TTDL-ZABTER-10-THA-043: Difference between revisions

From Dudjom Wiki
TTDL-ZABTER-10-THA-043
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
དབུ་ཁྲིད༠༠༠༠༠༠༠༠༠བརྡ་ཡིག ༣༥༥ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  དུར་གཅོད་ཟབ་མོའི་ཆ་ལག་བཞུགས་སོ༔   
{{Text
དབུ་ཁྲིད༠༠༠༠༠༠༠༠༠བརྡ་ཡིག ༣༥༦ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  བསྐྱེད་རྫོགས་གཉིས་ཀྱི་གདིང་ལྡན་པའི༔  བདུད་གཅོད་ཟབ་མོའི་རྣལ་འབྱོར་གྱིས༔  དུར་ཁྲོད་བམ་ཚོགས་འགྱེད་ལས་ལ༔  དང་པོ་མཁའ་འགྲོ་མ་ཡི་ཚོགས༔  མཁའ་ལྡིང་རྒོད་དུ་བཞེངས་བསྐུལ་ནི༔  རང་ཉིད་ཁྲོས་མ་ནག་མོར་བསྒོམ༔  ཕཊ༔  མ་དབུས་ཕྱོགས་ལྷུན་གྲུབ་དུར་ཁྲོད་ནས༔  སངས་རྒྱས་མཁའ་འགྲོ་གཏུམ་བྱེད་མ༔  བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔  ཤེས་རབ་ཡེ་ཤེས་སྤྱན་གྱིས་གཟིགས༔  སང་གི་ཉི་མ་རྩེ་ཤར་ལ༔  བདུད་རྩི་བམ་གྱི་ཚོགས་ལ་བྱོན༔  བསྐུལ་ལོ་བཞེངས་ཤིག་ས་མ་ཡ༔  ཕཊ་ཕཊ་ཕཊ༔  མ་ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔  རྡོ་རྗེ་མཁའ་འགྲོ་གར་མཁན་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  མ་ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔  རིན་ཆེན་མཁའ་འགྲོ་འདོད་སྦྱིན་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  མ་ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔  པདྨ་མཁའ་འགྲོ་ཆགས་བྲལ་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  མ་བྱང་ཕྱོགས་ཀཱི་ལའི་དུར་ཁྲོད་ནས༔  ལས་ཀྱི་མཁའ་འགྲོ་དོན་གྲུབ་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  ཚད་མེད་རྣམ་བཞིའི་ཀློང་ཡངས་ནས༔  ཕྲིན་ལས་བཞི་ཡི་ཕྱག་རྒྱ་མོ༔  གནས་ཡུལ་དུར་ཁྲོད་བདག་མོ་རྣམས༔  སང་གི་ཉི་མ་ཤར་བའི་ཚེ༔  བྱ་རྒྱལ་རྒོད་ཀྱི་རྣམ་པ་རུ༔  ལྕགས་ཀྱུ་འབར་བས་འདྲེན་ཅིང་ཤོག༔  ཞགས་པས་སྐེ་ནས་ཁྲིད་ལ་ཤོག༔  ལྕགས་སྒྲོག་ཕྱག་རྒྱས་སྲིད་པ་སློང་༔  དྲིལ་བུས་སྣང་བ་བསྒྱུར་ལ་ཤོག༔  རང་དམ་གཉན་པོ་དབང་དུ་བཙུག༔  མ་འདའ་བཅོལ་བའི་ལས་མཛོད་ཅིག༔  མ་བྷྱོ་ཛཿ ཧྲཱིཾ་ས་མ་ཡ༔  མཁའ་ལྡིང་བྱ་ཡི་སྣ་དྲོངས་ཤིག༔  མིག་འཕྲུལ་ཅིག༔  རྨི་ལམ་དབྱིངས་སུ་སད་པ་ལྟར་བགྲོད་སླེབ་མེད་པར་འདིར་ལྷག་ཅིང་འདུ་བའི་ལས་མཛོད་ཅིག༔  ཨོཾ་བཛྲ་ས་མ་ཡ༔  ཨཱཿ བཛྲ་ས་མ་ཡ༔  ཧཱུྃ་བཛྲ་ས་མ་ཡ༔  དེ་ཡིས་བྱ་རྒྱལ་རྒོད་ཀྱི་ཚོགས༔  རང་དབང་མེད་པར་འདུ་བར་འགྱུར༔  ས་མ་ཡ༔  མཁའ་འགྲོའི་བྱ་ཆིངས་བྱ་བ་ལ༔  ཕཊ༔  རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་སྐུ་ལས་འོད་ཕུང་དཔག་ཏུ་མེད་པ་ནམ་མཁའི་མཐའ་དང་མཉམ་པ་འཕྲོས་པས༔  གནས་ཉི་ཤུ་རྩ་བཞི༔  ཡུལ་སུམ་ཅུ་སོ་གཉིས༔  དུར་ཁྲོད་ཆེན་པོའི་གནས་བརྒྱད༔  