DJYD-KABUM-22-ZA-035: Difference between revisions

From Dudjom Wiki
DJYD-KABUM-22-ZA-035
m Text replacement - "bdud 'joms rin po che bka' 'bum" to "bdud 'joms rin po che'i bka' 'bum"
m Text replacement - "བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།" to "བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།"
Line 5: Line 5:
|fulltitle=gsol kha phrin las rnam rol gyi rol tshig dran tho bkod pa
|fulltitle=gsol kha phrin las rnam rol gyi rol tshig dran tho bkod pa
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Gsol kha phrin las rnam rol gyi rol tshig dran tho bkod pa''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 563-590. Kalimpong: Dupjung Lama, 1979-1985.
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Gsol kha phrin las rnam rol gyi rol tshig dran tho bkod pa''. In ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod'', Vol. 22: 563-590. Kalimpong: Dupjung Lama, 1979-1985.
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|collectiontitletib=བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།
|collectiontitle=bdud 'joms rin po che'i bka' 'bum
|collectiontitle=bdud 'joms rin po che'i bka' 'bum
|author=Dudjom Rinpoche
|author=Dudjom Rinpoche

Revision as of 16:36, 24 February 2026

Wylie title gsol kha phrin las rnam rol gyi rol tshig dran tho bkod pa
Location bdud 'joms rin po che'i bka' 'bum
Volume 22, Text 35, Pages 563-590 (Folios 1a1 to 9b1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gsol kha phrin las rnam rol gyi rol tshig dran tho bkod pa. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 563-590. Kalimpong: Dupjung Lama, 1979-1985.
Side notes Recto: zin bris   Verso: phrin las rnam rol
More details More details
Genre Notes - zin bris

[edit]
༄༅། །གསོལ་ཁ་ཕྲིན་ལས་རྣམ་རོལ་གྱི་རོལ་ཚིག་དྲན་ཐོ་བཀོད་པ་བཞུགས་སོ། ། ༄༅། །ཨོཾ་སྭསྟི། གསོལ་ཁ་ཕྲིན་ལས་རྣམ་རོལ་གྱི་རོལ་ཚིག་ལ། གཏོར་མའི་བཅས་ཤོམ་དུས་རིམ་ཕུར་ཟློག་ཆེན་མོའི་སྐབས་ལྟར་རྒྱས་པའམ། ཡང་ན་རྒྱུན་གསོལ་གྱི་སྐབས་སུ་བསྡུས་པའི་ཟིན་བྲིས་ཟུར་གསལ་བཞིན་ལ། བཟོ་དབྱིབས་སོགས་ཀྱི་ཕྱག་ལེན་མཐོང་བརྒྱུད་ལྟར་དང་། ཕྱི་ནང་གསང་བ་རྟེན་སྒྲུབ་མཆོད་སྐོང་གི་ཡོ་བྱད་རྣམས་ཀྱང་ཚང་ཞིང་བཀོད་ལེགས་པར་བྱས་ནས། ཆོ་ག་དངོས་ལ། རཾ་ཡཾ་ཁཾ། བདག་གི་ཐུགས་ཀ་ནས་སོགས། གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ལ་པད་སྐོར་སེ་གོལ་མེད་པའི་རང་རྒྱ། ཤཔྡར་ཌཱརྐདརྒྱ རོལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་སོགས་སྨན་རཀ་གཏོར་སྔགས་ལན་གསུམ་རེ། སྥ་ར་ཎར་ལག་གཉིས་སེ་གོལ་ཕྱིར་བསྟན་གྱི་སྤྲོ་རྒྱ། རང་གི་ [2a] ཐུགས་ཀའི༴ སད་པར་གྱུར་ལ་རྡོ་དྲིལ་བཅས་བསྡུ་རྒྱ། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་སོགས་རྡོ་གསོར་དང་དྲིལ་གསིལ། གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་སོགས་རྡོ་རྗེ་ནང་འདྲེན་ནས་ ཛཿཧཱུྃ་བྃ་ཧོཿ ར་རྡོ་དྲིལ་བཅས་ལག་གཉིས་ཁུ་ཚུར་གཡས་སྟེང་དང་གཡོན་འོག་ཏུ་བྱས་ཏེ་ཁ་སྦྱར་བ་བརླ་གཡོན་སྟེང་འཇོག ། ཧཱུཾ། བླ་མེད་མཆོག་གི༴ ཨོཾ་ཨཱཿཧཱུཾ་གུ་རུ་སོགས་ལ་པད་སྐོར་རང་རྒྱ་སེ་གོལ། ཤཔྡར་ཌཱརྐདརྒྱ རོལ། བཛྲ་པཉྩར་ནང་མཆོད་འཐོར། ལྷ་རྣམས་ཀྱི༴ ཨོཾ་ཨཱཿཧཱུྃ་གུ་རུ་མཎྜ་ལ་སོགས་ལ་རྡོ་དྲིལ་བཅས་གཏོར་རྒྱ་སེ་གོལ། གང་གི་དྲིན་གྱིས་སོགས་ཚིག་དྲིལ་བཅད་མ། ཕྱག་དྲིལ་གསིལ་ འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ [2b] སོགས་ལ་ཚིག་དྲིལ། ཀུན་འགྲུབ་མཛོད། །རྡོ་དྲིལ་སར་བཞག ། མ་ཧཱ་ཤུ་ནྱ་ཏ༴ བདག་གིས་ཐུགས་ཀའི་ཧཱུཾ་ལས༴ བཞུགས་པའོ། །བསྐུལ་མཚམས། རཀྵ་ཀྲོངྷི༴ གནས་པའོ། །ཕྱོགས་བཞིའི༴ རཀྟའི་རྒྱ་མཚོ་རོལ་པ། ནད་ཀྱི༴ གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སོགས། སློབ་དཔོན་གྱིས་གཡས་དྲིལ་བླངས་ཏེ་ཧཱུཾ་མཛད་རྒྱ་བཅས། ཧཱུཾ་ལས༴ ཐང་མེད་རྐང་སྐད་ཆེ་བ་༡ གཡབ་༡ ཟིལ་འབེབས་བོན་ཐབས་དྲིལ་གསིལ་ནས་ མཐར། ཐང་རྐང་༤ གསུམ་ནས་ ༡ ༢ ༣ ༤ ༡ ༢ གཡབ་༡ ༣ ༤ སྦྲམ་ཟིལ་གཡབ་ འབེབས་མཐར། སྦྲམ་སྦྲམ་ཐང་༡ ཐང་༢ཐང་ཟད་བྱས་ཐང་༡ཐང་༢ཐང་ཟད་སྦྲམ་ཐང་ཟད་ནས། ཧཱུྃ༔ ལངྐ་ཡུལ་གྱི༴ གནས་འདིར་སྤྱན་འདྲེན་སོགས་འཇགས་གཡབ་༡ རོལ་གྱིས་ཟིལ་ནས་སུམ་བརྡུང་། ཧཱུཾ། རྡོ་རྗེ་བྲག༷་ཆེན༴ ཏི༷ཥྛ་བ༷ཛྲ༷་རྔ་ཚག་གིས་བཞག ། རུ་ལུ་རུ་ལུར་སློབ་དཔོན་གྱིས་རྩེ་གཅིག་རྒྱ། དཔལ་རྡོ་རྗེ་ནག་པོ༴ སྡང་བའི་དགྲ་ཐུལ་གནོད་པའི་བགེགས་ཆོམས། ཞེས་པའི་ཚིག་རྐང་གཉིས་པོར་སློབ་དཔོན་གྱིས་ཐལ་རྡེབ་བྱ་བ་འོག་མ་ཐམས་ཅད་ལ་འགྲེའོ། ། ཁྱད་པར་དམ་ཚིག༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧཱུཾ། སྔོན་ཚེ་དཔལ༷་ཆེན༴ ཨོ༷ཾ་ཨཱ༷ཿཧཱུྃ༔ ཨོ༷ཾ་བཛྲ༷་ཨ༷་མྲྀ་ཏ༷་སོགས་ནང་མཆོད་འཐོར། ཧཱུ༷ཾ༔ ལྷ༷་མིན་དམག༷་ཚོགས༴ པྲ༷་ཏཱིཙྪ༷་ཧོཿ སྟོང༷་གསུམ་འདི༷འམ༴ བཛྲ༷་པུཥྤེ༷་ [3a] ནས་དྲིལ་གསིལ། ཨཱ༷་ཧཱུ༷ཾ་ལ་དྲིལ་བཅད། ཧཱུཾ། ལྕང༷་ལོ་ཅན༷་གྱི་སོགས་ནས། མཱ་ཧཱ་ང༷་ལིཾ་ཏ༷་ཁ༷་རཾ་ཁཱ༷་ཧི༷། རྔ་ཚག་གིས་བཞག ། མགོན་པོ་ཡབ་ཡུམ༴ སྤྲོ་ན་བསྐྱེད་སྔགས་རྣམས་དང་། བསྡུ་ན། ཤྲཱི་མ་ཧཱ་ཀ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲིཧྣ་སོགས་ལ་གཏོར་རྒྱ། དཔལ་མ་ཧཱ་ཀཱ་ལ་སོགས་ལ་སློབ་དཔོན་གྱིས་ལག་གཉིས་རྡོ་དྲིལ་དང་འབྲུ་བཅས་ཐལ་མོ་གྱེན་བསྟན་ མཛོད་ཅིག་ལ་འབྲུ་འཐོར་བ་འོག་མ་ཐམས་ཅད་ལ་འགྲེ། རང་གི༴ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿར་འགུགས་རྒྱ། ཛཿཧཱུཾ་བཾ་ཧོཿ ར་རང་རྒྱ། ཨོཾ་ཨཱཿཧཱུྃ་རང་རྒྱ། ཧཱུཾ། རྣལ་འབྱོར་ཀུན༷་གྱི༴ ཨི༷་དཾ་དྷུ༷་པེ་ནས་དྲིལ་གསིལ། པི་པ་ཏོ་ཧོཿ སུམ་བརྡུང་། ཧཱུྃ། ལྷ་ཡི་སྡེ༷་དཔོན༴ སྒྲུབ༷་པར༷་མཛོ༷ད། །རྔ་ཚག་གིས་བཞག ། ཨོཾ་མ་ཧཱ་ཤུ་ནྱ་ཏཟ སྟོང་པའི་ངང་ལས་མདུན་གྱི་ནམ་མཁར༴ བཞུགས་པའོ། །དེའི་ཕྱི་རོལ༴ ། ཞོན་པའོ། །དེ་ཐམས་ཅད་དལ་ ཀྱང་༴ བསྐོར་བའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ༴ རྐང་གླིང་༤དང་དུང་ཆེན་གྱིས་དྲངས་པའི་ཐང་གསུམ་གློག་ནས་རྐ༡ ཟིལ་འབེབས་སུམ་བརྡུང་འཇོག་ཡོད། ཧཱུཾ། ཡུལ་གྱི་མིང་ནི༴ མ་ཐོགས་མྱུར་དུ་ནས་འཇོགས་རྐ༣ རོལ་སུམ་བརྡུང་། ཧཱུྃ། སངས་རྒྱས་བསྟན༷་པ༴ ས༷་མ་ཡ༷་ཏི༷ཥྛནྟུ རྔ་ཚག་གིས་བཞག ། ཨོཾ་བཛྲ༴ དཔལ་རྡོ་རྗེ་ནག་པོ་སོགས། མཛོད་ཅིག །ཨ་མྲྀ་ཏར་ནང་མཆོད་འཐོར། རྔ་ཆིངས་ཀྱིས། [3b] ཧཱུཾ། ཆོས་སྐུ་འགྱུར༷་མེད༴ ཨ༷རྒྷཾ་སོགས་ལ་དྲིལ་གསིལ་དང་ ཤ༷པྡ་པྲ༷་ཏཱི༷ཙྪ་སྭཱ༷་ཧཱ༷་ར་རྔ་ཚག་གིས་བཞག ། མ་ཧཱ་པཉྩ༴ དཔལ་མ་ཧཱ་ཀཱ་ལ༴ ཧཱུཾ། མི་འགྱུར་རྣམ༷་དག༴ འཆ༷ར་ལ༷་བསྟོད༷། །རྔ་ཚག་གིས་བཞག ། ཨོཾ་མ་ཧཱ་ཤུ་ནྱ་ཏ༴ སྟོང་པའི་ངང་ལས་མདུན་གྱི༴ རྟིང་དཀར་ལ་ཆིབས་པ། དེའི་ཕྱི་རོལ༴ བསྐོར་བ། ཐམས་ཅད་ཀྱང་༴ གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར༴ ཐིང་རྐ༤ གསུམ་གློག་ནས་རྐ༡ ཟིལ་འབེབས་སུམ་བརྡུང་། ཧཱུཾ། དད་པ་ད༷ང་ནི༴ བསྟན་པ་སྲུང་ཕྱིར་སོགས་འཇགས་རྐ༣ རོལ་སུམ་བརྡུང་། ཧཱུཾ། དུར་ཁྲོད་ར༷བ་འཇིགས ཏི༷ཥྛནྟུ། རྔ་ཚག་གིས་བཞག ཨོཾ་བཛྲ༴ མཛོད་ཅིག རྔ་ཆིངས་ཀྱིས། ཧཱུཾ། མཉམ་མེད་མཐུ༷་མངའ༴ པྲ༷་ཏཱིཙྪ་སྭཱ༷་ཧཱ༷ར་རྔ་ཚག་བཞག མགོན་པོ༴ དཔལ་མ་ཧཱ་ཀཱ་ལ༴ མཛོད་ཅིག རྔ་ཆིངས་ཀྱིས། ཧཱུཾ། ཇིག་རྟེན་འད༷ས་པའི༴ བསྟོད༷་པར༷་བགྱི༷། །རྔ་ཚག་གིས་བཞག ། ཨོྃ་མ་ཧཱ༴ སྟོང་པའི་ངང་ལས༴ བསྐོར་བ། མ་མོའི་མདུན༴ གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར༴ ཐིང་རྐ༤ གསུམ་ཡ༡ ཟིལ་འབེབས་སུམ་བརྡུང་འཇོག་ཡོད། བྷྱོ༔ བདེ་ཆེན་ཀུན༷་བཟང་༴ ཕྲིན་ལས་སྒྲུབ་ཕྱིར་སོགས་ཡ༡ འཇགས་རྐ༣ རོལ་ནས་སུམ་བརྡུང་། ཧཱུཾ། ཆོས་ཀྱི་དབྱི༷ངས་ [4a] ནས༴ ཏི༷ཥྛནྟུ༷། རྔ་ཚག་གིས་བཞག ། ཨོཾ་བཛྲ་ས༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧཱུཾ། དཔལ་ལྡན་ཡེ༷་ཤེས༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་བཞག ། མ་མོ་འཁོར་བཅས༴ མཛོད་ཅིག རྔ་ཆིངས་ཀྱིས། བྷྱོ༔ བསྐལ་པའི་མེ༷་ལྟར༴ ཀུན༷་ལ༷་བསྟོད༷། རྔ་ཚག་གིས་བཞག ། ཨོཾ་མ་ཧཱ༴ སྟོང་པའི་ངང་ལས༴ གནས་པ། ཕྱོགས་ཀྱི༴ བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར༴ ཐིང་རྐ༤ གཡབ་དམར་ གསུམ་ཟིལ་སུམ་བརྡུང་འཇོག་ཡོད། ཧྲཱིཿཛཿ དད་པ་དང༷་ནི༴ དགྱེས་པའི་ཞལ་སྟོན་སོགས་གཡང་དམར་རྐ༣ འཇགས་རོལ་ནས་སུམ་བརྡུང་། ཧྲཱིཿ ཏིང་འཛིན༴ ཏི༷ཥྛ་ལྷ༷ན༷། རྔ་ཚག་གིས་བཞག ། ཨོཾ་བཛྲ༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧྲཱིཿ དངོས་སུ་འབྱོར༷་དང་༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་བཞག ། མ་ཧཱ༴ བསྟན་སྲུང་དྲེགས་པའི༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧྲཱིཿ ཐུགས་རྗེའི་གཏེ༷ར་ཆེ༷ན༴ ཚོག༷ས་ལ༷་བསྟོད༷། །རྔ་ཚག་གིས་བཞག ། ཨོཾ་མ་ཧཱ༴ སྟོང་པའི་ངང་ལས༴ བཞུགས་པའོ། །དེའི་ཕྱི་རོལ་གྱི༴ གནས་པའོ། །དེ་རྣམས་ཀྱི་དཔྲལ་བར༴ ཐུགས་ཀར་ཧཱུཾ་དང་༴ ཐིང་མེད་རྐ༡ ཟིལ་འབེབས་གཡབ་༡ བོན་ཐབས་ནས་སྦྲམ་ཐིང་རྐ༤ གསུམ་ཟིལ་འབེབས་མཐར་སུམ་བརྡུང་གིས། ཧཱུཾ། སྔོན་གྱི་བསྐལ༷་པའི༴ [4b] གཤེགས་སུ་གསལ། །ཐིང་༡ ༢ ༣ ༤ ༥ ༦ ༧ ༨ ༩ ཐིང་ཟད་ནས། རྩེ་བྲན་གྱིས། ཧཱུྃ་ཀྵཿ རྣམ༵་དག༵་ཆོས༵་དབྱིང༵ས་སོགས། གནོ༵ད་སྦྱིན༵་འཁོ༵ར་བཅ༵ས་གནས་རྐ་རིང་༡ འདིར་སྤྱན་ནེ་འདྲེན་ནེ་ནོ་ཡ༵་བེ༵་ཡ་ཡ་༡རྐ་རིང་༡ ༢ ༣ ཐུང་བ་༢ ༤ ༥ རིང་བ་༡ ༦ ༧དྲིལ་གསིལ་མེད་ ༨ ༩ ཐིང་ཟད། པད༵་མ༷་དབ༵ང་གི༵་སོགས། དགྱེ༵ས་རྒུར༵་རོལ༵་པའི༵་གནས་ཤུ་ཆེ་བ་༡ ནས་ད་འ་ཚུར་ར་གཤེགས་ཤུ་ཆུང་༡ ཡ༵་བེ༵་ཡ་ཡ་༡ཤུ་ཆེ་བ་༡དྲིལ་ ༢ ༣ ༤ཤུ་ཆུང་བ་༡ ༥ ༦ ༧ ༨ ཤུ་བཅད་མ་༡ ༩ སྔོན་ཚེ་སོགས་ལྷུག ། གློག་ལྟར་མྱུར་བའི་སོགས་འཇགས་རོལ་རྐ་༣གཡབ་༡ ནས་སུམ་བརྡུང་། ཧཱུཾ། དུར་ཁྲོད་རོལ༷་པའི༴ ཏི༷ཥྛནྟུ༷། རྔ་ཚག་གིས་བཞག ། ཨོཾ་བཛྲ༴ མཛོད་ཅིག །ཧཱུཾ། སངས་རྒྱས་བསྟན་པ༴ ཐོད་རྔ་དྲག་པོའི་སོགས་ལ་ཌཱ་རྐྱང་དང་རྐང་༥ དམར་ཆེན་ཁྲག་ལ་ཌཱ་བཅད། ཤ༷་ན་པཱུ༷་ཛ་ནས་ཌཱ་དྲིལ་ཁྲོལ། པྲ༷་ཏཱི༷ཙྪ༷་སྭཱ༷་ཧཱ༷་ཌཱ་བཅད། རྔ་ཚག་གིས་བཞག ། བསྟན་སྲུང་དྲེགས་པའི༴ མཛོད་ཅིག རྔ་ཆིངས་ཀྱིས། ཧཱུཾ། བདེ་ཆེན་དབ༷ང་གི༴ ཕྱག༷་འཚ༷ལ་བསྟོད༷། རྔ་ཚག་གིས་བཞག ། ཨོཾ་མ་ཧཱ༴ སྟོང་པའི་ངང་ལས༴ བཞུགས་པའོ། །དེ་རྣམས་ཀྱི༴ ལྟ་བུའོ། །དེའི་ཕྱི་རོལ༴ གནས་པའོ། །དེ་རྣམས་ཀྱི་དཔྲལ་བར༴ [5a] ཐིང་རྐང་༤ གསུམ་ཟིལ་སུམ་བརྡུང་གིས། ཧཱུཾ། རྡོ་རྗེ་འཆང༷་དབང་༴ གཟའ་བདུད་འཁོར་བཅས་སོགས་ལ་འཇགས་རྐ༣ རོལ་སུམ་བརྡུང་། ཧཱུཾ། འཇིགས་བྱེད་ཆེ༷ན་པོ༴ ཏི༷ཥྛ་ལྷན༷། རྔ་ཚག་གིས་བཞག ། ཨོཾ་བཛྲ༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧཱུཾ། ཆེ་བའི་ཆེ༷་མཆོ༷ག༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་བཞག ། མ་ཧཱ་པཉྩ༴ དྲང་སྲོང་གཟའི༴ མཛོད་ཅིག རྔ་ཆིངས་ཀྱིས། ཧཱུཾ། སྲིན་པོའི་གཟུགས་ཀྱི༴ ཚོ༷གས་ལ༷་བསྟོད༷། །རྔ་ཚག་གིས་བཞག ། ཨོཾ་མ་ཧཱ༴ སྟོང་པའི་ངང་༴ བསྐོར་བ། ཕྱོགས་མཚམས༴ འཁོད་པར་གྱུར། དེ་རྣམས་ཀྱིས༴ ཐིང་གསུམ་ཟིལ་འབེབས་རྐ་མེད་དཀར་དུང་གཡབ་དམར་ སུམ་བརྡུང་། བཻ། རི་རབ་ལྷུན༷་པོའི༴ ཐུགས་དམ་དབང་གི་སོགས་དཀར་དུང་ རོལ་ནས་མཐར་སུམ་བརྡུང་། ཧཱུཾ། རི་རབ་ཆེན༷་པོའི༴ ཏི༷ཥྛ་ལྷན༷། གསང་བདག༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ། རྔ་ཚག་གིས་བཞག རྒྱལ་ཆེན་འཁོར་བཅས༴ ། བསྟན་པའི་བཀའ་སྲུང་༴ མཛོད་ཅིག །རྔ་ཆིངས་ཀྱིས། བཻ། ས་བརྒྱད་དབ༷ང་ཕྱུག༴ ཕྱག༷་འཚལ༷་བསྟོད༷། །རྔ་ཚག་གིས་བཞག ། ཨོཾ་མ་ཧཱ༴ སྟོང་པའི་ངང་ལས༴ གནས་པ། འཁོར་དུ་ལྷའི༴ གནས་པའོ། །དེ་རྣམས་ཀྱི་དཔྲལ་བར༴ ཐིང་གསུམ་རྐ༤ ཟིལ་འབེབས་སུམ་བརྡུང་། ཀྱཻ། རྒྱལ་བའི་ཤཱཀྱའི༴ དམ་ཚིག་ [5b] དབང་གིས་སོགས་འཇགས་རྐ༣ རོལ་སུམ་བརྡུང་། ཧཱུཾ། དམ་ཅན་སྐྱེས༷་བུ༴ ཏི༷ཥྛནྟུ༷། རྔ་ཚག་གིས་བཞག ། ཨོཾ་བཛྲ༴ མཛོད་ཅིག །ཧཱུཾ། རང་བཞིན་དབྱི༷ངས་ལས༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་བཞག ། མ་ཧཱ༴ བསྟན་པའི་བཀའ་སྲུང་༴ མཛོད་ཅིག རྔ་ཆིངས་ཀྱིས། ཧཱུཾ། རྡོ་རྗེ་འཛི༵ན་པའི༴ ཕྱག༷་འཚ༷ལ་བསྟོད༷། །རྔ་ཚག་གིས་བཞག ། རང་ཉིད་དཔལ་ཆེན་པོའི༴ སྤྱན་དྲངས་པར་གྱུར། རྔ་ཆིངས་ཀྱིས། ཧཱུཾ་བྷྱོ། དཔལ་ཆེན་ཁྲ༷ག་འཐུང་༴ རྗེས་འབྲང་རྣམས་ལ་ཌཱ་རྐང་མེད་དུང་རྒྱ་ཡོད། ཏི༷ཥྛནྟུ། ཧཱུཾ། ཁྱོད༷་ལ་དགྱེས༷་པའི༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་བཞག ། མ་ཧཱ༴ དཔལ་བདུད་མགོན་ནག་པོ་སོགས་རྗེས་འབྲང་རྣམས་ལ་རྡོ་དྲིལ་མེད་པའི་འབྲུ་བཅས་ཐལ་སྦྱར། མཛོད་ཅིག །རྔ་ཆིངས་ཀྱིས། ཧཱུྃ། ཆོས་དབྱིངས་སྐྱེ་མེ༷ད༴ འགྲུབ༷་པར༷་མཛོ༷ད། །རྔ་ཚག་གིས་བཞག ། རང་གི་ཐུགས་ཀའི༴ སྤྱན་དྲངས་པར་གྱུར། རྔ་ཆིངས་ཀྱིས། བྷྱོ། དུར་ཁྲོད་ལྷ༷་མོ༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་བཞག ། མ་ཧཱ༴ དཔལ་ལྡན་ཞིང་སྐྱོང་༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧཱུཾ། དུར་ཁྲོད་ལྷ༷་མོ༴ ཐོན༷་པ༷ར་མཛོ༷ད། །རྔ་ཚག་གིས་བཞག ། རང་ཉིད་དཔལ་ཆེན་པོར༴ སྤྱན་དྲངས་པར་གྱུར། རྔ་ཆིངས་ཀྱིས། ཧཱུཾ། སྔོན་ཚེ་དཔ༷ལ་ཆེན༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་ [6a] བཞག ། མ་ཧཱ༴ མཐུ་སྟོབས་ཀྱི༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧཱུཾ། བདེ་གཤེགས༴ མཆི༷ས་པ༷ར་མཛོ༷ད། །རྔ་ཚག་གིས་བཞག ། རང་ཉིད་དཔལ་ཆེན་པོའི༴ སྤྱན་དྲངས་པར་གྱུར། དབྱངས་ཡོད་ན་ཐིང་གསུམ་ཟིལ་འབེབས་སུམ་བརྡུང་འཇོག་མེད། མེད་ན་རྔ་ཆིངས་ཀྱིས། ཧཱུཾ། ཁྲག་འཐུང་དཔ༷ལ་ཆེན༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག་གིས་བཞག ། མ་ཧཱ༴ ཕྲིན་ལས་མྱུར༴ མཛོད་ཅིག །རྔ་ཆིངས་ཀྱིས། ཧཱུཾ། སྔོན་ཚེ་སློབ་དཔོན༴ མྱུར༷་འགྲུ༷བ་མཛོ༷ད། །རྔ་ཚག་གིས་བཞག ། རང་གི་ཐུགས་ཀའི༴ སྤྱན་དྲངས་པར་གྱུར། རྔ་ཆིངས། ཀྱཻ། ཉི་མ་ནུབ༷་ཕྱོག༷ས་ཕ༴ པཱུ༷་ཛ༷་ཧོ༷ཿ རྔ་ཚག ། ཨོཾ་བཛྲ༴ རྔ་ཆིངས། ཀྱཻ། མི་འགྱུར་འོ༷ད་གསལ༴ ཚོག༷ས་པ༷ར་མཛོ༷ད། །རྔ་ཚག རང་གི་ཐུགས་ཀའི༴ སྤྱན་དྲངས་པར་གྱུར། རྔ་ཆིངས། ཀྱཻ། ཆོས་དབྱིངས་འགྱུར༷་མེད༴ པཱུ་ཛ༷་ཧོཿ རྔ་ཚག ། ཨོཾ་བཛྲ་པྲ་མོ༴ རྔ་ཆིངས། ཀྱཻ། ཀ་དག་སྤྲོས༷་བྲལ༴ སྒྲུབ༷་པར༷་མཛོ༷ད། །རྔ་ཚག ། རང་གི་སྙིང་གའི༴ སྤྱན་དྲངས་པར་གྱུར། རྔ་ཆིངས། ཧཱུཾ། ཚོགས་དང་བཀ༷འ་ཡི༴ པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག ། མ་ཧཱ༴ ཁཱ་ཧི། རྔ་ཆིངས། བྷྱོ། བྱང་གི་གན༷མ་མཚོ༴ བདེ་བར་མཛོད། །སུམ་བརྡུང་འཇོག་ཡོད་ཀྱིས། ཧཱུཾ། ཁྲོ་གཏུམ་དྲེགས་པ་ཀུ༷ན་གྱི་གཙོ། ། [6b] དགྲ༷་བོའི་སྲོ༷ག་གི༴ འགྲུབ་པར་མཛོད། སུམ་བརྡུང་། ཀྱཻ། སྲིད་པའི་བདག་པོ་མཐུ་བོ༴ མཆིས་པར་མཛོད། མཆིས་པར་མཛོད། །ཐིང་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ཐང་སྦྲམ་ཐང་ཟད་ནས་རྩེ་བྲན་གྱིས། ཀྱཻ། ཕྱོགས་དེ་ནི་སོགས་གྱང་གླུ། གནས་འདིར་འབྱོན། །ཐང་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ཐང་སྦྲམ་ཟིལ་འོག་སྔགས་མཐར་ལེན་གཉིས་ནས་༡ ༢ ༣ ༤ ཐོག་མཐའ་བར་བརྡུང་ལན་༣དང་༩བརྡུང་རེ་སྤེལ་བ་ཚར་༣ཡང་༩བརྡུང་༡་སྦིར་སྦྲམ་༡བྱས་སྦིར་སྦྲམ་༢བྱས་སྦིར་སྦྲམ་༣བྱས་༡བྱས་༢བྱས་༣བྱས་༩བརྡུང་༡སྦིར་སྦྲམ་སོགས་གོང་བཞིན་ཚར་གསུམ། ཡང་དགུ་བརྡུང་༡ ༡བྱས་༢བྱས་༣བྱས་༤བྱས་༥བྱས་༦བྱས་༧བྱས་༨བྱས་༩བྱས་ཡང་༡བྱས་༢བྱས་སོགས་ཆུང་བ་༡ཡང་༡བྱས་༢བྱས་སོགས་ཆེ་བ་༡གི་༩བྱས་ནས་སྦྲམ་ཟིལ་འབེབས་སུམ་བརྡུང་འཇོག་ཡོད། བྷྱོཿ བཙན་མཁར་དམར་པོའི་ནང༷་ཤེད་ན༔ ཤ༷་ཁྲག༴ ཏི༷ཥྛ་ལྷན༷༔ ཀྱཻ༔ སྐྱེས༷་བུ་རོལ༷་པ༴ པཱུ་ཛ་ཧོ༷ཿ ཀྱཻ༷་ སྐྱེས༷་བུ་སྲོག་གི༴ ཐུགས་དམ་བསྐ༷ང་༔ བྷྱོ༔ བསེ༷་མཁར་དམར་པོ༴ བཤུགས་པའི་འབོད་སྒྲར་བསྐུགས་རིང་བ་༡དང་བཅད་མ་༡་ བཞིན་དུ་སྐྱོངས༔ སུམ་བརྡུང་། ཧཱུྃ༔ ཡེ་ཤེས་གཞལ་ཡས༴ ཨ༷་མྲྀ་ཏ༷་སྭཱ༷་ཧཱ༷ཿ [7a] ཧཱུ༷ཾ། ད་ནི་དབང་དྲག༴ རྒྱལ༷་བ༷ར་མཛོད། །རྔ་ཚག་གིས་བཞག ། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི༴ སྤྱན་དྲངས་པར་གྱུར། ཧཱུཾ། སྔོན་ཚེ་པ༷དྨ་འབྱུང༷་གནས༴ ཨརྒྷཾ་སོགས་ལ་དྲིལ་གསིལ། པྲ༷་ཏཱིཙྪ༷་སྭཱ༷་ཧཱ༷། རྔ་ཚག ། ནཱ་ངྷི་པ་ཏི༴ ཁཱ་ཧི་ལན་གསུམ། མ་ཧཱ་པཉྩ༴ ཟབ་གཏེར་སྲུང་མའི་སོགས་རྡོ་དྲིལ་མེད་པའི་འབྲུ་བཅས་ཐལ་སྦྱར། མཛོད་ཅིག །རྔ་ཆིངས། ཧཱུཾ། དུས་གསུམ་རྒྱལ༷་བའི༴ བཅས་ལ༷་བསྟོད༷། །རྔ་ཚག ། ཨ་མྲྀ་ཏ༴ སྟོང་པའི༴ ཨོཾ་ཨཱཿཧཱུཾ་ལ་རང་རྒྱ། བྷུ་མི་པ༴ ས་མ་ཛཿར་བསྡུ་རྒྱ། བྷུ་མི་པ་ཏི་ས་པ་རི་སོགས་ལ་མཛོད་རྒྱ་སེ་གོལ། ཨོཾ་བཛྲ་ཨརྒྷཾ་སོགས་ཐང་གཅིག་ཟིལ་འབེབས་བཞག་དུང་རྒྱ་མེད་ རོལ། མ་ཧཱ་པཉྩར་འཐོར། གཞི་བདག་གཉུག་མར་སོགས་གོང་བཞིན། གཞི་བདག་ཆེན་པོ་ཁྱེ༷ད་རྣམས་ཀྱི། །མཆོ༷ད་སྦྱིན་གཏོ༷ར་མ་འདི༷་བཞེས་ལ་སོགས། ཀུན་འགྲུབ་མཛོད། །སུམ་ཕྱེད་ཟིལ་འབེབས་དུང་རྒྱ་ཡོད་ བཞག་རོལ། མགོན་པོ་ལྕམ་དྲལ༴ སྒྲུབ་པར་གྱུར། ཨོཾ་བཛྲ་ཧེ་རུ་ཀ་མན་ཡིད་བཟླས། སཏྭ་ཨ་ཧཱུཾ་ཕཊ་ལན་གསུམ། གོང་ནོན་ཡི་དམ་གྱི་བཟླས་པ་༢༡དང་། ཨོཾ་བྷུ་རུ་ཀུ་རུ་སོགས་སྔགས་རྣམས་བདུན་རེ་བཟླས་མཐར། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ༴ ཤཔྡར་སིལ། ཌཱརྐ དུང་རྒྱ་མེད་ མ་ཧཱ་པཉྩར་འཐོར། ཐིང་༡སྦྲམ་བྱས་སུམ་བརྡུང་འཇོག་ཡོད་ཀྱིས། ཧཱུཾ། དྲག་པོ་སྐུ༷་ལྔ༴ སྩལ་དུ་ [7b] དུ་གསོལ། །སུམ་ཕྱེད་ཟིལ་འབེབས་བཞག་རོལ། ཨ་མྲྀ་ཏ༴ སྭ་བྷཱ་ཝ༴ སྟོང་པའི་ངང་ལས༴ གང་བར་གྱུར། ན་མ༔ སརྦར་པད་སྐོར་མེད་པའི་མཛོད་རྒྱ་སེ་གོལ། སྩ་ར་ཎར་གོལ་བསྣོལ་མ་ཕྱིར་བསྟན། ཐིང་གསུམ་རྐ་གཡབ་མེད་ ཟིལ་འབེབས་སུམ་བརྡུང་། ཞྭ་དུང་རྒྱ་ཡོད ཧཱུཾ། བདགལ་ཉིད་རི༷ག་འཛིན༴ ཐུག༷ས་དམ་བསྐ༷ང་། རྔ་ཚག་གིས། བསྐུལ་མཚམས་བཅས། ཧཱུཾ། མེ་ཏོག་སྤོ༷ས་དང་༴ གཡང་གཞི་ལྷབ་ལྷུབ་རྐང་གླིང་སོགས་ལ་རྐང་། ༥ བསྐང་བ་རྫོགས་མཚམས་རྣམས་སུ་རྒྱ་ཡོད་དུང་མེད་ སུམ་བརྡུང་འཇོག་ཡོད་རེ་དང་། སྔགས་སྲུང་བསྐང་བའི་ རྐང་གླིང་ཐོད་རྔ་དང་། ཤན་པའི་ རྐང་གླིང་དུར་ཁྲོད་སོགས་ལ་ཌཱ་རྐང་དཀྲོལ་འབུད། དམ་ཅན་བསྐང་བའི་མཐར་རྔ་ཚག་གིས་བཞག །ཐལ་སྦྱར་བཅས། ཧོཿ ཡོན་ཏན་ལྷུན་རྫོགས་སོགས་ལྷུག་ནས་ཡིག་བརྒྱའི་མཐར། རྔ་ཆིངས་ཀྱིས། ཧོཿ རང་བཞིན་ཆོ༷ས་ཀྱི༴ འགྱུར་མེད་ཚངས་པ་སོགས་འཇགས་དུང་རྒྱ་མེད་ རོལ་སུམ་བརྡུང་། དབྱངས་ཡོད་ན་ཟིལ་མཐར་སྦྲམ་༡ ༢ ༣ ཐང་༡ ༢ ༣ ཐང་སྦྲམ་ཐིང་ཟད་ཀྱིས་རྩེ་བྲན་བཅས། ཧཱུྃ༔ རྒྱལ་བའི་བསྟན་སྲུང་༴ དགྱེས་རྩེ་ཐང་ འགྱུར་ཏེ། །༡ ༢ ༣ ཐིང་དྲིལ་གསིལ་རྒྱ་གླིང་ ༡ ༢ ༣ ཐང་སྦྲམ་སྦྲམ་ནས། ཀུན་བཟང་ཧེ་རུ་ཀ་སོགས་ལྷུག ། འབྱོར་བར་མཛོད། སུམ་ཕྱེད་དུང་རྒྱ་ཡོད་ ཟིལ་རྐ༥ འབེབས་བཞག་རོལ། ༈ ན་མོ། རིག་འཛིན་རྩ་བརྒྱུད༴ ད་དགྲ་ཐད་དུ་ལ་འགུགས་རོལ། ཨོཾ་ཨཱཿཧཱུཾ་ལ་རང་རྒྱ། ཨོཾ་མ་ཧཱ་ཀཱ་ལར་རྡོ་དྲིལ་བཅས་གཏོར་རྒྱ་ ཁཱ་ཧི། [8a] གཏོར་གཤེགས་སྐབས་སྔགས་ཚར་དང་པོར་རྒྱ། གཉིས་པར་ཞྭ་ལེན། གསུམ་པར་གྱོན་ཏེ་བཞེངས། ཐང་གསུམ་ཟིལ་འབེབས་ད་རྒྱ་རྐ་ སུམ་བརྡུང་འཇོག་ཡོད། ཧཱུཾ༔ ཆོས་ཀྱི་དབྱིང༵ས་ནས༴ འདིར་གཤེགས་ཤིག༵རྩེ་ ། ཕྱི༵་ནང་གས༵ང་༴ རྨད་བྱུང་རྩེ་ཐང་ དགྱེས་ཐང་ པའི་མཆོད་ཐང་ སྤྲིན་ཆེན་ཐང་ པོ་འདི༵ས། །སྔར༵་མཛད༴ དགྱེས༵་ཐང་ པ་ཆེན་ཐང་ པོས་བཞེས་ཐང་ ཤིང་རོལ་ནས་ཐང་ ཀྱང་། །ཐང་ནས་དགུ་བརྡུང་འཇོག་གཅིག ། བསྟན་དང་འགྲོ་བའི་སོགས་ལྷུག ། རུ་མཚོན་རྒྱ་གླིང་ འཕྱོར། །བྱང་ཆུབ་བར་དུ་སོགས་གསུམ་ད་རྒྱ་རྐ་༣ ཕྱེད་ཟིལ་འབེབས་བཞག་རོལ། ཨོཾ་ཤྲཱི་བཛྲར་རྡོ་དྲིལ་བཅས་རང་རྒྱ་དང་སེ་གོལ། ཤཔྡར་རོལ། རྐ ཌཱ ཧེ་རུ་ཀ་དཔལ་སོགས་ལྷུག ། དམ་ཅན་དྲིལ་ ཀུན་ལ་བསྟོད་པར་བགྱི། །དྲིལ་པང་། ཐལ་སྦྱར་བཅས། མ་རྙེད་ཡོངས་སུ༴ གང་ཡང་བདག་ཅག༴ མཛད་དུ་གསོལ། ཡིག་བརྒྱར་༡དྲིལ་གསིལ། འབྲུ་བཅས་ཐལ་སྦྱར། ཕྱོགས་བཅུ་ན་བཞུགས་པའི༴ བཛྲ་ཡེ་སྭཱ་ཧཱར་འབྲུ་འཐོར། སེ་གོལ་བཅས་ གཙྪ་གཙྪ༴ དགེ་བ་འདི་ཡིས༴ འགོད་པར་ཤོག །འོག་རོལ་མེད་པའི་རང་རྟས། ར༷བ་འབྱམ༷ས་དཀྱིལ༷་འཁོ༷ར༴ བཀྲ་ཤིས་ཤོག་ཡ། ༡ ༢ ༣ ༤ ༥ ༦ ༧ ཆཾ་ལྷུག་ཚེ་གོང་རོལ་མཇུག་འཇོག་གཉིས། སྲུང་མཛད་རྒྱ་གླིང་ པའི། །དམ་ཅན་རྒྱ་མཚོའི་སོགས་སུམ་ཕྱེད་ཐིང་ཌཱརྐ་༤ གསུམ་ཟིལ་འབེབས་བཞག་རོལ། ། ། [8b] ༈ དམ་ཅན་སྤྱི་གཏོར་ལ། རང་གི་སྙིང་གའི་ཧཱུཾ་ལས༴ གློག་འཁྲུག་པ་སོགས་ལ་རྐང་གླིང་༤གིས་དྲངས་པའི་ཐིང་གསུམ་གློག་ནས་ཟིལ་རྐ༡ འབེབས་སུམ་བརྡུང་འཇོག་མེད་ཀྱིས། ཧཱུཾ༔ ཆོས༷་དབྱིང༷ས་མཁ༷འ་ལྟར༷་སོགས་རང་གདངས། རབ་འབྱམས་ནས། སུམ་བརྡུང་འཇོག་ཡོད། དཔལ་ལྡན་མགོ༷ན་པོ་ནས་ལྷུག ། བསྟན་བསྲུང་ཕྱིར་འཇགས་ཌཱ་རྐ་༣ རོལ་ནས་མཐར་སུམ་བརྡུང་། ཧཱུཾ༔ དུས་གསུམ༴ ཏི༷ཥྛནྟུ༷་རྔ་ཚག་གིས་བཞག ། ཨོཾ་བཛྲ༴ རྔ་ཆིངས་ཀྱིས། ཧཱུཾ༔ ཐུན་མོང་ཁྱད༷་པར༴ སྤྲོས་ཏེ་མཆོད། །སུམ་ཕྱེད་ཟིལ་འབེབས་འོག་སྔགས་ཌཱརྐ་མེད བཅས་བཞག་རོལ། མ་ཧཱ༴ ལྷ་རྣམས་ཀྱི༴ ཨོཾ་བྷུ་རུ་ཀུ་རུ་སོགས་ལ་རྡོ་དྲིལ་བཅས་གཏོར་རྒྱ། དཔལ་མ་ཧཱ་ཀཱ་ལར་རྡོ་དྲིལ་དང་འབྲུ་བཅས་ཐལ་མོ་གྱེན་བསྟན། ཕྲིན་ལས་མཛོད་ཅིག་ལ་འབྲུ་འཐོར། རྔ་ཆིངས་ཀྱིས། ཧཱུཾ། འཇིགས་བྱེད་ཁྲ༷ག་འཐུང་༴ བཙན༷་རྒོད་ཁྱོད༷་ལ༷་བསྟོད༷། །རྔ་ཚག་གིས་བཞག །གཏེར་བདག་སྤྱི་གཏོར་ནས་བཀྲ་ཤིས་བར་སྔར་ལྟར་རོ།། །། ༈ །དམ་ཅན་སྤྱི་གཏོར་དྲིལ་ཆོག་སྐབས། རང་གི་སྙིང་གའི༴ ས་མ་ཛཿར་རྡོ་དྲིལ་བཅས་རྡོ་རྗེ་བསྡུ་རྒྱ། ཧཱུྃ། ཆོས་དབྱིངས་མཁའ་ལྟར་སོགས་རྡོར་གསོར་དྲིལ་གསིལ། བསྟན་པ་སྲུང་ཕྱིར་སོགས་རྡོ་རྗེ་ནང་འདྲེན་ནས་རོལ། ཌཱ་རྐ་༣ ཧཱུཾ། དུས་གསུམ་སངས་རྒྱས་སོགས་ལྷུག ། ཏིཥྛནྟུ། བསྐུལ་མཚམས། ཨོཾ་བཛྲ༴ ཧཱུཾ། ཐུན་མོང་ [9a] ཁྱད་པར༴ ཨོཾ་ཤྲཱི་བཛྲ་སོགས་རྡོ་དྲིལ་བཅས་པད་སྐོར་རང་རྒྱ་སེ་གོལ། ཤཔྡར་རོལ། ཌཱ་རྐ་༣ མ་ཧཱ༴ ནང་མཆོད་འཐོར། ལྷ་རྣམས་ཀྱི་སོགས་རྡོ་དྲིལ་བཅས་གཏོར་རྒྱ། རྡོ་ཐལ་འབྲུ་བཅས། དཔལ་མ་ཧཱ་ཀ་ལ༴ ཕྲིན་ལས་མཛོད་ཅིག །ཧཱུཾ། འཇིགས་བྱེད་ཁྲག་འཐུང་སོགས་ཡོ་ག་འཁྱོགས་འབེབས་བཞི་དྲིལ། ཧེ་རུ་ཀ་དཔལ་སོགས་ནས་ལྷུག་གིས་བཞི་དྲིལ། རང་གི་ཐུགས་ཀའི༴ སྤྱན་དྲངས་པར་གྱུར། ཧཱུཾ། སྔོན་ཚེ་པདྨ་སོགས་དྲིལ་གསིལ། པྲ་ཏཱིཙྪ་སྭཱ་ཧཱ། ནི་ངྷི་པ་ཏི༴ མ་ཧཱ༴ དྲིལ་པང་། ཟབ་གཏེར་སྲུང་མའི་སོགས་འབྲུ་བཅས་ཐལ་སྦྱར། མཛོད་ཅིག །ཧཱུཾ། དུས་གསུམ་རྒྱལ་བའི༴ བཅས་ལ་བསྟོད་དྲིལ་གསིལ་ནས་པང་། ཨ་མྲྀ་ཏ༴ ཨཾ་ཨཱཿཧཱུཾ་ལ་རང་རྒྱ། ས་མ་ཛར་བསྡུ་རྒྱ། བྷུ་མི་པ་ཏིར་པད་སྐོར་མཛོད་རྒྱ་སེ་གོལ། ཨརྒྷཾ་དྲིལ་གསིལ། གཞི་བདག་གཉུག་མར་སོགས་གོང་བཞིན། གཞི་བདག་ཆེན་པོ་སོགས་བཞི་དྲིལ་མཐར་རོལ། ན་མོ། རིག་འཛིན༴ ད་དགྲ་ཐད་དུ་སོགས་རོལ། རྐ༣ ཨོཾ་ཨཱཿཧཱུཾ་ལ་མཁའ་ལྡིང་བྱ། མ་ཧཱ་ཀ་ལར་གཏོར་རྒྱ། ཧཱུྃ། ཆོས་ཀྱི་དབྱིངས་ནས་སོགས་ལྷུག་འདོན་བཞི་དྲིལ། སྲུང་ཞིང་སྐྱོང་བར་མཛོད་རོལ། ཨོཾ་ཤྲཱི་བཛྲར་སྐོར་རང་རྒྱ། ཤཔྡར་རོལ། ཌཱ་རྐ་༣ ཧེ་རུ་ཀ་རྡོ་དྲིལ་བཅས་ དཔལ༴ མ་རྙེད་ཡོངས་སུ༴ [9a] ཡིག་བརྒྱར་དྲིལ་གསིལ། འདིར་ནི་གཟུགས་སོགས་འབྲུ་འཐོར། གཙྪར་སེ་གོལ། རབ་འབྱམས་དཀྱིལ་འཁོར་སོགས་རང་གདངས་སམ་ལྷུག་འདོན་བཞི་དྲིལ། བཀྲ་ཤིས་ཤོག་རོལ། ཌཱ་རྐ་༣ དགེའོ།། །།