TTDL-ZABTER-09-TA-043: Difference between revisions
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར" |
No edit summary |
||
| Line 36: | Line 36: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒྱལ་ཤན་པ་སྐྱ་གཅིག་གི་ཟ་ངུ་དགྲ་བགེགས་ཕུང་བྱེད་གཤིན་རྗེའི་ཧུབ་སྒྲ་བཞུགས༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྟན་དགྲ་ཕུང་བརླག་བྱེད་པ་དང་༔ རྣལ་འབྱོར་ལས་ལ་མི་གཡེལ་ཞིང་༔ ལོག་རྡུགས་འབྱམས་པའི་རྐྱེན་བསལ་ཕྱིར༔ ཟ་ངུ་འདི་ལ་འབད་པར་བྱ༔ ས་མ་ཡ༔ ཤ་ཁྲག་བདུད་རྩི་སྐྱེམས་གཏོར་བཤམས༔ འགུགས་གཞུག་བྱེད་ཅིང་བདུད་རྩིར་བརླབས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔ | {{TibP|ཐྂ༎༔ {{TibChung|ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒྱལ་ཤན་པ་སྐྱ་གཅིག་གི་ཟ་ངུ་དགྲ་བགེགས་ཕུང་བྱེད་གཤིན་རྗེའི་ཧུབ་སྒྲ་བཞུགས༔}} ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ {{TibChung|བསྟན་དགྲ་ཕུང་བརླག་བྱེད་པ་དང་༔ རྣལ་འབྱོར་ལས་ལ་མི་གཡེལ་ཞིང་༔ ལོག་རྡུགས་འབྱམས་པའི་རྐྱེན་བསལ་ཕྱིར༔ ཟ་ངུ་འདི་ལ་འབད་པར་བྱ༔ ས་མ་ཡ༔ ཤ་ཁྲག་བདུད་རྩི་སྐྱེམས་གཏོར་བཤམས༔ འགུགས་གཞུག་བྱེད་ཅིང་བདུད་རྩིར་བརླབས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ༔ ལྷ་ཡི་ང་རྒྱལ་ལྡན་པའི་ངང་༔}} ཏྲི་ཙཿ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ སྲིད་པ་མེ་ལ་དབང་བསྒྱུར་བ༔ དམར་པོ་བཙན་གྱི་སྡེ་དཔོན་མཆོག༔ མི་སྲུན་འཇིགས་པའི་ཆ་ལུགས་ཅན༔ བཞད་པ་ཧེ་དང་བསྭོ་སྒྲ་འདོན༔ ཁྲག་གི་རལ་པ་གནམ་དུ་གཟེང་༔ མེ་དུད་རླུང་གི་འཚུབ་མ་གཡོ༔ དུག་དང་ནད་ཀྱི་ཁ་འཕྲུ་འདེབས༔ དུག་གསུམ་འཁྲུལ་པ་གདོན་གྱི་བདག༔ བཙན་རྒོད་ཡ་བ་སྐྱ་གཅིག་པོ༔ སྤྲུལ་པའི་རྫོང་དམག་འབུམ་དང་བཅས༔ འདིར་གཤེགས་ཤ་ཁྲག་དམར་གཏོར་དང་༔ དགྲ་བོའི་སྙིང་གི་རཀྟ་འབུལ༔ རྔམས་པའི་སྒྲ་དང་བཅས་ཏེ་རོལ༔ རྣལ་འབྱོར་བདག་ཅག་དཔོན་སློབ་ལ༔ བསམ་ངན་སྦྱོར་རྩུབ་བྱེད་པ་ཡི༔ སྡང་བའི་དགྲ་བོ་ལས་ངན་རྣམས༔ སྟོང་གསུམ་སྲིད་པའི་ཁམས་གར་གནས༔ སྔོན་གྱི་ཚེ་དང་བསོད་ནམས་ལ༔ ཚད་མ་སྒུག་ལ་མྱུར་དུ་སོད༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་དོང་ཁ་རུ་འཕོས༔ ཚེ་དང་བསོད་ནམས་རླུང་ལ་བསྐུར༔ མྱུར་དུ་དྲག་པོའི་ལས་ལ་ཡ༔ ཞུ་བཤགས་འཇལ་གསུམ་ངས་བླང་ཡང་༔ ཁྱོད་ཀྱིས་བྱམས་དང་བརྩེ་མ་ཤོར༔ དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུང་༔ ལོངས་སྤྱོད་བསོད་ནམས་དཔལ་ལ་རོལ༔ དགྲ་བོའི་ཕོ་རྒྱུད་དམེ་གྲིར་སོད༔ མོ་རྒྱུད་ཆུ་དང་རྦབ་གྲིར་གུམ༔ མཐའ་རྩ་སྐྱེ་རྒྱུད་ལྷག་མེད་ཐོངས༔ རོ་ཐོག་བྱ་མི་འབབས་པར་གྱིས༔ ཉེ་བ་རྩ་ལག་ཕྱག་མས་ཐོབས༔ བདུན་རྒྱུད་ལྷ་མི་འཁོར་བར་གྱིས༔ བདག་གི་སྲུང་བ་བྱིན་རླབས་རྟེན༔ བརྣག་པའི་དགྲ་བོས་འཆང་སྤྱོད་ན༔ རེག་ཕུང་ཧ་ལ་ཁོང་སོང་བཞིན༔ གློ་བུར་ཧུར་ཐུམ་དྲག་པོས་སོད༔ བདག་གི་སྲུང་མ་མཆོད་གསོལ་ན༔ ཁོ་ཡི་དབུགས་ལ་ཟ་ངུ་དགྱེས༔ སྙིང་རྗེ་བྱམས་བརྩེ་མ་ཤོར་བར༔ སྙིང་དང་སྲོག་གི་མཚོ་མོ་རོལ༔ རྟག་ཏུ་མཆོད་བསྒྲུབ་བདག་གིས་བྱེད༔ ཕྲིན་ལས་རབ་འབྱམས་ཁྱོད་ཀྱིས་སྒྲུབས༔ ལས་ལ་མ་འགྱངས་ས་མ་ཡ༔ རིག་འཛིན་བརྒྱུད་པའི་བཀའ་དམ་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ {{TibChung|དམིགས་གནད་ལྡན་པས་འདི་ལ་འབད༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ རྣལ་འབྱོར་བསོད་ནམས་དཔལ་འབྱོར་རྒྱས༔ བཀའ་སྲུང་རང་ལ་གཉེར་དུ་གཏད༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སློབ་བུ་ཀློང་ཆེན་ཡངས་པས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 16:07, 26 February 2026
| Wylie title | zab gsang mkha' 'gro'i snying thig las: btsan rgyal shan pa skya gcig gi za ngu dgra bgegs phung byed gshin rje'i hub sgra: | |
|---|---|---|
| Location | bdud 'joms gling pa'i zab gter Volume 9, Text 43, Pages 337-339 (Folios 1a1 to 2a2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las btsan rgyal shan pa skya gcig gi za ngu dgra bgegs phung byed gshin rje'i hub sgra. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 337-339. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: za ngu Verso: bdud 'joms bka' srung btsan rgod skya gcig | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Practices - las tshogs | |
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Colophon |
ཞེས་པ་འདི་ཉིད་སློབ་བུ་ཀློང་ཆེན་ཡངས་པས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |
|
zhes pa 'di nyid slob bu klong chen yangs pas bskul ngor khrag 'thung bdud 'joms rdo rjes phab pa'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM// | ||