ཧེ་རུ་ཀའི་གནས་བཅུ་ན་བཞུགས་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་ཐང་དཀར་རྒོད་ཀྱི་སྐུར་བཞེངས་ཏེ་འོད་ཀྱིས་བསྡུས་ནས་དུར་ཁྲོད་འདིར་འོད་ཀྱི་གུར་ཁང་རིམ་པ་ལྔའི་ནང་དུ་ཚུད་དེ་ལས་མ་རྫོགས་ཀྱི་བར་གང་དུའང་འགྲོ་ས་དང་འཆུག་ས་མེད་པར་བཀག་སྟེ་འཆིང་བར་བསྒོམ་ལ༔  ཕཊ་ཕཊ་ཕཊ༔  གསང་ཆེན་རོལ་པའི་དུར་ཁྲོད་ནི༔  དུར་ཁྲོད་ཀུན་གྱི་འབྱུང་ཁུང་སྟེ༔  དེ་ན་སུ་བཞུགས་སུ་མ་བཞུགས༔  མ་ཁྲོས་མ་ནག་མོ་དེ་ན་བཞུགས༔  གནས་ཡུལ་དཔའ་བོ་མཁའ་འགྲོའི་གཙོ༔  མཁའ་འགྲོ་ཡོངས་ཀྱི་དབང་ཕྱུག་མོ༔  མ་ཁྱེད་ལ་འགྲོ་བའི་དོན་ལས་མེད༔  བདག་མོས་པའི་བུ་ལ་ཐུགས་རྗེས་ཟུངས༔  དབྱིངས་ཟག་མེད་ནམ་མཁའི་དབྱིངས་རུམ་ནས༔  མ་དགོངས་པ་བསྐྱོད་ཅིག་ཐུགས་རྗེ་ཅན༔  མའི་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔  ངའི་འདོད་དོན་འབད་མེད་ལྷུན་གྲུབ་མཛོད༔  ཚེ་ཕྱི་མར་ཐལ་བའི་ཚེ་འདས་དེ༔  གནས་ངན་འགྲོར་སྙོགས་ལས་བཟློག་མཛོད་ལ༔  དབྱིངས་ཟག་མེད་བདེ་ཆེན་ས་ལ་དྲོངས༔  གཟུགས་འབྱུང་ལྔ་འདུས་པའི་ཕོང་པོ་རོ༔  ཚོགས་འདོད་རྒུའི་དཔལ་དུ་བྱིན་བརླབས་ཏེ༔  དོན་བདེ་སྟོང་ཟག་མེད་བདུད་རྩིའི་མཆོག༔  མ་མཁའ་འགྲོ་ཡབ་དང་མཁའ་འགྲོ་ཡུམ༔  ཚུལ་བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔  འདིར་བསྡུས་ལ་ལས་མཐའ་མ་རྫོགས་བར༔  མ་ཁྱེད་ཀྱིས་དམ་དུ་འཆིངས་རྒྱས་ཐོབ༔  གནས་འདི་ལས་གཞན་དུ་མ་བཏང་ཞིག༔  མ་ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔  རྩ་སྔགས་མཐར༔  ཀཱ་རུ་མཱ་ལ་སོ་ག་བཾ་ཆིངས་ཆིངས་སྭཱ་ཧཱ༔  ཞེས་བརྗོད་ཅིང་སྡིགས་མཛུབ་ཀྱིས་དུར་ཁྲོད་ཀྱི་མཐའ་ནས་ནམ་མཁའ་ལ་བསྐོར་བའི་ཚུལ་བྱའོ༔  ཡང་བྱ་རྣམས་ཀྱི་འདབ་གཤོག་དང་སྟོབས་རྩལ་བཅིང་བའི་ཚུལ་གྱིས་སོ་སོར་བསྐོར་རོ༔  ས་མ་ཡ༔  ཕུང་པོ་བྱ་ཡིས་མི་རོལ་ན༔  མགོ་ཟོར་འཕེན་པ་འདི་ལྟར་བྱ༔  མགོ་བོ་བཅད་དེ་ལག་ཏུ་ཐོགས༔  ཤར་གྱི་ཕྱོགས་སུ་ཁ་གྱུ་སྟེ༔  ཕཊ་ཕཊ་ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་ཡུལ་ངན་འཁོར་བའི་སྒོ༔  དྲག་ཅིང་རྩུབ་པ་མགོ་ཡི་ཟོར༔  རྡོ་རྗེ་མཁའ་འགྲོའི་མཐུ་སྟོབས་ཀྱིས༔  བདག་ཏུ་ལྟ་བའི་རཱུ་དྲ་ཡི༔  ལུས་ངག་ཡིད་ཀྱི་སྟེང་དུ་ཕོབ༔  ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ཤིག༔  འཁྲུལ་མི་ཤེས་པའི་ས་རུ་སྒྲོལ༔  ཧ་བཛྲ་ཌཱ་ཀི་ནཱི་ཛཿ ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  ཏྲག་རུ་མ་མ་རྦད་བྷྱོ༔  ཞེས་ཤར་དུ་འཕང་ངོ་༔  ཤར་ནས་དབུས་སུ་གྱུ་སྟེ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ སངས་རྒྱས་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ བྃ་བུདྡྷ་ཌཱ་ཀི་ནཱི་ཧཱུྃ༔  ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  སརྦ་ཀ་ཏྲི་ནི་རྦད་བྷྱོ༔  ཤ་ཏྲི་ནི་རྦད་བྷྱོ༔  དུ་ཏྲི་ནི་རྦད་བྷྱོ༔  ཤ་ལ་ནོ་ནོ་རྦད་ཡ་བྷྱོ༔  ཞེས་དབུས་སུ་འཕང་ངོ་༔  དེ་ནས་ལྷོ་རུ་ཁ་གྱུ་སྟེ༔  ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ རིན་ཆེན་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ རི་རཏྣ་ཌཱ་ཀི་ནཱི་ཧཱུྃ༔  ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  ཀ་ལ་རཱུ་དྲ་ཙིཏྟ་རྦད་ནན་རྦད་སོད་བྷྱོ༔  ཞེས་ལྷོ་རུ་འཕང་ངོ་༔  དེ་ནས་ནུབ་ཏུ་ཁ་གྱུ་སྟེ༔  ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ པདྨ་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ ནི་པདྨ་ཌཱ་ཀི་ནཱི་བཾ༔  ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  དུ་ཏྲི་དུ་ཏྲི་ཏིག་ཏིག་སུར་སུར་ཐུམ་རྦད་བྷྱོ༔  ཞེས་ནུབ་ཏུ་འཕང་ངོ་༔  དེ་ནས་བྱང་དུ་ཁ་གྱུ་སྟེ༔  ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ ཀརྨ་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ ས་ཀརྨ་ཌཱ་ཀི་ནཱི་ཧོཿ ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  རཱ་ས་ཏྲག་རུ་ཡ་ཕུ་ལ་མུ་ཁུ་ལེ༔  ཐང་ཁ་ར་སར་ཐུར་ཏ་མ༔  མཱ་ར་ཡ་རྦད་རྦད་སོད་སོད་བྷྱོ་ཟློག༔  ཅེས་བྱང་དུ་འཕང་ངོ་༔  དཔྲལ་བ་བསྟན་ན་རང་ལ་ངན༔  ལྟག་པ་བསྟན་ན་ལམ་དུ་སོང་༔  ཁ་གནམ་བསྟན་ན་བདག་པོར་ངན༔  ཐུར་དུ་སྦུབས་ན་ཤིན་ཏུ་བཟང་༔  རྣ་བ་གཡས་པ་གནམ་བསྟན་ནམ༔  ཡང་ན་རང་ལ་བསྟན་པ་བཟང་༔  གཡོན་པ་དེ་ལྟར་བསྟན་ན་ངན༔  རང་ལ་རྩུབ་པའི་ངོ་ཤར་ན༔  མཁའ་འགྲོ་བཅུ་འགྱེད་ལ་བརྟེན་ནས༔  སྣང་བ་དབྱིངས་སུ་སྡུད་པ་གནད༔  ཕྱི་མ་ཕྱི་རུ་ནོན་པའི་ཆིངས༔  ཇི་བཞིན་བྱ་ལ་ངན་ཟློག་འབད༔  ས་མ་ཡ༔  སླར་ཡང་བྱ་ཆིངས་བཀྲོལ་བའི་ཚེ་ན་འོད་ཀྱི་གུར་ཁང་རང་ལ་བསྡུ༔  བཅིང་བ་བཀྲོལ་བའི་ཚུལ་དུ་སྡིགས་མཛུབ་ཕྱི་ལ་སྐོར་རོ༔  བྱ་རྣམས་དང་ཚེ་འདས་ཀྱི་བླ་གཉིས་སུ་མེད་པར་གསང་ཆེན་རོལ་པའི་དུར་ཁྲོད་དུ་གཤེགས་པར་བསམ༔  ཕཊ་སྒྲ་གསུམ་བརྗོད་དོ༔  དེ་ལྟར་དམིགས་པའི་གནད་ལྡན་ན༔  བསམ་དོན་འབད་མེད་ལྷུན་གྲུབ་འགྱུར༔  ས་མ་ཡ༔  ཨྠིྀ༔  གུ་ཧྱ༔  ཞེས་པ་འདི་ཡང་རང་སློབ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ།། །།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=10
|volumeLetter=THA
|textnuminvol=043
|pdflink=File:TTDL-ZABTER-10-THA-043.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-10-THA
}}
<h1>Tibetan Text</h1>
<onlyinclude>
{{TibP|དབུ་ཁྲིད༠༠༠༠༠༠༠༠༠བརྡ་ཡིག ༣༥༥ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔  དུར་གཅོད་ཟབ་མོའི་ཆ་ལག་བཞུགས་སོ༔   
དབུ་ཁྲིད༠༠༠༠༠༠༠༠༠བརྡ་ཡིག ༣༥༦ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  བསྐྱེད་རྫོགས་གཉིས་ཀྱི་གདིང་ལྡན་པའི༔  བདུད་གཅོད་ཟབ་མོའི་རྣལ་འབྱོར་གྱིས༔  དུར་ཁྲོད་བམ་ཚོགས་འགྱེད་ལས་ལ༔  དང་པོ་མཁའ་འགྲོ་མ་ཡི་ཚོགས༔  མཁའ་ལྡིང་རྒོད་དུ་བཞེངས་བསྐུལ་ནི༔  རང་ཉིད་ཁྲོས་མ་ནག་མོར་བསྒོམ༔  ཕཊ༔  མ་དབུས་ཕྱོགས་ལྷུན་གྲུབ་དུར་ཁྲོད་ནས༔  སངས་རྒྱས་མཁའ་འགྲོ་གཏུམ་བྱེད་མ༔  བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔  ཤེས་རབ་ཡེ་ཤེས་སྤྱན་གྱིས་གཟིགས༔  སང་གི་ཉི་མ་རྩེ་ཤར་ལ༔  བདུད་རྩི་བམ་གྱི་ཚོགས་ལ་བྱོན༔  