྒོམ་ལ༔ ཨོཾ་བཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ས་མ་ཏི་ཕེཾ་ཕེཾ་ཛ་ཛ༔ ཏདྱ་ཐཱ༔ གྷི་པ་ཙཀྵུ་སྭཱ་ཧཱ༔ ཞེས་བརྒྱའམ་བཅུ་རེ་མ་ཆགས་པར༔ བཟླས་ན་མངོན་ཤེས་འཆར་བར་ངེས༔ ཡང་ཅིག་རྨི་ལམ་བརྡར་བ་ལ༔ ཀྱེ་ཀྱེ༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༔ འཛམ་གླིང་གེ་སར་ཆེན་པོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ སྤྲུལ་པ་ཕུ་ནུ་སུམ་ཅུ༔ ཨ་ནེ་གོང་སྨན་རྒྱལ་མོ༔ ཕུ་བོ་དུང་ཁྱུང་དཀར་པོ༔ ནུ་བོ་སྲིད་པའི་གཉན་རྗེ༔ སྲིང་མོ་ཐ་ལེ་འོད་དཀར༔ རྣམ་རྒྱལ་དགྲ་བླ་བཅུ་གསུམ༔ ལྷ་ཀླུ་གཉན་དམག་ཐེར་འབུམ༔ རྩ་གསུམ་དམ་ཅན་རྒྱ་མཚོ་དང་བཅས་པས་བདག་ལ་རང་གཞན་གྱི་ལེགས་ཉེས་གསལ་བའི་རྨི་ལམ་ཕོབ་ཅིག༔ འཕྲུལ་ཅིག༔ སྟོན་ཅིག༔ ཨོཾ་བཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ས་མ་ཏི་ཕེཾ་ཕེཾ་ཛ༔ ས་མས་ན་ལེ་སུར་པ་སལ་སལ་སྭཱ་ཧཱ༔ སྒྲུབ་པའི་སྐྱེས་བུ་གང་དག་གིས༔ ལན་བདུན་བརྗོད་ནས་སྙིང་ག་རུ༔ ཕུ་བཏབ་གང་དོན་དྲན་བྱས་ནས༔ ཉལ་བ་ལེགས་ཉེས་གསལ་བར་འགྱུར༔ ཁྱད་པར་པྲ་མོའི་རྟེན་འབྲེལ་ལ༔ བརྟེན་ན་རྡེའུ་བསྒྲུབ་པ་ནས༔ དཀར་པོ་གང་བབ་བརྟགས་པ་ལ༔ གཅིག་ལ་བབ་ན་གཞི་བྱའི་མོར༔ ལོ་ཁྱིམ་དེ་རུ་དགེ་ཞིང་ལེགས༔ མི་ལ་ནད་མེད་སྲོག་ཀྱང་བརྟན༔ ཕྱུགས་ལ་གོད་མེད་འཕེལ་ཁ་རྒྱས་༔ ཞིང་ལ་བར་ཆད་གནོད་མཚེ་མེད༔ རིམ་གྲོ་དགྲ་ལྷ་གསོལ་མཆོད་བྱ༔ སྲིད་ཕྱྭར་བཏབ་ན་བུ་ཚ་སྐྱེ༔ རིམ་གྲོ་བཀྲ་ཤིས་བརྩེགས་པ་འདོན༔ ཨེ་འགྲུབ་ན་ཡང་ངེ་པར་འགྲུབ༔ ཨེ་འཕྲད་ན་ཡང་འཕྲད་པ་ཡིན༔ གྲོགས་སྡེབ་མོ་ལ་ཤིན་ཏུ་བཟང་༔ བོར་བ་ཤར་ནས་ངེས་པར་རྙེད༔ དགྲ་ཕྱྭར་བཏབ་ན་འུར་ཆེ་བས༔ མྱུར་དུ་འབྱུང་སྲིད་རང་ལྷ་གསོལ༔ དགྲ་མནན་བྱ་ཞིང་བྱ་རར་འབད༔ མགྲོན་ཕྱྭར་བཏབ་ན་དོན་འགྲུབ་ཅིང་༔ དགྲ་མེད་མྱུར་དུ་སླེབས་པར་འོང་༔ ཨེ་འཐབ་ན་ཡང་འཐབ་ནས་སུ༔ དགྲ་ཕམ་བདག་རྒྱལ་རང་ཡུལ་འཁོར་༔ ནད་པར་བཏབ་ན་མྱུར་དུ་འཚོ༔ གདོན་ཕྱྭར་བཏབ་ན་སྟག་ལོ་པའི༔ ལག་ནས་རྫས་བླང་གྲི་བཙན་གདོན༔ ཡང་ན་དཀར་པོའི་རིགས་བྱེད་ལ༔ གྲི་བཙན་འབྲངས་ནས་གནོད་པར་ཆས༔ ཨེ་ཐུབ་ན་ཡང་ངེས་པར་ཐུབ༔ ཨེ་འཆི་ན་ཡང་མི་འཆི་འཚོ༔ ན་མཆིའི་འཕྲོ་ལ་བཏབ་པ་ན༔ ན་འཆིའི་རྒྱུན་འཕྲོ་ཆད་པའི་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ གེ་སར་རྒྱལ་པོ་འཁྲུངས་ས་ཡིན༔ ༈གཉིས་པའི་ས་ལ་བབ་པ་ན༔ གེ་སར་བདུད་ཡུལ་ཆས་པ་ཡིན༔ གླིང་སྡེ་ཤུལ་དུ་བོར་བའི་སྐབས༔ གཞི་ཕྱྭར་ལྷ་བཏང་བགེགས་ཀྱིས་སླེབས༔ དར་མ་ཁྱི་ཡི་ལོ་པའམ༔ གཞོན་ནུ་ཕོ་མོ་འཆི་བའི་ངོ་༔ ཡང་ན་ཕྱུགས་ལ་གོད་ཆེར་འོང་༔ བསེ་རག་འགོང་པོའི་ས་འཛིན་བྱེད༔ དེ་བཟློག་རིམ་གྲོ་བསྐོར་བཏབ་བྱ༔ སྲིད་ཕྱྭར་བུ་མོ་འབྱུང་ཡང་འཆི༔ གཞི་ཚངས་ཕུགས་སུ་སྟོང་པ་ཡིན༔ ཨེ་འགྲུབ་བྱས་ན་མི་འགྲུབ་ཞིང་༔ ཨེ་འཕྲད་བཏབ་ན་མི་འཕྲད་ངོ་༔ གྲོགས་སྡེབ་མོ་ལ་གཅིག་འཆིའམ༔ ཡང་ན་བྱེ་བྲལ་སོ་སོར་ཕྱེ༔ བོར་བ་མི་རྙེད་དགྲ་ལག་སོང་༔ དགྲ་ཕྱྭར་དམག་ཇག་དགྲ་འཇིགས་འབྱུང་༔ འགྲོན་ཕྱྭར་དགྲ་དབང་སོང་བའམ༔ ཡང་ན་ཉེས་སྐྱོན་ཆེན་པོས་མནར༔ ཨེ་འཐབ་ན་ཡང་འཐབ་རང་ཕུང་༔ ནད་པར་བཏབ་ན་སྣེ་འདྲེས་ཁྱེར༔ མི་འཚོ་མྱུར་དུ་འཆི་བའི་ངོ་༔ གདོན་ཕྱྭར་མོ་ཆས་མོ་གོས་གདོན༔ ཁ་དོག་ལྗང་གུ་ཁྲ་བོའི་རིགས༔ ཕུང་སྲི་ཞིག་གིས་སྣ་འདྲེན་ནས༔ རྒྱལ་གདོན་གདུག་པའི་འདྲེ་རུ་ཟ༔ ཨེ་ཐུབ་ན་ཡང་མི་ཐུབ་ཟེར༔ ཨེ་དགེ་ཟེར་ན་མི་དགེ་ཟེར༔ ན་འཕྲོ་ཤི་འཕྲོ་ཨེ་ཆད་ན༔ མི་ཆད་གྲངས་མང་ན་འཆིའི་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ དེ་ལ་རིམ་གྲོ་མང་པོ་ལ༔ བསྐོར་ཞིང་ཡང་ཡང་བཏབ་པ་གནད༔ གསུམ་པའི་ས་ལ་བབ་པ་ན༔ གེ་སར་རྒྱལ་པོས་བདུད་བསད་ནས༔ བདུད་ཀྱི་རྒྱལ་ས་ལོན་པ་ཡིན༔ གཞི་ཕྱྭར་ལྷ་ཡི་ངོ་སོ་མཐོ༔ འདྲེ་བདུད་ལྷ་ཡིས་ཐུལ་ངོ་ཡིན༔ མི་ནོར་ཕྱུགས་ལ་ཕུང་འགྱོད་མེད༔ རིམ་གྲོ་བསོད་ནམས་བསགས་ལ་འབད༔ སྲིད་ཕྱྭར་བུ་ནི་མང་དུ་འབྱུང་༔ ཨེ་འགྲུབ་བྱས་ན་ངེས་པར་འགྲུབ༔ ཨེ་འཕྲད་སྨོས་ན་འཕྲད་ངོ་ལགས༔ གྲོགས་སྡེབ་བསོད་ནམས་བུ་ནོར་རྒྱས༔ བོར་བ་ལྷོ་ནས་ངེས་པར་རྙེད༔ དགྲ་ཕྱྭར་དགྲ་མེད་དགྲ་ཡུལ་ཕུང་༔ མགྲོན་ཕྱྭར་ཕྱི་དལ་ཆེ་ན་ཡང་༔ ཉེས་སྐྱོན་མེད་པར་དོན་འགྲུབ་འབྱུང་༔ ཨེ་འཐབ་ན་ཡང་འཐབ་མི་དགོས༔ ཟས་དང་ནོར་འཐོབ་རང་ཕྱོགས་བདེ༔ ནད་ཕྱྭར་ནད་ཕུག་ལྗི་ན་ཡང་༔ འདྲེ་གདོན་མེད་དེ་སྨན་གྱིས་འཚོ༔ གདོན་ཕྱྭར་ཞྭ་ནག་གོས་ནག་ལ༔ རྐྱེན་བྱས་སྡིག་པའི་གྲིབ་ཀྱི་བག༔ ཨེ་ཐུབ་ན་ཡང་དེར་མི་ཐུབ༔ མི་དགེ་སྨོས་ཆེད་དགེ་ཞིང་ལེགས༔ ན་བའི་འཕྲོ་ལ་སྨོས་པ་ན༔ ན་འཕྲོ་ཤི་འཕྲོ་ཆད་པར་ངེས་༔ མོ་མཐའ་བཟང་སྟེ་ལོ་འགར་བདེ༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ ༈བཞི་པའི་ས་ལ་བབ་པ་ན༔ གེ་སར་བདུད་ཡུལ་ལས་ལྡོག་པ༔ གཞི་ཕྱྭར་ནང་མཁོན་མང་ཞིང་འཁྲུགས༔ ཡང་ན་འཇིགས་པ་ཞིག་འབྱུང་སྲིད༔ ནོར་ལ་གོད་ཁ་འབྱུང་བའི་ངོ་༔ གཟའ་དང་བྱད་ཁ་ཆེ་བ་ཡིན༔ དེ་བཟློག་རིམ་གྲོ་དག་ལ་བསྐོར༔ སྲིད་ཕྱྭར་བུ་མོ་མང་པོ་འབྱུང་༔ རིམ་གྲོས་བུ་དཔལ་བསྐྱེད་ཀྱང་སྲིད༔ ཨེ་འགྲུབ་ན་ཡང་འགྲུབ་ཐག་རིང་༔ ཨེ་འཕྲད་ན་ནི་མི་འཕྲད་འཛོལ༔ གྲོགས་སྡེབ་འཐབ་འཁྲུགས་ན་ཚ་མང་༔ བོར་བ་མི་རྙེད་འཚོལ་དྲག་ན༔ ཁ་མཆི་ངན་པའི་སྣ་ཡང་འདྲེན༔ དགྲ་ཕྱྭ་རྐུན་བུ་ཡང་ཡང་ལྡང་༔ བསང་གསོལ་དགྲ་མནན་བྱས་ན་ལེགས༔ མགྲོན་ཕྱྭ་དོན་ནི་ཐོབ་ན་ཡང་༔ ཁས་རྟ་མི་འཆོས་ཉེས་འགྱོད་ཆེ༔ ཨེ་འཐབ་འཐབ་ཤིང་གཉིས་ཕུང་བྱེད༔ ནད་པར་ནད་མཐའ་རིང་བ་དང་༔ འདྲེ་གདོན་མང་སྟེ་རིམ་གྲོལ་འབད༔ གཤིན་གསོན་བར་གྱི་མགྲོན་པོ་ཡིན༔ གདོན་ཕྱྭར་གོ་མཚོན་རིགས་བྱེད་གནོད༔ འདྲེ་རུ་གཟའ་དང་སྡེ་བརྒྱད་གནོད༔ ཨེ་ཐུབ་པས་ན་གཉིས་ཐུབ་བྱེད༔ ཨེ་དགེ་ན་ཡང་ཕན་གནོད་མེད༔ ན་འཕྲོ་ཤི་འཕྲོ་མི་ཆད་དོ༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈ལྔ་པར་གེ་སར་ལྷར་བྱོན་པའི༔ ལྷ་ཆེན་ཚངས་པའི་གདན་ས་ཡིན༔ གཞི་ཕྱྭར་དགེ་ལེགས་བསོད་ནམས་འཕེལ༔ ནད་མེད་ཚེ་རིང་ལོངས་སྤྱོད་རྒྱས༔ སྲིད་ཕྱྭར་བུ་འབྱུང་སྤྲུལ་པའི་སྐུས༔ འབྲེལ་ཚད་འགྲོ་བ་འདྲེན་པའོ༔ ཡང་ན་དཔའ་རྩལ་སྟོབས་ལྡན་པའི༔ སྐྱེས་བུས་ཡུལ་ས་ཆེན་པོ་འཛིན༔ ཨེ་འགྲུབ་སྨྲོས་ན་ལེགས་པར་འགྲུབ༔ ཨེ་འཕྲད་ན་ཡང་འཕྲད་པར་འགྱུར༔ གྲོགས་སྡེབ་འཛའ་སྟེ་ལེགས་ཡོན་འཕེལ༔ བོར་བ་ནུབ་ཀྱི་ཕྱོགས་ནས་རྙེད༔ དགྲ་ཕྱྭར་དགྲ་ཇག་ཆོམ་རྐུན་མེད༔ མགྲོན་ཕྱྭ་དོན་འགྲུབ་བདེ་བར་འཁོར༔ ཨེ་འཐབ་ན་ཡང་འཐབ་མི་འགྱུར༔ ནད་པས་སྲོག་སྐྱོན་མེད་པར་འཚོ༔ གདོན་ཕྱྭ་རུ་ནག་སྐྱེས་ནག་གོ༔ ཡང་ན་རི་ནག་ཐབས་ནག་གདོན༔ ཨེ་ཐུབ་ན་ཡང་ཕན་གནོད་མེད༔ ཨེ་དགེ་ན་ཡང་དགེ་ལེགས་འཕེལ༔ ན་དང་ཤི་བའི་འཕྲོ་ཆད་འགྱུར༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ ༈དྲུག་པ་ནོར་གླིང་གཡུལ་འགྱེད་པ༔ གཞི་ཕྱྭར་འཁྲུགས་པ་ཤིན་ཏུ་ཆེ༔ ལྷ་འཁྲུགས་བདུད་དུ་བབ་པ་ཡིན༔ མོ་མཙུན་དར་མ་འཆི་བ་དང་༔ སྐྱེས་པ་གཟའ་དཔོན་དེ་ལ་ངན༔ རིམ་གྲོ་ཆེན་པོ་བསྐོར་སྡེབ་བྱ༔ འཐར་ཐུག་ངན་ཞིང་ཁྱིམ་སྟོང་ངོ་༔ སྲིད་ཕྱྭ་རབས་ཆད་མཐར་ཐུག་སྟོང་༔ ཨེ་འགྲུབ་ལེགས་བསྒྲུབ་གནོད་བྱེད་འགྲུབ༔ ཨེ་འཕྲད་འཕྲད་ནས་འཐབ་རྩོད་འཆས༔ གྲོགས་སྡེབ་ཁྱི་བྱི་འཕྲད་དང་མཚུངས༔ བོར་བ་མི་རྙེད་གཏན་དུ་ཡལ༔ དགྲ་ཕྱྭ་དགྲ་འཇིགས་ཆེན་པོ་འབྱུང་༔ མགྲོན་ཕྱྭ་དོན་ཤོར་དགྲ་ལ་ཤོར༔ ཡང་ན་མི་ཤི་ནོར་ཡལ་འགྲོ༔ ཨེ་འཐབ་འཐབ་སྟེ་རང་ཕུང་བྱེད༔ ནད་པ་མི་འཚོ་ངེས་པར་འཆི༔ གདོན་ཕྱྭ་བྲན་དང་བུད་མེད་གདོན༔ མོ་འདྲེས་སྣ་དྲངས་རྒྱལ་པོས་གནོད༔ ཨེ་ཐུབ་ན་ཡང་མི་ཐུབ་ཟེར༔ ཨེ་དགེ་ཞེ་ན་མི་དགེ་ངན༔ ན་ཤིའི་ཕུང་ཁྲོལ་འགྲོ་འཕར་བྱེད༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ རིམ་གྲོ་བསྐོར་ཀྱང་བཟློག་དཀའི་གནས༔ ༈བདུན་པའི་ས་ལ་བབ་གྱུར་ན༔ གེ་སར་ཧོར་ལ་ཆས་པ་ཡིན༔ གཞི་ཕྱྭར་བགོས་གཏོར་ཆེ་བའི་ངོ་༔ ཚིག་ངན་ཁ་མཆུ་མང་བ་ཡིན༔ མི་སྲོག་ལ་ཡང་རྒོལ་བ་མེད༔ སྲིད་ཕྱྭ་བུ་སྐྱེ་སྐྱོན་ཅན་ངོ་༔ ཨེ་འགྲུབ་ན་ཡང་ཕུགས་སུ་འགྲུབ༔ ཨེ་འཕྲད་འཕྲད་དེ་སྒུག་ཐག་རིང་༔ གྲོགས་སྡེབ་ཕུགས་སུ་སོ་སོར་འགྲོ༔ འཐབ་རྩོད་མང་མཐར་འདུམ་དགོས་འབྱུང་༔ བོར་བ་རྩད་ཆོད་དྲག་བྱས་ན༔ ཡུན་རིང་རྗེས་སུ་རྙེད་པའི་ངོ་༔ དགྲ་ཕྱྭ་དགྲ་དེ་རང་ཕུང་ནས༔ རྩོད་ཡུལ་མེད་པར་འགྲོ་བའི་ལྟས༔ མགྲོན་ཕྱྭར་མགྲོན་པོ་དཀའ་ཚེག་ཆེ༔ དོན་འགྲུབ་བདེ་བར་སླེབས་པའི་ལྟས༔ ཨེ་འཐབ་འཐབ་སྟེ་རང་རྒྱལ་བྱེད༔ ནད་པར་རིམ་གྲོ་བྱས་ན་འཚོ༔ གདོན་ཕྱྭ་ཁང་རྒན་ཟླ་གམ་བཤིག༔ ཡང་ན་རྟེན་རྫས་གཉན་པོ་བསྒུལ༔ དེས་རྐྱེན་དཀོར་བདག་གཉན་པོས་གནོད༔ ཨེ་ཐུབ་བྱས་ན་ཐུབ་པ་ཡིན༔ ཨེ་དགེ་ཨེ་བཟང་ཟེར་བ་ན༔ ལས་དེ་བྱས་ན་དགེ་ལེགས་ཟེར༔ ན་ཤིའི་འཕྲོ་འདི་ཨེ་འཆད་ན༔ འཕྲོ་ཆད་དགེ་བའི་འཕྲོ་རྒྱུན་ཟིན༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བརྒྱད་པའི་ས་ལ་བབ་གྱུར་ན༔ གེ་སར་ཧོར་ལ་བྱོན་ནས་སུ༔ ཧོར་ཡུལ་ཁ་ལོ་བསྒྱུར་བ་ཡིན༔ གཞི་ཕྱྭར་དགེ་ལེགས་ཡོན་ཏན་འཕེལ༔ ལྷ་བསྒྲུབ་དགྲ་འདྲེ་ཐུལ་བ་ཡིན༔ རིམ་གྲོ་ལམ་དུ་སོང་བ་ཡིན༔ ཉེས་པ་ཟད་པའི་རྗེས་ཡིན་བཟང་༔ སྲིད་ཕྱྭར་བུ་ནི་མང་པོ་འབྱུང་༔ ཨེ་འགྲུབ་བྱས་ན་འགྲུབ་ཚར་ཟེར༔ ཨེ་འཕྲད་བྱས་ན་ངེས་པར་འཕྲད༔ གྲོགས་སྡེབ་ཕོ་མོ་མཆོག་ཟུང་འཕྲོད༔ བོར་བ་རང་གི་ཉེ་སར་ཡོད༔ དགྲ་ཕུང་དགྲ་ཡུལ་སྟོང་ཟིན་ངོ༔ མགྲོན་པོ་དོན་འགྲུབ་ཕྱིར་ལ་ཆས༔ ཨེ་འཐབ་འཐབ་ཟིན་རང་རྒྱལ་ངོ་༔ ནད་པ་ནད་ལས་ཐར་ཟིན་ཏེ༔ བླ་རྐུན་ལག་ནས་བླ་ལོན་ངོ་༔ གདོན་ཕྱྭ་ཆུ་མིག་བྲག་རི་ནས༔ ཀླུ་གཉན་གནས་སར་ལས་བྱས་པའི༔ རྐྱེན་དེས་འདྲེ་གདོན་དེ་ཡིས་བྱས༔ ཨེ་ཐུབ་ན་ཡང་ཐུབ་ཚར་ཟེར༔ ཨེ་དགེ་བྱས་ན་ལས་གང་རུང་༔ བྱས་ན་དགེ་ཞིང་ལེགས་ངོ་ཡིན༔ ན་ཤིའི་འཕྲོ་འདི་ཨེ་འཆད་ན༔ ངེས་པར་འཆད་དེ་མི་ནོར་འཕེལ༔ གཞན་ཡང་ཅིལ་བཏབ་ཀྱང་བཟང་༔ ༈དགུ་པའི་ས་ལ་བབ་པ་ན༔ གཉན་པོའི་ཁྱུང་ཚར་གཏོར་བ་ཡིན༔ གཞི་ཕྱྭར་འདྲེ་འཚུབས་ཆེ་བའི་ཕྱིར༔ རིམ་གྲོ་དག་ལ་འབད་པ་གནད༔ སྲིད་ཕྱྭར་བན་བོན་བྱད་ཀྱི་བཅད༔ ཨེ་འགྲུབ་ན་ནི་འགྲུབ་པ་ཡིན༔ ཨེ་འཕྲད་འཕྲད་ཅིང་མཁོན་འཛིང་འོང་༔ གྲོགས་སྡེབ་ཕོ་མོ་གང་རུང་འཆི༔ བོར་བ་ཆུ་མཚོའི་ནང་དུ་སོང་༔ དགྲ་ཕྱྭ་དགྲ་ནི་ཆེ་དྲག་ནས༔ མི་རུང་སྔགས་མཁན་ཞིག་ལ་འགྲས༔ སྲོག་ལ་ཧུར་ཐུམ་འབྱུང་ངོ་ཡིན༔ མགྲོན་ཕྱྭ་མགྲོན་པོའི་དོན་གཉེར་བྱེད༔ ད་དུང་ཕྱིར་ལ་མ་འཁོར་སྡོད༔ ཨེ་འཐབ་དགྲ་མི་ཡ་ལན་མེད༔ ནད་པ་ངེས་པར་འཆི་ངོ་ཡིན༔ གདོན་ཕྱྭ་ཁྲ་བོ་རིགས་བྱེད་གདོན༔ བན་བོན་བྱད་ཁ་གདོན་དུ་ལངས༔ ཨེ་ཐུབ་ཐུབ་སྟེ་རང་རྒྱལ་བྱེད༔ ཨེ་དགེ་བྱས་ན་ལས་དེ་དགེ༔ ན་འཆིའི་འཕྲོ་ལ་ད་དུང་ངན༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བཅུ་པའི་ས་ལ་བབ་པ་ན༔ བལ་པོའི་ལུག་རྫོང་ཕབ་པ་ཡིན༔ གཞི་ཕྱྭར་བཟང་སྟེ་ནོར་ཕྱུགས་རྙེད༔ རང་མགོ་མི་ལ་ཤོར་ངོ་ཡོད༔ སྲིད་ཕྱྭ་བུ་འབྱུང་སྐལ་བཟང་འདོན༔ ཨེ་འགྲུབ་ན་ནི་ངེས་པར་འགྲུབ༔ ཨེ་འཕྲད་འཕྲད་ཅིང་དགའ་འཛུམ་བརྩེ༔ གྲོགས་སྡེབ་ཕོ་རབ་མོ་བཟང་འཕྲད༔ བོར་བ་ཐག་རིང་ཞིག་ནས་རྙེད༔ ཡང་ན་ཤིང་ཆེན་ཀློང་ནས་རྙེད༔ དགྲ་ཕྱྭ་དགྲ་དེ་རྒྱུད་ལྷོད་པས༔ ཡུན་རིང་ཞིག་ལ་གནོད་འཚེ་མེད༔ མགྲོན་ཕྱྭ་མགྲོན་པོས་རང་ས་མནན་༔ ཡང་ན་ཡུན་རིང་མ་ཐོན་ངོ་༔ ཨེ་འཐབ་འཐབ་དགོས་འབྱུང་མིན་ཏེ༔ དགྲ་ནོར་རང་ལ་ཐོབ་ངོ་ཡོད༔ ནད་པ་མི་འཆི་རིམ་གྲོས་བྱེད༔ གདོན་ཕྱྭ་རང་གི་ཕུག་ལྷ་གནོད༔ ཨེ་ཐུབ་བྱས་ན་མི་ཐུབ་ཟེར༔ ཨེ་དགེ་བྱས་ན་མི་དགེ་སྨྲོས༔ ན་འཆིའི་འཕྲོ་ཆད་སླར་ལྡང་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བཅུ་གཅིག་པ་ལ་བབ་པ་ན༔ རྒྱ་ལ་ཤོས་རྟ་སྤྲད་པ་ཡིན༔ གདོང་གི་རྟ་རྫོང་ཕབ་པ་ཡིན༔ རྒྱ་ཡུལ་ཁ་ལོ་བསྒྱུར་བ་ཡིན༔ གཞི་ཕྱྭར་བསོད་ནམས་ལོངས་སྤྱོད་འཕེལ༔ མི་མགོ་རང་གི་ལོན་པ་ཡིན་༔ མི་མགོ་མཐོ་ལ་མི་རྒྱུད་བཟང་༔ ནད་མེད་ཚིག་བཙན་བཀྲ་ཤིས་ལེགས༔ སྲིད་ཕྱྭར་སྤྲུལ་སྐུ་སྐྱེས་ཆེན་ནམ༔ ཡང་ན་དཔའ་རྩལ་གྲགས་ལྡན་འབྱུང་༔ ཨེ་འགྲུབ་ན་ནི་ལེགས་པར་འགྲུབ༔ ཨེ་འཕྲད་བྱས་ན་འཕྲད་དོན་ཐོབ༔ གྲོགས་སྡེབ་ལྷ་དང་ལྷ་མོ་འཛོམ༔ བོར་བ་མི་རིང་མྱུར་དུ་རྙེད༔ དགྲ་ཕྱྭ་དགྲ་དེ་ཉམས་དམའ་བས༔ ཡ་ལན་བྱེད་པ་མཐའ་རིང་ཙམ༔ མགྲོན་ཕྱྭ་ཅི་བསམ་འགྲུབ་ཅིང་སླེབས༔ ཨེ་འཐབ་དགྲ་ལ་འཐབ་ས་མེད༔ འཐབ་ཅིང་རང་གཞན་བདེ་བར་ངེས༔ ནད་པར་ནད་མཐའ་རིང་བ་ཡང་༔ འདྲེ་མེད་སྨན་གྱིས་བཅོས་པ་གལ༔ དེས་མ་ཕན་ན་འཆི་བའི་ལྟས༔ གདོན་དུ་ཉེ་འདྲེ་ཉེ་ཕྱོགས་ནས༔ འོད་ཅན་རྫས་སམ་མཆོད་ཆ་གདོན༔ ཨེ་ཐུབ་ཐུབ་སྟེ་རང་ཡང་འཚམས༔ ཨེ་དགེ་ན་ནི་དགེ་ལེགས་ལྡན༔ ན་འཆིའི་འཕྲོ་ཆད་ཡུན་རིང་བདེ༔ གཞན་ཡང་ཅི་ལ་བཏབ་ཀྱང་དགེ༔ ༈བཅུ་གཉིས་རྒྱ་སོག་ཧོར་བལ་གྱི༔ འདྲེ་ལ་འཐབ་འཁྲུགས་ས་ཡིན་པས༔ གཞི་ཕྱྭར་འཇིགས་པ་ཆེན་པོའམ༔ ཡང་ན་ནད་རིམས་ངན་པ་འབྱུང་༔ དེ་བཟློག་རིམ་གྲོ་བསྐོར་རྡབ་བྱ༔ སྲིད་ཕྱྭ་བུ་མེད་རབ་ཆད་དོ༔ ཨེ་འགྲུབ་བྱ་བ་བཤོལ་བའི་མོ༔ ཨེ་འཕྲད་བྱ་ན་མི་འཕྲད་ཅིང་༔ འཕྲད་ན་དགྲ་ཡིས་བསླུ་བ་ལགས༔ གྲོགས་སྡེབ་སྟག་སྤྲེལ་འཕྲད་འདྲ་ངན༔ བོར་བ་མི་སྲུན་དགྲ་རུ་ཤོར༔ རྫས་བོར་མི་མངོན་ཟས་སུ་ཚུད༔ ཕྱུགས་བོར་གཤེད་མའི་ལག་ཏུ་སོང་༔ མི་བོར་གྲི་ཤིར་སོང་བ་ཡིན༔ དགྲ་ཕྱྭ་དགྲ་ཡི་དཔུང་ཚོགས་ནས༔ རང་རེ་སང་ལ་ཧབ་ཤ་བྱེད༔ མགྲོན་ཕྱྭ་དགྲ་ལག་སོང་བའམ༔ ཡང་ན་ཉེས་པ་ཆེན་པོས་མནར༔ ཨེ་འཐབ་འཐབ་སྟེ་རང་ཕུང་བྱེད༔ ནད་པ་མི་འཚོ་ཕན་མེད་ན༔ རིང་པོར་མི་ཐོགས་མྱུར་དུ་འཆི༔ གདོན་ཕྱྭ་ཁ་ཕོར་ཀ་ཚེ་འམ༔ ཡང་ན་ཕྱུགས་དང་བྲན་གཡོག་གདོན༔ ཨེ་ཐུབ་བྱས་ན་མི་ཐུབ་ཟེར༔ ཨེ་དགེ་བྱས་ན་མི་དགེ་ཉེས༔ གཡང་གི་རྟེན་གྱི་ནོར་ཕྱུག་ཕུད༔ གཡང་ཉམས་ཕུང་ཉེན་དབུལ་པོར་འགྲོ༔ ན་འཆིས་ཡང་ཡང་མནར་བའི་ངོ་༔ མི་ཆད་ལྷག་མེད་བཏང་བའི་མོ༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ ༈བཅུ་གསུམ་པ་ལ་བབ་གྱུར་ན༔ གླིང་གི་རྟ་རྒྱལ་རྩོད་པ་ཡིན༔ གེ་སར་དཔོན་རུ་རྒྱལ་བ་ཡིན༔ རྗེ་འབངས་དབང་དུ་བྱེད་པ་ཡིན༔ ལྷ་འདྲེའི་གཏེར་དང་འཕྲད་པ་ཡིན༔ བདེ་སྐྱིད་ཉི་མ་འཆར་བ་ཡིན༔ གཞི་ཕྱྭར་མི་ལ་ན་ཚ་མེད༔ ནོར་དང་ཕྱུགས་ལ་གྱོང་གོད་མེད༔ སྤྲང་པོ་གཏེར་དང་འཕྲད་པ་ཡིན༔ ཉམ་ཆུང་རྒྱལ་སར་ཕེབས་པ་ཡིན༔ རིམ་གྲོ་བཀྲ་ཤིས་བརྩེགས་པ་དང་༔ ཤེར་ཕྱིན་སྙིང་པོ་རྡོ་ལ་བརྐོ༔ རི་རྩེ་རྒྱལ་མཚན་དཔུང་རྒྱན་ཕྱར༔ སྲིད་ཕྱྭར་ཕ་བུའི་སྡེ་ཚོ་གྱེས༔ ཨེ་འགྲུབ་བྱས་ན་ངེས་པར་འགྲུབ༔ ཨེ་འཕྲད་འཕྲད་ཅིང་ཡིད་མཐུན་སྟེར༔ གྲོགས་སྡེབ་མངའ་ཐང་གོང་འཕེལ་རྒྱས༔ བོར་བ་མི་རིང་ལག་ཏུ་སླེབས༔ དགྲ་མེད་ཆོམ་རྐུན་འཚེ་བ་མེད༔ མགྲོན་པོ་དོན་འགྲུབ་རང་ཡུལ་སླེབས༔ ཨེ་འཐབ་བྱས་ན་མི་འཐབ་ལེགས༔ ནད་པ་ཤི་ཟིན་མིན་ན་འཚོ༔ གདོན་མེད་ལྷ་ཡི་ངོ་སོ་མཐོ༔ ཨེ་ཐུབ་བྱས་ན་ངེས་པར་ཐུབ༔ ཨེ་དགེ་ལས་གང་བསྒྲུབ་ཀྱང་དགེ༔ ན་འཕྲོ་ཆད་ཅིང་ཤི་འགབ་ཆད༔ ད་ནི་ན་འཆི་མི་འབྱུང་ལེགས༔ ཅི་ལ་བཏབ་ཀྱང་ཤིན་ཏུ་བཟང་༔ འདི་ནི་ལན་གསུམ་བསྐོར་རྡབ་ནས༔ ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་དཔྱད༔ མོ་སྒྲུབ་བྱས་ནས་བཏབ་པ་ན༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ་ཡིན༔ ཀུན་ཤེས་ཀུན་རིགས་དགེ་ལེགས་འཕེལ༔ ཞེས་མངོན་ཤེས་འཕྲུལ་གྱི་པྲ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷུན་གྲུབ་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 15:50, 4 September 2025

Wylie title dag snang ye shes drwa ba las: 'dzam gling seng chen nor bu dgra 'dul gyi mo bsgrub mchod gsol dang bcas pa: TTDL-ZABTER-15-BA-097.pdf
Location bdud 'joms gling pa zab gter
Volume 15, Text 97, Pages 485-510 (Folios 1a1 to 13b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las 'dzam gling seng chen nor bu dgra 'dul gyi mo bsgrub mchod gsol dang bcas pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 485-510. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mo sgrub   Verso: bdud 'joms seng chen dgra 'dul
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod  ·  Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Seng chen nor bu dgra 'dul
Colophon

ཞེས་པ་འདི་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷུན་གྲུབ་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di ni rigs sras mkhyen brtse'i myu gus bskul ngor khrag 'thung bdud 'joms rdo rjes lhun grub nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱི་མོ་བསྒྲུབ་མཆོད་གསོལ་དང་བཅས་པ་བཞུགས་སོ༔


༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དང་པོ་མོ་བསྒྲུབ་བྱེད་པ་ལ༔ ཧཱུྃཿདུས་གསུམ་གྱི་རྒྱལ་བ་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པའི་མཁྱེན་རབ་དབང་པོ་འཇམ་དཔལ༔ བརྩེ་ཆེན་ཐུགས་རྗེ་ཆེན་པོ༔ མཐུ་སྟོབས་ཕྱག་ན་རྡོ་རྗེ༔ ལྷ་བུ་ཚངས་པ་གདོང་བཞི༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་རྣམས་གཅིག་ཏུ་འདུས་ཤིང་དྲིལ་ཏེ་ཡི་གེ་ཧཱུྃ་དམར་ནག་ཡེ་ཤེས་ཀྱི་མེ་འབར་བ་ཞིག་ཏུ་གྱུར༔ དེ་ལས་འོད་འཕྲོས་རྒྱལ་བ་སྲས་དང་བཅས་པ་མཆོད༔ མཁྱེན་བརྩེ་ནུས་དཔལ་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ མར་འཕྲོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱས་བདེ་བ་ལ་བཀོད༔ དགྲ་བགེགས་བདུད་དང་ལོགས་ལྟ་ཐམས་ཅད་ཚར་བཅད༔ དེ་དག་གི་ཚེ་བསོད་དཔལ་ཡོན་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་འཛམ་གླིང་ཡོངས་ཀྱི་མགོན་པོ་གེ་སར་ནོར་བུ་དགྲ་འདུལ་སྐུ་འདོག་དམར་ནག་ཉི་མའི་འོད་ལྟར་གསལ་བ༔ གཡས་མདུང་དར་དང་གཡོན་པས་ལྕགས་ཀྱུ་འཛིན་པ༔ སྐུ་ལ་རྡོ་རྗེ་གོ་ཁྲབ་དང་དབུ་ལ་རྨོག་དཀར་གསོལ་བ༔ སྐེད་པར་སྟག་རལ་དང་གཟིག་ཤུབ་རལ་གྲི་གསུམ་གྱིས་བརྒྱན་པ༔ ལྷ་རྟ་རྐྱང་བུ་ཁ་དཀར་ལ་གསེར་སྒ་དང་གསེར་སྲབ་གཡུ་མཐུར་གྱིས་བརྒྱན་པ་ལ་ཆིབས་ཤིང་དགྲ་བླ་ལྷ་དམག་བྱེ་བ་དུང་ཕྱུར༔ གཉན་དམག་འབུམ་ཁྲི་འབུམ་སྟོང་༔ གཏུམ་པོ་ཀླུ་དམག་འབུམ་སྡེ༔ ཨ་ནེ་གོང་སྨན་རྒྱལ་མོ༔ སྲིང་ཆུང་ཐ་ལེ་འོད་དཀར༔ ཡུམ་ཆེན་མཁའ་འགྲོ་བཅུ་གསུམ་དང་བཅས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བཀྲ་ཞིང་གསལ་ལ་ངོམས་པར་བསྒོམ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱ༔ དམར་པོ་ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་ལས་འོད་ཟེར་དཀར་དམར་མཐིངས་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཛ་ཛ༔ སྤྱན་འདྲེན་ལ༔ ཧཱུྃ༔ ཀི་བསྭོ་ཆའོ་ལྷ་རྒྱལ་ལོ༔ ནམ་མཁའ་རྣམ་པར་དག་པའི་དབྱིངས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ མཁྱེན་རབ་དབང་ཕྱུག་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི་མངོན་ཤེས་སྩོལ༔ ལྷུན་གྲུབ་ཡོན་ཏན་རབ་རྫོགས་ཀློང་༔ སྐུ་དང་ཡེ་ཤེས་གཞལ་ཡས་ནས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི༴ ཀུན་ཁྱབ་ཐུགས་རྗེ་ཕྱོགས་མེད་དབྱིངས༔ གཞོམ་བྲལ་རྡོ་རྗེའི་གཞལ་ཡས་ནས༔ ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ༔ དུས་གསུམ་མཁྱེན་པའི༴ པདྨ་འོད་ཀྱི་གཞལ་ཡས་ནས༔ དུས་གསུམ་ཀུན་མཁྱེན་པདྨ་འབྱུང་༔ འཁོར་དང་བཅས་པ་གཤེགས༴ དུས་གསུམ་མཁྱེན་པའི༴ མི་མངོན་ཆོས་ཀྱི་དབྱིངས་ཀློང་ནས༔ འཛམ་གླིང་གེ་སར་རྒྱལ་པོ་ཆེ༔ དགྲ་བླ་ཡུམ་བཅས་གཤེགས༴ དུས་གསུམ་མཁྱེན་པའི༴ ཨ་ནེ་གོང་སྨན་རྒྱལ་མོ་དང་༔ སྲིང་ཆུང་ཐ་ལེ་འོད་དཀར་དང་༔ ཡེ་ཤེས་མཁའ་འགྲོ་གཤེགས༴ དུས་གསུམ་མཁྱེན་པའི༴ སྐད་ཅིག་མི་འབྲལ་རྗེས་སུ་ཟུང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསྐྱེད་ཅིང་བསྒོམ་པའི་དཀྱིལ་འཁོར་འདིར༔ རིགས་གསུམ་མགོན་པོ་བཞུགས་སུ་གསོལ༔ སེང་ཆེན་རྒྱལ་པོ་བཞུགས་སུ་གསོལ༔ དགྲ་བླ་འབུམ་བཅས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ དེ་ནས་ཕྱན་འཚལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཕྲིན་ལས་བདག༔ ལྷག་པའི་ལྷ་མཆོག་བདུད་ལས་རྒྱལ༔ སེང་ཆེན་ནོར་བུ་དགྲ་འདུལ་ལ༔ རྣམ་གསུམ་དད་པས་གུས་ཕྱག་འཚལ༔ ན་མོ་ན་མ་ཧོཿ མཆོད་པ་འབུལ་བ་ལ༔ ཧཱུྃ༔ དབང་པོ་དྲུག་གི་ཡུལ་གྱུར་པ༔ འདོད་ཡོན་སྣང་བའི་མི་ཟད་གཏེར༔ མ་ལུས་བསྡུས་ཤིང་བློས་བླངས་ཏེ༔ འཛམ་གླིང་སེང་ཆེན་འཁོར་བཅས་མཆོད༔ མ་ཧཱ་སརྦ་ག་ན་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ མཁྱེན་རབ་དབང་ཕྱུག་མགོན་པོ་འཇམ་པའི་དབྱངས༔ བརྩེ་ཆེན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ མཐུ་སྟོབས་ནུས་པའི་གཏེར་ཆེན་རྡོ་རྗེ་འཛིན༔ ཕྲིན་ལས་གཅིག་བསྡུས་སངས་རྒྱས་པདྨ་སྐྱེས༔ གཉིས་མེད་འཛམ་གླིང་གེ་སར་རྒྱལ་པོར་བསྟོད༔ ཁམས་གསུམ་དབང་བསྡུས་སྐུ་མདོག་དམར་འོད་འབར༔ མཐུ་རྩལ་ཐོགས་མེད་མདུང་དམར་གཡས་ན་ཐོགས༔ དགོས་འདོད་མཆོག་སྩོལ་ནོར་བུ་གཡོན་ན་བསྣམས༔ ཡེ་གྲོལ་མཚོན་ཕྱིར་དར་མཐིང་ནང་གོས་གསོལ༔ ཁམས་གསུམ་རྣམ་རྒྱལ་རྡོ་རྗེའི་གོ་ཁྲབ་གསོལ༔ འཁོར་བའི་སྒོ་གནོན་རྒྱ་ལྷྭམ་ནག་པོ་མནབ༔ ཐེག་མཆོག་ཨ་ཏི་མཚོན་བྱེད་རྨོག་དཀར་ལ༔ ཐུགས་རྗེའི་འདུ་འཕྲོ་དར་གྱི་དཔྱངས་པ་འཕྱོ༔ ཐབས་ཤེས་གཉིས་སུ་མེད་པའི་མདའ་གཞུ་དང་༔ བདག་རྟོག་གཅོད་པའི་ཤེས་རབ་རལ་གྲིས་བརྒྱན༔ སྲིད་ཞིའི་ཕ་རོལ་བརྒལ་ཕྱིར་ཅང་ཤེས་ཆིབས༔ ཡེ་ཤེས་སྒྱུ་མའི་རྣམ་རོལ་དགྲ་ལྷ་དང་༔ ཡུམ་དང་སྤྲུལ་འཁོར་རྒྱ་མཚོའི་གཟའ་སྐར་བཞིན༔ ཅིར་ཡང་སྤྲུལ་བསྒྱུར་མི་སྲུན་གདུག་པ་འདུལ༔ འཛམ་གླིང་སྐྱེས་བུ་གེ་སར་རྒྱལ་པོར་བསྟོད༔ མདོར་ན་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཀུན༔ མ་ལུས་སྐུའི་བཀོད་པ་རབ་རྫོགས་ཤིང་༔ གདུལ་དཀའ་འདུལ་མཛད་གདུལ་བྱའི་དཔལ་དུ་ཤར༔ སེང་ཆེན་ནོར་བུ་དགྲ་འདུལ་ཁྱེད་ལ་བསྟོད༔ བདག་ནི་མ་རིག་གཟུང་འཛིན་དབང་གྱུར་ཏེ༔ ལྷ་དང་རང་སྣང་སོ་སོར་རྒྱབ་གྱེས་པའི༔ ལས་ཉོན་བག་ཆགས་འཁྲུལ་པའི་ནོངས་པ་ཀུན༔ མི་འཆབ་མི་སྦེད་གཉིས་མེད་ཆེན་པོར་བཤགས༔ ཡི་གེ་བརྒྱ་པ་བཟླས་མཐར༔ འཛབ་དམིགས་ནི༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུ༔ ཆུ་ཟླ་གཟུགས་བརྙན་འཇའ་ཚོན་ལྟར༔ གསལ་བའི་ཐུགས་ཀར་ཉི་གདན་ལ༔ དྭངས་མ་འོད་ཀྱི་ཐིག་ལེའི་ཀློང་༔ ཧཱུྃ་དམར་སྤུ་ཤད་ལྟ་བུའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ཡི༔ རང་སྒྲས་སྣང་སྲིད་གཡོ་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་བི་ཛ་ཀྲོ་ཏ་ཧཱུྃ་ཕཊ༔ བསྒྲུབ་པ་ལ༔ ཧཱུྃ༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུའི༔ ཀློང་དུ་སྤྲུལ་འཁོར་ཡུམ་དགྲ་ལྷ༔ རྒྱ་མཚོའི་གཟའ་སྐར་ཇི་བཞིན་གསལ༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང་༔ སྲིང་མོ་ཐ་ལེ་འོད་དཀར་དང་༔ ཨ་ནེ་གོང་སྨན་རྒྱལ་མོ་གཉིས༔ མཁའ་འགྲོ་དཀར་དང་མཐིང་ཀའི་ཚུལ༔ མདའ་དར་མེ་ལོང་ཕྱག་ན་བསྣམས༔ དུས་གསུམ་མཁྱེན་པའི་ཐུགས་ཀྱིས་དགོངས༔ སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔ དགོངས་པ་བདག་ལ་འཕོ་བར་བསྒོམ༔ ཀུན་གྱི་གསང་སྔགས་རིག་སྔགས་དང་༔ གཟུངས་སྔགས་སྙིང་པོ་འདི་ཁོ་ན༔ གྱུར་ཏེ་གཉེས་མེད་ཡོངས་འགྲུབ་ཅིང་༔ འོད་ཟེར་འཕྲོས་པས་རྒྱལ་ཀུན་གྱིས༔ མཁྱེན་བརྩེ་ནུས་དཔལ་ཐམས་ཅད་དང་༔ བརྟན་གཡོའི་དྭངས་བཅུད་མ་ལུས་པ༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ འཁོར་འདས་ཡོངས་ཀྱི་སྲོག་དབང་ཐོབ༔ འཁོར་བ་ཡོངས་སྒྲོལ་སྟོབས་འབྱོར་ནས༔ ཚེ་བསོད་དཔལ་ཡོན་རབ་འཕེལ་རྒྱས༔ འཁོར་བ་དོང་སྤྲུགས་དབང་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་བི་ཛ་ཀྲོ་ཏ་ཧཱུྃ་ཕཊ༔ དེ་ནས་ལས་ལ་སྦྱར་བ་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་ཐུགས་ཀ་ནས༔ རང་འདྲའི་སྤྲུལ་པའི་ལས་མཁན་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབེབས༔ ཕྱོགས་བཅུའི་དགྲ་བགེགས་གནོད་བྱེད་ཚོགས༔ མ་ལུས་ཐལ་བའི་རྡུལ་དུ་བརླག༔ བསྐལ་པའི་མེ་དཔུང་འབར་བས་བསྲེགས༔ རྡོ་རྗེ་སྤུ་གྲིའི་རླུང་གིས་གཏོར༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་ཨཱཿཧཱུྃ༔ སོགས་ནས༔ སླར་ཡང་མངོན་སྤྱོད་ལས་སྦྱོར་ནི༔ ཧཱུྃ༔ རང་ཉིད་དྲག་པོའི་སྐུར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་པས༔ རང་འདྲའི་ལས་མཁན་དམར་ནག་གིས༔ སྣང་སྲིད་སྐད་ཅིག་བསྐོར་བྱས་ནས༔ ལྷ་གཉན་ཀླུ་དང་སྡེ་བརྒྱད་དང་༔ སྣང་སྲིད་ལྷ་འདྲེ་གཞི་བདག་ཚོགས༔ མ་ལུས་དབང་བསྡུས་བྲན་དུ་ཁོལ༔ དམག་ཚོགས་དཔུང་བསྡུས་སྣང་སྲིད་ཁམས༔ འགེང་ཞིང་དགྲ་བོའི་མི་ནོར་འཁོར༔ ཐལ་བ་རྡུལ་བཞིན་བརླག་པར་བསམ༔ ལྷག་མ་ནད་རིམས་དུག་གིས་གཞོམ༔ ལས་མཁན་ཚོགས་ཀྱིས་ཧབ་ཐོབ་རོལ༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ ཨོཾ་ཨཱཿཧཱུྃ༔ སོགས་ནསསརྦ་ལོ་ཀ་པཱ་ལ་དགྲ་ལ་རྦད༔ ཅེས་བརྗོད༔ བསྙེན་པ་འབུམ་ཕྲག་བཅུ་གཉིས་ལ༔ བསྒྲུབ་པ་འབུམ་ཕྲག་བཅུ་གསུམ་དང་༔ ལས་སྦྱོར་འབུམ་ཕྲག་དྲུག་ཏུ་བྱ༔ དེ་ལ་གསལ་བའི་གཟེར་ལྡན་ན༔ མངོན་སུམ་འགྲུབ་པའི་རྟགས་མཚན་འབྱུང་༔ བར་བར་གསོལ་བ་འདེབས་པ་ནི༔ ན་མོ༔ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ དུས་གསུམ་བཞུགས་ལ་གསོལ་བ་འདེབས༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་ཏན༔ དབང་གིས་བདག་རྒྱུད་སྨིན་གྲོལ་མཛོད༔ མཁྱེན་རབ་དབང་ཕྱུགས་ལཇམ་དཔལ་ལ༔ རྣམ་གསུམ་དད་པས་གསོལ་བ་འདེབས༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས༔ བདག་རྒྱུད་སྨིན་གྲོལ་བྱིན་གྱིས་རློབས༔ ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས༔ དྲན་ནས་དད་པས་གསོལ་བ་འདེབས༔ ཇི་སྙེད་གཟིགས་པའི་ཡེ་ཤེས་ཀྱིས༔ བདག་རྒྱུད༴ མཐུ་སྟོབས་མངའ་བདག་རྡོ་རྗེ་ཅན༔ དྲན་ནས་དད་པས༴ འཁོར་བ་ཡོངས་སྒྲོལ་ནུས་སྟོབས་ཀྱི༔ བདག་རྒྱུད༴ ཕྲིན་ལས་མངའ་བདག་པདྨ་འབྱུང་༔ དྲན་ནས་དད་པས༴ སྐུ་གསུམ་མཉམ་སྦྱོར་ནུས་གསུམ་གྱིས༔ བདག་རྒྱུད༴ ཀུན་གྱི་སྤྱི་གཟུགས་སེང་ཆེན་རྒྱལ༔ དྲན་ནས་དད་པས༴ རབ་འབྱམས་མཛད་ཕྲིན་རྒྱ་མཚོ་ཡིས༔ བདག་རྒྱུད༴ ཨ་ནེ་གོང་སྨན་རྒྱལ་མོ་འདི༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན་མངོན་ཤེས་ཀྱིས༔ བདག་རྒྱུད༴ སྲིང་ཆུང་ཐ་ལེ་འོད་དཀར་མ༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ བདག་རྒྱུད༴ ཡུམ་ཆེན་མཁའ་འགྲོ་སྡེ་ལྔའི་ཚོགས༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ བདག་རྒྱུད༴ འཁོར་ཚོགས་དཔའ་གཏུམ་སུམ་ཅུ་ཕྲག༔ དྲན་ནས་དད་པས༴ དུས་གསུམ་ཀུན་མཁྱེན༴ སྤྲུལ་པ་སྒྱུ་འཕྲུལ་འཁོར་བཅས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་དགོངས༔ སྐད་ཅིག་མི་འབྲལ་བསྲུང་སྐྱོབས་མཛོད༔ སེང་ཆེན་ནོར་བུ་དགྲ་འདུལ་དང་༔ ཡུམ་འཁོར་དགྲ་བླ་བཅས་རྣམས་ཀྱིས༔ དུས་གསུམ་མཁྱེན་པའི་མངོན་ཤེས་དང་༔ ཀུན་ཤེས་ཀུན་རིག་ཉམས་རྨི་ལམ༔ བཀྲ་མོར་བཅས་པ་བསྟན་དུ་གསོལ༔ གཞན་ཡང་འགྲོ་དོན་རླབས་པོ་ཆེ༔ གེགས་མེད་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བརྗོད་དོ༔ དེ་ནས་པྲ་མོའི་ལས་སྦྱོར་ནི༔ མོ་རྡེལ་དཀར་པོ་གཅིག་དང་ནི༔ ནག་པོ་བཅུ་གཉིས་དབྱིབས་ཆེ་ཆུང་༔ འདྲ་མཚུངས་བསགས་ལ་བསྒྲུབ་རྟེན་དུ༔ བཙུག་ནས་བཅང་བ་དེ་བཟུང་ནས༔ དང་པོ་མོ་བརྡར་བྱ་བ་ནི༔ ལྷ་ཀི་ཀི་བསྭོ་བསྭོ༔ དབུ་ནག་བོད་ཀྱི་ལྷ་གཅིག༔ འཛམ་ཀླིང་གེ་སར་རྒྱལ་བོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ བསྟན་དགྲ་གདུག་པའི་གཉའ་ནོན༔ བདུད་དང་བགེགས་ཀྱི་གཉའ་ནོན༔ དུས་གསུམ་རྒྱལ་བའི་ཕྲིན་ལས་ཀྱི་མངའ་བདག་ཆེན་པོ་འདིར་གཤེགས་ཤིག་བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛ༔ ཏིཥྠ་ལྷན༔ ཀྱཻ༔ སེང་ཆེན་ནོར་བུ་དགྲ་འདུལ༔ ཡབ་མཆོག་ལྷའི་དབང་པོ༔ ཡུམ་མཆོག་ཀླུ་མོ་མཛེས་ལྡན༔ མེས་པོ་སྲིད་པའི་དྲང་མཁན༔ ཕུ་བོ་འབུམ་པ་ཞལ་དཀར༔ ནུ་བོ་སྣང་ཆུང་གཡུ་སྟག༔ སྲིང་ཆུང་ཐ་ལེ་འོད་དཀར༔ ཨ་ནེ་གོང་སྨན་རྒྱལ་མོ༔ སྤྲུལ་པ་ཕུ་ནུ་སུམ་ཅུ༔ རྣམ་རྒྱལ་དགྲ་བླ་བཅུ་གསུམ༔ དཔུང་རོག་ལྷ་ཀླུ་གཉན་དམག༔ རྒྱབ་བརྟེན་རིགས་གསུམ་མགོན་པོ༔ རིགས་བདག་དུས་གསུམ་སངས་རྒྱས༔ བཀའ་སྡོད་ཆོས་སྐྱོང་མགོན་པོ༔ ལས་མཁན་ལྷ་སྲིན་སྡེ་བརྒྱད༔ མགྲོན་ཡག་དར་མ་བཅུ་གསུམ༔ མངོན་ཤེས་དྲང་མཁན་མཁའ་འགྲོ༔ སྣང་སྲིད་ཡུལ་ལྷ་གཞི་བདག་དང་བཅས་པ་བདག་གི་མོ་ཡི་དྲང་མཁན་དུ་བྱོན་ཅིག༔ མདོར་ན་འཛམ་གླིང་གི་སྐྱེས་མཆོག་གེ་སར་རྒྱལ་པོའི་སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར༔ གཡོག་དང་ཡང་གཡོག་མ་ལུས་ཤིང་ལུས་པ་མེད་པ་འདིར་གཤེགས་ཤིག༔ བྱོན་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཀྱཻ༔ འཛམ་གླིང་གེ་སར་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ༔ སྤྲུལ་འཁོར་དགྲ་བླ་བཀའ་སྡོད་དང་བཅས་པས་བདག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པས་པྲ་མོ་གསལ་བར་ཕོབ་ཅིག༔ པྲ་མོ་གསལ་བར་སྟོན་ཅིག༔ ཨོཾ་བཛྲ་ཧེ་རུ་ཀ་ཤྲཱི་བི་ཛ་ཀྲོ་ཏ་ཧཱུྃ་ཛ༔ ཏདྱ་ཐཱཿགྷི་པ་ཙཀྵུ་སྭཱ་ཧཱ༔ བེ་པུ་ཏོ་ར་ཧ་དྷོ་ཛ་ཛཿཞེས་བརྒྱ་རྩ་བཟླས་ནས་རྡེའུ་ལ་ཕུ་བཏབ༔ གང་ལ་བྱ་བ་སྨོས་སོ༔ ཡང་མངོན་ཤེས་བརྡར་བ་ལ༔ ལྷ་གསོལ་ལོ་མཆོད་དོ༔ ཀྭི་ཀྭི་བསྭོ༔ དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ༔ འཛམ་གླིང་གེ་སར་རྒྱལ་པོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༔ སྤྲུལ་པ་རྫུ་འཕྲུལ་གྱི་མངའ་བདག་ཁྱེད་དྲན་ནོ༔ འབོད་དོ༔ གསོལ་བ་འདེབས་སོ༔ རྟེན་བཅའོ༔ སྐྱབས་སུ་མཆིའོ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ང་ཡི་རྒྱུད་ལ་འབེབས་ཤིང་འཇུག་པར་མཛད་དུ་གསོལ༔ འཕོས་ཤིང་བརླབ་པར་མཛད་དུ་གསོལ༔ དུས་གསུམ་མཁྱེན་པའི་མངོན་ཤེས་རྟག་ཏུ་འཆར་ཞིང་གསལ་བར་མཛད་དུ་གསོལ༔ ཅེས་འཁོར་དགྲ་བླ་དང་བཅས་མཚོ་ལ་ཁ་བ་བབ་པ་ལྟར་བྱུང་ནས་རང་ལ་སིབ་སིབ་ཐིམ་ནས་གཉིས་མེད་དུ་གྱུར་པར་བསྒོམ་ལ༔ ཨོཾ་བཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ས་མ་ཏི་ཕེཾ་ཕེཾ་ཛ་ཛ༔ ཏདྱ་ཐཱ༔ གྷི་པ་ཙཀྵུ་སྭཱ་ཧཱ༔ ཞེས་བརྒྱའམ་བཅུ་རེ་མ་ཆགས་པར༔ བཟླས་ན་མངོན་ཤེས་འཆར་བར་ངེས༔ ཡང་ཅིག་རྨི་ལམ་བརྡར་བ་ལ༔ ཀྱེ་ཀྱེ༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༔ འཛམ་གླིང་གེ་སར་ཆེན་པོ༔ སེང་ཆེན་ནོར་བུ་དགྲ་འདུལ༔ སྤྲུལ་པ་ཕུ་ནུ་སུམ་ཅུ༔ ཨ་ནེ་གོང་སྨན་རྒྱལ་མོ༔ ཕུ་བོ་དུང་ཁྱུང་དཀར་པོ༔ ནུ་བོ་སྲིད་པའི་གཉན་རྗེ༔ སྲིང་མོ་ཐ་ལེ་འོད་དཀར༔ རྣམ་རྒྱལ་དགྲ་བླ་བཅུ་གསུམ༔ ལྷ་ཀླུ་གཉན་དམག་ཐེར་འབུམ༔ རྩ་གསུམ་དམ་ཅན་རྒྱ་མཚོ་དང་བཅས་པས་བདག་ལ་རང་གཞན་གྱི་ལེགས་ཉེས་གསལ་བའི་རྨི་ལམ་ཕོབ་ཅིག༔ འཕྲུལ་ཅིག༔ སྟོན་ཅིག༔ ཨོཾ་བཛྲ་བི་ཛ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ས་མ་ཏི་ཕེཾ་ཕེཾ་ཛ༔ ས་མས་ན་ལེ་སུར་པ་སལ་སལ་སྭཱ་ཧཱ༔ སྒྲུབ་པའི་སྐྱེས་བུ་གང་དག་གིས༔ ལན་བདུན་བརྗོད་ནས་སྙིང་ག་རུ༔ ཕུ་བཏབ་གང་དོན་དྲན་བྱས་ནས༔ ཉལ་བ་ལེགས་ཉེས་གསལ་བར་འགྱུར༔ ཁྱད་པར་པྲ་མོའི་རྟེན་འབྲེལ་ལ༔ བརྟེན་ན་རྡེའུ་བསྒྲུབ་པ་ནས༔ དཀར་པོ་གང་བབ་བརྟགས་པ་ལ༔ གཅིག་ལ་བབ་ན་གཞི་བྱའི་མོར༔ ལོ་ཁྱིམ་དེ་རུ་དགེ་ཞིང་ལེགས༔ མི་ལ་ནད་མེད་སྲོག་ཀྱང་བརྟན༔ ཕྱུགས་ལ་གོད་མེད་འཕེལ་ཁ་རྒྱས་༔ ཞིང་ལ་བར་ཆད་གནོད་མཚེ་མེད༔ རིམ་གྲོ་དགྲ་ལྷ་གསོལ་མཆོད་བྱ༔ སྲིད་ཕྱྭར་བཏབ་ན་བུ་ཚ་སྐྱེ༔ རིམ་གྲོ་བཀྲ་ཤིས་བརྩེགས་པ་འདོན༔ ཨེ་འགྲུབ་ན་ཡང་ངེ་པར་འགྲུབ༔ ཨེ་འཕྲད་ན་ཡང་འཕྲད་པ་ཡིན༔ གྲོགས་སྡེབ་མོ་ལ་ཤིན་ཏུ་བཟང་༔ བོར་བ་ཤར་ནས་ངེས་པར་རྙེད༔ དགྲ་ཕྱྭར་བཏབ་ན་འུར་ཆེ་བས༔ མྱུར་དུ་འབྱུང་སྲིད་རང་ལྷ་གསོལ༔ དགྲ་མནན་བྱ་ཞིང་བྱ་རར་འབད༔ མགྲོན་ཕྱྭར་བཏབ་ན་དོན་འགྲུབ་ཅིང་༔ དགྲ་མེད་མྱུར་དུ་སླེབས་པར་འོང་༔ ཨེ་འཐབ་ན་ཡང་འཐབ་ནས་སུ༔ དགྲ་ཕམ་བདག་རྒྱལ་རང་ཡུལ་འཁོར་༔ ནད་པར་བཏབ་ན་མྱུར་དུ་འཚོ༔ གདོན་ཕྱྭར་བཏབ་ན་སྟག་ལོ་པའི༔ ལག་ནས་རྫས་བླང་གྲི་བཙན་གདོན༔ ཡང་ན་དཀར་པོའི་རིགས་བྱེད་ལ༔ གྲི་བཙན་འབྲངས་ནས་གནོད་པར་ཆས༔ ཨེ་ཐུབ་ན་ཡང་ངེས་པར་ཐུབ༔ ཨེ་འཆི་ན་ཡང་མི་འཆི་འཚོ༔ ན་མཆིའི་འཕྲོ་ལ་བཏབ་པ་ན༔ ན་འཆིའི་རྒྱུན་འཕྲོ་ཆད་པའི་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ གེ་སར་རྒྱལ་པོ་འཁྲུངས་ས་ཡིན༔ ༈གཉིས་པའི་ས་ལ་བབ་པ་ན༔ གེ་སར་བདུད་ཡུལ་ཆས་པ་ཡིན༔ གླིང་སྡེ་ཤུལ་དུ་བོར་བའི་སྐབས༔ གཞི་ཕྱྭར་ལྷ་བཏང་བགེགས་ཀྱིས་སླེབས༔ དར་མ་ཁྱི་ཡི་ལོ་པའམ༔ གཞོན་ནུ་ཕོ་མོ་འཆི་བའི་ངོ་༔ ཡང་ན་ཕྱུགས་ལ་གོད་ཆེར་འོང་༔ བསེ་རག་འགོང་པོའི་ས་འཛིན་བྱེད༔ དེ་བཟློག་རིམ་གྲོ་བསྐོར་བཏབ་བྱ༔ སྲིད་ཕྱྭར་བུ་མོ་འབྱུང་ཡང་འཆི༔ གཞི་ཚངས་ཕུགས་སུ་སྟོང་པ་ཡིན༔ ཨེ་འགྲུབ་བྱས་ན་མི་འགྲུབ་ཞིང་༔ ཨེ་འཕྲད་བཏབ་ན་མི་འཕྲད་ངོ་༔ གྲོགས་སྡེབ་མོ་ལ་གཅིག་འཆིའམ༔ ཡང་ན་བྱེ་བྲལ་སོ་སོར་ཕྱེ༔ བོར་བ་མི་རྙེད་དགྲ་ལག་སོང་༔ དགྲ་ཕྱྭར་དམག་ཇག་དགྲ་འཇིགས་འབྱུང་༔ འགྲོན་ཕྱྭར་དགྲ་དབང་སོང་བའམ༔ ཡང་ན་ཉེས་སྐྱོན་ཆེན་པོས་མནར༔ ཨེ་འཐབ་ན་ཡང་འཐབ་རང་ཕུང་༔ ནད་པར་བཏབ་ན་སྣེ་འདྲེས་ཁྱེར༔ མི་འཚོ་མྱུར་དུ་འཆི་བའི་ངོ་༔ གདོན་ཕྱྭར་མོ་ཆས་མོ་གོས་གདོན༔ ཁ་དོག་ལྗང་གུ་ཁྲ་བོའི་རིགས༔ ཕུང་སྲི་ཞིག་གིས་སྣ་འདྲེན་ནས༔ རྒྱལ་གདོན་གདུག་པའི་འདྲེ་རུ་ཟ༔ ཨེ་ཐུབ་ན་ཡང་མི་ཐུབ་ཟེར༔ ཨེ་དགེ་ཟེར་ན་མི་དགེ་ཟེར༔ ན་འཕྲོ་ཤི་འཕྲོ་ཨེ་ཆད་ན༔ མི་ཆད་གྲངས་མང་ན་འཆིའི་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ དེ་ལ་རིམ་གྲོ་མང་པོ་ལ༔ བསྐོར་ཞིང་ཡང་ཡང་བཏབ་པ་གནད༔ གསུམ་པའི་ས་ལ་བབ་པ་ན༔ གེ་སར་རྒྱལ་པོས་བདུད་བསད་ནས༔ བདུད་ཀྱི་རྒྱལ་ས་ལོན་པ་ཡིན༔ གཞི་ཕྱྭར་ལྷ་ཡི་ངོ་སོ་མཐོ༔ འདྲེ་བདུད་ལྷ་ཡིས་ཐུལ་ངོ་ཡིན༔ མི་ནོར་ཕྱུགས་ལ་ཕུང་འགྱོད་མེད༔ རིམ་གྲོ་བསོད་ནམས་བསགས་ལ་འབད༔ སྲིད་ཕྱྭར་བུ་ནི་མང་དུ་འབྱུང་༔ ཨེ་འགྲུབ་བྱས་ན་ངེས་པར་འགྲུབ༔ ཨེ་འཕྲད་སྨོས་ན་འཕྲད་ངོ་ལགས༔ གྲོགས་སྡེབ་བསོད་ནམས་བུ་ནོར་རྒྱས༔ བོར་བ་ལྷོ་ནས་ངེས་པར་རྙེད༔ དགྲ་ཕྱྭར་དགྲ་མེད་དགྲ་ཡུལ་ཕུང་༔ མགྲོན་ཕྱྭར་ཕྱི་དལ་ཆེ་ན་ཡང་༔ ཉེས་སྐྱོན་མེད་པར་དོན་འགྲུབ་འབྱུང་༔ ཨེ་འཐབ་ན་ཡང་འཐབ་མི་དགོས༔ ཟས་དང་ནོར་འཐོབ་རང་ཕྱོགས་བདེ༔ ནད་ཕྱྭར་ནད་ཕུག་ལྗི་ན་ཡང་༔ འདྲེ་གདོན་མེད་དེ་སྨན་གྱིས་འཚོ༔ གདོན་ཕྱྭར་ཞྭ་ནག་གོས་ནག་ལ༔ རྐྱེན་བྱས་སྡིག་པའི་གྲིབ་ཀྱི་བག༔ ཨེ་ཐུབ་ན་ཡང་དེར་མི་ཐུབ༔ མི་དགེ་སྨོས་ཆེད་དགེ་ཞིང་ལེགས༔ ན་བའི་འཕྲོ་ལ་སྨོས་པ་ན༔ ན་འཕྲོ་ཤི་འཕྲོ་ཆད་པར་ངེས་༔ མོ་མཐའ་བཟང་སྟེ་ལོ་འགར་བདེ༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ ༈བཞི་པའི་ས་ལ་བབ་པ་ན༔ གེ་སར་བདུད་ཡུལ་ལས་ལྡོག་པ༔ གཞི་ཕྱྭར་ནང་མཁོན་མང་ཞིང་འཁྲུགས༔ ཡང་ན་འཇིགས་པ་ཞིག་འབྱུང་སྲིད༔ ནོར་ལ་གོད་ཁ་འབྱུང་བའི་ངོ་༔ གཟའ་དང་བྱད་ཁ་ཆེ་བ་ཡིན༔ དེ་བཟློག་རིམ་གྲོ་དག་ལ་བསྐོར༔ སྲིད་ཕྱྭར་བུ་མོ་མང་པོ་འབྱུང་༔ རིམ་གྲོས་བུ་དཔལ་བསྐྱེད་ཀྱང་སྲིད༔ ཨེ་འགྲུབ་ན་ཡང་འགྲུབ་ཐག་རིང་༔ ཨེ་འཕྲད་ན་ནི་མི་འཕྲད་འཛོལ༔ གྲོགས་སྡེབ་འཐབ་འཁྲུགས་ན་ཚ་མང་༔ བོར་བ་མི་རྙེད་འཚོལ་དྲག་ན༔ ཁ་མཆི་ངན་པའི་སྣ་ཡང་འདྲེན༔ དགྲ་ཕྱྭ་རྐུན་བུ་ཡང་ཡང་ལྡང་༔ བསང་གསོལ་དགྲ་མནན་བྱས་ན་ལེགས༔ མགྲོན་ཕྱྭ་དོན་ནི་ཐོབ་ན་ཡང་༔ ཁས་རྟ་མི་འཆོས་ཉེས་འགྱོད་ཆེ༔ ཨེ་འཐབ་འཐབ་ཤིང་གཉིས་ཕུང་བྱེད༔ ནད་པར་ནད་མཐའ་རིང་བ་དང་༔ འདྲེ་གདོན་མང་སྟེ་རིམ་གྲོལ་འབད༔ གཤིན་གསོན་བར་གྱི་མགྲོན་པོ་ཡིན༔ གདོན་ཕྱྭར་གོ་མཚོན་རིགས་བྱེད་གནོད༔ འདྲེ་རུ་གཟའ་དང་སྡེ་བརྒྱད་གནོད༔ ཨེ་ཐུབ་པས་ན་གཉིས་ཐུབ་བྱེད༔ ཨེ་དགེ་ན་ཡང་ཕན་གནོད་མེད༔ ན་འཕྲོ་ཤི་འཕྲོ་མི་ཆད་དོ༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈ལྔ་པར་གེ་སར་ལྷར་བྱོན་པའི༔ ལྷ་ཆེན་ཚངས་པའི་གདན་ས་ཡིན༔ གཞི་ཕྱྭར་དགེ་ལེགས་བསོད་ནམས་འཕེལ༔ ནད་མེད་ཚེ་རིང་ལོངས་སྤྱོད་རྒྱས༔ སྲིད་ཕྱྭར་བུ་འབྱུང་སྤྲུལ་པའི་སྐུས༔ འབྲེལ་ཚད་འགྲོ་བ་འདྲེན་པའོ༔ ཡང་ན་དཔའ་རྩལ་སྟོབས་ལྡན་པའི༔ སྐྱེས་བུས་ཡུལ་ས་ཆེན་པོ་འཛིན༔ ཨེ་འགྲུབ་སྨྲོས་ན་ལེགས་པར་འགྲུབ༔ ཨེ་འཕྲད་ན་ཡང་འཕྲད་པར་འགྱུར༔ གྲོགས་སྡེབ་འཛའ་སྟེ་ལེགས་ཡོན་འཕེལ༔ བོར་བ་ནུབ་ཀྱི་ཕྱོགས་ནས་རྙེད༔ དགྲ་ཕྱྭར་དགྲ་ཇག་ཆོམ་རྐུན་མེད༔ མགྲོན་ཕྱྭ་དོན་འགྲུབ་བདེ་བར་འཁོར༔ ཨེ་འཐབ་ན་ཡང་འཐབ་མི་འགྱུར༔ ནད་པས་སྲོག་སྐྱོན་མེད་པར་འཚོ༔ གདོན་ཕྱྭ་རུ་ནག་སྐྱེས་ནག་གོ༔ ཡང་ན་རི་ནག་ཐབས་ནག་གདོན༔ ཨེ་ཐུབ་ན་ཡང་ཕན་གནོད་མེད༔ ཨེ་དགེ་ན་ཡང་དགེ་ལེགས་འཕེལ༔ ན་དང་ཤི་བའི་འཕྲོ་ཆད་འགྱུར༔ གཞན་ཡང་ཅི་ལ་བཏབ་ཀྱང་བཟང་༔ ༈དྲུག་པ་ནོར་གླིང་གཡུལ་འགྱེད་པ༔ གཞི་ཕྱྭར་འཁྲུགས་པ་ཤིན་ཏུ་ཆེ༔ ལྷ་འཁྲུགས་བདུད་དུ་བབ་པ་ཡིན༔ མོ་མཙུན་དར་མ་འཆི་བ་དང་༔ སྐྱེས་པ་གཟའ་དཔོན་དེ་ལ་ངན༔ རིམ་གྲོ་ཆེན་པོ་བསྐོར་སྡེབ་བྱ༔ འཐར་ཐུག་ངན་ཞིང་ཁྱིམ་སྟོང་ངོ་༔ སྲིད་ཕྱྭ་རབས་ཆད་མཐར་ཐུག་སྟོང་༔ ཨེ་འགྲུབ་ལེགས་བསྒྲུབ་གནོད་བྱེད་འགྲུབ༔ ཨེ་འཕྲད་འཕྲད་ནས་འཐབ་རྩོད་འཆས༔ གྲོགས་སྡེབ་ཁྱི་བྱི་འཕྲད་དང་མཚུངས༔ བོར་བ་མི་རྙེད་གཏན་དུ་ཡལ༔ དགྲ་ཕྱྭ་དགྲ་འཇིགས་ཆེན་པོ་འབྱུང་༔ མགྲོན་ཕྱྭ་དོན་ཤོར་དགྲ་ལ་ཤོར༔ ཡང་ན་མི་ཤི་ནོར་ཡལ་འགྲོ༔ ཨེ་འཐབ་འཐབ་སྟེ་རང་ཕུང་བྱེད༔ ནད་པ་མི་འཚོ་ངེས་པར་འཆི༔ གདོན་ཕྱྭ་བྲན་དང་བུད་མེད་གདོན༔ མོ་འདྲེས་སྣ་དྲངས་རྒྱལ་པོས་གནོད༔ ཨེ་ཐུབ་ན་ཡང་མི་ཐུབ་ཟེར༔ ཨེ་དགེ་ཞེ་ན་མི་དགེ་ངན༔ ན་ཤིའི་ཕུང་ཁྲོལ་འགྲོ་འཕར་བྱེད༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ རིམ་གྲོ་བསྐོར་ཀྱང་བཟློག་དཀའི་གནས༔ ༈བདུན་པའི་ས་ལ་བབ་གྱུར་ན༔ གེ་སར་ཧོར་ལ་ཆས་པ་ཡིན༔ གཞི་ཕྱྭར་བགོས་གཏོར་ཆེ་བའི་ངོ་༔ ཚིག་ངན་ཁ་མཆུ་མང་བ་ཡིན༔ མི་སྲོག་ལ་ཡང་རྒོལ་བ་མེད༔ སྲིད་ཕྱྭ་བུ་སྐྱེ་སྐྱོན་ཅན་ངོ་༔ ཨེ་འགྲུབ་ན་ཡང་ཕུགས་སུ་འགྲུབ༔ ཨེ་འཕྲད་འཕྲད་དེ་སྒུག་ཐག་རིང་༔ གྲོགས་སྡེབ་ཕུགས་སུ་སོ་སོར་འགྲོ༔ འཐབ་རྩོད་མང་མཐར་འདུམ་དགོས་འབྱུང་༔ བོར་བ་རྩད་ཆོད་དྲག་བྱས་ན༔ ཡུན་རིང་རྗེས་སུ་རྙེད་པའི་ངོ་༔ དགྲ་ཕྱྭ་དགྲ་དེ་རང་ཕུང་ནས༔ རྩོད་ཡུལ་མེད་པར་འགྲོ་བའི་ལྟས༔ མགྲོན་ཕྱྭར་མགྲོན་པོ་དཀའ་ཚེག་ཆེ༔ དོན་འགྲུབ་བདེ་བར་སླེབས་པའི་ལྟས༔ ཨེ་འཐབ་འཐབ་སྟེ་རང་རྒྱལ་བྱེད༔ ནད་པར་རིམ་གྲོ་བྱས་ན་འཚོ༔ གདོན་ཕྱྭ་ཁང་རྒན་ཟླ་གམ་བཤིག༔ ཡང་ན་རྟེན་རྫས་གཉན་པོ་བསྒུལ༔ དེས་རྐྱེན་དཀོར་བདག་གཉན་པོས་གནོད༔ ཨེ་ཐུབ་བྱས་ན་ཐུབ་པ་ཡིན༔ ཨེ་དགེ་ཨེ་བཟང་ཟེར་བ་ན༔ ལས་དེ་བྱས་ན་དགེ་ལེགས་ཟེར༔ ན་ཤིའི་འཕྲོ་འདི་ཨེ་འཆད་ན༔ འཕྲོ་ཆད་དགེ་བའི་འཕྲོ་རྒྱུན་ཟིན༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བརྒྱད་པའི་ས་ལ་བབ་གྱུར་ན༔ གེ་སར་ཧོར་ལ་བྱོན་ནས་སུ༔ ཧོར་ཡུལ་ཁ་ལོ་བསྒྱུར་བ་ཡིན༔ གཞི་ཕྱྭར་དགེ་ལེགས་ཡོན་ཏན་འཕེལ༔ ལྷ་བསྒྲུབ་དགྲ་འདྲེ་ཐུལ་བ་ཡིན༔ རིམ་གྲོ་ལམ་དུ་སོང་བ་ཡིན༔ ཉེས་པ་ཟད་པའི་རྗེས་ཡིན་བཟང་༔ སྲིད་ཕྱྭར་བུ་ནི་མང་པོ་འབྱུང་༔ ཨེ་འགྲུབ་བྱས་ན་འགྲུབ་ཚར་ཟེར༔ ཨེ་འཕྲད་བྱས་ན་ངེས་པར་འཕྲད༔ གྲོགས་སྡེབ་ཕོ་མོ་མཆོག་ཟུང་འཕྲོད༔ བོར་བ་རང་གི་ཉེ་སར་ཡོད༔ དགྲ་ཕུང་དགྲ་ཡུལ་སྟོང་ཟིན་ངོ༔ མགྲོན་པོ་དོན་འགྲུབ་ཕྱིར་ལ་ཆས༔ ཨེ་འཐབ་འཐབ་ཟིན་རང་རྒྱལ་ངོ་༔ ནད་པ་ནད་ལས་ཐར་ཟིན་ཏེ༔ བླ་རྐུན་ལག་ནས་བླ་ལོན་ངོ་༔ གདོན་ཕྱྭ་ཆུ་མིག་བྲག་རི་ནས༔ ཀླུ་གཉན་གནས་སར་ལས་བྱས་པའི༔ རྐྱེན་དེས་འདྲེ་གདོན་དེ་ཡིས་བྱས༔ ཨེ་ཐུབ་ན་ཡང་ཐུབ་ཚར་ཟེར༔ ཨེ་དགེ་བྱས་ན་ལས་གང་རུང་༔ བྱས་ན་དགེ་ཞིང་ལེགས་ངོ་ཡིན༔ ན་ཤིའི་འཕྲོ་འདི་ཨེ་འཆད་ན༔ ངེས་པར་འཆད་དེ་མི་ནོར་འཕེལ༔ གཞན་ཡང་ཅིལ་བཏབ་ཀྱང་བཟང་༔ ༈དགུ་པའི་ས་ལ་བབ་པ་ན༔ གཉན་པོའི་ཁྱུང་ཚར་གཏོར་བ་ཡིན༔ གཞི་ཕྱྭར་འདྲེ་འཚུབས་ཆེ་བའི་ཕྱིར༔ རིམ་གྲོ་དག་ལ་འབད་པ་གནད༔ སྲིད་ཕྱྭར་བན་བོན་བྱད་ཀྱི་བཅད༔ ཨེ་འགྲུབ་ན་ནི་འགྲུབ་པ་ཡིན༔ ཨེ་འཕྲད་འཕྲད་ཅིང་མཁོན་འཛིང་འོང་༔ གྲོགས་སྡེབ་ཕོ་མོ་གང་རུང་འཆི༔ བོར་བ་ཆུ་མཚོའི་ནང་དུ་སོང་༔ དགྲ་ཕྱྭ་དགྲ་ནི་ཆེ་དྲག་ནས༔ མི་རུང་སྔགས་མཁན་ཞིག་ལ་འགྲས༔ སྲོག་ལ་ཧུར་ཐུམ་འབྱུང་ངོ་ཡིན༔ མགྲོན་ཕྱྭ་མགྲོན་པོའི་དོན་གཉེར་བྱེད༔ ད་དུང་ཕྱིར་ལ་མ་འཁོར་སྡོད༔ ཨེ་འཐབ་དགྲ་མི་ཡ་ལན་མེད༔ ནད་པ་ངེས་པར་འཆི་ངོ་ཡིན༔ གདོན་ཕྱྭ་ཁྲ་བོ་རིགས་བྱེད་གདོན༔ བན་བོན་བྱད་ཁ་གདོན་དུ་ལངས༔ ཨེ་ཐུབ་ཐུབ་སྟེ་རང་རྒྱལ་བྱེད༔ ཨེ་དགེ་བྱས་ན་ལས་དེ་དགེ༔ ན་འཆིའི་འཕྲོ་ལ་ད་དུང་ངན༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བཅུ་པའི་ས་ལ་བབ་པ་ན༔ བལ་པོའི་ལུག་རྫོང་ཕབ་པ་ཡིན༔ གཞི་ཕྱྭར་བཟང་སྟེ་ནོར་ཕྱུགས་རྙེད༔ རང་མགོ་མི་ལ་ཤོར་ངོ་ཡོད༔ སྲིད་ཕྱྭ་བུ་འབྱུང་སྐལ་བཟང་འདོན༔ ཨེ་འགྲུབ་ན་ནི་ངེས་པར་འགྲུབ༔ ཨེ་འཕྲད་འཕྲད་ཅིང་དགའ་འཛུམ་བརྩེ༔ གྲོགས་སྡེབ་ཕོ་རབ་མོ་བཟང་འཕྲད༔ བོར་བ་ཐག་རིང་ཞིག་ནས་རྙེད༔ ཡང་ན་ཤིང་ཆེན་ཀློང་ནས་རྙེད༔ དགྲ་ཕྱྭ་དགྲ་དེ་རྒྱུད་ལྷོད་པས༔ ཡུན་རིང་ཞིག་ལ་གནོད་འཚེ་མེད༔ མགྲོན་ཕྱྭ་མགྲོན་པོས་རང་ས་མནན་༔ ཡང་ན་ཡུན་རིང་མ་ཐོན་ངོ་༔ ཨེ་འཐབ་འཐབ་དགོས་འབྱུང་མིན་ཏེ༔ དགྲ་ནོར་རང་ལ་ཐོབ་ངོ་ཡོད༔ ནད་པ་མི་འཆི་རིམ་གྲོས་བྱེད༔ གདོན་ཕྱྭ་རང་གི་ཕུག་ལྷ་གནོད༔ ཨེ་ཐུབ་བྱས་ན་མི་ཐུབ་ཟེར༔ ཨེ་དགེ་བྱས་ན་མི་དགེ་སྨྲོས༔ ན་འཆིའི་འཕྲོ་ཆད་སླར་ལྡང་ངོ་༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་༔ ༈བཅུ་གཅིག་པ་ལ་བབ་པ་ན༔ རྒྱ་ལ་ཤོས་རྟ་སྤྲད་པ་ཡིན༔ གདོང་གི་རྟ་རྫོང་ཕབ་པ་ཡིན༔ རྒྱ་ཡུལ་ཁ་ལོ་བསྒྱུར་བ་ཡིན༔ གཞི་ཕྱྭར་བསོད་ནམས་ལོངས་སྤྱོད་འཕེལ༔ མི་མགོ་རང་གི་ལོན་པ་ཡིན་༔ མི་མགོ་མཐོ་ལ་མི་རྒྱུད་བཟང་༔ ནད་མེད་ཚིག་བཙན་བཀྲ་ཤིས་ལེགས༔ སྲིད་ཕྱྭར་སྤྲུལ་སྐུ་སྐྱེས་ཆེན་ནམ༔ ཡང་ན་དཔའ་རྩལ་གྲགས་ལྡན་འབྱུང་༔ ཨེ་འགྲུབ་ན་ནི་ལེགས་པར་འགྲུབ༔ ཨེ་འཕྲད་བྱས་ན་འཕྲད་དོན་ཐོབ༔ གྲོགས་སྡེབ་ལྷ་དང་ལྷ་མོ་འཛོམ༔ བོར་བ་མི་རིང་མྱུར་དུ་རྙེད༔ དགྲ་ཕྱྭ་དགྲ་དེ་ཉམས་དམའ་བས༔ ཡ་ལན་བྱེད་པ་མཐའ་རིང་ཙམ༔ མགྲོན་ཕྱྭ་ཅི་བསམ་འགྲུབ་ཅིང་སླེབས༔ ཨེ་འཐབ་དགྲ་ལ་འཐབ་ས་མེད༔ འཐབ་ཅིང་རང་གཞན་བདེ་བར་ངེས༔ ནད་པར་ནད་མཐའ་རིང་བ་ཡང་༔ འདྲེ་མེད་སྨན་གྱིས་བཅོས་པ་གལ༔ དེས་མ་ཕན་ན་འཆི་བའི་ལྟས༔ གདོན་དུ་ཉེ་འདྲེ་ཉེ་ཕྱོགས་ནས༔ འོད་ཅན་རྫས་སམ་མཆོད་ཆ་གདོན༔ ཨེ་ཐུབ་ཐུབ་སྟེ་རང་ཡང་འཚམས༔ ཨེ་དགེ་ན་ནི་དགེ་ལེགས་ལྡན༔ ན་འཆིའི་འཕྲོ་ཆད་ཡུན་རིང་བདེ༔ གཞན་ཡང་ཅི་ལ་བཏབ་ཀྱང་དགེ༔ ༈བཅུ་གཉིས་རྒྱ་སོག་ཧོར་བལ་གྱི༔ འདྲེ་ལ་འཐབ་འཁྲུགས་ས་ཡིན་པས༔ གཞི་ཕྱྭར་འཇིགས་པ་ཆེན་པོའམ༔ ཡང་ན་ནད་རིམས་ངན་པ་འབྱུང་༔ དེ་བཟློག་རིམ་གྲོ་བསྐོར་རྡབ་བྱ༔ སྲིད་ཕྱྭ་བུ་མེད་རབ་ཆད་དོ༔ ཨེ་འགྲུབ་བྱ་བ་བཤོལ་བའི་མོ༔ ཨེ་འཕྲད་བྱ་ན་མི་འཕྲད་ཅིང་༔ འཕྲད་ན་དགྲ་ཡིས་བསླུ་བ་ལགས༔ གྲོགས་སྡེབ་སྟག་སྤྲེལ་འཕྲད་འདྲ་ངན༔ བོར་བ་མི་སྲུན་དགྲ་རུ་ཤོར༔ རྫས་བོར་མི་མངོན་ཟས་སུ་ཚུད༔ ཕྱུགས་བོར་གཤེད་མའི་ལག་ཏུ་སོང་༔ མི་བོར་གྲི་ཤིར་སོང་བ་ཡིན༔ དགྲ་ཕྱྭ་དགྲ་ཡི་དཔུང་ཚོགས་ནས༔ རང་རེ་སང་ལ་ཧབ་ཤ་བྱེད༔ མགྲོན་ཕྱྭ་དགྲ་ལག་སོང་བའམ༔ ཡང་ན་ཉེས་པ་ཆེན་པོས་མནར༔ ཨེ་འཐབ་འཐབ་སྟེ་རང་ཕུང་བྱེད༔ ནད་པ་མི་འཚོ་ཕན་མེད་ན༔ རིང་པོར་མི་ཐོགས་མྱུར་དུ་འཆི༔ གདོན་ཕྱྭ་ཁ་ཕོར་ཀ་ཚེ་འམ༔ ཡང་ན་ཕྱུགས་དང་བྲན་གཡོག་གདོན༔ ཨེ་ཐུབ་བྱས་ན་མི་ཐུབ་ཟེར༔ ཨེ་དགེ་བྱས་ན་མི་དགེ་ཉེས༔ གཡང་གི་རྟེན་གྱི་ནོར་ཕྱུག་ཕུད༔ གཡང་ཉམས་ཕུང་ཉེན་དབུལ་པོར་འགྲོ༔ ན་འཆིས་ཡང་ཡང་མནར་བའི་ངོ་༔ མི་ཆད་ལྷག་མེད་བཏང་བའི་མོ༔ གཞན་ཡང་ཅི་ལ་བཏབ་ཀྱང་ངན༔ ༈བཅུ་གསུམ་པ་ལ་བབ་གྱུར་ན༔ གླིང་གི་རྟ་རྒྱལ་རྩོད་པ་ཡིན༔ གེ་སར་དཔོན་རུ་རྒྱལ་བ་ཡིན༔ རྗེ་འབངས་དབང་དུ་བྱེད་པ་ཡིན༔ ལྷ་འདྲེའི་གཏེར་དང་འཕྲད་པ་ཡིན༔ བདེ་སྐྱིད་ཉི་མ་འཆར་བ་ཡིན༔ གཞི་ཕྱྭར་མི་ལ་ན་ཚ་མེད༔ ནོར་དང་ཕྱུགས་ལ་གྱོང་གོད་མེད༔ སྤྲང་པོ་གཏེར་དང་འཕྲད་པ་ཡིན༔ ཉམ་ཆུང་རྒྱལ་སར་ཕེབས་པ་ཡིན༔ རིམ་གྲོ་བཀྲ་ཤིས་བརྩེགས་པ་དང་༔ ཤེར་ཕྱིན་སྙིང་པོ་རྡོ་ལ་བརྐོ༔ རི་རྩེ་རྒྱལ་མཚན་དཔུང་རྒྱན་ཕྱར༔ སྲིད་ཕྱྭར་ཕ་བུའི་སྡེ་ཚོ་གྱེས༔ ཨེ་འགྲུབ་བྱས་ན་ངེས་པར་འགྲུབ༔ ཨེ་འཕྲད་འཕྲད་ཅིང་ཡིད་མཐུན་སྟེར༔ གྲོགས་སྡེབ་མངའ་ཐང་གོང་འཕེལ་རྒྱས༔ བོར་བ་མི་རིང་ལག་ཏུ་སླེབས༔ དགྲ་མེད་ཆོམ་རྐུན་འཚེ་བ་མེད༔ མགྲོན་པོ་དོན་འགྲུབ་རང་ཡུལ་སླེབས༔ ཨེ་འཐབ་བྱས་ན་མི་འཐབ་ལེགས༔ ནད་པ་ཤི་ཟིན་མིན་ན་འཚོ༔ གདོན་མེད་ལྷ་ཡི་ངོ་སོ་མཐོ༔ ཨེ་ཐུབ་བྱས་ན་ངེས་པར་ཐུབ༔ ཨེ་དགེ་ལས་གང་བསྒྲུབ་ཀྱང་དགེ༔ ན་འཕྲོ་ཆད་ཅིང་ཤི་འགབ་ཆད༔ ད་ནི་ན་འཆི་མི་འབྱུང་ལེགས༔ ཅི་ལ་བཏབ་ཀྱང་ཤིན་ཏུ་བཟང་༔ འདི་ནི་ལན་གསུམ་བསྐོར་རྡབ་ནས༔ ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་དཔྱད༔ མོ་སྒྲུབ་བྱས་ནས་བཏབ་པ་ན༔ མངོན་ཤེས་འཕྲུལ་གྱི་རྒྱལ་པོ་ཡིན༔ ཀུན་ཤེས་ཀུན་རིགས་དགེ་ལེགས་འཕེལ༔ ཞེས་མངོན་ཤེས་འཕྲུལ་གྱི་པྲ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ལྷུན་གྲུབ་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།