TTDL-ZABTER-01-KA-061: Difference between revisions
From Dudjom Wiki
TTDL-ZABTER-01-KA-061
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟོར་ལས་གཟི་བྱིན་བསྐྱེད་པ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༥༧༡༔ མདུན་དུ་ཐུན་ཟོར་རྣམས་བཤམས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ འཁོར་བ་ཡོངས་སྒྲོལ་གནམ་ཞལ་ཡུམ༔ རྒྱུད་སྡེ་རྒྱ་མཚོའི་ཚོགས་དང་བཅས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ མཐུ་ནུས་སྟོབས་དང་གཟི་བྱིན་དབང་༔ ལས་ཀྱི་མཚོན་ཐུན་འདི་ལ་སྩོལ༔ ཅེས་བརྗོད་པས་སྤྱི་དཔལ་ཆེན་པོ་ལ་ཡི་དམ་རྒྱལ་བ་རྒྱ་མཚོས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས༔ དེ་དག་གི་མཐུ་སྟོབས་ནུས་པ་ཐམས་ཅད་ཐུན་ཟོར་ལ་ཐིམ་པར་བསམ༔ སླར་ཡང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་མཐུ་དང་ནུས་སྟོབས་ཐམས་ཅད་ཐུན་ཟོར་ལ་ཐིམ་པར་བསམ༔ ཧཱུྃ༔ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་རྣམས༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཡི་དམ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀུན༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པའི་ཚོགས༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཡུལ་ལྷ་གཞི་བདག་གནས་གསུམ་སྲུང་མའི་ཚོགས༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཅེས་དྲག་སྔགས་ཀྱི་ངར་བླུད་ཅིང་ལག་ཏུ་ཐོགས་ནས་འཕངས་པ་ཙམ་གྱིས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་བརླག་བྱེད་ཀྱི་ནུས་པ་དང་ལྡན་པར་བསམ༔ སྟེང་དུ་དར་གྱིས་བཀབ༔ དེས་ནི་ཐུན་ཟོར་ནུས་ལྡན་བྱེད་པར་འགྱུར༔ འདི་ནི་བསྒྲུབ་ཚེ་ནུབ་རེ་བཞིན་བྱས་ཀྱང་༔ ཤིན་ཏུ་ལེགས་ཤིང་ཐོགས་མེད་རྣོ་ནུས་བསྐྱེད༔ བཀའ་སྲུང་དྲེགས་པ་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཅིག་བར་དུ་བཀའ་རྒྱ་བྱས་མཐར་བཀའ་བབས་རྣམས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་མཆོག་ཡེ་ཤེས་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=01 | |||
|volumeLetter=KA | |||
|textnuminvol=060 | |||
|pdflink=File:TTDL-ZABTER-01-KA-060.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-01-KA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཟོར་ལས་གཟི་བྱིན་བསྐྱེད་པ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༥༧༡༔ མདུན་དུ་ཐུན་ཟོར་རྣམས་བཤམས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ འཁོར་བ་ཡོངས་སྒྲོལ་གནམ་ཞལ་ཡུམ༔ རྒྱུད་སྡེ་རྒྱ་མཚོའི་ཚོགས་དང་བཅས༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ མཐུ་ནུས་སྟོབས་དང་གཟི་བྱིན་དབང་༔ ལས་ཀྱི་མཚོན་ཐུན་འདི་ལ་སྩོལ༔ ཅེས་བརྗོད་པས་སྤྱི་དཔལ་ཆེན་པོ་ལ་ཡི་དམ་རྒྱལ་བ་རྒྱ་མཚོས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས༔ དེ་དག་གི་མཐུ་སྟོབས་ནུས་པ་ཐམས་ཅད་ཐུན་ཟོར་ལ་ཐིམ་པར་བསམ༔ སླར་ཡང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་མཐུ་དང་ནུས་སྟོབས་ཐམས་ཅད་ཐུན་ཟོར་ལ་ཐིམ་པར་བསམ༔ ཧཱུྃ༔ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་རྣམས༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཡི་དམ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀུན༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པའི་ཚོགས༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཡུལ་ལྷ་གཞི་བདག་གནས་གསུམ་སྲུང་མའི་ཚོགས༔ དམ་ཚིག་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུན་ཟོར་འདི་ལ་རྣོ་ངར་ནུས་པ་བསྐྱེད༔ དགྲ་བགེགས་མ་ལུས་སྒྲོལ་བའི་དབང་བསྐུར་གསོལ༔ ཅེས་དྲག་སྔགས་ཀྱི་ངར་བླུད་ཅིང་ལག་ཏུ་ཐོགས་ནས་འཕངས་པ་ཙམ་གྱིས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་བརླག་བྱེད་ཀྱི་ནུས་པ་དང་ལྡན་པར་བསམ༔ སྟེང་དུ་དར་གྱིས་བཀབ༔ དེས་ནི་ཐུན་ཟོར་ནུས་ལྡན་བྱེད་པར་འགྱུར༔ འདི་ནི་བསྒྲུབ་ཚེ་ནུབ་རེ་བཞིན་བྱས་ཀྱང་༔ ཤིན་ཏུ་ལེགས་ཤིང་ཐོགས་མེད་རྣོ་ནུས་བསྐྱེད༔ བཀའ་སྲུང་དྲེགས་པ་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཅིག་བར་དུ་བཀའ་རྒྱ་བྱས་མཐར་བཀའ་བབས་རྣམས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་མཆོག་ཡེ་ཤེས་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:43, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 1, Text 60, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||