བསྐུལ་ལོ་བཞེངས་ཤིག་ས་མ་ཡ༔  ཕཊ་ཕཊ་ཕཊ༔  མ་ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔  རྡོ་རྗེ་མཁའ་འགྲོ་གར་མཁན་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  མ་ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔  རིན་ཆེན་མཁའ་འགྲོ་འདོད་སྦྱིན་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  མ་ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔  པདྨ་མཁའ་འགྲོ་ཆགས་བྲལ་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  མ་བྱང་ཕྱོགས་ཀཱི་ལའི་དུར་ཁྲོད་ནས༔  ལས་ཀྱི་མཁའ་འགྲོ་དོན་གྲུབ་མ༔  བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔  ཚད་མེད་རྣམ་བཞིའི་ཀློང་ཡངས་ནས༔  ཕྲིན་ལས་བཞི་ཡི་ཕྱག་རྒྱ་མོ༔  གནས་ཡུལ་དུར་ཁྲོད་བདག་མོ་རྣམས༔  སང་གི་ཉི་མ་ཤར་བའི་ཚེ༔  བྱ་རྒྱལ་རྒོད་ཀྱི་རྣམ་པ་རུ༔  ལྕགས་ཀྱུ་འབར་བས་འདྲེན་ཅིང་ཤོག༔  ཞགས་པས་སྐེ་ནས་ཁྲིད་ལ་ཤོག༔  ལྕགས་སྒྲོག་ཕྱག་རྒྱས་སྲིད་པ་སློང་༔  དྲིལ་བུས་སྣང་བ་བསྒྱུར་ལ་ཤོག༔  རང་དམ་གཉན་པོ་དབང་དུ་བཙུག༔  མ་འདའ་བཅོལ་བའི་ལས་མཛོད་ཅིག༔  མ་བྷྱོ་ཛཿ ཧྲཱིཾ་ས་མ་ཡ༔  མཁའ་ལྡིང་བྱ་ཡི་སྣ་དྲོངས་ཤིག༔  མིག་འཕྲུལ་ཅིག༔  རྨི་ལམ་དབྱིངས་སུ་སད་པ་ལྟར་བགྲོད་སླེབ་མེད་པར་འདིར་ལྷག་ཅིང་འདུ་བའི་ལས་མཛོད་ཅིག༔  ཨོཾ་བཛྲ་ས་མ་ཡ༔  ཨཱཿ བཛྲ་ས་མ་ཡ༔  ཧཱུྃ་བཛྲ་ས་མ་ཡ༔  དེ་ཡིས་བྱ་རྒྱལ་རྒོད་ཀྱི་ཚོགས༔  རང་དབང་མེད་པར་འདུ་བར་འགྱུར༔  ས་མ་ཡ༔  མཁའ་འགྲོའི་བྱ་ཆིངས་བྱ་བ་ལ༔  ཕཊ༔  རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་སྐུ་ལས་འོད་ཕུང་དཔག་ཏུ་མེད་པ་ནམ་མཁའི་མཐའ་དང་མཉམ་པ་འཕྲོས་པས༔  གནས་ཉི་ཤུ་རྩ་བཞི༔  ཡུལ་སུམ་ཅུ་སོ་གཉིས༔  དུར་ཁྲོད་ཆེན་པོའི་གནས་བརྒྱད༔  ཧེ་རུ་ཀའི་གནས་བཅུ་ན་བཞུགས་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་ཐང་དཀར་རྒོད་ཀྱི་སྐུར་བཞེངས་ཏེ་འོད་ཀྱིས་བསྡུས་ནས་དུར་ཁྲོད་འདིར་འོད་ཀྱི་གུར་ཁང་རིམ་པ་ལྔའི་ནང་དུ་ཚུད་དེ་ལས་མ་རྫོགས་ཀྱི་བར་གང་དུའང་འགྲོ་ས་དང་འཆུག་ས་མེད་པར་བཀག་སྟེ་འཆིང་བར་བསྒོམ་ལ༔  ཕཊ་ཕཊ་ཕཊ༔  གསང་ཆེན་རོལ་པའི་དུར་ཁྲོད་ནི༔  དུར་ཁྲོད་ཀུན་གྱི་འབྱུང་ཁུང་སྟེ༔  དེ་ན་སུ་བཞུགས་སུ་མ་བཞུགས༔  མ་ཁྲོས་མ་ནག་མོ་དེ་ན་བཞུགས༔  གནས་ཡུལ་དཔའ་བོ་མཁའ་འགྲོའི་གཙོ༔  མཁའ་འགྲོ་ཡོངས་ཀྱི་དབང་ཕྱུག་མོ༔  མ་ཁྱེད་ལ་འགྲོ་བའི་དོན་ལས་མེད༔  བདག་མོས་པའི་བུ་ལ་ཐུགས་རྗེས་ཟུངས༔  དབྱིངས་ཟག་མེད་ནམ་མཁའི་དབྱིངས་རུམ་ནས༔  མ་དགོངས་པ་བསྐྱོད་ཅིག་ཐུགས་རྗེ་ཅན༔  མའི་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔  ངའི་འདོད་དོན་འབད་མེད་ལྷུན་གྲུབ་མཛོད༔  ཚེ་ཕྱི་མར་ཐལ་བའི་ཚེ་འདས་དེ༔  གནས་ངན་འགྲོར་སྙོགས་ལས་བཟློག་མཛོད་ལ༔  དབྱིངས་ཟག་མེད་བདེ་ཆེན་ས་ལ་དྲོངས༔  གཟུགས་འབྱུང་ལྔ་འདུས་པའི་ཕོང་པོ་རོ༔  ཚོགས་འདོད་རྒུའི་དཔལ་དུ་བྱིན་བརླབས་ཏེ༔  