TTDL-ZABTER-12-NA-069: Difference between revisions
From Dudjom Wiki
TTDL-ZABTER-12-NA-069
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠༠བརྡ་ཡིག༤༠༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྟ་མགྲིན་ཀླུ་འདུལ་ནག་པོའི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྟ་མགྲིན་ནག་པོའི་སྒྲུབ་པ་ལ༔ བསྐྱེད་རིམ་གདིང་དང་ལྡན་པ་མཆོག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ འཁོར་འདས་སྟོང་ཉིད་ཆེན་པོར་རིག༔ ཀུན་ཁྱབ་སྙིང་རྗེ་ཆེན་པོ་ལ༔ རིག་པ་ཧཱུྃ་དུ་གསལ་བ་ལས༔ ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཧྲཱིཿཡིག་ནག་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་རྟ་མགྲིན་ཡང་ཁྲོས་ནི༔ མཐིང་ནག་གཟི་བརྗིད་བལྟར་མི་བཟོད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ ཕྱག་གཡས་རལ་གྲི་མེ་འབར་ཕྱར༔ སྡིགས་མཛུབ་རྩེ་ནས་བྱ་ཁྱུང་འགྱེད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་འགྱེད༔ ཁྲག་འཛག་མི་མགོའི་ཕྲེང་བས་བརྒྱན༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཟ་བྱེད་ཕག་ནག་མགོ་དགུའི་སྟེང་༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ མེ་དཔུང་འབར་དང་དུག་རླངས་འཕྲོ༔ གནོད་བྱེད་ཐམས་ཅད་བསྲེག་ཅིང་མྱོས༔ ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་ནག༔ ཡེ་ཤེས་མེ་དཔུང་འབར་བ་ལས༔ སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ དབྱིངས་ལ་དབྱིངས་བཞུགས་ཡེ་ཤེས་པ༔ ཁ་བ་བབས་ལྟར་སྤྱན་དྲངས་བསྟིམ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ རྒྱལ་བསེན་གཉན་རིགས་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཛྭ་ལ་རཾ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་ན༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་སློབ་བུ་ཡེ་ཤེས་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སོ།།ཡི་གེ་པ་ཕུག་སྤྲུལ་ངེས་དོན་པའོ།།དགེའོ།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=12 | |||
|volumeLetter=NA | |||
|textnuminvol=069 | |||
|pdflink=File:TTDL-ZABTER-12-NA-069.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠༠བརྡ་ཡིག༤༠༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྟ་མགྲིན་ཀླུ་འདུལ་ནག་པོའི་སྒྲུབ་ཐབས་ཕ་རོལ་དཔུང་འཇོམས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྟ་མགྲིན་ནག་པོའི་སྒྲུབ་པ་ལ༔ བསྐྱེད་རིམ་གདིང་དང་ལྡན་པ་མཆོག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ འཁོར་འདས་སྟོང་ཉིད་ཆེན་པོར་རིག༔ ཀུན་ཁྱབ་སྙིང་རྗེ་ཆེན་པོ་ལ༔ རིག་པ་ཧཱུྃ་དུ་གསལ་བ་ལས༔ ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཧྲཱིཿཡིག་ནག་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་རྟ་མགྲིན་ཡང་ཁྲོས་ནི༔ མཐིང་ནག་གཟི་བརྗིད་བལྟར་མི་བཟོད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ སྤྱན་གསུམ་སྡང་མིག་གཡོ་ཞིང་འཁྲུགས༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ ཕྱག་གཡས་རལ་གྲི་མེ་འབར་ཕྱར༔ སྡིགས་མཛུབ་རྩེ་ནས་བྱ་ཁྱུང་འགྱེད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་འགྱེད༔ ཁྲག་འཛག་མི་མགོའི་ཕྲེང་བས་བརྒྱན༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཟ་བྱེད་ཕག་ནག་མགོ་དགུའི་སྟེང་༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ མེ་དཔུང་འབར་དང་དུག་རླངས་འཕྲོ༔ གནོད་བྱེད་ཐམས་ཅད་བསྲེག་ཅིང་མྱོས༔ ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་ནག༔ ཡེ་ཤེས་མེ་དཔུང་འབར་བ་ལས༔ སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ དབྱིངས་ལ་དབྱིངས་བཞུགས་ཡེ་ཤེས་པ༔ ཁ་བ་བབས་ལྟར་སྤྱན་དྲངས་བསྟིམ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ རྒྱལ་བསེན་གཉན་རིགས་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཛྭ་ལ་རཾ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་ན༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་སློབ་བུ་ཡེ་ཤེས་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་པས་སོ།།ཡི་གེ་པ་ཕུག་སྤྲུལ་ངེས་དོན་པའོ།།དགེའོ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:45, 4 June 2024
| Wylie title | ||
|---|---|---|
| Location | bdud 'joms gling pa zab gter Volume 12, Text 69, Pages (Folios to ) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | ||
| More details More details | ||
| Genre | ||