དོན་བདེ་སྟོང་ཟག་མེད་བདུད་རྩིའི་མཆོག༔  མ་མཁའ་འགྲོ་ཡབ་དང་མཁའ་འགྲོ་ཡུམ༔  ཚུལ་བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔  འདིར་བསྡུས་ལ་ལས་མཐའ་མ་རྫོགས་བར༔  མ་ཁྱེད་ཀྱིས་དམ་དུ་འཆིངས་རྒྱས་ཐོབ༔  གནས་འདི་ལས་གཞན་དུ་མ་བཏང་ཞིག༔  མ་ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔  རྩ་སྔགས་མཐར༔  ཀཱ་རུ་མཱ་ལ་སོ་ག་བཾ་ཆིངས་ཆིངས་སྭཱ་ཧཱ༔  ཞེས་བརྗོད་ཅིང་སྡིགས་མཛུབ་ཀྱིས་དུར་ཁྲོད་ཀྱི་མཐའ་ནས་ནམ་མཁའ་ལ་བསྐོར་བའི་ཚུལ་བྱའོ༔  ཡང་བྱ་རྣམས་ཀྱི་འདབ་གཤོག་དང་སྟོབས་རྩལ་བཅིང་བའི་ཚུལ་གྱིས་སོ་སོར་བསྐོར་རོ༔  ས་མ་ཡ༔  ཕུང་པོ་བྱ་ཡིས་མི་རོལ་ན༔  མགོ་ཟོར་འཕེན་པ་འདི་ལྟར་བྱ༔  མགོ་བོ་བཅད་དེ་ལག་ཏུ་ཐོགས༔  ཤར་གྱི་ཕྱོགས་སུ་ཁ་གྱུ་སྟེ༔  ཕཊ་ཕཊ་ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་ཡུལ་ངན་འཁོར་བའི་སྒོ༔  དྲག་ཅིང་རྩུབ་པ་མགོ་ཡི་ཟོར༔  རྡོ་རྗེ་མཁའ་འགྲོའི་མཐུ་སྟོབས་ཀྱིས༔  བདག་ཏུ་ལྟ་བའི་རཱུ་དྲ་ཡི༔  ལུས་ངག་ཡིད་ཀྱི་སྟེང་དུ་ཕོབ༔  ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ཤིག༔  འཁྲུལ་མི་ཤེས་པའི་ས་རུ་སྒྲོལ༔  ཧ་བཛྲ་ཌཱ་ཀི་ནཱི་ཛཿ ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  ཏྲག་རུ་མ་མ་རྦད་བྷྱོ༔  ཞེས་ཤར་དུ་འཕང་ངོ་༔  ཤར་ནས་དབུས་སུ་གྱུ་སྟེ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ སངས་རྒྱས་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ བྃ་བུདྡྷ་ཌཱ་ཀི་ནཱི་ཧཱུྃ༔  ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  སརྦ་ཀ་ཏྲི་ནི་རྦད་བྷྱོ༔  ཤ་ཏྲི་ནི་རྦད་བྷྱོ༔  དུ་ཏྲི་ནི་རྦད་བྷྱོ༔  ཤ་ལ་ནོ་ནོ་རྦད་ཡ་བྷྱོ༔  ཞེས་དབུས་སུ་འཕང་ངོ་༔  དེ་ནས་ལྷོ་རུ་ཁ་གྱུ་སྟེ༔  ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ རིན་ཆེན་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ རི་རཏྣ་ཌཱ་ཀི་ནཱི་ཧཱུྃ༔  ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  ཀ་ལ་རཱུ་དྲ་ཙིཏྟ་རྦད་ནན་རྦད་སོད་བྷྱོ༔  ཞེས་ལྷོ་རུ་འཕང་ངོ་༔  དེ་ནས་ནུབ་ཏུ་ཁ་གྱུ་སྟེ༔  ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ པདྨ་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ ནི་པདྨ་ཌཱ་ཀི་ནཱི་བཾ༔  ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  དུ་ཏྲི་དུ་ཏྲི་ཏིག་ཏིག་སུར་སུར་ཐུམ་རྦད་བྷྱོ༔  ཞེས་ནུབ་ཏུ་འཕང་ངོ་༔  དེ་ནས་བྱང་དུ་ཁ་གྱུ་སྟེ༔  ཕཊ༔  ཧཱུྃ༔  ང་ནི་ཁྲོས་མ་ནག་མོ་སྟེ༔  རེག་ཕུང་༴ དྲག་ཅིང་༴ ཀརྨ་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ ས་ཀརྨ་ཌཱ་ཀི་ནཱི་ཧོཿ ཐུན་ཡ་ཐུན་ཡ༔  ཟོར་ཡ་ཟོར་ཡ༔  ཕོབ་ཡ་ཕོབ་ཡ༔  རཱ་ས་ཏྲག་རུ་ཡ་ཕུ་ལ་མུ་ཁུ་ལེ༔  ཐང་ཁ་ར་སར་ཐུར་ཏ་མ༔  མཱ་ར་ཡ་རྦད་རྦད་སོད་སོད་བྷྱོ་ཟློག༔  ཅེས་བྱང་དུ་འཕང་ངོ་༔  དཔྲལ་བ་བསྟན་ན་རང་ལ་ངན༔  ལྟག་པ་བསྟན་ན་ལམ་དུ་སོང་༔  ཁ་གནམ་བསྟན་ན་བདག་པོར་ངན༔  ཐུར་དུ་སྦུབས་ན་ཤིན་ཏུ་བཟང་༔  རྣ་བ་གཡས་པ་གནམ་བསྟན་ནམ༔  ཡང་ན་རང་ལ་བསྟན་པ་བཟང་༔  གཡོན་པ་དེ་ལྟར་བསྟན་ན་ངན༔  རང་ལ་རྩུབ་པའི་ངོ་ཤར་ན༔  མཁའ་འགྲོ་བཅུ་འགྱེད་ལ་བརྟེན་ནས༔  སྣང་བ་དབྱིངས་སུ་སྡུད་པ་གནད༔  ཕྱི་མ་ཕྱི་རུ་ནོན་པའི་ཆིངས༔  ཇི་བཞིན་བྱ་ལ་ངན་ཟློག་འབད༔  ས་མ་ཡ༔  སླར་ཡང་བྱ་ཆིངས་བཀྲོལ་བའི་ཚེ་ན་འོད་ཀྱི་གུར་ཁང་རང་ལ་བསྡུ༔  བཅིང་བ་བཀྲོལ་བའི་ཚུལ་དུ་སྡིགས་མཛུབ་ཕྱི་ལ་སྐོར་རོ༔  བྱ་རྣམས་དང་ཚེ་འདས་ཀྱི་བླ་གཉིས་སུ་མེད་པར་གསང་ཆེན་རོལ་པའི་དུར་ཁྲོད་དུ་གཤེགས་པར་བསམ༔  ཕཊ་སྒྲ་གསུམ་བརྗོད་དོ༔  དེ་ལྟར་དམིགས་པའི་གནད་ལྡན་ན༔  བསམ་དོན་འབད་མེད་ལྷུན་གྲུབ་འགྱུར༔  ས་མ་ཡ༔  ཨྠིྀ༔  གུ་ཧྱ༔  ཞེས་པ་འདི་ཡང་རང་སློབ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ།། །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:48, 4 June 2024

Wylie title TTDL-ZABTER-10-THA-043.pdf
Location bdud 'joms gling pa zab gter
Volume 10, Text 43, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དབུ་ཁྲིད༠༠༠༠༠༠༠༠༠བརྡ་ཡིག ༣༥༥ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དུར་གཅོད་ཟབ་མོའི་ཆ་ལག་བཞུགས་སོ༔ དབུ་ཁྲིད༠༠༠༠༠༠༠༠༠བརྡ་ཡིག ༣༥༦ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བསྐྱེད་རྫོགས་གཉིས་ཀྱི་གདིང་ལྡན་པའི༔ བདུད་གཅོད་ཟབ་མོའི་རྣལ་འབྱོར་གྱིས༔ དུར་ཁྲོད་བམ་ཚོགས་འགྱེད་ལས་ལ༔ དང་པོ་མཁའ་འགྲོ་མ་ཡི་ཚོགས༔ མཁའ་ལྡིང་རྒོད་དུ་བཞེངས་བསྐུལ་ནི༔ རང་ཉིད་ཁྲོས་མ་ནག་མོར་བསྒོམ༔ ཕཊ༔ མ་དབུས་ཕྱོགས་ལྷུན་གྲུབ་དུར་ཁྲོད་ནས༔ སངས་རྒྱས་མཁའ་འགྲོ་གཏུམ་བྱེད་མ༔ བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ ཤེས་རབ་ཡེ་ཤེས་སྤྱན་གྱིས་གཟིགས༔ སང་གི་ཉི་མ་རྩེ་ཤར་ལ༔ བདུད་རྩི་བམ་གྱི་ཚོགས་ལ་བྱོན༔ བསྐུལ་ལོ་བཞེངས་ཤིག་ས་མ་ཡ༔ ཕཊ་ཕཊ་ཕཊ༔ མ་ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་གར་མཁན་མ༔ བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔ མ་ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་འདོད་སྦྱིན་མ༔ བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔ མ་ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་ཆགས་བྲལ་མ༔ བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔ མ་བྱང་ཕྱོགས་ཀཱི་ལའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་དོན་གྲུབ་མ༔ བྱ་རྒྱལ་རྒོད་ཀྱི༴ ཤེས་རབ་ཡེ་ཤེས༴ སང་གི་ཉི་མ༴ བདུད་རྩི་བམ་གྱི༴ བསྐུལ་ལོ་བཞེངས༴ ཕཊ་ཕཊ་ཕཊ༔ ཚད་མེད་རྣམ་བཞིའི་ཀློང་ཡངས་ནས༔ ཕྲིན་ལས་བཞི་ཡི་ཕྱག་རྒྱ་མོ༔ གནས་ཡུལ་དུར་ཁྲོད་བདག་མོ་རྣམས༔ སང་གི་ཉི་མ་ཤར་བའི་ཚེ༔ བྱ་རྒྱལ་རྒོད་ཀྱི་རྣམ་པ་རུ༔ ལྕགས་ཀྱུ་འབར་བས་འདྲེན་ཅིང་ཤོག༔ ཞགས་པས་སྐེ་ནས་ཁྲིད་ལ་ཤོག༔ ལྕགས་སྒྲོག་ཕྱག་རྒྱས་སྲིད་པ་སློང་༔ དྲིལ་བུས་སྣང་བ་བསྒྱུར་ལ་ཤོག༔ རང་དམ་གཉན་པོ་དབང་དུ་བཙུག༔ མ་འདའ་བཅོལ་བའི་ལས་མཛོད་ཅིག༔ མ་བྷྱོ་ཛཿ ཧྲཱིཾ་ས་མ་ཡ༔ མཁའ་ལྡིང་བྱ་ཡི་སྣ་དྲོངས་ཤིག༔ མིག་འཕྲུལ་ཅིག༔ རྨི་ལམ་དབྱིངས་སུ་སད་པ་ལྟར་བགྲོད་སླེབ་མེད་པར་འདིར་ལྷག་ཅིང་འདུ་བའི་ལས་མཛོད་ཅིག༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿ བཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ དེ་ཡིས་བྱ་རྒྱལ་རྒོད་ཀྱི་ཚོགས༔ རང་དབང་མེད་པར་འདུ་བར་འགྱུར༔ ས་མ་ཡ༔ མཁའ་འགྲོའི་བྱ་ཆིངས་བྱ་བ་ལ༔ ཕཊ༔ རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་སྐུ་ལས་འོད་ཕུང་དཔག་ཏུ་མེད་པ་ནམ་མཁའི་མཐའ་དང་མཉམ་པ་འཕྲོས་པས༔ གནས་ཉི་ཤུ་རྩ་བཞི༔ ཡུལ་སུམ་ཅུ་སོ་གཉིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད༔ ཧེ་རུ་ཀའི་གནས་བཅུ་ན་བཞུགས་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་ཐང་དཀར་རྒོད་ཀྱི་སྐུར་བཞེངས་ཏེ་འོད་ཀྱིས་བསྡུས་ནས་དུར་ཁྲོད་འདིར་འོད་ཀྱི་གུར་ཁང་རིམ་པ་ལྔའི་ནང་དུ་ཚུད་དེ་ལས་མ་རྫོགས་ཀྱི་བར་གང་དུའང་འགྲོ་ས་དང་འཆུག་ས་མེད་པར་བཀག་སྟེ་འཆིང་བར་བསྒོམ་ལ༔ ཕཊ་ཕཊ་ཕཊ༔ གསང་ཆེན་རོལ་པའི་དུར་ཁྲོད་ནི༔ དུར་ཁྲོད་ཀུན་གྱི་འབྱུང་ཁུང་སྟེ༔ དེ་ན་སུ་བཞུགས་སུ་མ་བཞུགས༔ མ་ཁྲོས་མ་ནག་མོ་དེ་ན་བཞུགས༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་གཙོ༔ མཁའ་འགྲོ་ཡོངས་ཀྱི་དབང་ཕྱུག་མོ༔ མ་ཁྱེད་ལ་འགྲོ་བའི་དོན་ལས་མེད༔ བདག་མོས་པའི་བུ་ལ་ཐུགས་རྗེས་ཟུངས༔ དབྱིངས་ཟག་མེད་ནམ་མཁའི་དབྱིངས་རུམ་ནས༔ མ་དགོངས་པ་བསྐྱོད་ཅིག་ཐུགས་རྗེ་ཅན༔ མའི་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔ ངའི་འདོད་དོན་འབད་མེད་ལྷུན་གྲུབ་མཛོད༔ ཚེ་ཕྱི་མར་ཐལ་བའི་ཚེ་འདས་དེ༔ གནས་ངན་འགྲོར་སྙོགས་ལས་བཟློག་མཛོད་ལ༔ དབྱིངས་ཟག་མེད་བདེ་ཆེན་ས་ལ་དྲོངས༔ གཟུགས་འབྱུང་ལྔ་འདུས་པའི་ཕོང་པོ་རོ༔ ཚོགས་འདོད་རྒུའི་དཔལ་དུ་བྱིན་བརླབས་ཏེ༔ དོན་བདེ་སྟོང་ཟག་མེད་བདུད་རྩིའི་མཆོག༔ མ་མཁའ་འགྲོ་ཡབ་དང་མཁའ་འགྲོ་ཡུམ༔ ཚུལ་བྱ་རྒྱལ་རྒོད་ཀྱི་སྐུར་བཞེངས་ལ༔ འདིར་བསྡུས་ལ་ལས་མཐའ་མ་རྫོགས་བར༔ མ་ཁྱེད་ཀྱིས་དམ་དུ་འཆིངས་རྒྱས་ཐོབ༔ གནས་འདི་ལས་གཞན་དུ་མ་བཏང་ཞིག༔ མ་ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ རྩ་སྔགས་མཐར༔ ཀཱ་རུ་མཱ་ལ་སོ་ག་བཾ་ཆིངས་ཆིངས་སྭཱ་ཧཱ༔ ཞེས་བརྗོད་ཅིང་སྡིགས་མཛུབ་ཀྱིས་དུར་ཁྲོད་ཀྱི་མཐའ་ནས་ནམ་མཁའ་ལ་བསྐོར་བའི་ཚུལ་བྱའོ༔ ཡང་བྱ་རྣམས་ཀྱི་འདབ་གཤོག་དང་སྟོབས་རྩལ་བཅིང་བའི་ཚུལ་གྱིས་སོ་སོར་བསྐོར་རོ༔ ས་མ་ཡ༔ ཕུང་པོ་བྱ་ཡིས་མི་རོལ་ན༔ མགོ་ཟོར་འཕེན་པ་འདི་ལྟར་བྱ༔ མགོ་བོ་བཅད་དེ་ལག་ཏུ་ཐོགས༔ ཤར་གྱི་ཕྱོགས་སུ་ཁ་གྱུ་སྟེ༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ རེག་ཕུང་ཡུལ་ངན་འཁོར་བའི་སྒོ༔ དྲག་ཅིང་རྩུབ་པ་མགོ་ཡི་ཟོར༔ རྡོ་རྗེ་མཁའ་འགྲོའི་མཐུ་སྟོབས་ཀྱིས༔ བདག་ཏུ་ལྟ་བའི་རཱུ་དྲ་ཡི༔ ལུས་ངག་ཡིད་ཀྱི་སྟེང་དུ་ཕོབ༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ཤིག༔ འཁྲུལ་མི་ཤེས་པའི་ས་རུ་སྒྲོལ༔ ཧ་བཛྲ་ཌཱ་ཀི་ནཱི་ཛཿ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཕོབ་ཡ་ཕོབ་ཡ༔ ཏྲག་རུ་མ་མ་རྦད་བྷྱོ༔ ཞེས་ཤར་དུ་འཕང་ངོ་༔ ཤར་ནས་དབུས་སུ་གྱུ་སྟེ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ རེག་ཕུང་༴ དྲག་ཅིང་༴ སངས་རྒྱས་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ བྃ་བུདྡྷ་ཌཱ་ཀི་ནཱི་ཧཱུྃ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཕོབ་ཡ་ཕོབ་ཡ༔ སརྦ་ཀ་ཏྲི་ནི་རྦད་བྷྱོ༔ ཤ་ཏྲི་ནི་རྦད་བྷྱོ༔ དུ་ཏྲི་ནི་རྦད་བྷྱོ༔ ཤ་ལ་ནོ་ནོ་རྦད་ཡ་བྷྱོ༔ ཞེས་དབུས་སུ་འཕང་ངོ་༔ དེ་ནས་ལྷོ་རུ་ཁ་གྱུ་སྟེ༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ རེག་ཕུང་༴ དྲག་ཅིང་༴ རིན་ཆེན་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ རི་རཏྣ་ཌཱ་ཀི་ནཱི་ཧཱུྃ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཕོབ་ཡ་ཕོབ་ཡ༔ ཀ་ལ་རཱུ་དྲ་ཙིཏྟ་རྦད་ནན་རྦད་སོད་བྷྱོ༔ ཞེས་ལྷོ་རུ་འཕང་ངོ་༔ དེ་ནས་ནུབ་ཏུ་ཁ་གྱུ་སྟེ༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ རེག་ཕུང་༴ དྲག་ཅིང་༴ པདྨ་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ ནི་པདྨ་ཌཱ་ཀི་ནཱི་བཾ༔ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཕོབ་ཡ་ཕོབ་ཡ༔ དུ་ཏྲི་དུ་ཏྲི་ཏིག་ཏིག་སུར་སུར་ཐུམ་རྦད་བྷྱོ༔ ཞེས་ནུབ་ཏུ་འཕང་ངོ་༔ དེ་ནས་བྱང་དུ་ཁ་གྱུ་སྟེ༔ ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ རེག་ཕུང་༴ དྲག་ཅིང་༴ ཀརྨ་མཁའ་འགྲོའི་མཐུ༴ བདག་ཏུ༴ ལུས་ངག༴ ཉོན་མོངས༴ འཁྲུལ་མི༴ ས་ཀརྨ་ཌཱ་ཀི་ནཱི་ཧོཿ ཐུན་ཡ་ཐུན་ཡ༔ ཟོར་ཡ་ཟོར་ཡ༔ ཕོབ་ཡ་ཕོབ་ཡ༔ རཱ་ས་ཏྲག་རུ་ཡ་ཕུ་ལ་མུ་ཁུ་ལེ༔ ཐང་ཁ་ར་སར་ཐུར་ཏ་མ༔ མཱ་ར་ཡ་རྦད་རྦད་སོད་སོད་བྷྱོ་ཟློག༔ ཅེས་བྱང་དུ་འཕང་ངོ་༔ དཔྲལ་བ་བསྟན་ན་རང་ལ་ངན༔ ལྟག་པ་བསྟན་ན་ལམ་དུ་སོང་༔ ཁ་གནམ་བསྟན་ན་བདག་པོར་ངན༔ ཐུར་དུ་སྦུབས་ན་ཤིན་ཏུ་བཟང་༔ རྣ་བ་གཡས་པ་གནམ་བསྟན་ནམ༔ ཡང་ན་རང་ལ་བསྟན་པ་བཟང་༔ གཡོན་པ་དེ་ལྟར་བསྟན་ན་ངན༔ རང་ལ་རྩུབ་པའི་ངོ་ཤར་ན༔ མཁའ་འགྲོ་བཅུ་འགྱེད་ལ་བརྟེན་ནས༔ སྣང་བ་དབྱིངས་སུ་སྡུད་པ་གནད༔ ཕྱི་མ་ཕྱི་རུ་ནོན་པའི་ཆིངས༔ ཇི་བཞིན་བྱ་ལ་ངན་ཟློག་འབད༔ ས་མ་ཡ༔ སླར་ཡང་བྱ་ཆིངས་བཀྲོལ་བའི་ཚེ་ན་འོད་ཀྱི་གུར་ཁང་རང་ལ་བསྡུ༔ བཅིང་བ་བཀྲོལ་བའི་ཚུལ་དུ་སྡིགས་མཛུབ་ཕྱི་ལ་སྐོར་རོ༔ བྱ་རྣམས་དང་ཚེ་འདས་ཀྱི་བླ་གཉིས་སུ་མེད་པར་གསང་ཆེན་རོལ་པའི་དུར་ཁྲོད་དུ་གཤེགས་པར་བསམ༔ ཕཊ་སྒྲ་གསུམ་བརྗོད་དོ༔ དེ་ལྟར་དམིགས་པའི་གནད་ལྡན་ན༔ བསམ་དོན་འབད་མེད་ལྷུན་གྲུབ་འགྱུར༔ ས་མ་ཡ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ཡང་རང་སློབ་ངག་དབང་ཕྲིན་ལས་ཀྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ།། །།